Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་སྩལ་བའི་བཀའ་སློབ།

Posted on 2016-06-142016-06-14 By ཁ་བརྡ 9 Comments on ༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་སྩལ་བའི་བཀའ་སློབ།

 

སྤྱི་ནོར་༸གོང་ས་༸སྐྱོབས་མགོན་ཆེན་པོ་མཆོག་གིས་ཨ་རིར་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བ།

༄༅། །ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་བྷེན་ཌར་ཨེ་རི་ན་ Bender Arena ཞེས་པའི་ཚོགས་ཁང་ཆེན་མོའི་ནང་བོད་རིགས་རྣམས་ལ་བཀའ་སློབ་སྩལ་ཡོད།

དེ་ཡང་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་གྷེ་རི་ Richard Gere ལགས་རྣམ་གཉིས་ཀྱིས་༸གོངས་མཆོག་སྡིངས་ཆའི་སྟེང་གདན་ཞུ་གནང་བ་དང་ལྷན་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཇིགས་མེད་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་བསྟུན། ས་གནས་བོད་རིགས་སློབ་ཕྲུག་ཕོ་མོ་རྣམས་ཀྱིས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག ཅེས་པའི་བོད་ནས་བརྩམས་པའི་གླུ་གཞས་གཟིགས་འབུལ་ཞུས་ཡོད། དེ་རྗེས་ལྕམ་ནེན་སི་པེ་ལོ་སི་མཆོག་དང་སྐུ་ཞབས་རི་ཆ་ཌི་གྷེ་རི་ལགས་རྣམ་གཉིས་ནས་ཀྱང་གསུང་བཤད་གནང་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་རིགས་ཚོར་བཀའ་སློབ་སྩལ་དོན།31

ཁྱེད་རང་ཚོ་མང་པོ་ཞིག་ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས། གཉིས་ནས་བདོ་དང་ས་ཐག་རིང་པོའི་ས་ཆར་བསླེབས་ནས་དེང་དུས་ཀྱི་ཤེས་ཡོན་དང་དངོས་པོའི་མཐུན་རྐྱེན་ཡག་པོ་ཡོད་པའི་ལུང་པར་བསླེབས་ཡོད། ཁྱེད་རང་ཚོ་དུས་ཡུན་གང་ལ་གང་ཙམ་ཕྱིན་ཡོད་ཀྱང་། བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརྗེད་པར་གནས་ཡོད། ཁྱེད་རང་ཚོ་ལོ་རྒན་པ་ཚོས་ལས་བསྡོམས་ནང་གསལ་བ་ལྟར། བོད་ཡིག་དང་བོད་སྐད་སློབ་སྦྱོང་སྤྲད་རྒྱུ་དཀའ་ངལ་འཛེམས་མེད་ཐོག་སེམས་ཁུར་བླངས་པ་དེར་རྗེས་སུ་ཡི་རང་ཡོད། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་གིས་རང་མགོ་གང་ཐོན་བྱེད་རྒྱུ་ཞིག་ཆགས་མེད། བོད་མི་ས་ཡ་དྲུག་ཙམ་གྱི་མི་རིགས་ཀྱི་དཀའ་ངལ་འཕྲད་སྐབས། ང་ཚོ་རང་དབང་ལུང་པར་བསླེབས་ནས་སོ་སོ་རང་དབང་གི་ཐོག་ནས་སོ་སོས་བྱེད་ཐུབ་ན་བྱེད་རྒྱུ་ཡོད་པའི་གནས་སྐབས་དེར་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་ཧུར་ཐག་འབད་ཐག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་སྐད་ཡིག་འདིར་རྩིས་པ་ཡིན་ན།་དངོས་གནས་དྲང་གནས་ངོས་རང་ད་ལྟ་ངོས་རང་ལོ་ ༨༡ བསླེབས་ཡོད། བཙན་བྱོལ་བ་ཆགས་ནས་རྒྱ་གར་ལ་བསླེབས་རྗེས་མི་སྣ་འདྲ་མིན་ཐུག་ཡོད། ནང་པའི་ཡུལ་གྲུག་ཁག་ནས་མཁས་དབང་སོགས་མང་པོ་ཞིག་དང་མཇལ་མྱོང་། སྤྱིར་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གཙོ་བོ་རིགས་པའི་ལམ་ནས་གཞི་དང་ལམ། འབྲས་བུའི་རྣམ་གཞག་གཏན་ལ་ཕབ་ཡོད། བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་དང་ཡང་ན་ལུང་ལ་འདི་ལྟར་ཡོད་པ་རེད། ཅེས་ལུང་ཙམ་ལ་ཆ་མ་བཞག་པར་རིགས་པའི་ལམ་ནས་གཏན་ལ་ཕབ་རྒྱུ་ཞིག་ཡོད། དཔེར་ན། ངོས་རང་སྔ་མོ་བྷེང་ཀོག་ནང་གི་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཡོད་པ་དེར་འགྲོ་མྱོང་། ལོ་གསུམ་བཞི་གོང་དུ་གཙུག་ལག་སློབ་གྲྭ་དེའི་མཁས་དབང་དང་དགེ་སློང་འདུལ་བ་འཛིན་པ་འགའ་ཤས་འདུག

ང་ཚོ་ཐུག་སྐབས་བདེན་བཞི་མི་རྟག་སོགས་བཅུ་དྲུག་སྐོར་དང་བྱང་ཕྱོགས་སོ་བདུན་གྱི་ལམ་གྱི་འགྲོ་སྟངས་སྐོར་བཀའ་མོལ་བྱུང་ཡོད། དེ་ཐེག་པ་ཐུན་མོང་བ་རེད། སྐབས་དེར་ངོས་ཀྱིས་པཱ་ལི་གཞུང་ནང་བདེན་བཞི་མི་རྟག་སོགས་བཅུ་དྲུག་ནང་འགྲེལ་བཤད་སྐྱོན་སྐབས། གཙོ་བོ་ལུང་ལ་བརྟེན་ནས་འགྲེལ་བཤད་སྐྱོན་གྱི་ཡོད་དམ་ཡང་ན་རིགས་པར་བརྟེན་ནས་འགྲེལ་བཤད་སྐྱོན་གྱི་ཡོད་དམ། ཞེས་བཀའ་འདྲི་ཞིག་ཞུས་པ་ཡིན། ཁོང་ཚོས་བཅོམ་ལྡན་འདས་ཀྱི་བཀའ་སྡེ་སྣོད་གསུམ་ལུང་ལ་བརྟེན་ནས་འགྲེལ་བཤད་རྒྱག་གི་ཡོད། ཅེས་གསུངས་པ་རེད། སྐབས་དེར་ངོས་ཀྱིས་ཁོང་ཚོར་གང་ཡང་མ་ཞུས། འོན་ཀྱང་ངོས་ཀྱིས་བསམ་བློའི་ནང་ལེགས་སྦྱར་གྱི་གཞུང་། དཔེར་ན། སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་ཚད་མ་སྒྲུབ་པའི་ལེའུའི་ནང་བདེན་བཞི་མི་རྟག་སོགས་བཅུ་དྲུག་དེ་དག་གསུང་སྐབས་རིགས་པའི་སྒྲུབ་བྱེད་བཀོད་ནས་གསུངས་ཡོད། དེ་དང་དེ་འདྲ་བའི་གཞུང་མང་པོ་ཞིག་གི་ནང་རིགས་པས་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རྩི་གི་ཡོད། རྩིས་དགོས་དོན་དེ་ཡང་བཅོམ་ལྡན་འདས་ཀྱི་ལུང་ནང་། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་ཡོད། བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་དང་མཁས་དབང་ཚོས་བཅོམ་ལྡན་འདས་ཀྱི་བཀའ་རེད། ཅེས་དད་པ་དང་ཡིད་ཆེས་བྱས་ནས་ཁས་བླངས་དགོས་མ་རེད། བཅོམ་ལྡན་འདས་ཀྱི་བཀའ་གནང་བ་དེར་ཞིབ་འཇུག་དང་ཚོད་བལྟ་བྱས་ནས་ར་འཕྲོད་པ་ཞིག་ཡོང་གི་འདུག་ན། ཁས་ལེན་བྱོས། ཞེས་གསུངས་ཡོད། དེར་བརྟེན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་དཔལ་ནཱ་ལེནྡྲའི་མཁས་དབང་ཚོས་བཅོམ་ལྡན་འདས་ཀྱི་བཀའ་ལའང་སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་བ་དང་མི་རུང་བ་གཉིས་སུ་ཕྱེ་ནས། སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་དང་མི་རུང་ཤོད་སྐབས་ལུང་ལ་བརྟེན་ནས་བཤད་དགོས་བྱུང་ན་ལུང་དེ་ཡང་སྒྲ་ཇི་བཞིན་པར་ཡིན་མིན་ལུང་གཞན་ལ་བརྟེན་དགོས་བྱུང་ན་ཐུག་མེད་དུ་འགྲོ་རྒྱུ་རེད།

དེར་བརྟེན་ལུང་གང་ཞིག་སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་དང་མི་རུང་རིགས་པ་འབའ་ཞིག་ལ་བརྟེན་ནས་བཤད་རྒྱུ་རེད། དེར་བརྟེན་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ལྟ་བུ་ཞིག་གི་ཐོག་ནས་རིགས་པའི་ལམ་ལ་བརྟེན་ནས་བརྟག་དཔྱད་དང་། ཚོད་ལྟ་བྱས་ནསའགྲོ་རྒྱུ་ཡོད་པ་དེའི་བདག་པོ་རྒྱག་མཁན་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག གཉིས་ནས་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལྟ་བུ་བོད་ཡིག་ནང་ཆ་ཚང་ཡོད། རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་འཕྲོས་པ་ཡན་ལག་ལྟ་བུ་བསྟན་བཅོས་བཞི། ཞེས་ཚད་མ་སྡེ་བདུན་ཆ་ཚང་བོད་ཡིག་ནང་ཡོད། ཡོད་པ་ཙམ་དུ་མ་ཟད། རྩ་བ་བློ་འཛིན་བྱས་ནས་འགྲེལ་བ་དེ་དག་ཚིག་རེ་རེར་འགྲེལ་བ་བརྒྱབ། དེ་ཡང་རིགས་ལམ་གྱི་སྒོ་ནས་དཔྱད་པ་བྱེད་རྒྱུ་དེ་བོད་པ་ཁོ་ནར་མ་གཏོགས་སུ་ལའང་མེད། དེ་ལྟ་བུའི་འགྲེལ་བཤད་རྒྱག་རྒྱུར་བོད་ཡིག་དེ་ལེགས་སྦྱར་གྱི་སྐད་དང་ཐག་ཉེ་ཤོས་དང་། ལེགས་སྦྱར་ནས་ཚུར་བསྒྱུར་རྒྱུའི་སྒྱུར་བཟང་ཤོས་དེ་བོད་ཡིག་གི་སྒྱུར་ཆགས་ཡོད། དེ་ནི་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་སྐྱེས་དགོས་པ་ཞིག་ཡིན། ངོས་རང་ལྟ་བུར་ཆ་བཞག་ན། དེང་དུས་ཀྱི་ཤེས་ཡོན་གྱི་ཐོག་གང་ཡང་ཤེས་ཀྱི་མེད། གཞུང་ཆེན་སོགས་ལའང་ངོས་ཀྱིས་དེ་ཙམ་དཀའ་ལས་བརྒྱབ་མེད། ངོས་རང་ཆུང་དུས་སྐབས་སློབ་སྦྱོང་བྱེད་རྒྱུར་ཧ་ཅང་སྒྱིད་ལ་ཉེས་པོ་ཡིན། འོན་ཀྱང་ངོས་ལ་རིག་པ་ཡག་པོ་ཡོད། དེ་ལྟར་བྱས་ཏེ་ངོས་ཀྱིས་ཕྲན་བུ་ཤེས་ཀྱི་ཡོད། ཚན་རིག་པ་ཐེ་བས་མཁས་དབང་སུ་འདྲ་ཞིག་དང་ཐུག་ཀྱང་དེར་ཞུམ་དགོས་པ་དང་གང་འདྲ་ཞིག་བྱེད་ཡོང་བསམ་པའི་དངངས་སྐྲག་ཁྱོན་ནས་སྐྱེས་ཀྱི་མི་འདུག དེ་ངོས་རང་ལྷག་པ་དེ་འདྲ་གང་ཡང་མིན། ང་ཚོར་ཡོད་པའི་མཁན་ཆེན་ཞི་བ་འཚོས་ཐོག་མར་ངོ་སྤྲོད་གནང་ནས་ནཱ་ལེནྡྲའི་མཁས་དབང་ཚོས་སློབ་སྦྱོང་བྱེད་སྟངས་ནང་བཞིན་ཞིག་ང་ཚོར་བསླབ་ནས་དེ་ལྟ་བུའི་ཐོག་ཕྱིན་པ་དེས་ང་ཚོའི་རིག་པ་གསལ་པོ་དང་རྣམ་དཔྱོད་དེ་ཤེས་བྱའི་གནས་ཚུལ་གང་དུ་བལྟས་ཀྱང་གང་ཙམ་ཕྱོགས་བསྡོམས་བརྒྱབ་ཐུབ་རྒྱུ་དང་། ལྷག་པར་ཚད་མ་རིག་པ་བསླབས་ཡོད་སྟབས། འདི་ཡིན་ན་འདི་ཡིན་དགོས། ཞེས་ཕན་ཚུན་འགྲེལ་བ་བཙལ་ནས་བསྡོམས་རྒྱག་རྒྱུ་དེ་གཞན་དང་མི་འདྲ་བ་ཞིག་ཡོང་ཐུབ་ཀྱི་ཡོད།

དེར་བརྟེན་ང་ཚོ་བོད་རིགས་ཚོས། ད་ཆ་ང་ཚོའི་མེས་པོ་ཚོས་དཀའ་ལས་བརྒྱབ་སྟེ་ཐོག་མར་བོད་ཡིག་ནང་ཚུར་བསྒྱུར། བར་དུ་ལོ་བརྒྱ་ཕྲག་མང་པོོ་བདག་པོ་བརྒྱབ་ནས་ཡོད་པ་དེ་དེང་སང་གི་དུས་ཚོད་འདིར་ནང་པ་ཙམ་ལ་མ་ཡིན་པར། སྤྱིར་བཏང་ཆོས་དད་མེད་མཁན་ཚོ་ལ་ཡིན་ནའང་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་རྟེན་འབྲེལ་ལྟོས་གྲུབ་ཀྱི་རྣམ་གཞག་གིས་ཆོས་དད་མེད་མཁན་ཚོ་ལའང་ཕན་ཐོགས་ཡོང་ཐུབ། དེང་སྐབས་ཚན་རིག་པ་མང་པོས་དེར་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་ནོར་བུ་དེ་ང་ཚོར་ཡོད་སྟབས། དེ་ང་ཚོས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་རྩ་བ་བོད་ཡིག་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་ཕྲུ་གུ་ཆུང་ཆུང་དེ་ཚོར་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་ཧ་ཅང་ཡག་པོ་བྱུང་འདུག

ངོས་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་ནོར་བུ་གླིང་ག་ནས་བྲོས་ཡོང་བ་ཡིན། སྐབས་དེར་བསམ་བློའི་ནང་སང་ཉིན་ཉི་མ་འཆར་བ་མཐོང་རྒྱུ་ཡོང་ངམ་མི་ཡོང་ལྟ་བུའི་གནས་སྟངས་འོག་ནས་ཧ་ལམ་སོ་སོའི་སྲོག་མགོ་ཐོན་རྒྱུ་བྱས་ནས་ཡོང་བ་ཞིག་ཡིན། དེ་ནས་རྒྱ་གར་ལ་བསླེབས་ནས་ལོ་ཁ་ཤས་ཤིག་གི་རིང་ང་ཚོ་བཙན་བྱོལ་ལ་ཡོད་པ་དེ་དག་གིས་རང་ཁ་རང་གསོ་ཐུབ་རྒྱུར་འབད་བརྩོན་བྱས་ནས་བསྡད་པ་ཡིན། དེ་ནས་རིམ་པས་སློབ་གྲྭ་འཛུགས་རྒྱུ་སོགས་བྱས་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་བསླབ་རྒྱུ། དེ་བཞིན་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ཚུགས་ཏེ་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་ཡོད་པ་སོགས་བྱུང་ཡོད། ཧ་ལམ་ལོ་སྟོང་ཕྲག་རིང་ནས་ཡོད་པའི་ང་ཚོའི་གཅེས་ནོར་བདག་པོ་བརྒྱབ་ནས་བསྡད་པ་རེད། དེ་ནས་ཕྱི་ལོ་ ༡༩༧༣ ལོར་ཐོག་མར་ངོས་རང་ཡུ་རོབ་ལ་བསླེབས་པ་རེད། ཕྱི་ལ་བལྟས་པ་ཡིན་ན་ཁྲ་ཁྲ་ཟིང་ཟིང་འདུག་ཀྱང་སེམས་སྐྱིད་པོ་ཡོད་མེད་ཐེ་ཚོམ་ལྟ་བུ་འདུག ཕྱི་ལོ་ ༡༩༧༩ ལོར་ཨ་རིར་བསླེབས་པ་ནས་བཟུང་ངོས་ལ་ངོ་ཤེས་པ་མང་པོ་ཆགས་སྟབས། སེམས་ཁམས་རིག་པའི་གནས་ཚུལ་ཤེས་པའི་ཐོག་ནས་སེམས་དང་སེམས་བྱུང་གི་འགྲོ་སྟངས་ཡག་པོ་ཤེས་པའི་ཐོག་ནས་སེམས་དཀྲུག་མཁན་གྱི་རིགས་དེར་གཉེན་པོ་བསྟེན་སྟངས། སེམས་ལ་ཕན་ཐོགས་ཡོད་མཁན་རིགས་དེ་དག་འཆར་གཞི་ལྡན་པའི་ཐོག་ནས་ཡར་རྒྱས་གང་འདྲ་གཏོང་དགོས་ཡོད་མེད་མ་ཤེས་པའི་སྐྱོན་ཧ་ཅང་འདུག ད་ཆ་བོད་པས་ལོ་སྟོང་ཕྲག་རིང་ནས་ཉར་ཚགས་བྱས་ཏེ་བདག་པོ་བརྒྱབ་པ་དེའི་ནང་ནས་མིའི་སེམས་དང་སྤྱི་ཚོགས་དང་སྤྱིར་བཏང་གི་འབྲེལ་བ་ཡོད་པ་དེ་འཛམ་གླིང་འདིའི་སྒང་ཕར་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་དང་ཆ་རྐྱེན་ཞིག་ཡོད་པ་ལྟ་བུ་འདུག དེར་བརྟེན་ང་ཚོས་ད་བར་བདག་ཉར་བྱས་པ་དེ་ད་ཆ་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་ལྟ་བུ་མཐོང་གི་འདུག ཁྱེད་རང་ཚོ་བོད་རིགས་ཚོས་སེམས་ཤུགས་སྐྱེས་ནས་སོ་སོའི་མི་རིགས་ལ་སྤོབས་པ་བྱས་ནས་ཚང་མས་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ཆབ་སྲིད་ཀྱི་ཐོག་ནས་རྩིས་ན་ང་ཚོས་ཡང་དག་པའི་མང་གཙོའི་ལམ་ལ་ཕྱིན་པ་རེད། མདོར་ན་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་ཞིག་ཡོད་པ་དེ་ཕྱི་ལོ་ ༢༠༡༡ ལོ་ནས་ངོས་ཀྱིས་ལུགས་སྲོལ་དེ་མཚམས་བཅད་པ་རེད། མ་འོངས་པར་ང་ཚོ་མང་གཙོ་རང་གི་སྟེང་འགྲོ་རྒྱུ་རེད་མ་གཏོགས། ༸རྒྱལ་དབང་གོང་མ་ཚོས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་རེད། ཅེས་བཤད་རྒྱུ་མེད་པ་ཞིག་ངོས་ཀྱིས་དུས་ཚོད་དེ་མཚམས་བཅད་པ་ཡིན། མཚམས་རེ་ངོས་ཀྱིས་བསྟན་བཤིག་རྩེད་དེ་༸གོང་ས་ལྔ་པ་ཆེན་པོས་སྲོལ་གཏོད་པ་དེ་སྐུ་ཕྲེང་བཅུ་བཞི་པའི་མིང་ཡོད་པ་འདིས་མཇུག་རྫོགས་པ་རེད། གལ་ཏེ་༸གོང་ས་ལྔ་པ་ཆེན་པོ་བསྐྱར་དུ་ཕེབས་ན་ག་རེ་གསུང་གྲབས་ཡོད་ན། འོན་ཀྱང་༸གོང་ས་ལྔ་པ་ཆེན་པོ་བསྐྱར་དུ་ཡོང་བའི་ཉེན་ཁ་མེད་སྟབས། ངོས་རང་གང་བྱེད་རེད། ཅེས་བརྗོད་ཀྱི་ཡོད། གང་ལྟར་ང་ཚོས་དུས་ཚོད་དང་རྗེས་ཟིན་པ་བྱས་ཏེ་འགྲོ་བཞིན་ཡོད། ང་ཚོར་ལེགས་ཆ་ཡོད་པ་དང་འཛམ་གླིང་འདིའི་སྒང་ཕན་ཐོགས་ཡོད་པ། ངོམས་སུ་ཆོག་པ་དེ་བདག་པོ་ཡག་པོ་བརྒྱབ་ནས་ཡར་རྒྱས་གཏོང་དགོས། དུས་ཚོད་ཡོལ་ཚར་བའི་ལམ་དང་ལུགས་སྲོལ་ཡོད་པ་དེ་དག་དུས་ཚོད་དང་མཐུན་པའི་ཐོག་ནས་རྗེས་ཟིན་ཐུབ་པ་དང་འགྱུར་བ་གཏང་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སྔར་ང་ཚོས་མ་བྱས་པ་དེང་སང་ཕན་ཐོགས་ཡོད་པ་དང་དགོས་མཁོ་ཡོད་པ་དེ་ཚོ་གྲས་ང་ཚོས་སྔར་ལམ་ཡིན་ཞེས་བཤད་རྒྱུ་མེད། དུས་ཚོད་ལིའུ་རྫོགས་ཟིན། སྔར་མ་བྱེད་པ་ཞིག་ཡིན་ནའང་སྔར་བྱེད་ཀྱི་མེད། ཅེས་མ་བྱས་ནས་སྡོད་རྒྱུ་མིན་པར་དགོས་མཁོ་འདུག་ན་ང་ཚོས་བསྒྲུབ་དགོས། ཞེས་བཀའ་སློབ་སྩལ་ཡོད།།

གསར་འགྱུར།

Post navigation

Previous Post: བོད་རྒྱལ་གནམ་གྱི་ཁྲི་བདུན་སྐབས་ཐུབ་པའི་བསྟན་པ་བོད་དུ་ཕེབས་མྱོང་བའི་སྐོར་གྱི་དཔྱད་པ།
Next Post: རྩ་མི་སངས་རྒྱས་གྲགས་དཔལ་ནཱ་ལེནྡྲའི་མཁན་པོར་ཕེབས་མྱོང་ངམ།

Comments (9) on “༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་སྩལ་བའི་བཀའ་སློབ།”

  1. ཆུ་ལྷ་མོ། says:
    2016-06-14 at 9:42 pm

    ཡིད་བཞིན་ནོར་བུས་རྙེད་པར་དཀའ་བའི་བཀའ་སློབ་སྩལ་ནས་འཛམ་གླིང་མི་མང་གི་སེམས་ཞི་བ་དང་སྤྱི་ཚོགས་མཐུན་ལམ་དུ་འགྱུར་བཞིན་ཡོད་ནའང་ཡིད་བཞིན་ནོར་བུའི་སྐུ་གམ་དུ་བཅར་ནས་དུས་དང་རྣམ་པ་ཀུན་ཏུ་ཆོས་གནང་སར་དད་གུས་ཆེ་མདོག་གིས་བཅར་མཁན་སྐལ་ལྡན་བློ་གྲོས་སེམས་འདུལ་རྒྱུ་ལྟ་གཅིག་ཁོང་ཁྲོ་དང་ངར་རྒྱལ་ཆེ་རུ་ཆེ་རུ་དང་ཡིད་བཞིན་ནོར་བུ་མཆོག་དང་བོད་མི་མང་དབར་ལ་དཀྲུག་མཁན་ཨ་མ་ཁོ་རེད་

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-15 at 2:15 am

    སྐལ་ལྡན་བློ་གྲོས་མྱི་འདི་དྭོགས་གཞི་ཅན་ཞིག་ཡིན་པར་སྔོན་ནས་བསམ་གྱི་ཡོད་གདའ།

  3. ཆུ་ལྷ་མོ། says:
    2016-06-15 at 4:17 am

    སྐལ་ལྡན་བློ་གྲོས་ཕྱི་ཚུལ་ནས་ལྟས་ན་ཡིད་བཞིན་ནོར་བུར་དད་པ་ཆེ་མདོག་ཡོད་ཀྱང་རྒྱལ་བ་གང་སར་ཞབས་ཀྱི་བཅག་སར་མཐོང་རྒྱུ་ཡོད་། འོན ཀྱང ཁོང་ནི་རྒྱལ་བའི་སྙན་ལ་མི་གཅིག་གཅིག་དོད་རྒྱལ་བསྟེན་མཁན་རེད་ཟེར་བ་། མི་གཅིག་གཅིག་རང་བཙན་ལྟ་བ་འཛིན་མཁན་རེད་ཟེར་བ་། གཅིག་གཅིག་རྒྱལ་བ་རིན་པོ་ཆེ་ལ་དགའ་པོ་ཡོད་མ་རེད་ཟེར་བ་སོགས་ཞུས་ནས་རྒྱལ་བའི་དགོངས་པ་དཀྲུག་མཁན་དང། བོད་མི་དེ་ཚོའི་ཁྱིམ་ཚང་དཀྲུག་མཁན། སྤྱི་ཚོགས་དཀྲུག་མཁན་གྱི་མི་ཉེས་ཅན་པ་རེད་། ཁོང་བོད་མིེར་སྐྱེས་པ་ནི་ང་ཚོའི་ཆག་གོ་ཆེ་ཤོས་དེ་རེད་། ཡིད་བཞིན་ནོར་བུ་མཆོག་གིས་དུས་རྟག་ཏུ་ཁྱིམ་ཚང་མཐུན་པོ་དང་། སྤྱི་ཚོགས་མཐུན་པོ་བྱེད་དགོས་པའི་བཀའ་སློབ་གནང་གི་ཡོད་ཀྱང་ཁོའི་ཁྱིམ་ཚང་ཁ་ཐོར་བཏང་། ཁོ་ར་སྤྱི་ཚོགས་ནང་གྲོང་མེད་ཁྱེར་རྐྱང་ལུས་པའི་གནས་བཏང་དེ་ཁོ་རའི་རང་གཤིས་རྩུབ་པོ་དང་སྤྱོད་པས་བཟོས་པ་རེད་།

  4. བུ་རབ། says:
    2016-06-15 at 6:22 am

    ཡང་ཆུ་ལྷ་མོ་ཟེར་པའི་གདོན་གཟུགས་གཅིག་སླེབས་འདུག དོན་མེད་མི་ལ་ཁ་བཏང་། བོད་སྤྱི་ཚོགས་དཀྲུག་ཐབས་བྱེད་གྱི་འདུག དྭོགས་ཟིན་གྱིས།

  5. བསེ་རུ་ཟང་ཐལ། says:
    2016-06-15 at 10:10 am

    བོད་མོ་ཚོ་སྐལ་ལྡན་བློ་གྲོས་ཟེར་བའི་རྣམ་གྲྭའི་གྲྭ་ལོག་འདི་ལ་དོྭགས་ཟོན་ངེས་པར་བགྱི་དགོས། ད་དུང་སྡོད་མ་འཚུགས་ཤིང་གསང་རྣམ་མང་པོ་ཤོད་རན་གདའ། ལྷ་བཞུགས་སར་བདུད་དངོས་གནས་པ་འདི་ཚོ་རེད།།

  6. ཛ་ཆུ་ཁའི་ཕོ་ཉ། says:
    2016-06-15 at 2:19 pm

    ཆུ་ལྷ་མོ་དང་ཏྲེ་ཧོར་བྱམས་པ་རིན་ཆེན་ཟེར་བ་འདི་གཉིས་མྱོ་ཡོད་ཤག སྐལ་ལྡན་བློ་གྲོས་ལགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་གང་ཞུ་ཡི་ཡོད་མེད་ཤེས་ཀྱི་ཡོད་མདོག ཧཧཧཧ ༧གོང་ས་མཆོག་གི་གམ་བཅར་ཞུ་རྒྱུ་ལས་སླ་པོ་མེད། ཅི་སྟེ་ཁོང་ལ་སྙན་སེང་གང་ཞུས་ཀྱང་ཁུངས་ལུང་མེད་པ་ཞུ་མདོག་ཁ་པོ་མ་རེད་ལ་ཞུས་ཀྱང་ག་ལ་འགྲིག སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱབ་མཁན་ཆུ་ལྷ་དང་ཏྲེ་བྱམས་ཁྱེད་གཉིས་རེད་འདུག་གདའ།

  7. ཁྱུང་སྲས། says:
    2016-06-16 at 12:29 am

    http://gyarikthar.blogspot.in/2016/06/blog-post_15.html
    ༄༅།།
    འཕགས་པ་མ་ཕམ་ཡང་དག་དམ་པ་ཁྱེད།།
    འཇིགས་རྟེན་ཁྱོན་ན་བ་དན་བཞིན་དུ་བསྐྱོད།།
    སྙིང་རྗེ་འོ་མཚོ་ཕྱོགས་སུ་གཏམས་པ་ཡིས།།
    རྐང་གཉིས་འགྲོ་ལ་ཞི་བདེའི་མར་ལོ་སྤྱིན།།

    རྟ་མཆོག་ཁྲོས་པའི་བཀའ་རྩ་བཏབ་པ་ཡི།།
    གདོང་དམར་དཔུང་གི་ཁྱིམ་གཞིས་དྲོན་མོ་དེ།།
    མི་སྲིན་སྒྱོགས་ཀྱིས་ཡོངས་སུ་གཏོར་ན་ཡང་།།
    མཐའ་གཉིས་བྲལ་བ་ཉིད་ནི་རྒྱལ་དར་བཞིན།།

    སྐྱེ་དགུའི་བདག་པོ་བོད་མིའི་ངོ་བོ་ཉིད།།
    ལྷ་མོ་དོན་འགྲུབ་བསྟན་འཛིན་རྒྱ་མཚོ་ཁྱེད།།
    འགྲོ་བའི་དེད་དཔོན་བཅུ་གཅིག་ཞལ་བཟང་སྟེ།།
    རྫི་བོ་ལྟ་བུའི་སངས་རྒྱས་མིན་ན་སུ།།

    ཆགས་ཐོགས་བླུན་བྲལ་བརྗོད་པའི་ཆོ་འཕྲུལ་སྟོན།།
    གང་ལ་གང་མཁོ་དེ་ལ་དེ་སྟོན་པ།།
    བཙུན་པ་སྤྱན་རས་གཟིགས་ཀྱི་བྱིན་མཐུ་ཡིས།།
    བོད་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཤོག།
    Posted by ཁྱུང་སྲས། at 5:27 AM

  8. ཁྱུང་སྲས། says:
    2016-06-16 at 12:31 am

    ༄༅།།
    འཕགས་པ་མ་ཕམ་ཡང་དག་དམ་པ་ཁྱེད།།
    འཇིགས་རྟེན་ཁྱོན་ན་བ་དན་བཞིན་དུ་བསྐྱོད།།
    སྙིང་རྗེ་འོ་མཚོ་ཕྱོགས་སུ་གཏམས་པ་ཡིས།།
    རྐང་གཉིས་འགྲོ་ལ་ཞི་བདེའི་མར་ལོ་སྤྱིན།།

    རྟ་མཆོག་ཁྲོས་པའི་བཀའ་རྩ་བཏབ་པ་ཡི།།
    གདོང་དམར་དཔུང་གི་ཁྱིམ་གཞིས་དྲོན་མོ་དེ།།
    མི་སྲིན་སྒྱོགས་ཀྱིས་ཡོངས་སུ་གཏོར་ན་ཡང་།།
    མཐའ་གཉིས་བྲལ་བ་ཉིད་ནི་རྒྱལ་དར་བཞིན།།

    སྐྱེ་དགུའི་བདག་པོ་བོད་མིའི་ངོ་བོ་ཉིད།།
    ལྷ་མོ་དོན་འགྲུབ་བསྟན་འཛིན་རྒྱ་མཚོ་ཁྱེད།།
    འགྲོ་བའི་དེད་དཔོན་བཅུ་གཅིག་ཞལ་བཟང་སྟེ།།
    རྫི་བོ་ལྟ་བུའི་སངས་རྒྱས་མིན་ན་སུ།།

    ཆགས་ཐོགས་བླུན་བྲལ་བརྗོད་པའི་ཆོ་འཕྲུལ་སྟོན།།
    གང་ལ་གང་མཁོ་དེ་ལ་དེ་སྟོན་པ།།
    བཙུན་པ་སྤྱན་རས་གཟིགས་ཀྱི་བྱིན་མཐུ་ཡིས།།
    བོད་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཤོག།
    Posted by ཁྱུང་སྲས། at 5:27 AM

  9. ཨ་ཁུ་འབྲོག་པ། says:
    2016-06-16 at 6:54 am

    དགོས་པའི་༧གོང་ས་མཆོག་གི་བཀའ་སློབ་ལག་བསྟར་བྱ་ཕྱོགས་ལ་བསམ་འཆར་ཚིག་གཅིག་མེད་པར། མི་དགོས་པའི་སྐལ་ལྡན་བློ་གྲོས་ལ་སྐྱོན་བརྗོད་ཡིན་ཁུལ་གྱིས་༧གོང་ས་མཆོག་དཀྲུག་ཤིང་ལ་གསན་གྱི་ཡོད་པར་བསྒྲུབ་ཐབས་བྱེད་མཁན་གྱི་དཀྲུག་ལྟེ་མི་རིགས་ཀྱི་གཤེད་མ་ཆུ་ཏྲེ་གཉིས་མུརྡ་བྷ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme