Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་དམར་འཁྱུག་འཁྱུག

Posted on 2016-07-152016-07-15 By ཁ་བརྡ་ 4 Comments on གློག་དམར་འཁྱུག་འཁྱུག

ཁ་བའི་འབྲོག་མོ།

 
དམའ་མོའི་གཞོངས་ལ་བལྟས་པའི་ཆུ་བུར་མིག །
སེམས་ཀྱིས་བྲིད་པས་སྐད་ཅིག་དབྱིངས་སུ་ཟུག །
སྤྲིན་དང་གློག་དམར་འཁྲུགས་པའི་བར་ཞིག་ནས།།
སུ་ཡི་གཏམ་རྒྱུད་སྦེད་པའི་བང་སོ་གཏོར།།
མིང་བྱང་སྐམ་པོའི་བང་སོར་བརྗིད་ཆགས་པའི།།
རུས་ཀོག་སང་སང་འཐོར་བའི་ཆ་དེ་ལ།།
ཁྲག་དང་རྐང་མར་འབར་བའི་གཏམ་རྒྱུད་དག །
གང་དུ་བཞུགས་སམ་སུ་ཡིས་གཅེས་སུ་འཛིན།།
ནག་ཆུང་ཡིག་འབྲུ་དེ་དག་དེབ་ཐེར་དུ།།
སེམས་ཀྱི་རེ་བ་ཇི་བཞིན་སྤུངས་པ་སྟེ།།
བདེན་པ་ཚིག་ཏུ་བྱས་པ་སུ་ཡིས་བསྙོན།།
ཕྱི་མ་ཕྱི་མའི་རབས་ལ་ལམ་ཞིག་བསྟན།།
ཁྲག་ལམ་རིང་བོ་དེ་ལ་རྣམ་ཤེས་རེ།།
རྣམ་ཤེས་གསོན་པོའི་དགའ་དད་སྤྲོ་བ་ནི།།
གངས་ལྗོངས་ཡུལ་ལ་རྟོགས་བརྗོད་ཟབ་མོ་ཞིག །
གསེར་གྱི་ཉི་མ་འཆར་བ་ཡིན་ནམ་སྙམ།།
སུག་བཞི་རླུང་གི་འཁོར་ལོའི་ངང་ཚུལ་གྱིས།།
རྡུལ་དང་སྨིག་རྒྱུའི་མཚམས་སུ་བསྐྱོད་པ་ཞིག །
ངལ་བ་ཕྲག་ཏུ་ལེན་པའི་སྤོབས་པ་ཞིག །
མ་འོངས་འཚོ་བར་གཟི་འོད་འཕྲོ་བར་བྱེད།།

2016/7/15

སྙན་ངག

Post navigation

Previous Post: ཨོ་གླིང་མདོ་སྨད་མདའ་རྩེད།
Next Post: ལྷ་མོ་འོད་ཟེར་ཅན་མ།

Comments (4) on “གློག་དམར་འཁྱུག་འཁྱུག”

  1. གཡག་རྒོད says:
    2016-07-16 at 6:30 am

    ཆུ་མོའི་འགྲན་གྱི་ལྦུ་སོབ་སྤུངས་བ་ལ།།
    རྒྱང་ནས་བལྟས་ཚེ་ངང་ཆུང་རྩེ་བ་འདྲ།།
    འཁྲེང་བའི་སེམས་ཀྱིས་པང་དུ་ལེན་འདོད་ཀྱང་།།
    རེག་མེད་སྟོང་བའི་དབྱིངས་སུ་ཤོར་སོང་ལོ།།

    ངག་རིག་བསམ་གཞིག་ཆུ་གཏེར་ཡངས་བ་ལ།།
    མཛེས་བའི་ངང་ངུར་རླབས་ལ་རྩེན་པ་ན།།
    དུང་སྣང་འདྲེན་པའི་སྙན་ཚིག་སྡུག་གུ་མས།།
    འཆར་ཡན་ཀློང་ནས་ད་གདོད་གར་བྱེད་དོ།།

    ཕྲན་དཔྱད་ཅིག་གི་ཚུལ་དུའོ།།

  2. གཡག་རྒོད says:
    2016-07-16 at 6:32 am

    རྩེས་ལ་ཆོས།

  3. ཨ་འབར་འཇིགས་དབང། says:
    2016-08-09 at 12:24 am

    ༅༅། གནས་ལྷོ་ཕྱོགས་རྒྱ་གར་འཕགས་ཡུལ་ན་བཞུགས་པའི།།
    མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྱེད་དྲན་ནས།།
    དུས་ནམ་ཡང་བརྗེད་མེད་སྙིང་དབུས་སུ་བཅངས་ན།།
    བོད་གངས་ཅན་སེམས་ཀྱི་སྡུག་བསྔལ་དེ་མི་བརྗེད།།
    དགུང་ཨ་སྔོན་སྤྲིན་དཀར་བང་རིམ་ན་འཕུར་བའི།།
    བྱ་ཁྱུང་ཆེན་གཤོག་རྩལ་གངས་ཕྲུག་ལ་གནང་བའི།།
    སྲོག་རྩ་ཆེན་ཤོར་བའི་དཔའ་བོ་རྣམས་དྲན་ནས།
    མིག་ཁྲ་ཆུང་མཆི་མའི་དངས་རྒྱུ་དེ་མི་འདུག།

  4. ཨ་འབར་འཇིགས་དབང། says:
    2016-10-09 at 1:05 am

    ༅༅། ཡར་འགྲོ་སྤྲིན་དཀར་གྱི་ཕུང་པོ། ལྷོ་ཕྱོགས་འཕགས་ཡུལ་ཕྱོགས་ཕེབས་ན།
    ༧སྐྱབས་མགོན་བསྟན་འཛིན་གྱི་རྒྱ་མཚོར། སྐྱོ་བའི་ཞུ་འཕྲིན་འདི་འབུལ་རོགས།
    ང་ཚོ་གངས་ཅན་གྱི་བོད་མི། མ་སྐྱིད་མུན་ནག་ཏུ་ལས་ཀྱང།
    ཁྱེད་ཞལ་དཀར་གསལ་གྱི་ཟླ་བ། ནམ་ཕེབས་རེ་སྒུག་དེ་ཞུས་ཡོད།

    ཟུས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme