Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགར་ཆེན་རིན་པོ་ཆེས་སྒྲོལ་དཀར་ཀྱིས་ཁོང་རང་ལ་སྲོག་ཐེངས་བརྒྱད་བསྐྱབས་པ་བྱུང་ཡོད་གསུངས།

Posted on 2016-08-082016-08-08 By ཁ་བརྡ་ 3 Comments on མགར་ཆེན་རིན་པོ་ཆེས་སྒྲོལ་དཀར་ཀྱིས་ཁོང་རང་ལ་སྲོག་ཐེངས་བརྒྱད་བསྐྱབས་པ་བྱུང་ཡོད་གསུངས།

བསྡུ་སྒྲིག་པ། རྫ་ཚེ་རིང་བཀྲ་ཤིས།

 
སྤྱི་ལོ་༢༠༡༦ཟླ་༨ཚེས་༧ཉིན། རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེས་མི་མང་སྟོང་ཚོ་མ་ཟིན་ཙམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་དང་། གཤིན་པོ་རྗེས་འཛིན་གྱི་སྦྱང་ཆོག་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྩལ།
དེ་ཡང་འདི་ལོ་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཆེད་དམིགས་གསོལ་འདེབས་ཞུས་དོན་ལྟར་དཔལ་རྒྱལ་བ་འབྲི་གུང་བའི་བསྟན་པའི་རྩ་ལག་༧སྐྱབས་རྗེ་མགར་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དམིགས་བསལ་གྱི་དུས་ཆེན་དང་སྲུང་རྩི་དང་འབྲེལ་ལྷོ་ཤར་ཨེ་ཤ་ཡའི་སེང་ག་པུར་སོགས་སུ་ཕེབས་ཏེ་རིམ་གྱིས་ཐའེ་ཝན་དུ་ཆིབས་ཞལ་བསྒྱུར་གནང་ཞིང་། ཐའེ་ཝན་དུ་ཕེབས་པ་དང་སྟབས་བསྟུན་སྤྱི་ཚེས་བདུན་ཉིན་རྒྱལ་ས་ཐའེ་པེ་རུ་དགེ་འདུན་པ་དང་དད་ལྡན་མི་མང་སྟོང་ལ་ཉེ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་གནང་།

unnamed-14དེ་ཡང་རིན་པོ་ཆེ་མཆོག་ཉིད་ཐའེ་ཝན་དུ་བཞུགས་བཞིན་པའི་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དབུ་འཛིན་མཁན་སྤྲུལ་དགེ་བཤེས་རྣམ་པའི་ཕེབས་བསུའི་འོག་ཚོགས་ཁང་དུ་ཕེབས་གནང་ཞིང་། ༧སྐྱབས་རྗེ་མཆོག་ཁྲི་ཁར་ཕེབས་པ་དང་། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སེར་སྨད་ལྷ་རམས་པ་སྤྲུལ་སྐུ་ཧ་ཤེན་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་མཆོག་གིས་དབུས་པའི་མི་མང་ཡོངས་ལ་ཞིབ་འཇུག་ཚོགས་པའི་ངོས་ནས་འཚམས་འདྲིའི་གསུང་བཤད་གནང་ཞིང་། ཁོང་གིས་གསུང་དོན།
ཚོགས་པ་འདི་ནི་སྤྱི་ལོ་ཉིས་སྟོང་དགུའི་ལོར་ཐའེ་ཝན་དུ་མཁན་པོ་ཆོས་ཉིད་དོན་རྟོགས་དང་སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཚུལ་རྣམ་རིན་པོ་ཆེ། ཀཿཐོག་རིག་འཛིན་ཆེན་པོ་བཅས་ནས་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་སྤྱི་དང་འབྲེལ་བ་ཡོད་པའི་ཚོགས་པ་འདི་འདྲ་ཞིག་ཧ་ཅང་གལ་ཆེན་ཡིན་པའི་གཟིགས་ཚུལ་འོག་དབུ་བཙུགས་པ་བཞིན་ད་ལྟའི་སྐབས་འདིར་ཡང་ཆོས་བརྒྱུད་རིས་མེད་ཀྱི་ཚོགས་པ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ཁྱད་པར་ད་ཐེངས་རྒྱ་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་པ་དག་གིས་ཞིང་རྩིས་ལུགས་ཀྱི་ཟླ་བ་བདུན་པ་ཞེས་དམིགས་བསལ་གལ་ཆེན་དུ་བརྩི་བའི་སྐབས་འདིར་༧སྐྱབས་རྗེ་མགར་ཆེན་རིན་པོ་མཆོག་ལ་གསོལ་འདེབས་ཀྱིས་ཐའེ་ཝན་མི་མང་གིས་མཚོན་པའི་གསོན་པོ་རྣམས་ནད་མེད་ཚེ་རིང་དང་། འདས་པོ་རྣམས་མཐར་ཐུག་རྫོགས་བྱང་ཐོབ་པའི་ཆེད་བཀའ་དབང་དང་། ཆོས་འབྲེལ་ཟབ་མོ་བསྩལ་གནང་བ་ནི་ཐའེ་ཝན་མི་མང་སྤྱི་དང་། ཁྱད་པར་ས་ཆ་འདིའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་ཡོངས་ཀྱི་ངོས་ནས་ཧ་ཅང་བསྐལ་པ་བཟང་པོ་ཞིག་ཡིན་ཞེས་གསུང་།

དེ་ནས༧སྐྱབས་རྗེ་མཆོག་གིས་བཀའ་དབང་དང་འབྲེལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གལ་ཆེའི་རང་བཞིན་གསུང་ཞིང་། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་དང་མ་བྲལ་བས་ལྷ་གཅིག་བསྒྲུབས་པས་ཀྱང་ལྷ་ཐམས་ཅད་འགྲུབ་གྱི་ཡོད་པ་དང་། དེ་བཞིན་བླ་མ་དང་ཡི་དམ་ཉམས་ལེན་བྱེད་ཟེར་བ་དེ་ཡང་ཕྱི་སྐུ་གཟུགས་ཀྱི་རྣམ་པ་བསྒོམ་པ་ཙམ་གཙོ་བོ་མིན་པར་ལྷ་དེ་དང་དེའི་གསུང་དང་ཐུགས་ལ་ཉམས་སུ་ལེན་པ་ཉིད་ཡིན་པའི་བསྐོར་ཟབ་རྒྱས་ཀྱི་བཀའ་སློབ་གནང་།
ཡང་ཐེངས་འདིའི་ལས་རིམ་གྱི་གཙོ་འགན་པ་ཧ་ཤེན་རིན་པོ་ཆེས་འཕྲིན་ཕྲན་བརྒྱུད་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་དོན།
unnamed-15ཞིབ་འཇུག་ཚོགས་པ་ནི་ཆོས་བརྒྱུད་བྱེ་བྲག་པར་འབྲེལ་བ་ཞིག་མིན་པར་ཆོས་བརྒྱུད་རིས་མེད་ལས་གྲུབ་པའི་ཚོགས་པ་གལ་ཆེན་ཞིག་རེད། ད་ཐེངས་ཡང་ཚང་མས་གཙུག་ཏུ་བཀུར་བར་འོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གྲུབ་བརྙེས་ཀྱི་སྐྱེས་བུ་ཁོང་ལྟ་བུ་ཞིག་གདན་འདྲེན་ཞུས་ནས་མཛད་སྒོ་གལ་ཆེན་འདི་འདྲ་ཞིག་གོ་སྒྲིག་ཞུས་ཐུབ་པ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ལས་རིམ་གྱི་ངོས་ནས་ཡིན་ན་ཡང་། ཞོགས་པ་ཀཿཐོག་རིག་འཛིན་ཆེན་པོ་དང་སྤྲུལ་སྐུ་ཐུབ་བསྟན་ནོར་བུ། ཚང་གསར་ཀུན་དགའ་རིན་པོ་ཆེ་གསུམ་གྱིས་ཞིབ་ཚོགས་ཀྱི་ཇོ་ནང་དང་རྙིང་མའི་ཆོས་བརྒྱུད་ཀྱི་ཚོགས་མིའི་ངོས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཕྱི་དྲོ་ཧ་ཤེན་རིན་པོ་ཆེ་དང་སློབ་དཔོན་བསོད་ནམས་ཕུན་ཚོགས་གཉིས་ནས་ཞིབ་ཚོགས་ཀྱི་དགེ་ལུགས་དང་རྙིང་མའི་ཆོས་བརྒྱུད་ཀྱི་ཚོགས་མིའི་ངོས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དེ་རྗེས་ཝང་ཤེས་ཧྥུང་གིས་ཞིབ་འཇུག་ཚོགས་པའི་ཐའེ་ཝན་གྱི་ཚོགས་མི་དང་དད་སློབ་དག་གི་ཚབ་བྱས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་མ་འགྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་བཟང་པོ་འགྲིག་པ་དང་། ༧སྐྱབས་རྗེ་མཆོག་ལ་སྤྱི་སྒེར་གྱིས་ཕུལ་བའི་མཎྜལ་རྟེན་དོད་སོགས་ཞིབ་འཇུག་ཚོགས་པར་ཕྱིར་གནང་བར་མ་ཟད། ཁོང་གིས་ས་གནས་འདིར་འདི་ལྟ་བུའི་ཚོགས་པ་ཞིག་ཡོད་པ་དེ་ཧ་ཅང་གལ་ཆེན་ཡིན་པའི་དམིགས་བསལ་སློབ་སྟོན་དང་བཀའ་སློབ་ཡང་གནང་ཡོད་། ཅེས་དང་།

ཡང་ཁོང་གིས། ང་རང་གི་ངོས་ནས་ཐེངས་འདིར་གྲུབ་པའི་གོ་འཕང་མཐོན་པར་གཤེགས་པའི་སྐྱེས་ཆེན་ཁོང་ལྟ་བུ་ཞིག་གི་མདུན་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་ཞུ་ཐུབ་པ་བྱུང་བ་ནི་ཧ་ཅང་བསྐལ་པ་བཟང་པོ་ཞིག་ཏུ་ཚོར་བྱུང་། རིན་པོ་ཆེའི་ངོས་ནས་སྒྲོལ་དཀར་ནི་ཁོང་གིས་ཐུན་མོང་མིན་པའི་ཡི་དམ་གྱི་ལྷ་གཙོ་བོ་གནང་བསྡད་པ་ཞིག་ཡིན་པ་དང་། དེ་རིང་ཡང་ངས་གོ་ནོར་ཐེབས་མེད་ན་རིན་པོ་ཆེ་རང་ལ་སྒྲོལ་དཀར་རང་ལ་གསོལ་བ་བཏབ་ནས་སྐུ་ཚེ་འདིར་སྲོག་ཐེངས་བརྒྱད་བསྐྱབས་པ་བྱུང་ཡོད་ཅེེས་གསུངས་སོང་། སྤྱིའི་ཆ་ནས་ཀྱང་ཁོང་ཉིད་བཀའ་བརྒྱུད་པའི་བླ་ཆེན་གལ་ཆེན་ཞིག་ཡིན་པའི་ཆ་ནས་ང་ཚོ་ཚོགས་པས་འདི་ལྟ་བུའི་མཛད་རིམ་གོ་སྒྲིག་ཞུ་རྒྱུ་བྱུང་བར་ཧ་ཅང་དོན་སྙིང་ཆེན་པོ་ཡོད་པས། མ་འོངས་པར་ཡང་བོད་ཀྱི་བླ་ཆེན་གཞན་ལ་ཡང་དེ་བཞིན་ཞབས་ཞུ་ཞུ་རྒྱུ་བྱུང་བ་ཡིན་ན་རྒྱའི་སྤྱི་ཚོགས་ཙམ་མིན་པར་བོད་ཀྱི་སྤྱི་ཚོགས་ལ་ཡང་ཤུགས་རྐྱེན་དང་མིག་དཔེ་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད།

unnamed-16ལོ་རྒྱུས་ཐོག་བོད་ཀྱི་ཆོས་བརྒྱུད་བར་ལ་ཡང་རྩོད་པ་དང་གྲུབ་མཐའི་དཀའ་ངལ་མང་པོ་འཕྲད་མྱོང་བ་དང་། རྒྱ་མི་དེ་ཚོའི་ནང་ན་ཡང་ས་སྐྱ་དགེ་ལུགས་རྙིང་མ་སོགས་ཕན་ཚུན་འབྲེལ་མེད་དོན་གཞན་ལྟར་ཧ་ཅང་ཐ་དད་ཞིག་ཏུ་འཛིན་མཁན་མང་པོ་ཡོད་པ་འདི་དག་གི་གནས་སྟངས་ལ་སྤྱིར་བཏང་༧གོང་ས་མཅོག་གི་དེང་སང་བོད་ཀྱི་ཆོས་བརྒྱུད་ཕན་ཚུན་བར་ལ་མཐུན་ལམ་དང་གུས་བརྩིའི་འདུ་ཤེས་ཧ་ཅང་བཟང་དུ་སོང་ཡོད་ན་ཡང་། ད་ཐེངས་ཡིན་ན་ཡང་། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་ཁོང་རང་ངོས་ནས་བཀའ་བརྒྱུད་པའི་བླ་མ་ཞིག་ཡིན་ན་ཡང་། འོག་གི་གུས་ཞབས་ཆེན་པོས་འགན་ཁྱེར་ནས་ལས་ཀ་བྱེད་མཁན་དེ་ཆོས་བརྒྱུད་ཚང་མ་ནས་ཡིན་བསྡད་དུས་ཁོང་ཚོར་ཡང་བཟང་ཕྱོགས་ཀྱི་མིག་དཔེ་སྟོན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད་བསམ་གྱི་ཡོད།
དེ་བཞིན་ཚོགས་པ་འདི་བརྒྱུད་ནས་ཞལ་འདེབས་བྱུང་བ་དང་གོང་ནས་ཕྱིར་གནང་བཞག་པ་དག་ཀྱང་སྒེར་སོ་སོས་བེད་སྤྱོད་བྱེད་པ་དང་རྒྱ་གར་དང་བལ་ཡུལ་སོགས་སུ་ཁུར་འགྲོ་བ་མ་ཡིན་པར་ཐའེ་ཝན་ས་གནས་རང་གི་ནང་ཆོས་དར་སྤེལ་དང་འབྲེལ་བའི་ལས་དོན་ཐོག་གཏོང་རྒྱུ་ཡིན་དུས་ཞིབ་འཇུག་ཚོགས་པའི་ངོས་ནས་ཧ་ཅང་གལ་ཆེན་དུ་རྩི་གིན་ཡོད། ཅེས་དང་། ཐེངས་འདིའི་མཛད་རིམ་ནི་ཞིབ་ཚོགས་ཀྱི་ལོ་གཅིག་གི་ལས་དོན་གལ་ཆེ་ཤོས་ཤིག་ཡིན་ཞེས་འབྲེལ་བརྗོད་གནང་སོང་།

དེ་ནས་ཕྱི་དྲོ་དྲ་རྒྱའི་བརྙན་འཕྲིན་གྱི་འགན་འཛིན་སློབ་དཔོན་བསོད་ནམས་ཕུན་ཚོགས་ཀྱིས་ཞིབ་འཇུག་ཚོགས་པའི་དྲ་རྒྱའི་བརྙན་འཕྲིན་དང་འབྲེལ་བའི་གསུང་བཤད་གལ་ཆེན་དང་། མཇུག་ཏུ་ཞིབ་འཇུག་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་། ཞིབ་ཚོགས་ཀྱི་ལས་བྱེད་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་བཅས་བསྩལ་མཐར་ཐེངས་འདིའི་བཀའ་ཆོས་མཇུག་དྲིལ་གནང་འདུག
ཐེངས་འདིར་ཞིབ་འཇུག་ཚོགས་པར་དྲ་ཐོག་ནས་དེབ་བསྐྱེལ་བྱེད་མཁན་ཁོ་ན་ཡང་བརྒྱད་བརྒྱ་དགུ་བརྒྱ་ཙམ་བྱུང་ཡོད་པ་དང་། དེར་མ་ཚུད་པ་ཡང་མང་པོ་ཞིག་ཡོད་པ་སོགས་མི་ཚོགས་ཧ་ཅང་མང་པོ་ཕེབས་ཡོད་པར་མ་ཟད། མགར་ཆེན་རིན་པོ་ཆེ་ནི་དེང་སྐབས་ཐའེ་ཝན་གྱི་ཆོས་བརྒྱུད་རིས་མེད་ཀྱི་དད་སློབ་དག་གིས་གུས་ཞབས་ཆེ་ཤོས་ཞུ་ཡུལ་གྱི་བོད་ཀྱི་བླ་ཆེན་རྩོད་མེད་གྲས་ཤིག་ཡིན་པ་དང་། ཁོང་གི་ཟོལ་མེད་ཀྱི་འཛུམས་མདངས་དང་བཅོས་མིན་གྱི་རྣམ་འགྱུར། ཕྱོགས་མེད་ཀྱི་བརྩེ་བ་བཅས་ཀྱིས་རྒན་དར་གཞོན་གསུམ་དང་། རྒྱ་བོད་དབྱེར་མེད་ཀྱིས་ཁོང་ལ་སྙིང་རྗེ་ལ་མངའ་བརྙེས་པའི་བདག་ཉིད་ཆེན་པོ་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་གི་འགྲམ་དུ་གཅར་བ་ཙམ་གྱིས་སེམས་འགུལ་མི་ཐེབས་མཁན་ཧ་ལམ་མེད་པ་ལྟ་བུ་ཞིག་ཡིན་པ་རེད།

དེ་བཞིན་ཁོང་ཉིད་ལོ་ཉི་ཤུའི་རིང་ལ་ཟི་ལིང་བླ་མའི་བཙོན་ཁང་ནས་བཞུགས་མྱོང་མཁན་གྱི་བོད་ཀྱི་བླ་མ་རྒན་ཤོས་གྲས་ཤིག་ཀྱང་རེད། དེང་སང་ཁོང་གཙོ་བོར་ཨ་རིར་བཞུགས་ཡོད་པ་དང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་དངོས་བཤུས་གློག་བརྙན་《སེམས་ཅན་ཀུན་དོན་མཛད་པ་饒益諸有情》ཞེས་པར་ཡང་༧གིང་ས་མཆོག་དང་རྒྱལ་བ་འབྲི་གུང་བའི་བསྟན་པའི་བདག་པོ་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་སོགས་ཀྱིས་ཁོང་གི་སྙིང་བརྗེའི་ཡོན་ཏན་ལ་བསྔགས་པ་ཆེན་པོ་བརྗོད་གནང་ཡོད་པ་རེད།
ཁོང་གིས་དངོས་བཤུགས་གློག་བརྙན་དེར་སྐབས་དེའི་གནས་སྟངས་མང་པོ་ཞིག་ཀྱང་བློ་སྟོབས་ཆེན་པོས་ཟོལ་མེད་དུ་གསུང་གནང་ཡོད།
ཞིབ་འཇུག་ཚོགས་པས་དེ་སྔོན་ཡང་ཡང་༧འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དང་། དཔལ་ས་སྐྱའི་གདུང་སྲས་སྐུ་དགྲེས་གཞོན། བོད་ནང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་དར་རྒྱས། རྫོང་སར་མཁྱེན་བརྩེ་སོགས་བླ་ཆེན་མང་པོ་ཞིག་ཐའེ་ཝན་དུ་ཕེབས་སྐབས་ཆེད་དུ་གདན་ཞུས་ཀྱིས་སྤྱི་ཕན་གྱི་མཛད་རིམ་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

ཞིབ་འཇུག་ཚོགས་པའི་དྲ་ཚིགས།

http://www.buddhajnana.org
https://www.facebook.com/itbsi/?fref=ts

ངོ་སྤྲོད།

Post navigation

Previous Post: ལི་ཐང་དུ་བརྒྱད་གཅིག་དམག་གི་དུས་ཆེན་བསྐྱར་གསོ་ཐུབ་བམ།
Next Post: སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནས་འོས་བསྡུའི་སྒྲིག་གཞི་ལ་ཉེས་པ་ཕོག་པ།

Comments (3) on “མགར་ཆེན་རིན་པོ་ཆེས་སྒྲོལ་དཀར་ཀྱིས་ཁོང་རང་ལ་སྲོག་ཐེངས་བརྒྱད་བསྐྱབས་པ་བྱུང་ཡོད་གསུངས།”

  1. ཀླུ་སྨྱོན། says:
    2016-08-08 at 11:37 am

    མཁྱེན་པ་ཆེན་པོས་ཆོས་ཀུན་དེ་ཉིད་གཟིགས། །
    བརྩེ་བ་ཆེན་པོས་འགྲོ་ཀུན་ཆོས་ཀྱིས་སྐྱོང་། །
    ནུས་པ་ཆེན་པོས་བདུད་བཞིའི་དཔུང་ཚོགས་བསྙིལ། །
    མགར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-08-08 at 6:32 pm

    རྫ་ཚེ་རིང་བཀྲ་ཤིས་ལེགས་ཀྱིས་གནས་ཚུལ་བྲིས་མཛད་པར་། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་ཞབས་ལ་སོགས་པས་བསྟན་འགྲོའི་དོན་རླབས་པོ་ཆེ་ཐེ་ཝན་ཡུལ་གྲུ་ཆེན་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་ལ་རྗེས་སུ་ཡི་རང་ཞུ།
    ལྷག་པར་དུ། དཔལ་རྒྱལ་བ་འབྲི་གུང་པའི་བསྟན་པའི་རྩ་ལག་༧སྐྱབས་རྗེ་མགར་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ཟིན་ཀྱང་། དབུ་སྐྲ་རྣམས་ནག་པ་སོགས་གཞོན་ཤ་ལྡན་པར་བཞུགས་པ་ནི། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དངོས་སུ་བྱིན་གྱིས་བརླབས་པའི་རླབས་ཆེན་སྐྱེས་བུ་དམ་པ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
    མཇུག་ཏུ་བོད་ཀྱི་མཁས་པས་བྲིས་པ་དག་དང་མི་མཐུན་པ་ད་ལྟའི་འབྲི་བ་པོ་མང་པོས་བྲིས་དང་འབྲི་བཞིན་པ་ནི།
    སྩལ་ལ་བསྩལདང། སྐལ་བ་ལ་བསྐལ་པ་དང་། ཐང་ལ་ཐེངས་སོགས་བྲིས་ཏེ། བོད་མཁས་པ་དག་བིས་བྲིས་པ་དག་མེད་པར་བྱེད་པ་ལ་མིག་ཆུ་འཐོན་དགོས་པ་ཞིག་མ་ལགས་སམ། ཞེས་ཞུའོ།

  3. ཆོས་ལྡན་དཔལ་མོ། says:
    2016-08-12 at 1:52 am

    འཕཊ་པའི་ཡུལ་ན་ཨརྱཱ་དཱེ་ཞེས། །མདོ་ཁམས་ཕྱོགས་སུ་མགར་གྱི་རིགས་སུ་འཁྲུངས། །འཇིག་རྟེན་མགོན་པོའི་ཐུགས་སྲས་ཆོས་ལྡིང་པ། །མགར་ཆེན་བསྟན་པའི་ཉི་མར་གསོོལ་བ་འདེབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (22)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (11)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme