Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཡིག་གི་ཆེད་དུ་ང་ཚོས་མུ་མཐུད་དུ་འོས་ལངས་བྱེད་དགོས།

Posted on 2016-08-032016-08-03 By ཁ་བརྡ་ 2 Comments on སྐད་ཡིག་གི་ཆེད་དུ་ང་ཚོས་མུ་མཐུད་དུ་འོས་ལངས་བྱེད་དགོས།

སྤྱན་ཆེན་པོ།

 
ཉེ་སྔོན་ནས་བཟུང་དྲ་བ་ཁག་གི་གླེང་གཞིར་གྱུར་བ་ནི་བལྟས་ན་མིག་ཚ་ཞིང་ཐོས་ན་སྙིང་འཕར་བའི་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ཅིག་རེད། བྱང་ཨ་རིའི་གཟའ་མཇུག་གི་སློབ་དེབ་དེ་ནི་བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་འབེབས་དང་དཔར་འགྲིམས་ཞུས་པ་ཞིག་ཡིན་པ་དང་། སློབ་དེབ་ནང་དུ་བོད་རང་གི་བརྡ་སྤྲོད་ལ་གཤག་བཅོས་བྱས་ནས་རིག་གསར་གཉིས་པ་ལྟ་བུ་ཞིག་ཡང་བསྐྱར་བོད་སྐད་ཡིག་གི་སྟེང་དུ་བསླེབས་ནས་ཉམ་ང་ཉག་ཕྲ་བའི་སྐབས་འདིར་བོད་སྐད་ཡིག་ནི་ཤི་མིན་རོ་མིན་གྱི་ནད་པ་ཉམ་ཐག་ཅིག་དུ་བཏང་འདུག

གནའ་བའི་ཨེ་ཟི་རལ་རྒྱབ་ཁབ་ཁ་ཐོར་དགུ་ཐོར་དུ་བཏང་དུས་མི་རིགས་ཀྱི་རིག་གཞུང་གཙོ་བོར་བཟུང་ནས་ཡུལ་གྱར་རྒྱལ་ཁབ་སོ་སོའི་ནང་དུ་སློབ་གྲྭ་ཁག་བཙུགས་ནས་ཨེ་ཟི་རལ་གྱིས་རང་གི་རིག་གཞུང་ལ་བཟུང་བའི་བསམ་བློ་འདུ་ཤེས་ཀྱི་སྙིང་སྟོགས་ལ་འཛམ་གླིང་མི་མང་ཧ་ལས་ཧང་སངས་པར་གྱུར། འོན་ཀྱང་། ང་ཚོ་ཅི་ཞིག་ལ་ཨེ་ཟི་རལ་མི་མང་ལྟ་བུ་མིན་སོང་བ་རེད་དམ།

༧གོང་ས་མཆོག་གིས་གཞན་ལ་མེད་པའི་སྐྱབས་བཅོལ་སྲིད་གཞུང་བཙུགས། རིག་གཞུང་གཙོ་བོར་བཟུང་ནས་བཙན་བྱོལ་དུ་འབྱོར་མ་ཐག་ནས་ཐོག་མར་སློབ་གྲྭ་ཁག་གསར་འཛུགས་བྱས། མཁས་དབང་ཟམ་གདོང་མཆོག་གིས་ཤེས་ཡོན་སྲིད་ཇུས་གཏན་འབེབས་བྱས་ནས་རིག་གཞུང་སྲ་གཏན་དུ་བཏང་ཡོད་མོད། ངོ་ཚ་མེད་པའི་གདོང་འབག་གྱོན་མཁན་ཁ་ཤས་ཧོབ་དེ་ཐོན་ནས་རྐང་རྗེས་ལག་བསུབས་ཀྱི་དཔེ་ལྟར་བློ་ཡིད་ལ་མི་ཤོང་བའི་སྐད་ཡིག་རྩ་གཏོར་གྱི་སྲིད་ཇུས་ངན་པ་ཞིག་ལག་བསྟར་བྱས་བ་འདིས་ང་ཚོ་ནི་ཨེ་ཟི་རལ་ལྟ་བུ་ཞིག་མ་ཡིན་པ་ཐག་གིས་བཅད་སོང་བ་མ་ཡིན་ནམ།

ད་དུང་ཁོང་ཚོས་སྦོམ་བཤད་ངང་འདི་ནི་ལོ་མང་གི་ཉམས་མྱོང་གཙིགས་ཆེར་བཟུང་སྟེ་གཏན་འབེབས་བྱས་པ་ཡིན་ཟེར་བའི་སྐད་ཆ་རྫབ་ཆེན་ཞིག་ཀྱང་བསྒྲགས་སོང་བས། ཁྱོད་ཚོའི་ལོ་མང་གི་ཉམས་མྱོང་ནི་བརྡ་སྤྲོད་ལ་བཟོ་བཅོས་བྱས་ནས་སློབ་ཕྲུག་ཚོའི་བསམ་བློའི་ནང་ལ་ཁྲོ་ཆུ་ལྡུག་རྒྱུ་དེ་ཡིན་ནམ།

ང་ཚོ་མི་རིགས་ལ་དགའ་ཞིག་སྐད་ཡིག་ལ་དུངས་མཁན་ཚོས་ད་ནི་ེའོས་ལངས་བྱེད་དགོས། སྐད་ཡིག་གི་ཆེད་དུ་འོས་ལངས་བྱས་ནས་སྐད་ཡིག་རྩ་གཏོར་དུ་གཏོང་མཁན་གྱི་སྐུ་དྲག་གསར་བ་དག་གི་གདོང་འབག་བཤུ་དགོས། ཉམ་ང་ཉག་ཕྲ་བའི་སྐད་ཡིག་གི་འཆི་གསོན་གྱི་གནད་འགག་ལ་ཐུག་པའི་སྐབས་འདིར་ལྷ་ཁང་མེར་ཤོར་ན་འཛུམ་དམུལ་དམུལ་ཟེར་བ་ལྟར་མི་འདུག་པར་ང་ཚོས་གཉིད་འདུག་པའི་ཡུལ་གྱར་བ་དག་ལ་བརྡ་ལན་གཏོང་དགོས། གྲོས་ཚོགས་ནང་གི་བོད་སྐད་བོད་ཡིག་མི་ཤེས་པའི་ཡིག་རྨོངས་པ་དག་ལ་རྒོལ་དགོས། ང་ཚོ་མི་མང་རྣམས་ཁ་མེད་མིག་མེད་པའི་བརྟུལ་ཞུགས་ལས་གྲོལ་ནས་སྐད་ཡིག་གི་ཆེད་དུ་ལུང་སྐད་ཉི་ཚེ་བ་ཞིག་གཙོ་བོར་བཟུང་ནས་བརྡ་སྤྲོད་ལ་གཤག་བཅོས་བྱེད་མཁན་གྱི་སྲིད་གཞུང་འདི་ལ་ཁྲོམ་སྐོར་བྱེད་དགོས། སྦྱར་ཡིག་དགྲམ་དགོས། སྐད་ཡིག་གི་ཆེད་དུ་རང་སྲོག་བཏང་བ་རྣམས་ལ་ང་ཚོས་བཟོད་གསོལ་ཞུ་དགོས།

༢༠༡༦-༨-༣ མཚན་མོར་བྲིས།

བསམ་ཚུལ།

Post navigation

Previous Post: བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཟེར་བ་འདི་རེད།
Next Post: ཤེས་བྱའི་ཆུ་གཏེར། ༡༽ ཕྱོགས་གཅིག་པའི་འགུལ་སྐྱོད།

Comments (2) on “སྐད་ཡིག་གི་ཆེད་དུ་ང་ཚོས་མུ་མཐུད་དུ་འོས་ལངས་བྱེད་དགོས།”

  1. ཀརྨ་བསྟན་སྲུང་། says:
    2016-08-05 at 12:11 pm

    སྤྱན་ཆེན་པོའི་གསུངས་ལ་རྒྱབ་སྐྱོར་ཡོད། ་མི་སམ་བྷོ་ཊ་ཉིད་ཀྱི་ཞལ་ནས།
    དེ་ལྟར་གྱུར་ན་འཇིག་རྟེན་དུ། །
    དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །
    རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །
    ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །
    བསླབ་པ་རྣམས་ཀྱང་མེད་པར་འགྱུར།།
    ཅེས་བསླུ་མེད་རྡོ་རྗེའི་བཀའ་ལུང་ཟབ་མོ་འདི་ལ་ཞིབ་འདིང་ཞིག་རྒྱབ་ན། རྩོམ་པ་པོ་ཐུན་མི་ལོ་ཙཱ་བ་ཆེན་པོ་སྐབས་དེ་དུས་ནས་སེམས་ཚོར་ཆེན་པོའི་ཁོང་གི་བརྡ་སྤྲོད་ཟབ་མོ་སྟག་ཤར་ལང་ཚོའི་རྒྱན་ལྡན་འདི་ནམ་ཞིག་བསོད་ཟད་བོད་རིགས་འདི་རྣམས་ཀྱིས་རྐང་ཆད་ལག་སྡུམ་དུ་གཏོང་མི་ཡོང་ངམ་བསམ་ནས་དུས་གསུམ་གསལ་གཟིགས་མ་འོང་ལུང་བསྟན་ཡིན་པ་འདྲ།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-08-06 at 5:19 am

    ངས་ མདང་ ཕྱིན་པ་ཡིན།
    ངས་ དེ་རིང་ འགྲོ་བགྱིད་ ཡོད།
    ངས་ སང་ཉིན་ འགྲོ་བགྱི་ ཡིན།
    ་
    ཞེས་ཡིག་ཐོག་དགོས་འདུག་ཀྱང་།
    ་
    ང་ མདང་ ཕྱིན་པ་ཡིན།
    ང་ དེ་རིང་ འགྲོ་བགྱིད་ ཡོད།
    ང་ སང་ཉིན་ འགྲོ་བགྱི་ ཡིན།
    ་
    ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme