Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་པ་འགས་པད་མ་ཚེ་བརྟན་འཚོལ་བ།

Posted on 2016-07-112016-07-11 By ཁ་བརྡ་ 1 Comment on སྙན་ངག་པ་འགས་པད་མ་ཚེ་བརྟན་འཚོལ་བ།

—-Screen Shot 2016-06-29 at 10.26.05 AM@བྱམས་ཕྲུག

 

པད་མ་ཚེ་བརྟན།

ཁྱོད་ནི་འགྲམ་ཆང་གི་གཉེན་པོར་བཞད་པའི་བ་ཀུ་ལ།
མེ་ལྕེའི་ལག་ངར་གྱིས་བཏེགས་པའི་སྡུག་གིས་བཟུང་བའི་གངས་རི།
ཁ་བ་མེད་པའི་དགུན་ཁར་སྤུངས་པའི་རྩྭ་ཐང་གི་མ་ཎི་རྡོ་འབུམ།

ཨམ་གཙིགས་དང་མིག་ཆུ།
ཁེར་རྐྱང་དང་སྨྲེང་སྐྱོས་གྲུབ་པའི་ཡུལ་གྱར་བ་ཆེས་རྗེས་མ།

ཤོག་དཀར་ངོས་ཀྱི་རྡོའི་སེང་གེ་ལས་གསེར་ནག་དང་བླ་གཡུ་འབྲུ་མཁན།
དེབ་གོག་དང་འོད་སྡེར་གྱི་གྱང་ངོས་སུ་སྦྱར་བའི་གསོལ་རས་དཀར་པོ།
གངས་རིའི་ཕྱི་ནང་ལ་བརྡབས་པའི་གྲིབ་རིས་རིང་མོ།

ཡུལ་གྱར་རྡུང་ལེན་པ་ཞིག་ལྟར།
ཁྱོད་ཀྱིས་རྟག་ཏུ འཚོལ འཚོལ འཚོལ

མེ་ལྕེའི་སྒལ་གཞུང་ལ་འཐམས་པའི་ཁྲག་གི་དཔུང་རྡང་དག
གློ་གྲི་ངར་མས་གཏོར་ཏེ་མཚོ་མཇིངས་སུ་བསྐུངས་མཁན།
ཡུལ་གྱར་བའི་མེ་ལོང་ལས་བཙགས་པའི་ཐ་སྙད། སྐད་གདངས། ཧི་མདེའུ།
དཀར་པོ་དང་ནག་པོ། ཡོད་ཚད་ཀྱི་ཡོད་ཚད།

དྲི་མེད་ཀུན་ལྡན་གྱིས་མིག་ཕྱེས་པ་བཞིན།
ཁྱོད་ནི་ཁྱི་རྒན་བསྒག་གསོད་གཏོང་མཁན།
སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་མཁན།
གཏམ་རྒྱུད་ཀྱི་སྦུག་ཁང་དུ་འཛུལ་བའི་རོ་དངོས་གྲུབ་ཅན།
དེ་རིང་གི་ངའི་སྙན་ངག་འདིའི་བརྗོད་བྱ་དང་རྗོད་བྱེད།

༢༠༡༡ ༧

 

 
པད་མ་ཚེ་བརྟན་འཚོལ་བ།

 
@ནག་པོ།

པད་མ་ཚེ་བརྟན་གྱིས་དྲི་མེད་ཀུན་ལྡན་བཙལ་ནས་རྙེད་རྗེས
ང་ཚོས་ཁོ་རང་འཚོལ་དགོས་བྱུང

ཐག་རིང་དུ་ཅི་ཙམ་བལྟས་ཀྱང
ཚད་མེད་པའི་མནར་གཅོད་ཁྲོད་ཀྱི་ཁྱོད
བརྩེ་དུང་གི་ཁྱོད ལས་དབང་གི་ཁྱོད
མཐོང་གི་མི་འདུག

མདོ་དབུས་ཁམས་གསུམ་གྱིས
གཟུགས་མེད་ཀྱི་ཆོམ་རྐུན་དེ་འཚོལ་གྱིན་འདུག

དབྱངས་གསལ་སོ་བཞིས་ཀྱང
མུན་ནག་འདིའི་བྲང་ཁོག་སྙོབ་ཀྱིན་འདུག

2016/7/7

 

 
འཚོལ།

 
@ཁ་བ་ལྷ་མོ།

རྡེའུ་དཀར་ཆུང་ཞིག་མཚོ་ཞབས་ཀྱི་མུན་དོང་དུ་ལྷུང
སྐད་ཆ་ནི་འཛམ་གླིང་སྒང་ལ་རླུང་གིས་ཁུར
དེ་ནས དེ་ནས
དེ་ནས་ཆུ་རིས་འགུལ་རྒྱུ་མ་བྱུང
རླབས་རིས་བསྐྱོམ་རྒྱུ་མ་བྱུང

བརྙན་རིས་ངོས་ན་ཁང་ཁྱིམ་ཆུ་ཡིས་ཁུར་ཚུལ་སྟོན་གྱི་འདུག
བརྙན་རིས་ངོས་ན་མེ་འཁོར་མེ་ཡིས་གཏོར་ཚུལ་གླེང་གི་འདུག
ཨ་ཇོ་ལགས་ཀྱི
ཨ་ཇོ་ལུག་རྫི་ལགས་ཀྱི་སྨྲ་ར་ཅན་གྱི་ཞལ་ཁྱིམ་སྒོར་མོ་དེ
མེ་དང་ཆུ་ཡི་བར་ཆད་གང་གི་ཁྲོད་ན་ཡོད་ཚུལ་གོ་རྒྱུ་མི་འདུག

ང་ལུང་བ་ཁ་རུབ་ན་ཡོད་པས་ཡིན་ནམ
ང་ལུང་གཞུང་དམར་པོ་ན་ཡོད་པས་ཡིན་ནམ
ང་ས་ཕུག་ཁ་བྱང་ལྟ་ན་ཡོད་པས་ཡིན་ནམ

2016/7/8

 

 
པད་ཚེ་འཚོལ་བ།

 
@ཉྭ་སྲིན་པོ།

གཤོག་པ་བྲག་ལ་བརྡར་བའི
རྒོད་པོའི་འཕུར་ལམ་གང་ན་ཡོད

ཁྲེལ་གཞུང་མེད་པའི་ནམ་མཁའ

གྲིབ་བསིལ་མེད་པའི་སྡོང་རྒན་འདིས
ཁྱེད་ཀྱི་མཐོང་ལམ་ལོས་སྒྲུབ
ང་ཡི་སྒེའུ་ཁུང་ཡང་བཀབ

ག་དུས་ཁྱིམ་ལ་ལོག་ཐུབ་བམ
འོ་ཇ་འཁྱག་གིན་འདུག
ཐབ་མེ་འཁྱག་གིན་འདུག
བརྩེ་དུང་གིས་རེག་ན་ཚོར་བའི་ཁྱོད
ཤ་ལ་འཇམ་རྩུབ་ལྡན་པའི་ཁྱོད

སྒོ་དེ་ཤིན་ཏུ་ཆུང་བས
ཁྱོད་རང་ཤོངས་ཀྱིན་མེད་པ་ཡིན་ནམ
ཡང་ན སྒོ་ཟྭ་བརྒྱབ་པ་དམ་དྲགས་སམ
རྒྱལ་སྲས་ལགས

གཞས་ཤིག་བཏང་ན་ཐོས་སམ
ངལ་དུབ་ལ་རོལ་དབྱངས་ལོས་མཁོ
ནང་དུ་ཚ་བ་ཆེའམ
ཁ་སྐོམ་དུས་ཆུ་འཁྱག་པ་འཐུང་རྒྱུ་ཡོད་དམ

ཁྲེལ་གཞུང་མེད་པའི་ནམ་མཁའ
རྒྱལ་སྲས ཕོ་བྲང་ལ་ལོག་ཏུ་ཆུགས

2016.7.8ཉིན།

སྙན་ངག

Post navigation

Previous Post: ཤར་ཕྱོགས་ཁུག་རྟས་སློང་ཆང་བཏང་བ།
Next Post: ལྟོས་བཅས་ཀྱི་གཟིགས་ཚུལ།

Comment (1) on “སྙན་ངག་པ་འགས་པད་མ་ཚེ་བརྟན་འཚོལ་བ།”

  1. གཡག་རྒོད says:
    2016-07-11 at 11:23 am

    སྙིང་ཉེ་བའི་ཁྱོད།

    རྒྱག་བྲོ་རུམ་གང་ཁུར་སྟེ
    ལམ་ལ་ཆས་ཟིན་པའི་ཐོ་རེངས་སྐར་ཆེན
    ཁྱེད་ཀྱི་འོད་ཞགས་ཀྱིས་ཉི་མ་བཟུང་ཡོད་པར་བདེན་ན་
    མུན་པའི་ཀློང་ན་ཁྱེད་ཀྱི་ལེགས་སྐྱེས་ལ་རེ་སྙེག་གིས་སྒུག་ཡོད
    འོན་ཏེ་ཁྱོད་གང་དུ་སོང་ཡོད
    དུས་རབས་ཀྱི་ཕོ་ཉ་ཡ།

    རྔམ་གནག་པའི་མུན་དོང་ནས
    དགྲ་གཅན་གྱི་མཆེ་སྡེར་བསྲིངས་སོང་ཟེར་བ་བདེན་ནམ
    དབང་ཤེད་དང་བཙན་གཅུན་གྱི་ཁ་རླངས་རྒོད་པས
    རྙེད་དུ་མེད་པའི་ཁྱེད་ཉིད།
    ངུ་ངག་དང་འོ་དོད་ཀྱི་ཀློང་ན
    མིག་ཆུ་དང་སྡུག་ཡུས་ཀྱི་ཁྲོད་ན
    དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་མྱོང་གིན་པ་འེ་རེད
    ་
    བདེན་དོན་གྱིས་ས་ཆེན་འདེགས་པའི་ལེགས་བཤད་དེ
    ནག་ཚོགས་ཀྱི་མདུན་ན
    ཅི་འདྲའི་ཉམ་ཆུང་ཞིང་ནུས་མེད་ཅིག་ཨང་
    མནར་གཅོད་མྱོང་གིན་པའི་ཁྱོད ཁྱོད་ཁོ་ན་མ་ཡིན
    མི་རིགས་ཧྲིལ་བོ་ཞིག
    བཙོན་དོང་གི་ཕྱི་ནང་མ་གཏོགས་
    ང་ཚོ་ཐམས་ཅད་གཞི་གཅིག་ཏུ་ཡོད
    སེམས་མ་ཕམ། སྙིང་ཉེ་བའི་ཁྱོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme