Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞོགས་དུང་གང་དུ་སོང་ཨེ་ཤེས་ཐལ། ངས་ཤེས་ཡོད།

Posted on 2010-04-29 By དབང་ཕྱུག་ 8 Comments on ཞོགས་དུང་གང་དུ་སོང་ཨེ་ཤེས་ཐལ། ངས་ཤེས་ཡོད།

ཨ་རིག་དགེ་མཐོང་།

ཁ་བྱང་གི་འགྲེལ། སྤྱིར་བཏང་གང་དུ་སོང་ཨེ་ཤེས་ཐལ་ལབ་ན་དྲི་བ་ཞིག་རེད། དྲི་བ་འདི་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ནས་བཏང་ཡོད། གནས་སྐབས་རིང་རྩོམ་པ་པོ་ཁོང་གར་ཡོད་ཀྱི་དྲི་བ་དང༌། མཐར་ན་ནིང་༢༠༠༨ ལོའི་ཟིང་འཁྲུགས་སྐབས་སུ་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པར་རློམ་མཁན་འགའ་རེས་ཞོགས་དུང་གང་དུ་སོང་ཞེས་པའི་དྲི་བ་དེའི་ལན་ཡང་ཡིན།
ཞོགས་དུང་མདོར་བསྡུས་ནས་གླེང་ན་འདི་འདྲ་ཞིག་རེད།

《དཔྱོད་ཤེས་རྒྱང་འབོད》་ལྗང་སྨྱུག་འབུས་ཏེ་བསམ་བློ་གསར་བའི་ས་བོན་བསྐྲུན། །
《འཕག་འཚག་ང་རོ》འི་བཟི་ཁ་དེ་ཡིས་ཀླད་རྙིང་བོད་ཀྱི་མགོ་བོ་ན། །
《བག་ཆགས་དོང་སྤྲུགས》་དཀར་པོའི་སྒྲ་དབྱངས་བོད་ཁམས་ཡོངས་ལ་ཁྱབ་པ་ན། །
ལྟ་ལོག་ལྟས་ངན་ཟེར་བའི་ཆོ་ལོ་ཆོལ་གསུམ་སྤུན་ཟླས་ཁྱེད་ལ་ཕུལ།

ནང་ཆོས་ཟབ་མོ་འཆི་ཞགས་འཕེན་པ་རིགས་ཞེན་ཆེ་བའི་དན་རྟགས་རེད། །
ཅེས་པའི་བསྟོད་པའི་མེ་ཏོག་ཕུལ་མཁན་སྟོན་པ་ཏཱ་ལའི་བླ་མ་ཉིད། །
དེ་མིན་བོད་ཀྱི་བླ་སྤྲུལ་ཀུན་གྱིས་ཁྱེད་ཉིད་བསྟན་པའི་དགྲ་བོར་བརྩི། །
ཕྲན་གྱི་སེམས་དང་བསམ་པའི་ངོགས་ན་ཁྱེད་རང་བསྟན་འཛིན་སྐྱེས་བུ་ཞིག །

《དོགས་སློང་སྙིང་སྟོབས》་བཙན་པོ་དེ་ནི་སྐྱ་སེར་གཉིས་ཀྱིས་རྩོད་གཞིར་གྱུར། །
གྲྭ་ཕྲུག་འགའ་རེའི་གཟན་ཤམ་འོག་ན་ཁྱེད་ཀྱི་དཔེ་དེབ་ལྐོག་ཏུ་སྦས། །
ན་གཞོན་སློབ་མ་ཕལ་ཆེར་ལག་ཏུ་ཁྱེད་ཀྱི་རྩོམ་ཡིག་ཡོད་ཚོད་ཡིན། །
ནུབ་ཕྱོགས་བསམ་བློ་གསར་བའི་སྙིང་བཅུད་བོད་དུ་འདྲེན་མཁན་ཁྱེད་ཚོ་ཡིན། །

《རིགས་ཤེས་ཀུན་གྲོལ》་ཀུན་ལ་བསྒྲགས་ཀྱང་ཁྱེད་ཀྱི་ལ་རྒྱ་སུ་ཡིས་ཚོར། །
ཉིས་སྟོང་བརྒྱད་ཀྱི་ཟིང་འཁྲུག་སྐབས་སུ་གང་དུ་ཡོད་མེད་འདྲི་མཁན་ཚོ། །
ད་ལྟ་ཡོད་ན་གསལ་བོར་ལྟོས་དང་སྐུ་ཞབས་ཞོགས་དུང་རིག་ཚོད་ཡིན། །
ཁྱེད་ཉིད་དགག་མཁན་བླ་གྲྭ་དག་ལ་ད་ཐེངས་ཁྱེད་ཀྱིས་བརྡ་ཞིག་བརྒྱབས། །

གོ་གོ་རིག་རིག་ཐོས་ཐོས་མ་བྲིས་ཞིབ་འཇུག་ཁྲོད་ནས་ལོ་གཅིག་ལྷག །
བོད་པའི་རིགས་ཞེན་ཁོག་ཏུ་བཅུགས་ནས་སྒྲོ་འདོགས་བྱས་པ་མ་ཡིན་པར། །
མཐོང་ཆོས་མྱོང་གྲུབ་ཚད་དམིགས་བཅས་ཀྱིས་རྒྱབ་རྟེན་རྡོ་རྗེ་བྲག་རི་རྙེད། །
གོ་སྐབས་བལྟས་ནས་གོ་ལའི་སྟེང་དུ་《གནམ་ས་གོ་འབྱེད》་སྲོག་གིས་བསྐྲུན། །

བླ་མ་འགའ་རེ་གློ་བུར་གྲོངས་ཀྱང་བདག་ལ་འགྱོད་པ་ཡོད་མ་ཡིན། །
རིག་མ་འགའ་རེ་གཡུག་ས་བུད་ན་བུ་ངའི་བསམ་དོན་འགྲུབ་ནི་ཡིན། །
གྲོང་ཆོག་གཙོ་འཛིན་དགོན་པ་འགའ་རེའི་ཆོས་སྒོ་བརྒྱབ་ན་བཟང་བར་སྙམ། །
མང་ཚོགས་བསླུས་པའི་མོ་བ་གཏོ་བ་ཡོད་ཚོད་བཙོན་དུ་ཁྲིད་པར་སྨོན། །

བོད་ལ་རང་དབང་མེད་པའི་སྟེང་དུ་བོད་ལ་ས་ཡོམ་གོད་ཆག་བྱུང༌། །
ད་ལོ་བོད་ཀྱི་ཤེས་ཡོན་ཅན་གྱི་དགེ་རྒན་སློབ་མ་གང་མང་ཞིག །
ལས་གནས་ལག་ནས་འཕྲོག་པ་མ་ཟད་མུན་ནག་བཙོན་དུ་བཅུགས་ནས་ཐལ།།
ཀྱེ་ཀྱེ་རྩ་གསུམ་ལྷ་ཡི་ཚོགས་ཀྱིས་ཤེས་ཡོན་པ་ཚོ་མགོན་སྐྱབས་མཛོད། །

ཁ་སང་ཟི་ལིང་གྲོང་ཁྱེར་དེ་ནས་དམག་མི་ལྔ་ཡིས་བཙན་ཁྲིད་ཀྱིས། །
ཁྱིམ་གྱི་ཡོད་ཚད་བསྔོགས་བཤེར་བཏང་སྟེ་གལ་ཆེའི་ཅ་དངོས་མང་བོ་འཕྲོགས། །
ཁྱེད་ཀྱི་བརྩིས་འཁོར་གློག་ཀླད་ཟུང་ཡང་ཆབ་སྲིད་བཙོན་མ་ལྟ་བུར་གྱིས།
རྒྱ་རོ་འགའ་ཡིས་ཆུང་མའི་ལག་ནས་བཙན་གྱིས་ཁྱེར་སྟེ་བུད་ནས་ཐལ། །
བོད་ཀྱི་བསམ་བློ་བ་ཆེན་མོ་སྐུ་ཞབས་ཞོགས་དུང་བཙོན་དུ་ཁྲིད་སོང་ཟེར་བའི་གཏམ་ངན་ཞིག་གོ་རྗེས་སྐྱོ་གདུང་དང་བཅས་རྩོམ་རིག་ལ་མོས་མཁན་ཨ་རིག་དགེ་མཐོང་གིས་2010/04/26ཉིན་བྲིས་པའོ།།

སྙན་ངག

Post navigation

Previous Post: ཞོགས་དུང་གཅིག་བུ་ལས་ང་ཚོ་གླེང་རྒྱུ་མེད་སོང་བ་རེད་དམ།
Next Post: འཛམ་གླིང་གི་དགོས་མཁོར་རྒྱ་ནག་གིས་རྩོད་ལེན་དགོས་ཟེར།

Comments (8) on “ཞོགས་དུང་གང་དུ་སོང་ཨེ་ཤེས་ཐལ། ངས་ཤེས་ཡོད།”

  1. ལྷགབསམ་རྒྱ་མཚོ། says:
    2010-04-29 at 6:07 am

    རིགས་ཞེན་ཆེ་བའི་ཞོགས་དུང་གི། །ལ་རྒྱ་སློང བའི་རྩོམ་ཡིག་འགའ། །བོད་མིའི་དོན་དུ་འགྱུར་སྙམ་པའི། །རེ་བ་ཕྲན་བུ་བདག་ལ་བདོག །དེ་ཕྱིར་བསྟོད་པའི་དར་དཀར་ཅིག །བཀའ་དྲིན་གསོ་ཕྱིར་འབུལ་བར་འོས། །བླ་མ་གྲོང་ན་འགྱོད་པར་ངེས། །རིག་གསར་རྗེས་ཀྱི་གངས་ལྗོངས་པའི། །ཆོས་རིག་ཕལ་ཆེར་བླ་མས་བསྲུང་། །པཎ་ཆེན་སྣང་བ་མཐའ་ཡས་དང་། །གུང་ཐང་ཞབས་དང་བླ་རུང་རྗེ། །ཚེ་ཏན་ཞབས་དྲུང་དམུ་དགེ་བ། །གཤེགས་པའི་མྱ་ངན་སངས་དུས་མེད། །གྲོང་ཆོག་དགོན་པ་མཁོ་བར་མཆི། །གྲོང་ཆོག་མཁན་རེའི་བོད་པའི་མི། །བཅུ་གྲངས་ལྟོ་གོས་སྦྱོར་བ་མཐོང་། །བོད་མི་གསོ་བ་བོད་དོན་ཉིད། །བསམ་མེད་འགའ་རེའི་ཕ་ནོར་ཡང་། །ཆང་དང་ཐ་མག་རྒྱ་མོའི་ཆེད། །ཅི་དགར་གཏོང་ལ་བསྒྲུན་དུ་ཅི། །མོ་བ་གཏོ་བ་མཁོ་བར་མཆི། །རྒྱལ་དབང་ཕྱག་ན་པདྨོ་ནས། །ས་སྐྱ་གོང་མ་ཀརྨ་པ། །ཐམས་ཅད་མོ་མ་ཤ་སྟག་ལགས། །གཞན་དུ་མང་ཚོགས་དད་པའི་ཡུལ། །མོ་མའི་གྲངས་ཀྱང་མི་ཉུང་པས། །བོད་པའི་བླ་སྤྲུལ་ཁྲི་ཕྲག་གཅིག། །བཙོན་དུ་བཅུག་ན་དགེས་ལགས་སམ། །ད་ལྟ་རྒྱ་ནག་ཁྲི་མུན་དུ། །བོད་རིགས་སྟོང་ཕྲག་གསུམ་ཙམ་མཆིས། །ཕལ་ཆེར་གྲྭ་བ་བཙུན་མ་སྟེ། །བོད་དོན་གཉེར་བའི་དཔའ་རྒོད་ཡིན། །དགོན་པའི་ཆོས་སྒོ་བསྡམ་དགོས་པ། །དམར་པོའི་གཞུང་གི་འཆར་གཞི་སྟེ། །༢༠༠༨་ཉིས་སྟོང་བརྒྱད་ལོའི་ཞིབ་འཇུག་གི། །རྒྱབ་ཤ་དཀར་པོའི་དེབ་དུ་མཆིས། །དེ་ལ་འབད་པས་མ་བསྐུལ་ཀྱང་། །རིམ་བཞིན་མཐོང་པའི་ཡུལ་དུ་འགྱུར། །དེས་ན་བློ་གསལ་གཞོན་ནུ་རྣམས། །ཆོས་ལ་དད་ཀྱང་མ་དད་ཀྱང་། །ཕན་ཚུན་སྨོད་པ་མི་གནང་བར། །མཐུན་སྒྲིལ་དཔུང་བ་བརྟན་པོ་ཡིས། །མཛའ་བརྩེ་སྙིང་གི་ནོར་བུ་མཛོད། །

  2. རིན་ཆེན་ says:
    2010-04-29 at 7:38 am

    ཞོགས་དུང་རྒྱ་ནག་གི་བཙོན་དུ་སོང་། ཁོང་སྐྱོབས་རོགས་ཞུ།

  3. ཁ་བའི་མེ་ཏོག says:
    2010-04-29 at 10:09 am

    ཞོགས་དུང་ལགས་དང་བོད་ཀྱི་ན་གཞོན་རྩོམ་པ་པོ་སྟེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་གཉིས་དང་དེ་དང་འདྲ་བའི་བོད་ཀྱི་རྩོམ་པ་པོ་དང་དགེ་རྒན། ཤེས་ཡོན་ཅན་མང་པོ་ཞིག་འཛིན་བཟུང་བྱས་ཟིན་པས་ཐབས་ཇི་ཡོད་སྒོ་ནས་སྐྱོབ་རོགས་གནང་།    དེ་ཚོ་ནི་ང་ཚོའི་མི་རིགས་ཀྱི་རེ་བ་དང་མ་འོངས་པ་རེད།།།

  4. གནམ་ལྕགས། says:
    2010-04-30 at 12:07 am

    ཞོགས་དུང་བཟུང་བ་འདིས་ཅི་ཞིག་གསལ་སྟོན་གནང་གི་ཡོད་ཟེར་ན། བོད་ཀྱི་གནད་དོན་འདི་བོད་པ་རང་གི་ཤེས་ཡོན་པའི་སྡེ་ལ་ཁྱབ་ཀྱི་ཡོད་པའི་རྟགས་ཤིག་རེད། འདི་ནི་ཞོགས་དུང་ཁོང་གིས་གསུང་བ་བཞིན་བོད་ཀྱི་བདེན་མཐའ་བསལ་བའི་རྟགས་ཡང་དག་ཅིག་རེད་འདོད་ཀྱི་ཡོད། སྐུ་ཞབས་ཞོགས་གླེང་མཁན་དག་གིས་ཁོང་གི་བསམ་བློའི་གཏིང་མཐུག་ས་ནས་གླེང་དགོས། དེ་ནི་ཁོང་གིས་གསོན་པ་ལས་འཆི་བ་བདམས་པའི་ཉིང་སྒོས་དེ་ཡིན།

  5. རྩམ་དགའ། says:
    2010-04-30 at 2:52 am

    ད་དུང་ཞོགས་དུང་དང་འདྲ་བའི་མི་སེམས་ཤུགས་ཅན་དང་། ལ་རྒྱལ་ཅན་ག་ཚད་བཟུང་ཡོད་་་་་་དཔེར་ན་སི་ཁྲོན་རྨ་ཁམས་དགེ་འོས་སློབ་གྲྭའི་ལོ་རྒྱུས་དགེ་རྒན་ཆེན་མོ་བ་ཐེ་བོ་བསོད་རྣམས་དང་། སི་ཁྲོན་ཕྱོགས་ཀྱི་མཁས་པ་སྐུ་ཁོ་སོགས་ཀྱང་ཉེ་ཆར་བཟུང་འདུག་ག

  6. གཅན་བཟོད་རྒྱམ། says:
    2010-04-30 at 3:14 am

    གྲོགས་རྩམ་དགའ་ལགས། སི་ཁྲོན་ཕྱོགས་ཀྱི་རྨ་ཁམས་དགེ་འོས་ སློབ་གྲྭའི་ལོ་རྒྱུས་དགེ་རྒན་ཆེན་མོ་བ་ཐེ་བོ་བསོད་རྣམས་དང་། སི་ཁྲོན་ཕྱོགས་ཀྱི་མཁས་པ་སྐུ་ཁོ་སོགས་ཀྱང་ཉེ་ཆར་བཟུང་བ་དེ་ཚོའི་གནས་ཚུལ་ཁ་གསལ་གཏིང་གསལ་ཞིག་རྒྱུས་ལོན་བྱས་ཏེ་གསར་འགྱུར་བརྒྱུད་ལམ་ཏུ་ཅིས་ཀྱང་འགོད་ཐབས་གནང་རོགས། ང་ཕྱིར་རྡ་སར་འབྱོར་ཡོད། ཁྱོད་དེང་སྐབས་གང་དུ་ཡོད། ཁོམ་པ་ཨེ་ཡོད།

  7. ཨ་རིག་དགེ་མཐོང་ says:
    2010-04-30 at 3:23 am

    རྩོམ་པ་པོ་དག་གིས་བསམ་འཆར་བཏོན་པ་དགའ་ཡོད། རྩམ་དགའ་ཟེར་བ་འདིས་བཤན་ནོ་བདེན་ན་གསར་འགྱུར་བརྒྱུད་ལམ་ལ་གཏོང་རྒྱུ་གལ་ཆེན་རེད། ངས་བལྟས་ན་ཕལ་ཆེར་ཨེ་བདེན་ན་སྙམ་གི དུས་དང་རྩོམ་པ་པོ་དང་ཟིན་བྲིས་པ་ཚོས་མི་རིག་ནས་གནས་ཚུལ་འདི་སྐྱོ་བོ་ཞིག་ལྷག་མི་སྲིད་སྙམ།

  8. ཨ་རིག་དགེ་མཐོང་ says:
    2010-04-30 at 3:27 am

    ན་དེ་འཐེན་ནས་ད་ཞིག་ཤུལ་དུ་བཞག་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (73)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme