Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གི་དགོས་མཁོར་རྒྱ་ནག་གིས་རྩོད་ལེན་དགོས་ཟེར།

Posted on 2010-04-29 By དབང་ཕྱུག་ No Comments on འཛམ་གླིང་གི་དགོས་མཁོར་རྒྱ་ནག་གིས་རྩོད་ལེན་དགོས་ཟེར།

གཅན་དཔལ་ལྡན།

ཧྥ་རན་སིའི་སྲིད་འཛིན་སིར་ཀོ་སི་མཆོག་གིས་དེང་དུས་འཛམ་གླིང་གི་དགོས་མཁོར་ངེས་པར་དུ་རྒྱ་ནག་གི་གདོང་ལན་དགོས་པར་མ་ཟད། ད་ཆ་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་ཅེས་གྱིས་གསུངས་འདུགཕྱི་ཚེས་ ༢༨ ཉིན་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་ཧྥ་རན་སི་སྲིད་འཛིན་སིར་ཀོ་སི་མཆོག་དང་ཁོང་གི་སྐུ་ཟླ་གཉིས་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་ཞི་ཨན་དུ་འབྱོར་ཡོད་པ་དང་། ཕྱི་དྲོར་པེ་ཅིན་དུ་ཕེབས་ཏེ་སྲིད་འཛིན་ཧུའུ་ཅིན་ཐོ་དང་སྲིད་བློན་ཝུན་ཅ་པོ་གཉིས་དང་ཐུགས་འཕྲད་གནང་རྒྱུ་རེད་འདུག
འདི་ནི་སིར་ཀོ་སིས་སྲིད་འཛིན་གྱི་ཁུར་བླངས་རྗེས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་བསྐྱོད་ཡོད་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། སྲིད་དོན་དབྱེ་ཞིབ་པས་བརྗོད་ན། ཐེངས་འདིའི་འཚམས་གཟིགས་ནི་འདས་པའི་ལོ་གཉིས་ཀྱི་རྗེས་སུ་སྲིད་འཛིན་མཆོག་ཕྱོགས་སྐྱོད་བྱས་པ་ཐོག་མ་དེ་ཆགས་ཡོད་ལ། དེ་ནི་འགལ་འཛོལ་བྱུང་བའི་རྒྱ་ནག་དང་ཧྥ་རན་སིའི་ཡུལ་གཉིས་བར་གྱི་འབྲེལ་ལམ་སླར་གསོ་བྱ་ཆེད་རེད་ཟེར། སྐབས་དེར་སྲིད་འཛིན་མཆོག་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་འཚོགས་འཆར་ཡོད་པའི་འཛམ་གླིང་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་ཏེ་གཏམ་བཤད་ཀྱང་སྤེལ་རྒྱུ་ཡིན་པ་རེད། སྲིད་འཛིན་མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་གོང་ལ་ཁོང་གིས་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་གསར་འགོད་པའི་དྲི་བ་དང་ལེན་བྱས་ཡོད་ལ། སྐབས་དེར་ཁོང་གིས་ལན་འདེབས་བྱས་དོན། དེང་སྐབས་འཛམ་གླིང་གི་དགོས་མཁོར་ངེས་པར་དུ་རྒྱ་ནག་གི་གདོང་ལེན་དགོས་རྒྱུར་མ་ཟད། ད་ཆ་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཆགས་ཡོད་ཅེས་གྱིས་གསུངས་འདུག་ལ། ཡང་ཁོང་གིས་མུ་མཐུད་དོན། དེང་སང་འཛམ་གླིང་དུ་འབྱུང་བཞིན་པའི་གནད་དོན་གང་ཞིག་ཡིན་རུང་། གལ་སྲིད་རྒྱ་ནག་འཛུལ་གིས་ཞུགས་མ་བྱས་པ་ཡིན་ན་གནད་དོན་དེ་ཐོག་གཅོད་བྱ་ཐབས་ཡོད་མ་རེད། ང་ཚོས་གནམ་གཤིས་འགྱུར་ལྡོག་དང་རྒྱལ་སྤྱིའི་དཔལ་འབྱོར་ཉེན་ཚབས། དེ་བཞིན་གོ་ལ་ཧྲིིལ་པོར་སྟངས་འཛིན་སྒྱུར་བཅོས་ཀྱིས་མཚོན་པའི་གནས་སྟངས་མང་པོ་ཞིག་ལ་ངེས་པར་དུ་རྒྱ་ནག་དང་མཉམ་དུ་དུས་རབས་ ༢༡ པར་གདོང་ལེན་བྱ་དགོས་ཀྱི་ཡོད། ཧྥ་རན་སིའི་ངོས་ནས་ལོ་ངོ་ ༤༦ གོང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངེས་ལེན་བྱེད་སྐབས་རྒྱ་ནག་གི་མ་འོངས་པའི་གནས་སྟངས་ལ་ཚོད་དཔག་བྱེད་ཐུབ་པ་བྱུང་ཡོད། དེ་སྔོན་རྒྱ་ནག་ལ་ཡིད་ཆེས་བྱས་པ་དེ་ད་ལྟའི་རྒྱ་ནག་གི་འབྱུང་འགྱུར་ལ་ཡིད་ཆེས་བྱས་པ་ལས་གལ་ཆེའི་དོན་སྙིང་ལྡན་ཡོད། ཧྥ་རྒྱ་གཉིས་བར་མཉམ་འབྲེལ་ལས་རོགས་བྱ་རྒྱུ་དེ་ཧྥ་རན་སིའི་ཕྱི་འབྲེལ་གྱི་སྲིད་བྱུས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ཅེས་དང་། ཡང་མུ་མཐུད་དོན ། རྒྱལ་ཁབ་གཉིས་བར་ལ་སྐབས་འགར་གོ་ནོར་ཐེབས་ཏེ་འགལ་རྐྱེན་སོགས་བྱུང་བྱུང་ཡོད་ནའང་། དེ་ཚོ་ཚང་མ་འདས་ཟིན་པ་ཞིག་ཡིན་ཞེས་གསུངས་ཡོད་འདུག ༢༠༠༨ ལོར་བོད་ཀྱི་ལྷ་སའི་ ༤༌༡༤ དོན་རྐྱེན་དེ་བྱུང་རྗེས་ཡུལ་གཉིས་བར་གྱི་འབྲེལ་ལམ་དེ་ཇེ་སྡུག་ཏུ་སོང་ཡོད་པས། ཐེངས་འདིར་སིར་ཀོ་སིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ལས་གཞན། ད་དུང་ཧྥ་རན་སི་དང་དབྱིན་ཇི། ཨ་རི་གསུམ་གྱི་སྣེ་ཁྲིད་པའི་གནས་སྟངས་ཐད་རྒྱ་ནག་གིས་རོགས་རམ་འཚོལ་རྒྱུ་དང་། དེ་མིན་རྒྱལ་ཚོགས་ཀྱིས་ཨི་རན་ལ་ཉེས་ཆད་གཅོད་རྒྱུའི་སྲིད་བྱུས་སོགས་ལ་རྒྱབ་སྐྱོར་འཚོལ་རྒྱུའི་རེ་འདུན་སོགས་ཞུ་དགོས་ཀྱི་ཡོད་འདུག བྷེ་བྷེ་སི་གསར་འགོད་པས་ཧྲང་ཧེ་ནས་གནས་ཚུལ་བ་ལྟར་ན། ཡུལ་གཉིས་ཀྱི་ཚོང་འབྲེལ་དེ་ན་ནིང་ལོའི་དཔལ་འབྱོད་ཉེན་ཚབས་དེའི་རྐྱེན་པས་ཉམས་རྒུད་དུ་སོང་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་འབྲེལ་ལམ་སླར་གསོ་བྱ་བར་རེ་བ་རྒྱག་བཞིན་ཡོད་པར་མ་ཟད། ཚོང་འབྲེལ་མཉམ་ལས་ཕྱོགས་སུ་ཤུགས་སྣོན་རྒྱག་འདོད་ཀྱང་ཡོད་འདུག ཧྥ་རན་སིའི་དཔོན་རིགས་ཤིག་གིས་བརྗོད་དོན་ལྟར་ན། སྲིད་འཛིན་སིར་ཀོ་སིར་གལ་ཆེའི་ཚོང་དོན་སྐོར་ལ་གྲོས་ཆོད་འཇོག་རྒྱུའི་འཆར་གཞི་གང་མེད་ཀྱང་། ཐེངས་འདིར་ཉིང་ནུས་དང་མཁའ་ལམ། དེ་བཞིན་ཁོར་ཡུག་དང་འབྲེལ་བའི་ལས་དོན་ཁག་ཅིག་གི་ཐད་གྲོས་བསྔུར་བྱ་རྒྱུ་རེད་འདུག ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཐེངས་འདིའི་སྲིད་འཛིན་གྱི་གཟིགས་སྐོར་སྐབས་རྒྱ་ནག་གི་དབུ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད་འདུག སྲིད་དོན་དབྱེ་ཞིབ་པས་བཤད་ན། ཐེངས་འདིར་སྲིད་འཛིན་སིར་ཀོ་སིས་འགལ་འཛོལ་བྱུང་བའི་ཡུལ་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱ་རྒྱུར་འབད་བརྩོན་གནང་རྒྱུ་ལས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་རྒྱུ་མིན་པའི་འགྲེལ་བརྗོད་སོགས་བྱས་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཞོགས་དུང་གང་དུ་སོང་ཨེ་ཤེས་ཐལ། ངས་ཤེས་ཡོད།
Next Post: ཁྲ་འགུ་དགོན་པའི་ཆགས་འཇིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme