Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྐུན་མ་ཚོ།

Posted on 2010-04-272010-04-27 By ཁ་བརྡ་ 3 Comments on རྐུན་མ་ཚོ།

ཤ་ྐླན་འཇམ་དབྱངས་གྲགས་པ།

རྐུན་མ་ཚོས།
ངའི་ཨ་ཕའི་མཚོན་སྲུང་བརྐུས་སོང།
ངའི་ཨ་མའི་བཞོ་ཟོ་བརྐུས་སོང།
ངའི་ཕུ་བོའིོ་འགུལ་ཁུག་སོང་།
ངའི་སྲིང་མོའི་སྐེ་རྒྱན་བརྐུས་སོང།

བརྐུས་སོང་ཡ། ཁོ་ཚོས་ཡོད་ཚད་བརྐུས་སོང།
མཆོད་ཁང་གི་ཤིང་ཏོག་བརྐུས་སོང།
འོག་ཁང་གི་ཁྱི་ལྟོ་བརྐུས་སོང།
དགོན་པའི་གཏོར་མ་བརྐུས་སོང།
གྲོང་བའི་ལ་ཕུག་བརྐུས་སོང།

ཨ་ནེ་དབང་དགའ་ཚང་གི་རྟའི་དྲིལ་བུ་བརྐུས་སོང་།
ཨ་སྲུ་ཚེ་མཚོ་ཚང་གི་མཛོའི་སྣ་གཅུ་བརྐུས་སོང་།
ཨ་ཁུ་བླ་མ་ཚང་གི་བཀག་རི་ནས་རི་བོང་བསད་དེ་བརྐུས་སོང།
ཨ་ཞང་སྒམ་ཆེན་ལགས་ཀྱི་སྒྲུབ་ཕུག་འདབས་ནས་བྱ་སྒོང་བརྐུས་སོང་།

ཁོ་ཚོས་རང་ཉིད་རྐུན་མ་སྔོན་པོ་དེ་ཡིན་པ་མ་ཤེས་ནས།
ཨ་ཞང་གྲྭ་བ་ཚོ་རྐུན་མ་དམར་པོ་རེད་ཟེར།
ཨ་ཁུ་བླ་མ་ཚོ་ཇག་པ་སེར་པོ་རེད་ཟེར།
རྐུན་མ་ཚོ། ཧམ་པ་ཆེ་བའི་རྐུན་མ་ཚོ།

ཨ་ཕས་ཟེར་ན་ཁོ་ཚོའི་ཨ་ཕ་ཡང་རྐུན་མ་རེད་ཟེར།
ད་དུང་ལག་དམར་རེད་ཟེར།
ཨ་ཁུ་སྙིང་ལྕགས་ཁོ་ཚོས་བཀྲོངས་པ་རེད།
ཨ་སྲུ་ཀུན་སྐྱིད་ཁོ་ཚོས་སྨྱོ་བཅུག་པ་རེད།

རྐུན་མ་ཚོས་ང་ཚོ་ནམ་ཡང་སྡོད་མི་བཅུག
ཁ་སང་། ས་འགུལ་བྱུང་ནས་ངའི་ཕུ་ནུ་ཚོས།
བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་དུས་ཀྱང་།
ཁོ་ཚོས་ང་ཚོའི་འབྲོག་ཁྱི་བརྐུས་སོང་།
ཁྱི་རྐུན་ཚོ། ངོ་མ་ཡ་རེ་ང་།
ཁྱེད་ཚོས་རྐུན་མཚམས་ནམ་ཞིག་གཞག་སྲིད།

སྙན་ངག

Post navigation

Previous Post: ཧོང་ཀོང་ནང་སྐྱེ་རྒུ་མདོའི་གནོད་འཚེའི་ཆེད་སྨོན་ལམ།
Next Post: ཁ་བརྡ་གཉིས་པ། སྐྱེ་དགུ་མདོར་རོགས་སྐྱོར་ལ་འགྲོ་མཁན་ཞིག་གི་མཐོང་ཐོས།

Comments (3) on “རྐུན་མ་ཚོ།”

  1. མིའུ་ཕྲུག says:
    2010-04-27 at 2:34 pm

    ང་ཚོ་བོད་མི་ལ་ངོམ་འོས་པའི་བྱ་སྤྱོད་གཅིག་ཡོད་པ་ནི་བདེན་པའི་རིན་ཐང་ཤེས་མཁན་ཞིག་ཡིན་ཟེར་རྒྱུ་དེ་རེད་ལ་དེས་མ་འོང་པར་ང་ཚོ་ལ་རྒྱལ་ཁ་ཞིག་སྤྲོད་རྒྱུའི་ཡིད་ཆེས་བྱེད་ཀྱིན་ཡོད། དེར་བརྟེན་བདེན་པ་བཤད་རྒྱུ་དེ་ང་ཚོའི་ལས་འགན་ནམ་དམ་ཚིག་གཙོ་བོ་དེ་རེད། བྱས་ཙང་སྐད་ཆ་བདེན་པ་བཤད་ན་ཡིད་སྐྱོ་བའི་ས་ཡོམ་གྱི་གོད་ཆགས་ཁྲོད་རྐུན་ཇག་གི་ལས་བྱེད་མཁན་གཙོ་བོ་ནི་རྒྱ་རིགས་མ་ཡིན་པ་བོད་རིགས་ཡིན་པ་དང་དེ་ཡང་སྐྱེ་དགུ་ས་གནས་ཀྱི་མི་མ་ཡིན་པ་ཁམས་ཉག་རོང་དང་དཀར་མཛེས་ཁུལ་གྱི་མི་ཡིན་པ་ནི་ཉེན་རྟོག་པས་འཛིན་བཟུང་ཚར་བའི་རྐུན་མ་སུམ་ཅུ་ལྷག་ཙམ་ཡོད་པ་དེས་དཔང་པོ་བྱས་ཚར་རེད།

  2. ཤ་ཀླན་བུ says:
    2010-04-28 at 12:08 am

    མིའུ་ཕྲུག་གི་གསུངས་པར་བརྒྱ་ཆའི་བརྒྱ་རྒྱུ་མཚན་ཡོད་རྒྱུ་རེད། རྐུན་མའི་ནང་དུ་མི་རིགས་འདྲ་མིན་དང་ཐ་ན་བོད་རིགས་ཀྱང་ཡོད་ཆོག་ཆོག་རེད། ཡིན་ཡང་ངས་འཆད་ཀྱིན་པ་ནི་བརྒྱ་དམག་རོགས་སྐྱོར་རུ་ཁག་ནས་ཡིན་ཟེར་བའི་ཁྱི་རྐུན་དེ་ཚོ་ཡིན། ངས་རྩོམ་འདི་དང་མཉམ་དུ་རྒྱ་དམར་རོགས་སྐྱོར་རུ་ཁག་གིས་རླངས་འཁོར་ནང་ཁྱི་བསྡུ་བཞིན་པའི་དཔར་ཞིག་ཀྱང་བསྐུར་ཡོད་ཀྱང་འདིར་འགོད་ཐུབ་མི་འདུག དཔར་དེ་འཕྲུལ་ཆས་ཀྱིས་སྒྲིག་པ་སོགས་གང་ཡང་མིན་པར་གསར་ལམ་ཁག་ནས་ཡོངས་ཁྱབ་སྒོས་བཀྲམས་ཟིན་པ་དག་རེད། ཉིད་ཡིད་མ་ཆེས་ན་ཁ་བརྡ་དྲ་དེབ་དང་། འོད་ཟེར་དྲ་བ། སོགས་དྲ་ལམ་ཁག་ལ་ལྟོས་དང་མཁྱེན་ངེས། མ་གཞི་ནས་རྒྱ་མི་ཉེན་རྟོག་པས་འཇུས་པའི་བོད་རིགས་འགའ་ཡོད་པར་རྒྱུ་མཚན་དུ་བྱས་ནས་རྐུན་མ་ཡོད་ཚད་ནི་བོད་རིགས་སོ་ཞེས་སྨྲ་བ་ཡང་ཅུང་དྲང་ཆེ་སོང་བའི་ཚོར་སྣང་ཞིག་བྱུང་ལ། ད་དུང་དེས་དཔོང་པོ་བྱས་ཚར་ཞེས་བློ་ཐག་ཆོད་པས་བཤད་པས་ངོ་མ་ཉིད་ནི་སྔོན་ནས་ད་ལྟའི་བར་དུ་རང་རེ་ལ་སྡུག་སྦྱོང་མནར་གཅོད་གཏོང་མཁན་ཁོང་ཚང་ལའང་དེ་འདྲའི་ཡིད་ཆེས་ཡོད་པ་ཧངས་སང་བྱུང་།

  3. ཤ་ཀླན་བུ says:
    2010-04-28 at 12:13 am

    གོང་གི་སྙན་ངག་ནང་གི་༼ངའི་ཕུ་བོའི་འགུལ་ཁུག་བརྐུས་སོང་༽ཞེས་པ་དེ་༼ངའི་ཕུ་བོའི་དངུལ་ཁུག་བརྐུས་སོང་།༽ཞེས་པར་ནོར་བཅོས་ཡོང་བ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme