Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་ཕུལ་བའི་བསམ་ཚུལ་ཐུང་ངུ་།

Posted on 2016-07-022016-07-02 By ཁ་བརྡ 25 Comments on རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་ཕུལ་བའི་བསམ་ཚུལ་ཐུང་ངུ་།

ཚེ་འབར།

 
རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་ཕེབས་པའི་སྤུན་ཟླ་རྣམ་པ། ངས་ཨོ་གླིང་ནས་ཁྱེད་རྣམ་པ་ལ་ཡི་རང་དང་བསྔགས་བརྗོད་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད། ད་ཐེངས་ང་རང་ས་དེ་རུ་དངོས་སུ་ཡོང་འདོད་ཀྱིས་ཐབས་ཤེས་ཡོད་དགུ་རྩ་སྤྲུག་བྱས་ན་ཡང་ཨ་རིའི་གཞུང་གིས་ཆོག་མཆན་ཡི་གེ་རྩ་བ་ནས་སྤྲད་མ་སོང་། དེ་བས། ལོ་རྗེས་མའི་རང་བཙན་ཚོགས་ཆེན་སྐབས་སུ་ཁྱེད་རྣམས་མཇལ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། རང་བཙན་ཚོགས་ཆེན་འདི་ང་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན།

གཅིག་ན། དེང་སྐབས་བོད་རང་བཙན་འཐབ་རྩོད་ཀྱི་ཁ་སྟབས་ཞན་པས་དང་།
གཉིས་སུ་ན། བོད་རང་བཙན་འཐབ་རྩོད་པར་རྒོལ་མཁན་མང་བས་དང་།
གསུམ་དུ་ན། བོད་མི་ནང་ཁུལ་ནས་བོད་རང་བཙན་འཐབ་རྩོད་བློས་གཏོང་གིན་ཡོད་པ་སོགས་ལ་རྟེན་ནས་བོད་རང་བཙན་འཐབ་རྩོད་ནི་མིང་གི་ལྷག་མ་ལྟ་བུའི་ཉེན་ཁའི་གནས་སུ་ལྷུང་ཡོད།

སྐབས་འདི་འདྲ་ཞིག་ལ་བོད་བཙན་པོའི་རྒྱལ་ཁབ་སླར་གསོའི་ཕུགས་བསམ་ཡོད་མཁན་གྱི་བོད་རང་བཙན་འཐབ་རྩོད་པ་མང་བོ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཏུ་མཐོང་། མི་རིགས་གང་དང་གང་ཡིན་ན་གཞན་གྱི་དབང་བསྒྱུར་འོག་ལ་སྡོད་དགོས་བྱུང་བ་ནས་བཟུང་འགྲེལ་བཤད་ཡག་བཙོག་ཇི་ལྟར་བརྒྱབ་ཀྱང་དབང་བསྒྱུར་ཡུལ་ལ་གྱོང་རག་རྒྱུ་ཡིན་པ་འཛམ་གླིང་གི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལ་བལྟས་ན་ར་འཕྲོད་པ་ཞིག་རེད། འདི་ང་ཚོས་སེམས་ལ་དམ་པོར་བཅང་ནས་དཀའ་ངལ་གང་ཞིག་འཕྲད་ཀྱང་མདུན་སྐྱོད་ལ་ཞུམ་པ་ཡོད་མི་ཉན། ལྷག་པར་དུ་ད་ཐེངས་ཚོགས་ཆེན་འདིའི་སྟེང་ནས་རྒྱལ་གཞུང་གི་འཁྱོག་བཤད་ཁག་ལ་ལན་འདེབས་ཚོགས་ཆུང་ཞིག་བཙུག་ཐུབ་ན་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་ཞིག་རེད་སྙམ།

རྒྱ་ནག་གིས་བོད་ཕྱོགས་ལ་འཁྱོག་བཤད་ཀྱི་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེ་གྲངས་བཅུ་བཞི་དཔར་སྐྲུན་བྱས་ཟིན་ཡང་ང་ཚོས་དེ་ལ་ལན་འདེབས་ཀྱི་དེབ་སྤུས་དག་གཅིག་ཀྱང་མཐོང་ཡུལ་ན་མེད་པ་དེ་འཐུས་ཤོར་ཆེ་ཤོས་ཤིག་རེད་སྙམ་པ་བཅས་ནི་གུས་པའི་ལྟ་ཚུལ་ཙམ་མོ། ། མཇུག་ཏུ་བོད་རང་བཙན་གྱི་ཆེད་དུ་ཅི་ཡང་གཏོང་ཕོད་པའི་རྒྱལ་གཅེས་པ་ལྷན་རྒྱས་ལ་ལག་ཟུང་ཐལ་མོ་སྦྱར་ནས་སླར་ཡང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།

ཕྱི་ལོ་༢༠༡༦ ཟླ་ ༧ ཚེས ༡ ཉིན།

བསམ་ཚུལ།

Post navigation

Previous Post: ར་མ་ལུག་གི་སྐད་ལ་དཔྱད་པའི་ལྟ་ཚུལ་འགའ།
Next Post: བསྟོད་དབྱངས་དྲི་མེད་ཤེལ་དཀར།

Comments (25) on “རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་ཕུལ་བའི་བསམ་ཚུལ་ཐུང་ངུ་།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-07-02 at 2:26 am

    རང་བཙན་རྩོད་ན་དང་པོ་རྒྱ་བོད་གཉིས་ཀྱི་ས་མཚམས་བཞོག འབྲི་ཆུ་ཡན་ཆད་ཙམ་གྱི་རང་བཙན་ནི་ང་ལ་མི་དགོས། འབྲི་ཆུ་མན་ཆད་དར་རྩེ་མདོ་བར་དུ་ཡིན་ཟེར་ན། འདི་ཚོ་ཚང་མ་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དུ་ཤོར་ཟིན། དཔེར་ན་མཚོ་སྔོན་ཁུལ་གྱི་ཨ་མདོ་དང་ཁམས་ཀྱི་ཡུ་ཤུལ་ས་ཁུལ། དེ་བཞིན་ཨ་མདོ་བླ་བྲང་ཚང་མ། དེ་སྔོན་ཁ་ཆེ་དཔོན་པོ་མཱ་པུ་ཕང་གི་འོག་ལ་རེད། དེ་བཞིན་ཟི་ཁྲོན་་དང་བདེ་ཆེན་གྱི་བོད་རིགས་རྣམས་ཀྱང་དེ་སྔ་ན་ས་རྒྱ་འོག་རེད། འདི་ཚོ་རྩོད་ཐབས་བྲལ། འདི་དག་བཙན་པོའི་སྐབས་ཀྱི་ས་མཚམས་རེད། དེ་ག་ནང་བཞིན་ལ་དྭགས་དང་ཁུ་ནུ། གར་ཞ། དོལ་པོ། གློ་བོ། རྩུམ། འབྲས་ལྗོངས། འབྲུག མོན་རྟ་དབང་སོགས་ཚང་མ་བོད་ཀྱི་ཁོངས་སུ་སྔ་མོ་རེད། ཡིན་ནའང་དེང་སང་མ་རེད། དེས་ན་རྒྱ་མིའི་བཟོས་པའི་ལྗོངས་དང་ཞིང་ཆེན་བཞིའི་ནང་ལ་ཡོད་པའི་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རག་སྐྱོང་ཞིག་དགོས་སོ།

  2. ཚེ་རིང་ says:
    2016-07-02 at 5:08 am

    ཚེ་འབར་ལགས་ཁྱེད་དོན་དམ་རང་བཙན་ཐོག་སེམས་ཤུགས་ཡོད་མཁན་ཞིག་ཡིན་ཀྱི་རེད་་་་འོན་ཀྱང་ཁྱེད་ཀྱི་དོན་མཚན་གསུམ་དེར་ངས་ནམ་ཡང་ངོས་ལེན་བྱེད་ཐབས་མིན་འདུག་་་་ཁྱེད་ཀྱི་བླ་མ་དང་ཕ་མ་ལས་ཀྱང་ལྷག་པའི་མི་དེ་རྣམས་མཇལ་མདོད་ཆེ་བ་ཡོད་ན་ངས་ཀྱང་ལོ་རྗེས་མར་ཁྱེད་ལ་འབྲེལ་ཡོད་གཞུང་ནས་འགྲུལ་བཞུད་ཆོག་མཆན་གནང་བའི་སྨོན་ལམ་ཞུ་རྒྱུ་ཡིན།

  3. དཔའ་ཆེན་དོན་གྲུབ་ says:
    2016-07-02 at 5:20 am

    བོད་རང་བཙན་འཐབ་རྩོད་པ་རྣམས་ཀྱི་ཁ་སྟབས་ཞན་པ་ནི་ཧ་ཅང་བདེན། ཁོ་ཚོས་བོད་ཀྱི་ལོ་རྒྱུས་ལའང་ཧོབ་ལྟ་རོབ་ལྟ་ཙམ་ལས་བྱས་མེད།
    བོད་རང་བཙན་རྩོད་མཁན་ལ་རྒོལ་མཁན་མང་ཟེར་བ་ནི་ད་བར་དུ་གོ་མྱོང་མེད། རྒྱ་ནག་གིས་ནི་ཡིན་རྒྱུ་མ་རེད།

  4. སྤྱན་ཆེན་པོ། says:
    2016-07-02 at 7:37 am

    རང་བཙན་བརྩད་ན་ལོས་དགའ་སུ་ཡང་དགའ་ནི་རེད། རང་བཙན་འཐབ་རྩོད་པ་ཡིན་ཟེར་བཞིན་ཁ་ནས་ཆེན་པོ་ཆེན་པོ་ཞིག་བཤད་ནས་ཚོགས་འདུ་རེ་བསྡུས་ནས་ཡིད་ཚིམས་ནས་བསྡད་ན་དེ་ལ་རྒྱུ་མཚན་ཆེར་མ་མཐོང་ལ་རང་བཙན་རྩོད་སྟངས་ཀྱང་དེ་འདྲ་ཡིན་རྒྱུ་མ་རེད་འདོད།

  5. ཅོ་རི་ཉི་མ། says:
    2016-07-02 at 8:41 am

    ནུབ་ཕྱོགས་གངས་ཕྲུག་ལགས་ཀྱིས་ཁམས་སྡེ་དགེ་འབྲི་ཆུ་མན་ཆད་ནས་དར་མདོའི་བར་དུ་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དུ་ཤོར་ཟིན་ཞེས་བཤད་འདུག ལོ་ངོ་བརྒྱ་ཕྲག་མང་པོ་ཟེར་དུས་ག་རེ་ཟེར་གྱི་ཡོད་དམ། ལོ་༡༠༠་ལ་ལོ་ངོ་བརྒྱ་ཕྲག་གཅིག་རེད་དམ་མ་རེད།་་་་་ཨ

    ཤོད་དང་། འབྲུ་ཆུ་མན་ཆད་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཤོར་སྟངས་ཤིག་ཁྱོད་ལ་བཤད་ཀྱི་ཡོད་དམ། ཡོད་ན་གསུང་རོགས་བྱོས། ང་སྐྱེས་ཡུལ་འབྲི་ཆུའི་ཡན་ཆད་ཕྱོགས་ལ་རེད། སོ་སོའི་ལུང་པའི་ནང་དུ་བཙན་འཛུལ་བ་ག་དུས་བྱུང་ཡོད་མེད་སྐོར་ལ་ཏོག་ཙམ་ཤེས་ཀྱི་ཡོད།

    འབྲུ་ཆུའི་མན་ཆད་གུང་མིང་ཏང་གི་འོག་ཏུ་ལོ་ངོ་བཅུ་ཕྲག་ཁ་ཤས་བསྡད་པ་རེད། དེས་རྒྱུ་མཚན་གྱིས་འབྲི་ཆུ་མན་ཆད་ཀྱིས་རང་བཙན་བརྩད་དགོས་ས་དེ་ཐད་ཝན་གུང་མིང་ཏང་ཚོགས་པ་རེད་ཟེར་གྱི་ཡིན་ན་ཡག་པོ་འདུག

    གུང་ཁྲན་ཏང་ལ་རང་བཙན་བརྩད་པ་ལས་ཐད་ཝན་གུང་མིང་ཏང་ཚོགས་པ་ལ་རང་བཙན་སྤྲོད་རོགས་བྱོས་ཟེར་ནས་འཐབ་རྩོད་བྱེད་ན་ལས་སླ་བ་འོང་ས་རེད། དཔེར་ན། ཧང་ཀོང་རང་བཙན་འཐབ་རྩོད་པ་ཚོས་ཀྱང་ཧོང་ཀོང་དབྱིན་ཇིས་འོག་ཏུ་ཕྱིར་འགྲོ་ནས་དབྱིན་ཇིས་ལ་ཧོང་ཀོང་རང་བཙན་བརྩད་ན་ལས་སླ་བ་ཡོད་པའི་བསམ་ཚུལ་འདོན་བཞིན་པའི་སྒང་རེད།

    དཔེར་དེ་བཞིན་འབྲི་ཆུའི་མན་ཆད་ཀྱི་རང་བཙན་བརྩད་དགོས་ས་ཐད་ཝན་གུང་མིང་ཏང་ཚོགས་པ་ཡིན་ན་དམངས་གཙོ་རྩ་ཚེན་བརྩི་མཁན་གྱི་ཚོགས་པ་ཞིག་རེད། གུང་མིང་ཏང་ལ་རང་བཙན་འཐབ་རྩོད་བྱེད་ན་ལས་སླ་བ་དང་གོ་བརྡ་འཕྲད་པ་འོང་ངེས་པ་རེད།

    སི་ཀོ་ཆུ་ལན་ཌ་ཡི་རང་བཙན་མགྱོགས་པོ་འཐོབ་ངེས་རེད། དབྱིན་ཇིས་ཡུང་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་ཐེན་བྱེད་གཏན་ཁེལ་ཚར་བ་རེད། ཡུང་རོབ་གཅིག་གྱུར་ཁ་འཐོར་འགྲོ་བཞིན་པ་རེད། སི་སུད་རྒྱལ་ཁབ་ཡང་ཡུང་རོབ་མཐུན་ཚོགས་ཁོངས་ནས་ཕྱིར་འཐོན་འདོད་ཆེན་པོ་ཡོད་རེད།

    སི་ཀོ་ཆུ་ལན་ཌ་ཡིས་ངོས་ནས་ཡང་བསྐྱར་རང་བཙན་བྱེད་དགོས་མིན་འོས་བསྡུ་དགོས་ཡོད་ཅེས་དང་འོས་ཡང་འཐོབ་ངེས་ཡིན་ཟེར་ནས་སི་ཀོ་ཆུ་ཌ་ཡི་གཞུང་འབྲེལ་ཐོག་གི་སྐད་ཆ་རེད། སི་ཀོ་ཆ་ལན་ཌ་མགྱོགས་པོ་རང་བཙན་ཆགས་ངེས་རེད།

    རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་དེ་དུས་ཡུན་རིང་པོ་སྡོད་མི་ཐུབ་པའི་རྣམ་འགྱུར་ཞིག་ཡུང་རོབ་ཕྱོགས་ནས་སྟོན་ཡོང་གི་འདུག ཡུང་རོབ་གཅིག་ཟེར་བ་ཞིག་ད་ནས་མེད་པ་ཆགས་སོང་བ་ལྟ་བུ་རེད། དབྱིན་ཇིས་བ་ཚོས་སྐད་ཆ་ལབ་སྟངས་སྡུག་སྐྱ་ག་ཚོད་ལབ་མ་སོང་ངམ། དབྱིན་ཇིས་རང་བཙན་ཐོབ་པའི་ཉིན་མོ་ཡིན་ཟེར་ནས་བསྒྲགས་སོང་།

    གཉིས་ནས་་་་ནུབ་ཕྱོགས་གངས་ཕྲུག་ཁྱོད་རང་དབུ་མའི་ལམ་པ་བ་ཞིག་ཡིན་མདོག་མདོག་ཡིན་ན་་་་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཟེར་བ་དེའི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་ཁོངས་སུ་ཡོད་པའི་བོད་རིགས་དེ་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་གྱི་ཡོད་དམ་་་་་ཧཧཧཧཧཧ དྲི་བ་དེ་ལ་ལན་མེད་ན་ཁ་བཙུམ་དགོས་ཐུག་འོང

  6. སྤོབས་པ་མཐའ་ཡས། says:
    2016-07-02 at 9:22 am

    རང་བཙན་སེམས་མཆོག་རིན་པོ་ཆེ།།མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་།།གོང་ནས་གོང་དུ་འཕེལ་བར་ཤོག །
    རང་བཙན་ལྡན་ན་ས་དང་ལམ་ཡང་བཟང་།།རང་བཙན་མེད་ན་ས་དང་ལམ་ཡང་ངན།།ཐམས་ཅད་རང་བཙན་དག་ལ་རག་ལས་པས།།རྟག་པར་རང་བཙན་ལེན་ལ་འབད་པར་བྱ།།
    རྒྱལ་སྤྱིའི་བོད་རང་བཙན་ཚོགས་འདུ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུ།།

  7. སྤོབས་པ་མཐའ་ཡས། says:
    2016-07-02 at 9:48 am

    འབྲི་ཆུའི་ཕར་ཕྱོགས་ཀྱི་མི་མང་བོད་ཁོངས་སུ་འདུག་འདོད་ཡོད་ན་བོད་ཁོངས་སུ་འཇུག་རྒྱུ་དང་རྒྱ་ཁོངས་སུ་འདུག་འདོད་ཡོད་ན་རྒྱ་ཁོངས་སུ་འཇོག་རྒྱུ་རེད། རང་དབང་གི་བསམ་ཚུལ་བརྗོད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་རྗེས་སུ་གནས་མི་མང་གི་བསམ་ཚུལ་ལ་ཉན་ནས་ཐག་བཅད་རྒྱུ་རེད། ཡང་དག་པའི་དམངས་གཙོ་རིང་ལུགས་ཀྱི་གུ་ཡངས་དཀྱེལ་ཆེའི་འཛིན་སྐྱོང་བཀོད་འདོམས་འོག་ཏུ་འགུལ་སྐྱོད་རྒྱག་ས་ཡོད་སྟབས་སྐྱོན་མེད།
    མདོ་སྨད་ཀྱི་ཡུལ་སྡེ་མང་པོས་མ་པུའུ་ཧྥང་གི་བཙན་འཛུལ་དཀའ་སྡུག་ཚད་མེད་མྱང་མྱོང་བ་དང་། མདོ་སྟོད་ཀྱི་ཡུལ་སྡེ་མང་པོ་སི་ཁོྲོན་དམག་ཤེད་ཅན་གྱི་ཇག་པ་ཚོའི་ཁྲིམས་འགལ་བཙན་འཛུལ་འོག་ལ་ཚུད་མྱོང་། དེ་ནི་མདོ་སྟོད་སྨད་ཙམ་མ་ཡིན་པར་དབུས་གཙང་ལ་ཡང་བཙན་འཛུལ་བྱས་མྱོང་མོད་དེ་དག་ནི་ཁྲིམས་འགལ་གྱི་བཙན་འཛུལ་རེད། བཙན་འཛུལ་བྱས་པ་དེས་ཁྲིམས་མཐུན་བདག་དབང་མཚོན་ཐུབ་ཟེར་ན་ཧམ་ཤེད་ཀྱི་སྐད་ཆ་རེད།
    གལ་དེ་ཡུལ་སྡེ་ཞིག་ལ་དབང་བསྒྱུར་བྱས་མྱོང་བ་ཙམ་གྱིས་ཡུལ་སྡེ་དེ་ལ་བདག་དབང་ཡོད་པ་མཚོན་གྱིན་ཡོད་ན་རྒྱ་གར་ཧྲིལ་པོ་དང་། རྒྱ་ནག་གི་ཆ་ཤས་ཧ་ཅང་མང་པོ་ཞིག་ནུབ་ཕྱོགས་པས་དབང་བསྒྱུར་ཡུན་རིང་པོར་བྱས་མྱོང་ཡོད་སྟབས་རྒྱ་གར་ནག་གཉིས་ཀྱི་བདག་དབང་ཆ་ཚང་དབྱིན་ཅི་སོགས་ནུབ་ཕྱོགས་པ་ལ་ཡོད་དགོས་པར་འགྱུར་མོད་དེ་ལྟར་སུས་ཀྱང་ཁས་ལེན་གྱིན་མེད།
    བོད་ཀྲུང་གོའི་ཆ་ཤས་རེད་ཟེར་བ་དེ་ནི་དུས་རབས་ཉི་ཤུ་པའི་སྟོད་ཙམ་ལ་རྒྱ་ཇག་ཁ་ཤས་ཤིག་གི་བྱས་ཉེས་ཀྱི་རྐུབ་འགེབས་ཆེད་དུ་དཀྲོག་གཏམ་སྤེལ་བསྡད་པ་ཙམ་རེད། དེའི་རྗེས་སུ་མོའི་ཙེ་ཏུང་གིས་ཏཱ་ལའི་བླ་མ་དང་པཎ་ཆེན་གཉིས་མ་འཆམས་པའི་རྐྱེན་ཀྱིས་བོད་ཀྱི་མཐོ་རིམ་མི་སྣའི་རུལ་སུང་དུ་གྱུར་ཡོད་པའི་གོ་སྐབས་བཟུང་ནས་བཙན་འཛུལ་བྱས་པ་རེད། ང་ཚོས་ནམ་ཡིན་ཡང་བདེན་པ་བཤད་མ་ཐུབ་ན་་’བདེན་པ་ཉིད་རྒྱལ་གྱུར་ཅིག་’ཟེར་བའི་གཡང་འབོད་ཙམ་དེས་ཕན་ཐོགས་མེད།

  8. སྤོབས་པ་མཐའ་ཡས། says:
    2016-07-02 at 10:07 am

    སྤྱིར་ན་འབྲི་ཆུ་ཕན་ཆད་ལ་རྒྱ་སྡེ་ཟེར་བ་དེ་ནི་དུས་རབས་ཉི་ཤུ་པའི་སྟོད་ཙམ་གྱི་གནས་སྐབས་རིང་གི་ས་མཚམས་འཇོག་སྟངས་ཤིག་རེད། དོན་དངོས་ཡོད་ལ་མདོ་སྟོད་ཀྱི་ས་ཁུལ་ཕལ་མོ་ཆེ་ཁྲིམས་སྒོ་རང་བཙན་བྱས་ནས་བསྡད་ཡོད། ཁམས་པ་མི་མང་གི་གཤིས་གྱོང་དཔའ་རྒོད་ཀྱི་གཤིས་ཀ་དང་ས་ཁུག་ལུག་ཀྱོག་གི་གནས་བབ་ལ་དབང་བསྒྱུར་མ་ནུས་ནས་བཞག་པ་ཙམ་རེད། རྒྱ་ནག་གོང་མའི་གཞུང་གང་ཀྲུང་ཧྭ་མིང་གོའི་སྲིད་གཞུང་གང་ཡིན་ཡང་ཁྲལ་བསྡད་ཁྲིམས་གནོན་བྱས་མྱོང་བའི་ལོ་རྒྱུས་ཤིག་མེད། རྒྱ་ཇག་གི་བཙན་འཛུལ་བྱས་པའི་ལོ་རྒྱུས་ཡོད་ཀྱང་དེས་ནི་བདག་དབང་སུ་ལ་ཡོད་མེད་ཀྱི་དཔང་རྟགས་བྱེད་མི་ཐུབ་ཚུལ་གོང་དུ་བཤད་པ་དེ་རེད།

  9. ནུབ་ཕྱོགས་གངས་ཕྲུག says:
    2016-07-02 at 11:59 am

    ཅོ་རི་ལགས། འབྲི་ཆུ་མན་ཆད་ཀྱི་བོད་དེ་ག་དུས་ཤོར་ཡིན་མིན་དུས་ཚོད་ཏག་ཏག་དེ། ལུང་པ་དེ་ཚོའི་ཨ་མྱེས་ལ་་བཤད་རྒྱུ་མེད། ཡིག་ཐོག་ལ་ཡང་དཀོན། དེ་འདྲ་སོང་ཙང་ང་ལ་་བཤད་རྒྱུ་ག་ནས་འོང་། སྐབས་དེ་དུས་རྒྱ་དེ་གོ་མིང་ཏང་རེད། ཡིན་ནའང་ད་ལྟ་བོད་ཡོངས་རྫོགས་གུང་བྲན་ཏང་གི་དབང་འོག་ཏུ་ཡོད། གོ་མིང་ཏང་ལ་འབྲེལ་བ་སྤུ་ཙམ་མེད་ལ་གོ་མིང་ཏང་ཟེར་བ་མིང་ཙམ་རེད། བསྟན་པ་ཕྱི་དར་གྱི་སྐབས་ནས་ བོད་པ་ཚང་གི་དགོན་པའི་ལོ་རྒྱུས་དང་བླ་མའི་ལོ་རྒྱུས་ལ་དྭང་བ་ཆེན་པོའི་ཡིག་ཐོག་ཏུ་བཀོད་པ་མང་། ཆབ་སྲིད་ལ་ཞན་ཆ་ཆེ་བས་གནས་ཚུལ་དེ་རིགས་ཉུང་། ཆབ་སྲིད་དེ་ཡང་དབུས་གཙང་ཁུལ་དུ་ཆོས་ལུགས་དང་འབྲེལ་བའི་དཔོན་པོ་ང་ཡིན་ཁོ་ཡིན་ཟེར་བའི་དམག་འཁྲུགས། ནང་རྩོད་མང་དེ་མིན་གཞན་པ་ཉུང་། དྲི་བ་གཉིས་པའི་ལན་ནི། རྒྱ་གར་དང་བལ་ཡུལ་ཁུལ་གྱི་སྔ་མོ་བོད་ཁོངས་ཡིན་པའི་དེ་དག་ལ་རང་སྐྱོང་དགོས་ཟེར་གྱི་མེད་དོ། གོང་དུ་ངའི་ལྗོངས་དང་ཞིང་ཆེན་བཞིའི་ནང་དུ་བོད་རིགས་་ཞེས་གསལ་པོ་བཤད་ཡོད།

  10. དཔའ་ཆེན་དོན་གྲུབ་ says:
    2016-07-02 at 12:12 pm

    འབྲུ་ཆུའི་ཕར་ཕྱོགས་ཀྱི་བོད་རྒྱ་ཁུངས་ཡིན་པའི་ཁུངས་སྐྱེལ་གང་དུ་ཡོད། འབྲུ་ཆུའི་ཕར་ཕྱོགས་ལ་ལོ་རྒྱུས་ཡིག་ཆའི་ནང་དུ་བདག་མེད་ཀྱི་ས་ཆ་ཟེར་འདུག བདག་མེད་ཀྱི་ས་ཆ་ཟེར་བ་ནི་རྒྱ་ཁུངས་བོད་ཁུངས་གང་ཡིན་མིན་པ་ལ་གོ་གི་རེད། མགོ་ལོག་ཁང་སར་དཔོན་རང་མགོ་རེད། རྔ་བའི་རྨེའུ་རྒྱལ་པོ་སོགས་རྒྱལ་པོ་བཞི་རང་མགོ་རེེད། གྲོ་ཚང་དཔོན་པོ་རང་མགོ་རེད། སྡེ་དགེ་རྒྱལ་པོ་རང་མགོ་རེད། རྒྱ་ཁུངས་ཇི་ལྟར་རེད། རྒྱའི་ཤུགས་རྐྱེན་ཡོད་པ་ཙམ་གྱིས་རྒྱ་ཁུངས་ཡིན་པར་བརྗོད་དམ། དེ་ན་བོད་རང་བཙན་ཡིན་པ་ཇི་ལྟར་སྒྲུབ། ས་སྐྱའི་སྐབས་སུ་སོག་པོའི་ཤུགས་རྐྱེན་མེད་དམ། ཕོ་ལྷ་བའི་སྐབས་སུ་མན་ཇུའི་ཤུགས་རྐྱེན་མེད་དམ། དེ་དག་སོག་པོ་དང་མན་ཇུའི་ཁུངས་རེད་ཟེར་དམ།
    ལོ་ངོ་ལྔ་བཅུ་ཙམ་གྱི་སྔོན་ལ་གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཟུར་པ་ཁ་ཤས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཡི་གེ་བཏང་ནས་བོད་ལ་རྒྱ་དམག་གིས་བཙན་འཛུལ་བྱས་སོང་། འབྲུ་ཆུའི་ཚུར་ཕྱོགས་ལ་སླེབས་སོང་ཞེས་བཤད་ཡོད་རབས། དེ་ལྟ་བུའི་མི་ཁ་ཤས་ཀྱི་སྙན་ཞུ་གཅིག་གིས་འབྲུ་ཆུ་ཕར་ཕྱོགས་རྒྱ་ཁུངས་སུ་བརྗོད་དགོས་སམ། དེ་ནི་དགོད་བྲོ་བ་རང་རེད།

    འདས་པའི་ལོ་རྒྱུས་ཀྱི་གནས་བབ་གང་ལ་བལྟས་ཀྱང་བོད་མི་རིགས་རང་བཙན་གྱི་གཞུང་དང་། ས་མགོ་རང་བདག་གི་རྒྱལ་པོ་དང་དཔོན་པོ་དག་གིས་བསྐྱངས་ནས་ཆབ་འབངས་དང་ས་ཁུངས་བཅད་མཚམས་ཡོད་པ་བྱས་ནས་བསྡད་པ་རེད།

    ད་ལྟའི་དུས་སུ་རང་བཙན་མ་མི་རྩོད་པ་ནི་འདས་པའི་དུས་སུ་རང་བཙན་མིན་པ་དང་རྒྱ་ཁུངས་ཡིན་པ་ཁས་ལེན་པར་གོ་བ་ནི་གླེན་པ་ཕུགས་བསམ་མེད་པ་དང་། ཡབ་མེས་ཀྱི་བླ་སྒུལ་བ་ལས་ཅི་ཡོད།

  11. ཅོ་རི་ཉི་མ། says:
    2016-07-02 at 12:18 pm

    ཧ་་་ནུབ་ཕྲུག་་་་ཁྱོད་ཀྱི་དབུ་མའི་ལམ་དེ་དང་རྒྱ་གུང་ཁྲན་གྱི་ལངས་ཕྱོགས་ལས་ཐབས་སྐྱོ་བའི་ལངས་ཕྱོགས་རེད་འདུག་ག རྒྱ་གུང་ཁྲན་གྱིས་ཀྱིས་ཨ་རུང་ཅ་ནའི་བདག་བོད་ལ་ཡོད་ཟེར་གྱི་ཡོད་རེད། ཁྱོད་ཀྱི་བཤད་སྟངས་བྱས་ན་དབུ་མའི་ལམ་གྱི་བོད་རིགས་ཡོངས་ཟེར་བ་དེའི་ཁོངས་གཏོགས་ཨ་རུང་ཅ་ན་མེད་ཅེས་ལབ་ཀྱི་ཡིན་ན་རྒྱ་གཞུང་གིས་ཡང་ཁྱོད་ལ་རྒྱལ་བཙོང་བ་ཟེར་གི་རེད་ད་་་་ཧཧཧ

  12. ནུབ་ཕྱོགས་གངས་ཕྲུག says:
    2016-07-02 at 1:45 pm

    དཔའ་ཆེན་དོན་གྲུབ་ལགས། འབྲི་ཆུའི་ཚུན་ཆད་ཀྱི་སྡེ་དགེ་འཇོ་མདའི་ཁྲལ་དེ་དགའ་ལྡན་ཕོ་བྲང་ལ་ཕུལ་གྱི་ཡོད། འབྲི་ཆུ་མན་ཆད་ཀྱི་སྡེ་དགེའི་ཁྲལ་དེ་རྒྱ་ནག་འབུལ་སྲོལ་འདུག དེ་འདྲ་སོང་ཙང་རྒྱ་འོག་རེད། རྒྱ་འོག་མེད་ན་ག་རེ་བྱས་ནས་ཁྲལ་འབུལ་དགོས་རེད། ཁམས་ཀྱི་ས་ཁུལ་འགའ་ཤས་ལ་རྒྱལ་པོ་ཡོད། ཡིན་ནའང་དོན་ངོ་མ་རྒྱལ་པོ་མ་རེད་དཔོན་པོ་ཙམ་རེད། དཔེར་ན་ནང་ཆེན་རྒྱལ་པོ་ལྟ་བུ་དོན་ངོ་མ་ཁ་ཆེ་མཱ་པུ་ཕང་གི་མངའ་འོག་རེད། དེ་བཞིན་སྡེ་དགེའི་རྒྱལ་པོ་ཡང་གོ་མིང་ཏང་གི་མངའ་འོག་རེད།

  13. ནོར་བུ says:
    2016-07-02 at 6:43 pm

    བོད་རང་བཙན་ལོ་༢༡༤༣ :2143
    དབུ་མའི་ལམ་ལོ༢༠ ཙམ :20
    རྒྱ་དམར་གཞུང་ལོ ༦༧ :67
    རྡ་རམ་ས་ལོ ༥༦ : 56
    ཁྱོད་རང་ལོ་༠༣:3

  14. རྟ་བདུན་དབང་བོ says:
    2016-07-03 at 2:00 am

    མི་ཚང་མའི་བསམ་ཚུལ་གཅིག་པ་ཡོང་མི་སྲིད་པ་རེད། ཡིན་ནའང་སོ་སོའི་དབུ་ཁྲིད་དེའི་རྗེས་སུ་ཤར་སྐྱོད་བྱ་རྒྱུ་དེ་ཅིས་ཀྱང་གལ་ཆེན་དུ་མཐོང་། སོ་སོར་སྤོབས་པ་དང་སྙིང་སྟོབས་འཇོན་ཐང་སོགས་ཅི་ཙམ་ཞིག་ཆེ་ནའང་དུས་དང་བསྟུན་མ་ཤེས་ན་བླུན་པོ་རང་རེད། བླུན་པོ་མང་བོ་ཞིག་བླུན་ཚོགས་རྒྱབ་ན་བོད་མའི་གྱོང་གུད་རེད། ཡིན་ནའང་དཀོན་མཆོག་མཁྱེན་ཟེར་བ་ལས་གཞན་ཅི་ཡང་སྨར་ཤེས་ཀྱི་མི་འདུག །

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-03 at 4:10 am

    རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཐོག་མ་འོངས་
    ལས་འགུལ་གང་དང་གང་སྤེལ་འཆར་གྱིས་གྲོས་ཆོད་
    བཞག་ཡོད་དམ་?

  16. ཆོས་ཀྱི་སྣང་བ། says:
    2016-07-03 at 9:09 am

    རྒྱ་དོག་པའི་རང་བཞིན་ཡིན་པས། རང་བཙན་དང་དབུ་མ་ཅི་རྩོད་ཀྱང་ངོས་ལེན་བྱེད་མི་སྲིད། དཔེར་ན་བྲག་ལ་ཁུ་ཚུར་དང་ཐལ་ལྕག་གང་ཞུས་ཀྱང་རང་གི་ལག་པ་ན་རོགས་ཙམ་ལས་ཕན་ཐོག་ཅི་ཡང་མེད་པ་ལྟར་རེད། འོན་ཀྱང་བོད་རང་གི་ཐུན་མིན་སྐད་ཡིག་རིག་གཞུང་རྣམས་རྒྱུན་བསྲིང་ཐུབ་ན། ནམ་ཞིག་འཕོ་འགྱུར་ཡོང་སྲིད་དེ། ན་སྲག་མོ་བྲག་དེ་སྙི་མོའི་ཆུ་ཡིས་བཤིག་ཟེར་བ་ལྟར་ཡིན། དེའི་ཕྱིར་གནས་སྐབས་རིང་བོད་ཕྱི་ནང་གཉིས་ཀར་ཕན་མེད་གནོད་སྐྱོན་ཆེ་བའི་དོན་མེད་རང་སྡུག་གི་རྩོད་པ་བརྒྱབ་མི་འདུག་པར། ཆོས་རིག་སྲུང་སྐྱོབ་ཁོ་ནར་ཤུགས་རྒྱག་དགོས། བཙན་བྱོལ་སྲིད་གཞུང་འདི་ཡང་རིག་གཞུང་སྲུང་སྐྱོབ་ཁང་དུ་བསྒྱུར་ནས་སྲིད་དོན་རིགས་ཚང་མ་མཚམས་འཇོག་བྱས་ན་ལེགས། དེ་ལྟར་བྱས་ན་གནས་སྐབས་སུ་བོད་དུ་ཆོས་ལུགས་དམ་དྲག་ལྷོད་དུ་འགྲོ་བ་དང་། བོད་ཕྱི་ནང་ཡར་མར་འགྲོ་འོང་ཆོག་པ་དང་། གོང་ས་མཆོག་ཀྱང་བོད་ལ་ཕེབས་ཐུབ་སྲིད་པ་སོགས་དགེ་མཚན་ཧ་ཅང་ཆེ། ཕུགས་སུ་ཡང་བོད་ཕྱི་ནང་གཉིས་ཀར་འབྲེལ་འདྲིས་དང་རང་དབང་བྱུང་བའི་དབང་གིས་ཆོས་དང་རིག་གཞུང་མི་ཉམས་རྒྱུན་རིང་གནས་ཐུབ་པ་སོགས་ཕན་ཐོགས་ཤིན་ཏུ་ནས་ཀྱང་ཆེ་བས། འཕྲལ་ཕུགས་ཀྱི་མདུན་ལམ་ལ་བསམ་ཤེས་ཅན་ཀྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ལ་བཞག་རོགས་ཞུ་ཞུ།
    རང་བཙན་རྩོད་པ་རང་གི་ཞེན་གོག་ཙམ།།
    དབུ་མ་རྩོད་པ་དད་པའི་མོས་པ་ཙམ།།
    ཚོར་བ་ཙམ་གྱི་རྗེས་སུ་མི་འབྲང་བར།།
    འཕྲལ་ཕུགས་པའི་ཐབས་ལམ་འཚོལ་རེ་རན།།

  17. ཆོས་ཀྱི་སྣང་བ། says:
    2016-07-03 at 9:11 am

    རང་བཙན་རྩོད་པ་རང་གི་ཞེན་གོག་ཙམ།།
    དབུ་མ་རྩོད་པ་དད་པའི་མོས་པ་ཙམ།།
    ཚོར་བ་ཙམ་གྱི་རྗེས་སུ་མི་འབྲང་བར།།
    འཕྲལ་ཕུགས་ཕན་པའི་ཐབས་ལམ་འཚོལ་རེ་རན།།

  18. BONPO says:
    2016-07-03 at 7:56 pm

    རྒྱ་མགོ་མཐོ་དུས་རྒྱ། བོད་མགོ་མཐོ་དུས་བོད། སོག་མགོ་མཐོ་དུས་སོག རོང་མགོ་མཐོ་དུས་རོང་། དབྱིན་མགོ་མཐོ་དུས་དབྱིན། ཨ་མགོ་མཐོ་དུས་ཨ། ཡིན་ཟེར་ནས་འགྲོ་འདུག་མཁན་ཁྱེད་ཚོས་རང་བཙན་ག་འདྲ་བྱས་ནས་ལེན་ཐུབ་བམ། །

  19. དཔའ་ཆེན་དོན་གྲུབ་ says:
    2016-07-04 at 12:19 am

    ནུབ་ཕྱོགས་གངས་ཕྲུག་ལགས། ང་སྐུ་ཉིད་ལ་དྲི་བ་གཅིག་འདྲི་རྒྱུ་ཡོད། བོད་གཞུང་དགའ་ལྡན་ཕོ་བྲང་གིས་ཀོར་ཁ་ལ་ཁྲལ་རྒྱབ་པ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་ཀོར་ཁའི་མངའ་འོག་རེད་དམ།

  20. ནུབ་ཕྱོགས་གངས་ཕྲུག says:
    2016-07-04 at 6:03 am

    དཔའ་ཆེན་དོན་གྲུབ། བོད་གཞུང་གི་གོར་ཁ་ལ་ཁྲལ་རྒྱབ་པའི་ལོ་རྒྱུས་ངའི་ནི་གོ་མ་མྱོང་།

  21. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-04 at 6:57 am

    རང་བཙན་གྱི་ཚོགས་འདུ་ཚོགས་ཐུབ་པ་ཙམ་གྱི་རང་བཙན་རག་གི་ཡོད་མེད་མི་ཤེས་ དོན་དངོས་རང་བཙན་ལེན་ཐུབ་པའི་ཆོད་སེམས་དང་འགན་འཁུར་འཆར་གཞི་གོ་རིམ་ལྡན་པ་ཞིག་དགོས་པ་ལས་ ཁ་དམག་དང་ཚོགས་འདུ་ཁྲེམས་སྐོར་སོགས་ལ་སྐྱབས་བཅོལ་ནས་རང་བཙན་རག་རྒྱུ་ཡོད་པ་ཤེས་མ་སོང་ན་ ད་ལམ་གྱི་ཚོགས་ཆེན་ཐོག་མ་འོངས་རང་བཙན་ལེན་རྒྱུའི་ལས་འཆར་དང་གྲ་སྒྲིགས་སེགས་གྲོས་ཆོད་གང་བཞག་ཡོད་དམ་།

  22. དཔའ་ཆེན་དོན་གྲུབ་ says:
    2016-07-04 at 7:35 am

    ནུབ་ཕྱོགས་གངས་ཕྲུག་ལགས། ཉིད་ཀྱིས་གཟིགས་དང་།

  23. གཡུ་ཐོག says:
    2016-07-05 at 6:05 am

    རང་བཙན་རྩོད་པ་ཐོབ་ཐང་རེད་དེར་བཀག་མཁན་སུ་ཡང་མེད། ཡིན་ཡང་རང་བཙན་ཁ་ལ་འཁྱེར་ནས་སྤྱི་ཚོགས་དཀྲུགས་པའི་ལས་གཞི་དང་། ༸རྒྱལ་བར་མཚན་སྨད་ཞུ་བ། བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད་པ། བཙན་བྱོལ་སྒྲིག་འཛུགས་ལ་རྒོལ་བའི་ལས་གྲོས་སོགས་ཀྱི་བསམ་བློ་ནི་བྱབ་ཆུང་བསམ་གྱིན་ཡོད།

  24. རླུང་ཐོག། says:
    2016-07-06 at 9:20 am

    བོད་རང་བཙན་ཚོགས་པས་སྔ་ནས་ད་བར་སིམ་ལིའི་ཆིང་ཡིག་ལྟར་རྒྱ་བོད་ས་མཚམས་རྩོད་ཀྱི་ཡོད་རེད། གསལ་པོ་ཤེས་འདོད་ན་སིམ་ལིའི་ཆིང་ཡིག་ལ་ལྟོས། དེ་མིན་རྒྱལ་བཙོངས་པའི་གཏམ་བཤད་མ་བྱས་ན་བཟང་བསམ།

  25. ནག་ཆུ་ཀུན་དགའ says:
    2016-07-07 at 5:19 am

    སྤོབས་པ་མཐའ་ཡས་ལགས་ཀྱིས་བཤད་པ་ལྟར་རེད། འོན་ཀྱང་དེ་ལ་ཚིག་གཅིག་འཕར་སྣོན་དགོས་པ་དེ་འབྲི་ཆུའི་ཕར་ཚུར་ཟེར་བ་དེ་༡༩༡༨་ལོར་བོད་དམག་གིས་མན་འཇུའི་བཙན་འཛུལ་ལྷག་རོའི་དམག་མཐར་སྤྲོད་གཏོང་བཞིན་པའི་སྐབས་རྒྱ་ནག་གཞུང་འཛིན་གསར་པ་འུ་ཐུག་ནས་གཡོ་ཁྲམ་གྱིས་དབྱིན་གཞུང་ལ་བར་འདུམ་བྱེད་པའི་རེ་བ་སྟོན་པ་ལྟར་བྱས་ཤིང་། སྐབས་དེར་བོད་གཞུང་ནས་གནས་སྐབས་རིང་དམག་མི་བརྒྱགས་པར་མཚམས་འཇོག་བྱ་རྒྱུ་དང་། གནས་སྐབས་དམག་མཚམས་བཞག་པའི་ས་མཚམས་དེ་འབྲི་ཆུ་ཕར་ཚུར་བར་ལ་བྱ་རྒྱུ་བྱས་པ་རེད། དེ་ལ་གནས་སྐབས་དམག་མཚམས་བཞག་པའི་ས་མཚམས་ཟེར། བོད་དབུས་ནས་ས་གནས་དེའི་བར་དུ་རྒྱ་དམག་ཕྱིར་འདེད་ཟིན་ཅིང་། ད་དུང་བཀའ་བློན་བླ་མ་བྱམས་པ་བསྟན་དར་ནས་ཉག་རོང་ཁུལ་གྱི་ཡུལ་དམག་དང་བོད་ཀྱི་གཞུང་དམག་མཉམ་སྡེབ་ཀྱིས།ཧོར་ཁོག་དང་དར་མདོ་སོགས་སོགས་ལ་གཏོང་གཏད་ཀྱི་གྲྭ་སྒྲིག་བྱེད་བཞིན་པ་མ་ཟད་དམག་གི་དྲག་ཤུགས་འཕར་བཞིན་པས་རྒྱ་དམག་བྱ་ཐབས་ཟད་ནས་གཡོ་བྱུས་འཁྲབ་པ་ཞིག་རེད། བློ་ཕམ་པ་ཞིག་ལ་དེའི་མུར་གནས་མུན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་ཤིང་། སྐུ་དྲག་ཚོས་བྱ་བ་དེའི་མཇུག་སྐྱོང་མ་ཐུབ་པར་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་སྐྱོར་གར་ཁྲོད་ཆབ་སྲིད་འཐུས་ཤོར་སོང་ནས། འབྲི་ཆུའི་ཕར་འདབས་ཀྱི་ས་སྡེ་མང་པོ་གཞུང་གསར་གོ་མིན་ཏང་གིས་བཙན་དབང་བསྒྱུར་བ་དང་། བོད་མི་ཧ་ཅང་མང་པོ་བསད་བརྡུངས་འཕྲོག་བཅོམ་བྱས་ཡོད། བཙན་དབང་གི་འོག་ནས་ཁྲལ་སྤྲོད་དགོས་བྱུང་བས་དེའི་འོག་འདུས་ཀྱི་ཡོད་ན། རྒྱག་ནག་གིས་བོད་ལ་ཁྲལ་སྤྲད་པའི་དུས་བྱུང་ཡོད་ལ་བལ་པོས་ཀྱང་སྤྲོད་དགོས་པ་བྱུང་ཡོད།
    བོད་ཀྱིས་སོག་པོར་འདབས་ནོར་སྤྲད་པ་སོགས་མང་བས། རྒྱག་ནག་དང་བལ་ཡུལ་བོད་ཁོངས་དང་། བོད་སོག་པོའི་ཆ་ཤས་ཡིན་པར་སྨྲོས་ཤིག། འབྲི་ཆུའི་ཕན་འདབས་བོད་ཁོངས་ཡིན་མིན་རྩོད་གླེང་འདི་རྒྱ་མིས་བཟོས་པ་དང་བོད་རིགས་ལོ་རྒྱུས་ཀྱི་དོན་དངོས་དང་གནད་དོན་མི་ཤེས་མཁན་མང་པོས་ཀྱང་། རྒྱུ་མཚན་ལྟར་སྣང་མཁས་པས་མཐོང་ན་ཞེ་ཁྲེལ་དགོས་པ་དེ་འདྲ་སྤྱི་བརྟོལ་གྱིས་སྨྲ་བཞིན་འདུག་ན། དོན་དངོས་ཀྱི་བྱུང་བ་ཤེས་ནས་སྨྲ་བ་ལས་མི་ཤེས་ན་མ་བཤད་ན་བཟང་བས་མི་ཡིན་ན་དེ་དོན་གོ་བརྡ་འཕྲོད་རེ་ཆེ་བས་བྲིས་པའོ། ཤར་མར་སྤེལ་བས་དག་ནོར་བྱུང་ཡོད་ཚེ་བཟོད་གསོལ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (22)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (11)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme