Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་ཉིན་ཐོ་དང་འབྲེལ་བའི་བསམ་གཞིག

Posted on 2016-09-012016-09-01 By ཁ་བརྡ་ No Comments on དེ་རིང་གི་ཉིན་ཐོ་དང་འབྲེལ་བའི་བསམ་གཞིག

ལྕེ་ནག་པོ།

 
མི་ཚོགས་ཀྱི་འཚང་ཁ་དང་རླངས་འཁོར་གྱི་འུར་ཟིང་སོགས་ལ་ཞེ་ནས་སུན་པས་ནམ་རྒྱུན་ལྷོད་བག་གི་ཁོར་ཡུག་རེ་བདམས་ནས་བག་འཁུམས་ཀྱི་འདུ་ཤེས་ཚ་བོ་དེ་ཇ་ཁ་དང་དཔེ་ཀློག་ཐན་ཐུན་ཁྲོད་རླུང་ལ་སྤུར་བཞིན་ཕུགས་དོན་གྱི་ཀུན་སློང་ལ་སྙུག་ཁ་གཏད་པ་ནི་ང་རང་ཉིད་ཀྱི་དགའ་ཕྱོགས་དེའོ།། དེའི་ཕྱིར་རྡ་སའི་རི་གྲོང་འདི་ནས་ཀྱང་ངས་ཧ་ཅང་གི་ལྷིང་འཇགས་ཀྱི་ཡུལ་ཞིག་ནས་ཁང་བ་ཞིག་གླས་ནས་སྐྱབས་བཅོལ་བའི་ལས་དབང་ལ་ལས་བརྡ་མེད་པར་ཆེས་སྤྱིར་བཏང་གིས་སྤྱིར་བཏང་གི་འཚོ་བ་ཞིག་རོལ་བཞིན་ཡོད།
དེ་རིང་ཞོགས་པའི་མཁའ་དབུགས་ནི་ཆེས་གཙང་ཞིང་བསིལ་བག་ལྡན་ལ། ཁང་བའི་གཡས་གཡོན་གྱི་སྡོང་བོའི་ཚོགས་ནི་ཞོགས་སྨུག་ཁྲོད་ན་ཅི་ཞིག་ལ་སྐྱོ་བ་བཞིན་དཀྲོང་ངེར་འགྱིང་འདུག་པ་ནི་ཨ་ཆད་ཨུ་ཐུག་གི་གསར་འབྱོར་བ་ཚོའི་འཚོ་བ་ལ་མྱ་ངན་བྱེད་པ་དང་ཀུན་ནས་འདྲའོ།།

དེ་རིང་ཡང་གསུང་ཆོས་ཡོད་པས་ཁ་སང་བཞིན་ནམ་གསལ་མ་ཐག་ངས་ཞོགས་པའི་དྭངས་གཙང་གི་ཁ་དབུགས་སྔམ་བཞིན་བྲེལ་བྲེལ་ཚུབ་ཚུབ་ངང་ཡར་ལངས་ནས་གཅིན་པ་གཏོང་གི་འགྲོ་སྐབས། ལོ་ན་ཉི་ཤུར་བུད་མ་ཐག་པའི་བོད་མི་གཞོན་སྐྱེས་ཤིག་གིས་ངའི་ཁང་བའི་གཡས་ཕྱོགས་ཀྱི་ཁྲུས་ཁང་སྒོ་འགྲམ་ན་ལྷམ་གྱོན་བཞིན་འདུག ངས་དེ་ལ་དོ་སྣང་གང་ཡང་མ་བྱས་པར་ཤར་སེ་གསང་སྤྱོད་ཕྱོགས་སུ་སོང་བ་ཡིན། གློ་བུར་བའི་དངངས་སྐྲག་ཅིག་གིས་དེད་ནས་ཕྱིར་ཁང་བའི་ཕྱོགས་སུ་རྒྱུག་པ་ན། ན་གཞོན་དེ་ངའི་ཁང་བའི་ནང་ནས་མར་ཐོན་པ་དང་ང་སྒོ་ནང་ནས་ཡར་འཛུལ་བ་གཉིས་དུས་མཉམ་དུ་ཁེལ་སོང་བས་ངས་ཁོ་ལ་འཇིགས་ར་སྐུལ་བཞིན་ཕྱིར་ཁང་བའི་ནང་ལ་དེད་པ་ཡིན། ཁོས་བཤད་ན་ཁོའི་གྲོགས་པོ་ཞིག་འདི་ན་ཡོད་པས་ཁང་བ་ནོར་སོང་ནི་རེད་ཟེར། ངས་ཁང་བའི་ནང་ལ་ཞིབ་ཏུ་བལྟས་པ་ན་གློག་ཀླད་དང་ཁ་པར་སོགས་རང་འཇགས་སུ་འདུག

ད་ནི་སེམས་ཁྲལ་གཞན་ཞིག་ཡོད་པ་ནི་སྒོར་ལྡོག་ཆ་བོ་ཡོད་མེད་དེ་ཡིན་པས་སྟོད་ལྭའི་ཁུག་མའི་ནང་དུ་ལག་སྙོབ་ཅིག་བྱས་པ་ཡིན། སྒོར་ཁུག་ཀྱང་འདུག་པས་སེམས་ཅུང་ཙམ་བདེ་བའི་ངང་ཁོ་ལ་གཤེ་གཤེ་འགའ་བཏང་བ་ཡིན། ཁོས་རྒྱུ་མཚན་འགའ་བགྲང་ཞོར་ངས་མཉམ་བཞག་མེད་པའི་སྐབས་དང་བསྟུན་ནས་མྱུར་སྟབས་ངང་སྒོ་ནང་ནས་བྲོས་སོང་། ང་ཡང་དོགས་པ་དང་བཅས་སྒོར་ཁུག་ནང་ལ་བལྟས་པ་ཡིན། ཧིན་སྒོར་བཞི་སྟོང་ལྷག་ཡོད་པ་ཉིས་བརྒྱ་ལས་མི་འདུག་པས་བློ་ཕམ་དང་ཁོང་ཁྲོའི་གཞི་གཅིག་ཏུ་ཁྱེར་ནས་གསུང་ཆོས་ལ་སོང་བ་ཡིན། ལམ་བར་ནས་བསམ་གཞིག་གི་སེམས་བྱུང་ཞིག་སྐྱོ་གདུང་གི་རོལ་དབྱངས་ཀྱིས་བསྐུལ་ནས་སྐྲག་སྣང་ཞིག་མིག་ལམ་ནས་རྒྱུ་བཞིན་འདུག

ངས་བསམ་གཞིག་བྱེད་ས་ནི་བོར་སོང་བའི་ཧིན་སྒོར་དེ་མ་ཡིན་པར་འཚོ་བ་ལ་དཀའ་ངལ་ཕྲད་ནས་གོམས་གཤིས་ངན་པ་ཞིག་འཇགས་ཡོད་པའི་རྡ་སའི་གཞོན་སྐྱེས་འདི་དག་རེད། གོ་ཐོས་ལྟར་ན་འདི་འདྲའི་བདག་མེད་ཀྱི་གསར་འབྱོར་བ་ཕོ་མོ་གང་མང་ཞིག་གིས་སློབ་སྦྱོང་གི་ཁོངས་མ་འཁྱོངས་པར་སློབ་གྲྭ་ནས་རྩ་དགོངས་ཞུ་རྗེས་རྡ་སར་ཡོང་བ་ཡིན་པ་དང་། རྡ་ས་ནས་འཚོ་བར་དཀའ་ངལ་ཕྲད་ནས་ཉིན་དཀར་གྱི་ཟས་དང་མཚན་མོའི་ཉལ་ས་ཡང་མ་རེག་པར་ཕོ་གསར་ཚོས་བརྐུས་བྱས་ནས་ཉལ་ཐ་འཐེན་པ་དང་བུད་མེད་ཚོས་སྨད་འཚོང་བ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་འདུག་ཟེར། དེ་རིང་གི་རྐུན་མ་འདི་ཡང་མདང་ནུབ་ཉལ་ས་མ་རེག་པར་མུན་རུབ་རྗེས་ངའི་ཁང་བའི་གཡོན་ཕྱོགས་ན་ཡོད་པའི་ཁང་སྟོང་དེའི་ནང་བསྡད་པ་དང་། ནམ་གསལ་མ་ཐག་ཁང་བདག་རྒྱ་གར་བ་དེ་ཡར་ལངས་མེད་པའི་སྐབས་དང་བསྟུན་ནས་ཕྱིར་འགྲོ་སྐབས་ང་ཁང་བའི་ནང་ན་མེད་པ་ཤེས་ནས་ངའི་ཁང་བའི་ནང་འཛུལ་བ་རེད་འདུག

རང་ཁ་མ་སོས་པའི་གསར་འབྱོར་བ་ཚོ་རྡ་སའི་སྲང་ལམ་ན་ཁྱི་ལྡོམ་བཞིན་ཉུལ་བཞིན་པ་འདི་དག་རྒྱས་ཟ་རྒྱས་འཐུང་ལ་རོལ་བའི་གངས་སྐྱིད་ཀྱི་ལས་བྱེད་ཚོས་མ་མཐོང་བ་ཡིན་ནམ། བཀའ་ཤག་སྐབས་སྔོན་མའི་སྔོན་མ་ནས་བཟུང་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་འཐེན་པའི་ལམ་སྲོད་ཅིག་ཡོད་པས་ཁང་བ་དང་ཞིང་ས། ཤ་ཉེ་སོགས་གང་ཡང་མེད་པའི་གསར་འབྱོར་བ་རྣམས་དེའི་ཁོངས་སུ་མི་གཏོགས་པ་ག་རེ་ཡིན་ནམ། ཅུང་འཇོན་པ་ཚོས་བུ་ལོན་ཕོན་ཆེན་བླངས་ནས་ཕྱི་རྒྱལ་ལ་འགྲོ་ཐབས་བྱེད་པ་དང་མ་འཇོན་མཁན་ཚོ་རྒྱ་ནག་གཞུང་ཚབ་སྒོ་འགྲམ་ན་གྲལ་རིང་བོ་ཞིག་བསྒྲིགས་འདུག་པ་འདིས་གང་ཞིག་གསལ་བྱེད་བྱས་ཡོད་པ་རྡ་སའི་བཀའ་བློན་ཚོས་ད་དུང་ཤེས་མེད་དམ་ཞེས་ངས་བསམ་གཞིག་གི་བར་སྟོང་ནས་རང་ཉིད་ཀྱིས་ལན་མི་ཐེགས་པའི་དྲི་བ་ཁ་ཤས་རང་ཉིད་ལ་འདྲི་ཞོར་གཙུག་ལག་ཁང་གི་ཕྱོགས་སུ་སོང་བ་ཡིན།

༢༠༡༦-༩-༡ ཉིན།

རྩོམ་རིག

Post navigation

Previous Post: ཆོས་དགེའི་ཚབ་ཏུ་ལྟ་གྲུབ་དགེ་རྒན་ཞེས་འབོད་དགོས་རྒྱུ།
Next Post: བཀའ་ཤག་དང་དགའ་ལྡན་ཕོ་བྲང་ལ་སྤྲིངས་པའི་འཕྲིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme