Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫོགས་པ་ཆེན་པོའི་ལྟ་མགུར་བདེ་གཤེགས་སྙིང་པོ།

Posted on 2016-07-082016-07-08 By ཁ་བརྡ 3 Comments on རྫོགས་པ་ཆེན་པོའི་ལྟ་མགུར་བདེ་གཤེགས་སྙིང་པོ།

ཨེ་མ་ཧོ།

 

ན་མོ་མ་ཧྰ་གུ་རུ་ཨེ་མ་ཧོ།།
གཞི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ།།
ལམ་གཉུག་མའི་ཡེ་ཤེས་ཀུན་ཏུ་བཟང་མོ།།
དོན་དབྱེར་མེད་མཇལ་བའི་རང་བྱུང་རིག་པ།།
བུ་སྐལ་བཟང་སྐྱེས་བུའི་སྙིང་ནོར་རྒྱལ་ལོ།།
ཡེ་ཀ་དག་ཆེན་པོའི་རང་བཞིན་སྤྲོས་བྲལ།།
སེམས་རྫོགས་པ་ཆེན་པོས་དེ་ཉིད་རྟོགས་པ།།
གནད་འོད་གསལ་ལྷུན་གྲུབ་བདེ་གཤེགས་སྙིང་པོ།།
ངོ་ཀུན་ཤེས་རིག་འཛིན་རྣལ་འབྱོར་དང་པོ།།
ཕ་བླ་མའི་དགོངས་པ་ཇི་བཞིན་རྟོགས་ཅིང་།།
མ་འགྲོ་དྲུག་འདྲེན་པའི་སྙིང་རྗེ་བཅོས་མིན།།
དོན་ཉིན་མཚན་བར་མེད་ཉམས་ལེན་མཛད་པ།།
སྒོམ་བདེ་གཤེགས་རྒྱུད་འཛིན་རྒྱལ་བའི་སྲས་པོ།།
རང་གཅེས་འཛིན་དྲི་མའི་རྡུལ་དང་བྲལ་ཞིང་།།
གཞན་ཕན་བདེའི་མཛད་པ་བདག་གིར་བཞེས་ནས།།
ཚེ་དབང་བའི་འཇའ་ལུས་ལྷུན་གྲུབ་ངང་ནས།།
གང་འདོད་པའི་དོན་སྒྲུབ་རྣལ་འབྱོར་སྤྱོད་པ།།
ཆོས་ཕྱག་རྒྱ་ཆེན་པོའི་དགོངས་པ་བརྙེས་ནས།།
ལུས་རྩ་རླུང་འཕྲུལ་འཁོར་སྒྱུ་རྩལ་ངོམས་ཏེ།།
ཡུམ་རིག་མའི་དབང་བཞིས་སྨིན་བྱེད་གནང་བ།།
སྐུ་བགྲེས་རྒུད་མེད་པའི་ལམ་བཟང་སྟོན་པ།།
ཀློང་ཆོས་སྐུའི་དགོངས་དབྱིངས་ཟབ་རྒྱས་ངང་ནས།།
ཞིང་ལོངས་སྐུའི་དག་པ་མངོན་སུམ་རོལ་སྟེ།།
དུས་མུ་མཐའ་མེད་པར་འགྲོ་དོན་ཕྲིན་ལས།།
ཕྱོགས་ཀུན་ཁྱབ་མཛད་པའི་རྫོགས་པའི་སངས་རྒྱས།།
འདི་ཕྱི་ནང་འབྱེད་པའི་ནང་པའི་རྒྱལ་པོ།།
སེམས་རིག་པ་དབྱེ་བའི་རྣམ་དཔྱོད་བཙུན་མོ།།
ཆོས་བོན་བན་ཤེས་པའི་མཁས་གྲུབ་བློན་པོ།།
དོན་རྒྱུད་ལ་ཡོད་པའི་བདེ་བཤེགས་སྙིང་པོ།།
ཕོ་སུ་ཡིས་ཤེས་ན་རྫོགས་ཆེན་རྣལ་འབྱོར།།
མོ་སུ་ཡིས་མཐོང་ན་རང་བྱུང་མཁའ་འགྲོ།།
བུ་སྐལ་ལྡན་སྐྱེས་བུའི་སྙིང་ནོར་དམ་པ།།
གྲོགས་ཆོས་མཆེད་ཡོངས་ལ་མཛུབ་མོས་རི་སྟོན།།
ད་མི་འདུག་ཨ་ཏིའི་དགོན་པར་ཆས་འགྲོ།།
དྲ་རྐུད་ལམ་མེད་པའི་དབེན་གནས་དེ་རུ།།
སེམས་ཞི་བདེའི་ངང་ནས་དལ་ཅིག་སྒོམ་ནས།།
ཡུལ་ཚོགས་དྲུག་རང་གྲོལ་སྨོན་ལམ་འདེབས་སོ།།

ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་སྤྲེལ་ཟླའི་རྒྱལ་བ་དང་པོར་དཔལ་ལྡན་བཟོད་པ་ སོགས་དད་ལྡན་སློབ་མ་འགར་རྫོགས་ཆེན་ཡེ་ཤེས་བླ་མའི་སྙན་བརྒྱུད་འཆད་སྐབས་སུ་ གང་ཤར་དག་དབྱིན་ཡུལ་གངས་ལྡན་རི་བོའི་ནས་ཤྲྰི་ཨེ་མ་ཧོས་གླུ་རུ་བླངས་པར་ དགེའོ།། །།

སྙན་ངག

Post navigation

Previous Post: བཀྲུས་ཀྱང་དཀར་པོར་འགྱུར་མི་སྲིད་པའི་སོལ་བའི་རང་གཤིས།
Next Post: ཨེ་རེད།

Comments (3) on “རྫོགས་པ་ཆེན་པོའི་ལྟ་མགུར་བདེ་གཤེགས་སྙིང་པོ།”

  1. ཀརྡོ་གཉེར་ཕྱག་པ་་ says:
    2016-07-13 at 5:12 am

    རྫོགས་ཆན་གྱི་སྐོར་ལ།
    https://www.facebook.com/xirarongbo/videos/985880598168214/

  2. ཀརྡོ་གཉེར་ཕྱག་པ་་ says:
    2016-07-13 at 6:12 am

    རིག་འཛིན་དགའ་རབ་རྡོ་རྗེས།
    དུས་གསུམ་སངས་རྒྱས་ཐམས་ཅད་ལ། །
    ཐུན་མོངས་གདམས་པ་བགྲངས་ཡང་ཀྱང་། །
    མཆོག་གི་གདམས་པ་གཅིག་གཅིག་པུ། །
    འདི་ལས་ལྷག་པ་ཡོད་རེ་དཀོན། །

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-07-13 at 6:24 am

    ཀུན་མཁྱེན་མི་ཕམ་པ་ཆེན་པོས།
    སྙིགས་མའི་མུན་པ་ཇི་ཙམ་ཐིབས་ན་ཡང་། །
    རྒྱལ་བ་པདྨའི་འཕྲིན་ལས་དེ་ལྟར་གསལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme