Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན།

Posted on 2016-06-182016-06-18 By ཁ་བརྡ 3 Comments on ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན།

མགར་ཐར་མཁྱེན་རབ་འོད་གསལ།

 
གངས་ཅན་རིག་པའི་ཁྱུ་མཆོག་སྤྱན་རས་གཟིགས།།
མགོན་པོ་ཐུགས་རྗེ་ཅན་གྱི་རྣམ་རོལ་བ།།
བསྟན་འཛིན་མངའ་བདག་བྱང་ཆུབ་སེམས་མཆོག་གིས།།
རྒྱ་མཚོ་ཆེན་པོའི་ཡོན་ཏན་ཐུགས་མཁྱེན་ནས།།
སེམས་ཅན་སྡུག་བསྔལ་ལས་འདྲེན་མཐུ་རྩལ་ཅན།།
རྒྱལ་བའི་དབང་པོ་ཁྱེད་ལ་གུས་པས་འདུད།།

ཅེས་རང་ཅག་བོད་གངས་ཅན་པའི་བླ་ན་མེད་པའི་དབུ་འཁྲི་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་མི་ཕྱེད་དད་པའི་མཆོད་སྤྲིན་སྔོན་དུ་བཏང་ནས། གཤམ་དུ་གང་གི་མཛད་རྗེས་ཀྱི་ཟུར་ཞིག་རྗེས་དྲན་གྱི་ཚུལ་དུ་ཁོ་བོའི་བློ་ཡིས་གང་དཔོག་པ་ཐམས་ཅད་ཡི་གེའི་གཟུགས་སུ་བཀོད་ནས་འགྲེལ་བར་འདོད།

unnamed

 

༡༽ བོད་རྒྱ་མི་རིགས་བར་མཐུན་སྒྲིལ་ཡོང་ཐབས་འཚེ་མེད་ཞི་བའི་མཛད་འགན་བཞེས་པ།

རང་ཅག་བོད་ཁ་བ་ཅན་གྱི་ཞིང་འདིར་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་ཐུབ་པ་སངས་རྒྱས་ཀྱི་དམ་པའི་ཆོས་རིན་པོ་ཆེ་ཐོག་མར་རྒྱ་གར་ནས་རིམ་བཞིན་བོད་དུ་དར་བ་ལ་བརྟེན་ནས་བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་སྨྲ་བ་བརྗོད་པ་ཀུན་གྱིས་བསྟོད་པའི་དབྱངས་སུ་གྱེར་བཞིན་ཡོད་མོད། འོན་ཀྱང་༡༩༥༠ཐམ་པ་ནས་བཟུང་རྒྱ་དམག་ཀླ་ཀློ་དཔུང་ཚོགས་ཀྱིས་གཡོ་སྒྱུའི་གདོང་འབག་གྱོན་བཞིན་བོད་ཤར་ཕྱོགས་བརྒྱུད་བོད་ས་ཡོངས་རྫོགས་བཙན་དབང་གིས་བཟུང་འགོ་བཙུགས་པ་ནས་ལོ་ངོ་དགུའི་རིང་རང་ཅག་བོད་ཀྱི་བླ་ན་མེད་པའི་སྐྱབས་གཅིག་དམ་པ་༧གོང་ས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་སྟོབས་ཆེན་པོའི་ངང་ནས་བོད་རྒྱ་གཉིས་དབར་ཞི་བའི་མཐུན་སྒྲིལ་ཡོང་ཐབས་འཚེ་མེད་ཞི་བའི་ལམ་ཁར་བརྒྱུད་དེ་ག་ཅིའི་ཐབས་ཤེས་སྣ་ཚོགས་མཛད་ཀྱང་དོན་ཕན་གང་མ་བྱུང་སྟབས། རྒྱ་མི་བོད་ནང་བཙན་འཛུལ་གྱིས་བོད་ཀྱི་བསྟན་སྲིད་གཉིས་ཐད་ནས་གཏོར་བཅོམ་ཚབས་ཆེན་བཟོས་མཐར་ད་གཟོད་རྒྱལ་བའི་སྐུ་ཕྱྭར་ཉེན་ཁ་ཡོང་བར་ངེས་གཏན་གྱིས་ཕྱི་ལོ་༡༩༥༩ཐམ་པར་བོད་མཇ་མང་གི་རེ་འདུན་ལྟར་རྒྱལ་དབང་མཆོག་ཉེན་གོུལ་ཆེད་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་བ་རེད།

རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཀྱང་ཐུགས་སྟོབས་སངར་ལྷག་འཕེལ་ཏེ་བོད་ཀྱི་ཕ་མེས་ནས་བརྒྱུད་པའི་རྩ་ཆེན་རིག་གཞུང་བདག་གཉེར་དང་སྐད་ཡིག་སྲུང་སྐྱོབ་ཆེད་བོད་པའི་སློབ་གྲྭ་ཟུར་བཙུགས་མཛད་དེ་བོད་རིགས་གཞོན་སྐྱེས་ཚོས་བོད་པའི་ངོ་བོ་མུ་མཐུད་རྒྱུན་སྐྱོང་ཡོང་བར་ཐུགས་རེ་ཆེན་པོར་གནང་དང་གནང་མུས་ལགས། ལྷག་པར་དུ་སྔོན་གྱི་འཕགས་བོད་མཁས་གྲུབ་ལོ་པཎ་རྣམས་ཀྱིས་བརྩོམས་པའི་ནང་པའི་གཞུང་ཆེ་ཁག་གི་ཆར་གཏོགསཚད་མའི་གཞུང་ལུགས་དང་སེམས་ཁམས་རིག་པའི་གཞུང་ལུགས་སོགས་ཀྱང་དགོན་པ་གྲྭ་ཚང་ཙམ་མ་ཟད་རང་རེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུའང་སྦྱང་བརྩོན་དང་ཉམས་ལེན་བྱེད་རྒྱུར་གལ་དུ་གཟིགས་ནས་སྔ་ཕྱི་རིམ་པས་བཀའ་སློབ་ལམ་སྟོན་རྒྱུན་མི་ཆད་པར་གནང་བའི་མཐུ་ལས། ད་ལྟ་དངོས་སུ་བྱེས་འབྱོར་སྐྱ་སེར་རྒན་གཞོན་ཕོ་མོ་སུ་ཞིག་ཡིན་རུང་མ་རིག་རྨོངས་པའི་བློ་སྒོ་ཡོངས་སུ་ཕྱེ་ནས་ནང་པའི་ཆོས་ལ་དང་བ་དང་དད་པའི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བོད་རང་ཉིད་ཀྱི་སྐད་ཡིག་གཉིས་གཙོས་ཁྱད་པར་ཆོས་དང་རིག་གཞུང་སོགས་ཀྱི་རིན་ཐང་དངོས་མཐོང་ཡོང་བ་སོགས་ཀྱི་དགེ་མཚན་བླ་ལྷག་ཏུ་བྱུང་བ་འདིའང་གང་གི་ཐུགས་རྗེའི་འཕྲིན་ལས་སྔོ་བསངས་ཀྱི་ནམ་མཁའ་ཇི་བཞིན་འཇིག་རྟེན་རྨོངས་པའི་ཀློང་གི་རང་རིགས་བོད་རིགས་ཚོའི་ཡིད་ཀྱི་མུན་པ་ཡོངས་སུ་སེལ་བ་ལྟར་རོ།

 

༢༽ འཛམ་གླིང་ཞི་བདེར་འགོད་ཐུབ་ཀྱི་ཐུགས་དགོངས་མཛད་པ།

དུས་ཀྱི་འགྱུར་བ་གློག་ལྟར་མྱུར་བའི་དུས་རབས་འདིའི་དཀྱོགས་མཚམས་འདིར་འཛམ་གླིང་ཡུལ་གྲུ་ཆེ་ཁག་དཔལ་འབྱོར་དང་དབང་ཤུགས་འགྲན་རྩོད་ཀྱི་ཁྲོད་ཕན་ཚུན་གཅིག་གིས་གཅིག་ལ་དབང་བསྒྱུར་དང་འཐབ་རེས་བྱས་པ་སོགས་ཀྱི་ཡ་ང་བའི་བྱ་སྤྱོད་འདི་རིགས་ཉིན་རེ་བཞིན་གྲངས་འབོར་འཕེལ་གྱིན་པས་འཛམ་གླིང་དམག་ཆེན་གསུམ་པ་ཞིག་སློང་བའི་ཉེར་བསྡོགས་བརྩམ་རྒྱུར་འགོ་ཚུགས་པའི་དུས་སྐབས་འདི་རང་ལ་རང་ཅག་བོད་ཀྱི་བཀའ་དྲིན་བླ་ན་མ་མཆིས་པའི་༧གོང་ས་༧སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་འཛམ་གླིང་ཞི་བདེར་འགོད་ཐབས་ཐུགས་ཀྱི་དགོངས་པ་ལྷུར་བཞེས་ཀྱིས་མིའི་རིགས་ཀྱི་ཤ་མདོག་དཀར་ནག་དང་། རྒྱ་དཀར་ནག། རྒྱལ་ཕྱི་ནང་སོགས་རིས་སུ་མ་ཆད་པའི་སྐྱེ་བོ་ཀུན་གྱི་རེ་འདོད་སྐོང་ཕྱིར་ཤར་བསྐྱོད་ནུབ་ཕེབས་ཀྱི་སྐུ་ངལ་ཉིན་མཚན་སྦྲེལ་ཏེ་རྒྱལ་བའི་བསྟན་པ་རིན་པོན་ཆེ་འདི་ཉིད་གང་སར་ཁྱབ་སར་ཁྱབ་སྤེལ་གྱིས་སེམས་ཅ་སྡུག་བསྔལ་བ་དག་བདེ་བའི་སར་འགོད་པ་སོགས་བསམ་བཞིན་བརྗོད་པར་དཀའ་བའི་རླབས་ཆེན་གྱི་མཛད་རྗེས་ལུ་གུ་རྒྱུད་སྦྲེལ་ཏུ་མཛད་དེ་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་མཐའ་དག་འགྲོ་མི་རང་ཉིད་ཀྱིས་བཟོས་པ་ཡིན་པ་དང་དེ་སེལ་བའི་ནུས་པའང་འགྲོ་བ་མི་རིགས་རང་ཉིད་ཁོ་ན་ལས་གཞན་མེད་ཚུལ་སོགས་ཀྱི་བཀའ་སློབ་ཡང་དང་བསྐྱར་དུ་བསྩལ་མཛད་གནང་དང་གནང་མུས་ཡིན་པས་རང་ཅག་འགྲོ་བ་ཡོངས་ཀྱིས་དགའ་སྤྲོ་འཕེལ་བའི་གནས་ཤིག་ཏུའང་ཅི་ལ་མིན།

 

༣༽ ཆོས་ལུགས་མཐུན་སྒྲིལ་གྱི་ཐུགས་དམ་མཛད་པ།

འཛམ་གླིང་འདིར་གནས་ཀྱི་སྐྱེ་འགྲོ་ཡོད་ཚད་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་དང་རྒྱལ་ཁབ་འདྲ་མིན་གྱི་ཁོངས་སུ་གཏོགས་ཡོད་ཙང་མི་རིགས་འདྲ་མིན་གྱིས་ཆོས་ལུགས་འདྲ་མིན་ལ་དད་པ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་ཇི་བཞིན་བསམ་ཚུལ་ཡང་དེ་བཞིན་མང་པོ་ཞིག་ཡོང་གི་ཡོད་སྟབས། ཆོས་ལུགས་ཐ་དད་པ་གཉིས་སམ། གསུམ་མམ། བཞི་སོགས་ཆོས་ལུགས་བར་འཐེན་འཁྱེར་བྱས་ཏེ་གཅིག་ལས་གཅིག་ཡག་དང་། གཅིག་ལས་གཅིག་དམན་སོགས་ཀྱི་དོན་མེད་སྙད་རེས་བྱས་པའི་བྱ་སྤྱོད་གང་མང་དེང་གི་སྤྱི་ཚོགས་གང་སར་དར་འཕེལ་དུ་འགྲོ་ཡི་འདུག་པས་མཁས་པ་འཛམ་གླིང་ཡུལ་གྲུ་གཞན་ཁག་གིནབློ་ལྡན་དོན་གཉེར་བ་རྣམས་དང་ཁྱད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཉིས་མཉམ་འབྲེལ་གྱིས་མིའི་རིགས་ཀྱི་སྤྱོད་ངན་དེ་རིགས་ཇི་ལྟར་སེལ་ཐབས་དང་སླད་ཕྱིན་དེ་ལྟར་མི་ཡོང་ཆེད་གཞོན་སྐྱེས་ཚོའི་སེམས་རྒྱུད་ལ་འཇགས་ཐུབ་ཀྱི་བཀའ་སློབ་ལམ་སྟོན་ཅི་ཞིག་གནང་དགོས་མིན་ཐད་བགྲོ་གླེང་རབ་དང་རིམ་པ་མཛད་དེ་དེང་གི་འཁྲུག་ཆ་དོད་པའི་འཛམ་གླིང་འདི་ཞི་བདེ་བག་ཕེབས་ཅན་གྱི་འཛམ་གླིང་ཞིག་ཏུ་བསྐྲུན་གང་ཐུབ་མཛད་ཀྱི་ཡོད། མ་ཟད་ཉེ་ཆར་དྷ་སའི་མེག་གྷན་ཐེག་ཆེན་གཙུག་ལག་ཁང་དུ་ལོ་ལྟར་བོད་ཕྲུག་ཁྱིམ་སྡེ་དང་དྷ་སའི་ནང་ཆོས་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ནང་ཆོས་ངོ་སྤྲོད་ཀྱི་འདུ་འཛོམས་ཐོག་༧གོང་ས་མཆོག་གི་ཞལ་ནས། འཛམ་གླིང་ནང་གི་ཆོས་ལུགས་ཡོངས་རྫོགས་འགྲོ་བ་མི་རིགས་ལ་ཕན་འདོགས་ཀྱི་ལྟ་བ་གཅིག་གྱུར་ཡིན་པ་དང་ཆོས་ལུགས་བར་ནག་པ་དང་ཕྱི་པ་ཟེར་ནས་འཐེན་འཁྱེར་བྱ་མི་རུང་བ་སོགས་ཀྱི་བཀའ་སློབ་ཡང་ནན་པོར་བསྩལ་བ་སོགས་ཀྱི་མཛད་འཕྲིན་དངོས་ཤུགས་གཉིས་ཀར་ཧ་ལས་པ་བསྐྱངས་དང་སྐྱོང་མུས་སོ།

 

༼མཇུག་བསྡུའི་གཏམ།༽

འཛམ་གླིང་ནང་སྤྱི་ཚོགས་འཕོ་འགྱུར་གྱི་འགྲོས་དང་བསྟུན་རང་རེ་བོད་ཀྱི་སྤྱི་ཚིགས་འདི་ཉིད་ཀྱང་གོམ་གང་མདུན་སྤོས་ཀྱིས་མང་གཙོའི་ལམ་ལུགས་ཅན་དུ་བསྐྲུན་ཐུབ་པ་བྱུང་ཡང་ཚུར་གཅོད་མ་ཐུབ་པའི་ཐ་ཤལ་མི་སྣ་ཁག་ཅིག་གིས་བོད་སྤྱི་པའི་རྩ་དོན་ལ་གནོད་པའི་ཆོལ་ཁ་ཆོས་ལུགས་ཀྱི་ཤོག་ཁག་བསྒྲིགས་ཏེ་རང་དབང་སྒེར་སྤྱོད་བྱས་པ་སོགས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་རྫིབ་པོ་དེ་ཉིད་འཛམ་གླིང་རྒྱ་ཆེ་མི་མང་གི་སྤྱན་ལམ་དུ་མངོན་པ་དང་ལྷག་པར་གུང་ཁྲན་རིང་ལུགས་པའི་རྒྱ་མི་དཔོན་རིགས་ཚོའི་མིག་ལམ་དུ་དགོད་བྲོ་བའི་གནས་ཤིག་ཀྱང་གྱུར་ཡོད་སྟབས། འདི་ནི་འུ་ཅག་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བསུབ་ཐབས་བྲལ་བའི་མཐུས་ཤོར་གྱི་རྣམ་པའི་ཟུར་ཞིག་ཀྱང་ཡིན་པས་གཟུར་གནས་བློ་ལྡན་དོན་གཉེར་བ་རྣམས་ཀྱིས་ཅིས་ཀྱང་འདིའི་རིགས་ཀྱི་མཐུས་ཤོར་ལ་གཟབ་པར་བགྱིས་ནས་༧གོང་ས་མཆོག་གིས་ད་བར་དགུང་ལོ་ཧྲིལ་བོ་བརྒྱད་བཅུའི་ལྷག་རིང་བོད་དོན་ཞབས་ཞུའི་བཀའ་དྲིན་སྙིང་བཅངས་ཡོང་བར་ཞུ་ཞེས་ཁོ་བོས་འབོད་སྐུལ་ཞིག་གི་ཚུལ་དུ་བྲིས་པ་དགེའོ།

རྩོམ་རིག

Post navigation

Previous Post: ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དྲན་གླུ་ཡིད་ཀྱི་མེ་ལོང་།
Next Post: དབུ་མའི་གོ་དོན་ཐོལ་བྱུང་མ།

Comments (3) on “༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན།”

  1. ཀརྡོ་གཉེར་ཕྱག་པ་་ says:
    2016-06-19 at 4:21 pm

    ༸གོང་ས་བཅུ་བཞི་པ་ཆེན་པོ། །
    ་
    བོད་རིགས་སྐྱོབ་ཕྱིར་ཆབ་སྲིད་གླེང་། །
    ཆོས་རིགས་མཐུན་ཕྱིར་མཐུན་འབྲེལ་གླེང་། །
    མི་རིགས་བདེ་ཕྱིར་ནང་དོན་གླེང་། །
    གླེང་མི་ཁྱོད་གཅིག་སྤྱན་རས་གཟིགས། །
    སྐུ་དངོས་ཁྱོད་ལ་གུས་ཕྱག་འཚལ། །
    ་
    སྐུ་ཁམས་བཟང་ཞིང་སྐུ་ཚེ་བརྟན། །

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-20 at 4:19 am

    འཇིག་རྟེན་བདེ་ཕྱིར་ཞི་བདེ་གླེང་།
    ཆོས་ལུགས་མཐུན་ཆེད་བྱམས་བརྩེ་གླེང་།
    བོད་རྒྱ་མཐུན་ཆེད་དབུ་མ་གླེང་།
    བོད་འབངས་བདེ་ཕྱིར་མང་གཙོ་བསྟན་།
    འཛམ་གླིང་ཞི་བདེ་རྒྱལ་རྒྱུར་གཅིག་།
    བོད་མིའི་བསོད་ནམས་འཕེལ་བ་ཤོག་།
    སྐྱབས་མགོན་སྐུ་ཚེ་བརྟན་པ་ཤོག་།
    བོད་དོན་བདེན་མཐའ་གསལ་བ་ཤོག་།
    གཞིས་བྱེས་མཉམ་འཛོམས་ཐུབ་པ་ཤོག་།

  3. ྸཨ་འབར་འཇིགས་དབང། says:
    2016-06-20 at 10:15 pm

    ༅༅། འགྲོ་ཀུན་བུ་བཞིན་སྐྱོང་ཞིང།།
    རྒྱལ་བསྟན་སྲོག་བཞིན་འཛིན་པའི།།
    ཀུན་ལ་བྱམས་བརྕེ་གནང་མཁན་།།
    སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།།
    སྐུ་ཚེ་བསྐལ་བརྒྱར་བརྟན་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme