Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག་སློབ་ཁྲིད་སྐབས་སྐད་ར་མ་ལུག་སྤོང་དགོས་པའི་སྐོར་གླེང་བ།

Posted on 2016-06-152016-06-15 By ཁ་བརྡ 4 Comments on བོད་ཡིག་སློབ་ཁྲིད་སྐབས་སྐད་ར་མ་ལུག་སྤོང་དགོས་པའི་སྐོར་གླེང་བ།

སྐལ་བཟང་ཐུབ་བསྟན།

 
སྐད་ཡིག་ནི་མིའི་རིགས་ཕན་ཚུན་དབར་སྤེལ་རེས་དང་འབྲེལ་འདྲིས་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཡིན་ལ། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་དང་མཚོན་རྟགས་ཀྱང་ཡིན། སྐད་དང་ཡི་གེ་བེད་སྤྱོད་དང་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་ནི་མིའི་རིགས་གང་དེའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད་པས། སྐད་དང་ཡི་གེ་གང་དེའི་བརྡ་སྤྲོད་གཞུང་དང་བཅས་པར་ཤེས་རྟོགས་དཔྱིས་ཕྱིན་པ་བྱ་ཕྱིར། གཞུང་དེར་བསླབ་སྦྱངས་བྱེད་པའི་བརྒྱུད་རིམ་ནང་སྐད་ར་མ་ལུག་ལ་བརྟེན་ནས་སློབ་ཚན་འཆད་འཁྲིད་ཀྱི་གོམས་གཤིས་ཡ་མ་ཟུང་དེ་དོར་ཏེ། སྐད་དང་ཡི་གེ་གཙང་མ་སྦྱོང་སྤྱོད་ཀྱི་དགེ་སློབ་གཉིས་ཀྱི་གནས་བབ་བཟུང་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་འགངས་ཆེ་ཤོས་ཤིག་ཏུ་མཐོང་བ་དེ་བཞིན་བོད་ཡིག་སློབ་ཁྲིད་སྐབས་སུ་ཡང་གནས་ལུགས་དེ་རྒྱུན་འཛིན་གྱི་ཐབས་ལ་འབད་དགོས་པར་རང་གི་ལྟ་ཚུལ་རགས་པར་གླེང་བ་ལ།

 

དང་པོ། རྒྱུན་གཏན་བོད་ཡིག་སློབ་ཁྲིད་སྐབས་དགེ་སློབ་གཉིས་ཀར་ལྷག་པའི་སྐྱོན་ཆ་གླེང་བ།

སྐད་ཡིག་ཅིག་སློབ་ཁྲིད་བྱེད་སྐབས་དང་ཐོག་སྐད་དེ་རང་གི་ཐོག་ནས་གཙོ་བོར་ཁྲིད་དགོས་པ་ནི་གལ་ཆེ་བའི་དོན་ཞིག་ཡིན། གང་ལགས་ཤེ་ན། སྐད་ཡིག་འདི་ཉིད་སྦྱོང་བའི་དམིགས་ཡུལ་གཙོ་བོ་ནི་སྐད་ཡིག་འདི་ཤེས་པ་ཙམ་མ་ཟད། དེ་འབྲེལ་གྱི་ཤེས་བྱའི་གནས་ཐ་དག་དང་མི་རིགས་གང་དེའི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་སོགས་ལ་ཤེས་རྟོགས་ཁ་གསལ་ལམ་ཡང་དག་པ་ཞིག་ཡོང་དགོས་པས། སྐད་དང་ཡི་གེ་གང་དེར་མྱོང་རྟོགས་གཏིང་ཟབ་ཀྱིས་རྒྱུ་གཙང་སྤུས་གཙང་གི་སྐད་ཡིག་ཅིག་སྦྱོང་དགོས་པ་དེ་གནས་དམ་པར་མཐོང་། དེ་ཡང་ཁ་ཆེ་ཕ་ལུ་ལས། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད་ཅེས་པའི་གསུང་ལས་གསལ་པོར་རྟོགས་ཐུབ། ལྷག་དོན་བོད་ཀྱི་ན་གཞོན་ཚོའི་ངོས་ནས་བརྗོད་ན། རང་རིགས་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་དོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་པས། སྣང་ཆུང་དུ་བཏང་ན་ཤིན་ཏུ་ཕངས་བས་འབད་པ་ལྷུར་ལེན་གྱིས་སྦྱངས་བརྩོན་བྱེད་དགོས་པ་གལ་ཆེ། 

དེང་གི་ཆར་རིམ་པ་གོང་མས་དེ་ལྟ་བུའི་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་རུང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཇི་སྙེད་དུ་དགེ་སློབ་མི་ཉུང་བ་ཞིག་གིས་སྐད་ཆ་ར་མ་ལུག་མང་པོ་ཞིག་ཤོད་པ་མ་ཟད། སྐད་ཆ་དེ་དག་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་སློབ་ཁང་ནང་དུ་ཁྱེར་ནས་མངོན་གསལ་དོད་པོས་བརྗོད་པ་དང་། ད་དུང་སྐད་ཆ་དེ་འདྲ་བེད་སྤྱོད་བྱས་ན་དགེ་རྒན་བརྗོད་བདེ་བ་དང་། སློབ་མས་གོ་བ་ལོན་མགྱོགས་པ་སོགས་ཀྱི་དགེ་མཚན་འདུག་ཅེས་མུན་འཐོམས་ངང་གླེང་གི་འདུག་པ་དཔེར་ན། སྐྱེ་བོ་མི་ཉུང་བ་ཞིག་གིས་བརྙན་འཕྲིན་དང་། འཁྱག་སྒམ། ཁ་པར་གྱི་ཨང་གྲངས་སོགས་རྒྱ་སྐད་ཐོག་ནས་ཐད་ཀར་བརྗོད་རྐྱང་བྱེད་པ་ལས་བོད་སྐད་ཐོག་ནས་ཤོད་མི་ཐུབ་པ་ལྟ་བུའི་གནས་ཚུལ་ཡང་རྟག་ཏུ་ང་ཚོའི་འཚོ་བའི་ནང་དུ་ཐོན་བཞིན་ཡོད། 
དེ་ལྟ་བུའི་གོམས་གཤིས་མུ་མཐུད་རྒྱུན་འབྱམས་སུ་སོང་ན་བོད་སྐད་ཡིག་གི་སྤྱོད་ཆོག་ཆོག་གི་ཐ་སྙད་མང་པོ་ཞིག་བེད་མེད་དུ་ལུས་པའི་ཉེན་ཁ་འཕྲད་སྲིད་ལ། སྤྱི་ཚོགས་ཀྱི་འཚོ་བའི་ནང་བོད་སྐད་ཀྱི་ཁོར་ཡུག་གཙང་མ་ཞིག་མེད་པར་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་བྱ་གཞག་རླབས་པོ་ཆེ་དེར་ཡང་འགོག་རྐྱེན་འཕྲད་ངེས། དེར་བརྟེན་དེང་གི་མི་རིགས་སྐད་ཡིག་དང་རིག་གནས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འཐུས་ཚང་ཡོད་པའི་དུས་སྐབས་བཟང་པོ་འདིར་དམ་འཛིན་བྱས་ནས་གནད་དོན་དེ་རིགས་སྒྱུར་བཅོས་བྱ་རྒྱུར་དོ་སྣང་གནང་རྒྱུ་དེ་ང་ཚོ་བོད་ཡིག་སློབ་ཁྲིད་མཁན་གྱི་ལས་འགན་ཡིན་པ་ནི་གདོན་མི་ཟའོ།

 

གཉིས་པ། སྐྱོན་ཆ་དེ་རིགས་སེལ་བར་རང་ངོས་ཀྱི་བསམ་ཚུལ་ཅུང་ཙམ་བརྗོད་པ།

མཁས་པའི་གསུངས་ལས། སྐད་ཡིག་ཐམས་ཅད་ཤེས་པ་ལེགས་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་པ་ལྟར། དེང་དུས་ཚན་རྩལ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྐབས་སུ་སྐད་རིགས་གཞན་དག་མང་པོ་ཤེས་དགོས་ལ་ཤེས་པ་དེའང་ལེགས་པོ་ཞིག་ཡིན། འོན་ཏེ་གོང་སྨོས་ཀྱི་སྐྱོན་ཆ་འདི་ལྟ་བུ་ཡོད་པ་ནི་སྤྱིར་བཏང་ཞིག་རྩ་བ་ནས་མ་ཡིན་པས་དེ་དོན་ལ་མནོ་བསམ་ཞིབ་མོ་ཞིག་ཡང་ནས་ཡང་དུ་གཏོང་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པས། དེ་དོན་ཁོ་བོས་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཙམ་གླེང་ན། གོང་དུ་བརྗོད་བྱར་གྱུར་པའི་སྐྱོན་ཆ་དེ་ནི་ཆུང་ངུ་ཞིག་མ་ཡིན་པར་དེས་སྐད་ཡིག་ཞིག་ཆ་ཚང་མིན་དང་འཐུས་ཚང་ཞིག་ཏུ་གྲུབ་ཐུབ་མིན་སོགས་དང་འབྲེལ་བ་གལ་ཆེན་ཡོད་པས། ང་ཚོས་ངེས་པར་དུ་དེ་རིགས་སེལ་གང་ཐུབ་བྱེད་དགོས། 
དེ་ཡང་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད་པས། དང་ཐོག་དགེ་རྒན་རང་ཉིད་ནས་འགོ་བཙུགས་ཏེ་སློབ་ཁྲིད་སྐབས་སྐད་བརྡ་ཁ་གསལ་ལ་སྤྱི་སྐད་ཀྱི་གཞུང་དང་མཐུན་པ་ཞིག་བརྗོད་དགོས་པ་དང་གཅིག སྐད་ཆ་ར་མ་ལུག་རྩ་བ་ནས་སྤྱོད་རྒྱུ་མེད་པ་དང་གཉིས། དགེ་སློབ་ཚང་མས་བོད་སྐད་གཙང་མ་ཞིག་གི་ཐོག་ནས་ནང་དོན་བརྒྱུད་བསྒྲགས་དང་དོན་རྟོགས་པར་བྱ་རྒྱུ་བཅས་གསུམ་གྱི་ཐོག་ནས་གོ་བརྡ་སྤྲོད་པའི་གོམས་གཤིས་འཇགས་པར་བྱས་ན་འཐུས་སྒོ་ཚང་བའི་བོད་ཀྱི་སྐད་ཡིག་དེ་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐེ་ཚོམ་མེད།

མདོར་ན། བོད་རིགས་སློབ་མར་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་སྐབས་སུ་སྐད་རིགས་གཞན་གྱི་ཐོག་ནས་གསལ་བཤད་དང་རོགས་རམ་བྱེད་དགོས་པའི་རྒྱུ་མཚན་སྤྱིར་ན་མེད་པས། རྒྱུན་གཏན་བོད་ཡིག་སློབ་ཁྲིད་ཁྲོད་དུ་དགེ་སློབ་ཚང་མས་བོད་སྐད་གཙང་མ་ཞིག་བཤད་ནས་རང་མི་རིགས་ཀྱི་རིག་གནས་ལ་བརྩི་བཀུར་དང་མཐོང་ཆེན་བྱ་དགོས་རྒྱུ་ནི་རང་རིགས་ཀྱི་དོར་མི་རུང་བའི་འོས་འགན་ཡིན་ནོ།

༼བསྟན་འཇམ་གྱིས་བརྒྱུད་སྤྲོད་བྱས།༽

བསམ་ཚུལ།

Post navigation

Previous Post: རྩ་མི་སངས་རྒྱས་གྲགས་དཔལ་ནཱ་ལེནྡྲའི་མཁན་པོར་ཕེབས་མྱོང་ངམ།
Next Post: ས་སྔོན་མ་དང་ད་ལྟའི་གནས་སྟངས།

Comments (4) on “བོད་ཡིག་སློབ་ཁྲིད་སྐབས་སྐད་ར་མ་ལུག་སྤོང་དགོས་པའི་སྐོར་གླེང་བ།”

  1. ྸཨ་འབར་འཇིགས་དབང། says:
    2016-06-16 at 1:01 am

    ༅༅། སྐལ་བཟང་ཐུབ་བསྟན་ལགས་ནས་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱ་དགོས་སྐོར་ལ་
    དཔྱད་རྩོམ་ཡག་པོ་བྲིས་འདུག་པ་དགའ་བསུ་ཞུ།
    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རང་གི་སྐད་ཡིག་དེ་གལ་ཆེ་དགོངས་ནས་༡༩༦༠ ནང་ནས་
    བོད་པའི་སློབ་གྲ་ ཆེ་ཅུང་༧༨ ཙམ་ དང་། གཞིས་ཆགས་ཁག་ ༤༠ བརྒལ་བ་ཟུར་བརྩུགས་དགོས་པའི་རྒྱུ་མཚན་གལ་ཆེ་འདི་རེད།
    དེ་ནས་རིམ་བཞིན་ང་ཚོར་ཟློག་ཏུ་མེད་པའི་ཁོར་ཡུར་དང་བསྟུན་དགོས་སྟབས་མ་སྐུལ་མ་སྦྱང་པར་རང་བཞིན་གྱི་སེམས་དུ་ཕྱི་རྒྱལ་སྐད་བེད་སྤྱོད་བཏང་ཤོར་གྱི་ཡོད་པ་རེད་མ་གཏོགས་རང་གི་སྐད་ཡིག་ལ་སྣང་ཆུང་དུ་བཏང་པ་ཞིག་མ་རེད། རྒྱ་གར་བལ་ཡུལ་ནང་ནས་ཕྱི་རྒྱལ་ཨ་རི་དང། ཀེཎཀྲ་སོགས་ནང་
    མི་འདོད་བཞིན་དུ་བསླེབས་མཁན་གྱི་ཕྲུག་གུ་ཚོ་དང་། ས་གནས་སུ་སྐྱེས་པའི་ཕྲུ་གུ་ཚོ་ཕྱི་རྒྱལ་སློབ་གྲར་གཏོང་དགོས་ཀྱི་ཡོད་པ་མ་གཏོགས་ བོད་པའི་སློ་གྲ་ཟུར་དུ་མེད་དུས་བོད་ཀྱི་སྐད་ཡི་སློབ་རྒྱུའི་ཐབས་ལམ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་་་་སྐད་ཡིག་ར་མ་ལུག མ་ཚད་་མི་རིགས་ར་མ་ལུག་
    ཆོས་ལུགས་ར་མ་ལུག ལྟ་སྒྲུབ་ར་མ་ལུག་ གྱོན་དགོས་ར་མ་ལུག་སོགས་མང་པོ་ཡོད་པ་རེད།
    བྱེད་དགོས་པ་རེད། གལ་ཆེ་རེད་ཤ་སྟག་བཤད་བསྡད་པ་འདིའི་དགོས་པ་ཅང་མི་འདུག་
    ཐབས་ལམ་འདི་རེད་་་་་འདི་འདུག་ མཐུན་རྐྱེན་འདི་ཡོད་ཆེས་བཤད་རྒྱུ་ཅང་མི་འདུག་་ཨ་རོག་ཡ་།
    ཚང་མ་ཁ་སྟོང་རེད་འདུག་

  2. ཨ་ཁུ་འབྲོག་པ། says:
    2016-06-16 at 8:03 am

    ཨོ། ཀཻ། འཇིགས་མེད་ལགས་ངར་བཞག། རང་གི་བུ་ཕྲུག་རྣམས་བོད་སྐད་བརྗེད་གྲབས་ཡོད་པ་མ་རེད་དམ།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-16 at 6:30 pm

    ཧཧཧཧ་་་་་འབྲོག་པ་ནི་འབྲོག་རྒན་རང་རེད་འདུག་་་་་ཁ་ཐུག་དེ་འདྲ་ལབ་རྒྱུ་ཡོད་མ་རེད་གདའ། དེང་སང་ཚང་མ་ཆབ་སྲིད་པར་གྱུར་ཡོད།

  4. ཨ་ཁུ་འབྲོག་པ། says:
    2016-06-17 at 7:27 am

    ཏྲེ་ཧོར་བྱམས་རིན། ཁྲེལ་གད་ཤོར་དོན་ཅི་འདུག འབྲོག་རྒན་ཇི་ལྟར་ཐབས་རྡུགས་ཀྱང་། དྲང་གཏམ་ངོ་ལྐོག་མེད་པར་སྨྲ་བ་ལས། ཁྱོད་ལྟར་གཡོ་སྒྱུ་ཁྲམ་གསུམ་ཁོ་ནས་ས་འོག་དར་ཐག་བཏང་སྟེ། འཐེན་འཁྱེར་དཀྲུགས་ཤིང་རྒྱག་གི་མེད་དོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme