Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་རབས་དོན་དྲུག་པ་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་སྐུ་གཤེགས་པ།

Posted on 2016-08-012016-08-01 By ཁ་བརྡ་ 3 Comments on མཁན་རབས་དོན་དྲུག་པ་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་སྐུ་གཤེགས་པ།

དོན་འགྲུབ་བཀྲ་ཤིས།
 
སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་དྲུག་པ་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་ཁ་སང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐུ་གཤེགས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཡིག་ཕེབས་པ་ལྟར། ཉེ་སྔོན་ཕྱི་ཟླ་༧ ཚེས་༡༨ ཉིན་སེར་བྱེས་མཁན་སྙན་གྲྭ་ཚང་གི་མཁན་རབས་དོན་དྲུག་པར་བསྐོ་བཞག་ཁྲི་འདོན་མཛད་པའི་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག ཁ་སང་ཕྱི་ཚེས་༣༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༥ ཙམ་གྱི་ཐོག་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ཝིག་རམ་སྨན་ཁང་(Vikram Hospital)དུ་སྐུ་གཤེགས་ཡོད་པ་དང་། ཉིན་དེར་སྦེལ་ཀོབ་ས་གནས་མི་མང་གིས་ཟ་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ་སྟེ་མྱ་ངན་ཞུས་ཡོད་འདུག

unnamed-1དེ་ཡང་྄དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་དགེ་འདུན་ཆོས་འཕེལ་དཔལ་བཟང་མཆོག་ནི། ཕྱི་ལོ་༡༩༤༡ལོར་ཏྲེ་ཧོར་དཀར་མཛེས་སུ་ངོ་གྲོང་དུ་སྐུ་འཁྲུངས་ཡོད་པ་དང། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་ཆོས་བཞུགས་གནང་ཡོད་པ་རེད་འདུག་། དགུང་གྲངས་དགུ་པར་འཁྲུངས་གསར་སྐུ་ཕྲེང་ལྔ་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་དཔལ་བཟང་པོའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་བླང་ཡོད་པ་རེད་འདུག

ཕྱི་ལོ་༡༩༥༥ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྒྲིགས་ཞུགས་ཀྱིས་མཁྱེན་རབ་ཀྱི་གཏེར་ཆེན་སེར་བྱེས་མཁན་རབས་རེ་དྲུག་པ་མཁས་བཙུན་བཟང་པོའི་དཔལ་མངའ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དང། མི་མངོན་སྦས་པའི་རྣམ་འབྱོར་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བྱམས་པ་བསྟན་བཟང་དཔལ་བཟང་པོ་རྣམ་གཉིས་ཕྱག་དཔེ་དགེ་རྒན་དུ་བསྟེན་ཏེ་མཉེས་པ་གསུམ་གྱིས་མཉེས་པར་ཞུས་། གཞུང་རྙིང་འཛིན་གྲའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་ལང་གནང། ལོ་དེ་ནས་འཇང་དགུན་ཆོས་སུ་ཕེབས། ཕྱི་ལོ་༡༩༥༩དུས་འགྱུར་སྐབས་ཁག་ཤག་རྒན་དགེ་བཤེས་བསྟན་པ་ཉི་མ་མཆོག་གིས་དབུས་དགེ་སློབ་བཅུ་ཕྲག་ཟུང་ལྷག་དང་ལྷན་དུ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་ཞབས་ཕྱི་ལ་བཅར་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་བཀོད་ཡོད་པ་རེད། ༧གོང་ས་མཆོག་གིས་མ་འོངས་ལམ་སྟོན་ལྟར་རྒྱལ་བསྟན་སླར་གསོའི་ཆེད་སྦག་སར་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ་བཞུགས་ཡོད་པ་རེད་འདུག

ཕྱི་ལོ་༡༩༦༠ལོར་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་དངོས་པོ་ཡང་དག་པར་མནོས། མཁན་ཟུར་རིན་པོ་ཆེའི་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་བཀའ་དགོངས་བཞིན་ཟླ་བ་གསུམ་གྱི་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ཀུན་གྱི་ཉིང་བཅུད་དྲང་ངེས་ལེགས་བཤད་པའི་སྙིང་པོ་ཐུགས་འཛིན་གནང་སྟེ་ཚར་ཉིས་བརྒྱར་བརྒལ་བ་སྐྱོར་སྦྱོང་གནང། གཞན་ཡང་རྣམ་དཔྱོད་ཀྱི་གཤོག་རྩལ་ཕུལ་དུ་བྱུང་བའི་མཁས་པའི་ཁྱུ་མཆོག་བཤེས་གཉེན་ཆེན་མོ་རྒན་རྟ་དབྱངས་རྒྱལ་མཚན་མཆོག་གི་ཞལ་སྔ་ནས་ཕར་ཕྱིན་སྤྱི་དོན་ཀླུ་དབང་དགའ་བའི་རོལ་མཚོ་སོགས་ཀྱི་དཔེ་ཁྲིད་དང་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བྱམས་པ་ཐེག་མཆོག་དཔལ་བཟང་པོ་མཆོག་ལས་སུམ་རྟགས་བསླབ།

ཕྱི་ལོ་༡༩༦༩ལོར་གདན་ས་ཁག་ལྷོ་ཕྱོགས་སུ་སྤོས་རྗེས་རྒྱ་གར་མཁས་པའི་གཞུང་དང་རྗེ་ཡབ་སྲས་གསུམ། བླ་མ་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་དབུས་རྒྱ་བོད་མཁས་པ་དག་གི་གསུང་རབ་དགོངས་འགྲེལ་དང་བཅས་པར་གུས་རྟག་སྦྱོར་བས་བརྩོན་པར་བསྐྱེད་དེ་ཉིན་མཚན་ཁོར་མོར་ཡུག་ཏུ་ཚོགས་ཆོས་སློབ་གཉེར། འཛིན་སྐྱོར་སྦྱོང། དཔེ་ཁྲིད་བཅས་ལ་ཐུགས་ཡིད་གཅིག་ཏུ་བསྒྲིམ་ཏེ་དུས་ཀྱི་སྐར་ཆ་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་གསན་བསམ་སྒོམ་པ་ཉིད་ལ་འབད། དེ་ནས་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེའི་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་སྔགས་ཀྱི་ས་ལམ་དང། རིམ་ལྔ་གསལ་སྒྲོན། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཀྱི་བཀའ་ཁྲིད་དང། རྟ་མགྲིན་ཡང་གསང་གི་བཀའ་དབང་ཐེངས་གཉིས་ཐོབ། ལྷོ་ཕྱོགས་ཧུར་སར་བཞུགས་དུས་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་མཆོག་གི་བཀའ་བཞིན། ཡི་དམ་གྱི་ཆོ་ག་ཕྱག་ལེན། གཏོར་མ་བཞེས་སྟངས་སོགས་སྦྱངས་ནས་རྟ་མགྲིན་བསྐང་གསོ་བའི་ཐུགས་འགན་བཀའ་དྲིན་ཡང་བསྐྱངས་ཡོད་པ་རེད་འདུག།

དེ་ནས་ཕྱི་ལོ་༡༩༧༨ནས་སྐྱབས་མཆོག་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་བཀའ་དགོངས་བཞིན་གསར་བུ་རྣམས་ལ་རིགས་ལམ་སྒོ་བརྒྱ་འབྱེད་པའི་བསྡུས་གྲྭ་ནས་བཟུང་སྟེ་རིམ་གྱིས་ཕར་ཚད་དང་དབུ་མ། འདུལ་མཛོད་བཅས་པོད་ལྔའི་དཔེ་ཁྲིད་གནང། དཔེ་ཁྲིད་གནང་སྐབས་ཀྱང་གཞུང་ཆེན་སྦོམ་བཤད་དང། མཆོད་གནས་རྒན་པོས་མདོ་རྒྱུད་ཀློག་པ་ལྟ་བུ་མིན་པ་དཀའ་གནད་རེ་ལ་རྒྱབ་རྟེན་གྱི་ལུང། སྒྲུབ་བྱེད་ཀྱི་རིག་པ། བླ་མ་གོང་མའི་གསུང་སྒྲོས། རྗེ་བླ་མ་མཆོག་གི་གོ་སྟོབས་སོགས་བསྒྲིལ་ཐོག། གཞུང་དོན་རེ་ལ་དཔེ་ཁྲིད་ཐེངས་གཉིས་གསུམ་ལ་འགོག་ཀྱང་ཇི་མི་སྙམ་པ་གཞུང་དོན་ས་འོག་གི་གཏེར་བཞིན་འདོན་གནང་མཛད།

དེ་ནས་ཕྱི་ལོ་༡༩༨༢ལོར་གྲྭ་ཚང་རིན་པོ་ཆེ་ནས་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་འབུལ་གནང་མཛད་ཡོད་པ་རེད། ལོ་དེ་ནས་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རྒྱུགས་སྤྲོད་རྣམས་རིམ་གྱིས་ཕེབས་ཏེ་བཀའ་རམས་དང། སློབ་དཔོན་གྱི་ཨང་རིམ་དང་པོའི་ཕྱག་འཁྱེར་དགྱེས་བཞེས་གནང་ཡོད་པ་རེད། ༡༩༩༠་ལོར་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་སོན་པའི་འབྲས་རྟགས་སུ་སེར་བྱེས་མཁས་སྙན་གྲ་ཚང་གི་མཁས་མང་བྱེ་བའི་དབུས་སུ་རབ་འབྱམས་པའི་གྲ་སྐོར་དམ་འཇོག་ཆེན་མོ་མཛད། གཞན་ཡང་གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་མཆོག་ཆོས་ལྡན་རིན་པོ་ཆེ་གི་ཞལ་སྔ་ནས་སྔགས་རིམ་ཆེན་མོ་དང་རིམ་ལྔ་གསལ་སྒྲོན། སྙན་ངག་མེ་ལོང་མ་སོགས་ཀྱི་དཔེ་ཁྲིད་ཀྱང་ཞུས་ཡོད་པ་རེད་འདུག་། ཕྱི་ལོ་༡༩༩༠ལོར་མཆོག་སྤྲུལ་བསྟན་འཛིན་འོད་གསལ་རིན་པོ་ཆེའི་ཡོངས་འཛིན་དུ་གྲྭ་ཚང་རིན་པོ་ཆེ་ནས་ཕྱག་རྟགས་བསྩལ་དོན་བཞིན་གྲྭ་ཚང་རིན་པོ་ཆེ་སྙིང་བཅངས་ཀྱིས་ཐུགས་འགན་ལྷོད་མེད་གནང་ཡོད་པ་རེད།

ཕྱི་ལོ་༡༩༩༣ལོར་སེར་བྱེས་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་སློབ་གཉེར་རྒན་དུ་ཕེབས་ཡོང་པ་དང། གྲྭ་ཚང་དགེ་བསྐོས་སུ་འདུས་མང་ཡོངས་ཀྱིས་ཐུགས་རེ་ཆེ་ཡང་མཆོག་སྤྲུལ་བསྟན་འཛིན་འོད་གསལ་རིན་པོ་ཆེ་གྲ་ཚང་ལ་གནད་ཆེ་ཞིང། ཁོང་གི་གསན་བསམ་ལ་དགོངས་ནས་བླ་བྲང་གིས་གྲ་ཚང་ལ་དགེ་བསྐོས་དགོངས་ཞུ་ཕུལ་དོན་བཞིན་དགེ་བསྐོས་བཞེངས་མི་དགོས་པའི་དགོངས་འཁྲོལ་ཐོབ་ཡོད་པ་རེད། ཕྱི་ལོ་༡༩༩༦ལོར་ཁམས་ཚན་དགེ་རྒན་གནང་ཡོད་པ་དང། ཕྱི་ལོ་༢༠༠༣ལོ་ནས་ཁམས་ཚན་གྱི་བརྩི་གཞག་དགེ་རྒན་གྱི་ཐུགས་འགན་བཞེས་ཡོད་པ་རེད། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་༧གོང་ས་མཆོག་གི་བཀའ་དགོངས་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་བདེ་ལེགས་མཆོག་གི་མཁན་པོའི་ལས་ཡུན་ཁྱུར་བའི་ཚབ་ཏུ་ཁོང་བསྐོ་བཞག་གནང་སྟེ་ཁྲི་འདོན་མཛད་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

གསར་འགྱུར།

Post navigation

Previous Post: ཆུང་ཚེ་རིང་གི་དགོངས་ཚུལ་མཇལ་རྗེས་ཀྱི་སྐད་ཆ་གསོན་པོ།
Next Post: ལོ་ཙཱ་བ་དང་རྩོམ་པ་པོ་ཆུང་ཚེ་རིང་།

Comments (3) on “མཁན་རབས་དོན་དྲུག་པ་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་སྐུ་གཤེགས་པ།”

  1. རང་ཤར་རིག་གྲོལ་རྩལ says:
    2016-08-01 at 10:28 pm

    མཁན་ཆེན་དམ་པ་སྐུ་གཤེགས་པར་མྱ་ངན་ཞུ། རྟགས་དང་མཚན་མ་འདྲ་བཞག་འདུག་གམ། །

  2. ཀརྡོ་གཉེར་ཕྱག་པ་ says:
    2016-08-02 at 5:36 am

    ་་་་་་་་ཟླ་བ་གསུམ་གྱི་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ཀུན་གྱི་ཉིང་བཅུད་དྲང་ངེས་ལེགས་བཤད་པའི་སྙིང་པོ་ཐུགས་འཛིན་གནང་སྟེ་ཚར་ཉིས་བརྒྱར་བརྒལ་བ་སྐྱོར་སྦྱོང་གནང། ་་་་

  3. ཨ་འབར་འཇིགས་དབང། says:
    2016-08-09 at 12:36 am

    ༅༅། ཡ་་་་་་ཚེ་ནི་མི་རྟག་ནམ་མཁའི་གློག་དང་འདྲ། འདུས་བྱས་ཐམས་ཅན་མི་རྟག་པ།
    ཆོས་ཐམས་ཅན་སྟོང་ཞིང་བདག་མེད་པ། སྐད་ཅིག་སྐད་ཅིག་གི་འགྱུར་ནས་འགྲོ།
    རྗེ་བརྩུན་མི་ལ་རིན་པོ་ཆེས་གསུང་ལས།
    ང་ད་ལྟ་ཡོད་ལ་ད་ལྟ་མེད།
    ང་ད་རིང་ཡོད་ལ་ངས་ཉིན་མེད།
    ཡོང་ཡང་གཅིག་པུར་ཡོང་བ་ཡིན། འགྲོ་ཡང་གཅིག་པུར་འགྲོ་རྒྱུ་ཡིན།
    གསུངས་པ་བཞིན་ནོ།། མི་རྟག་པ་སྒོམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme