Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེས་པར་དུ་དོ་སྣང་བྱ་དགོས་པའི་ཁ་ནད་ཀྱི་བདེ་ཐང་།

Posted on 2016-06-122016-06-13 By འཚོ་བྱེད་བུ 7 Comments on ངེས་པར་དུ་དོ་སྣང་བྱ་དགོས་པའི་ཁ་ནད་ཀྱི་བདེ་ཐང་།

འཚོ་བྱེད་བུ་ཡིས་མཚམས་སྦྱོར་བྱས།

ནམ་རྒྱུན་འཚོ་བའི་ནང་དུ་ཁ་ལག་བཟའ་བའི་གོམས་གཤིས་ངན་པ་དང་ཁ་ལ་གཙང་སྦྲར་སྣང་མེད་བྱས་པའི་རྐྱེན་གྱིས།  ང་ཚོའི་ཉེ་འགྲམ་དུ་ཁ་ནད་ཀྱིས་སྡུག་བསྔལ་ཡུལ་དུ་མནར་བའི་མི་བུ་ཤིན་ཏུ་མང་། འོན་ཀྱང་མི་མང་པོས་སྔར་བཞིན་ཁ་ནད་དེར་ངོས་འཛིན་གསལ་པོ་ཞིག་བྱུང་མེད། མིག་སྔའི་ཞིབ་འཇུག་ལ་གཞིགས་ན། ཁ་ནད་ཀྱིས་ཁ་ནང་གི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། ད་དུང་ང་ཚོའི་གཟུགས་གཞིའི་བདེ་ཐང་ལའང་འགོག་རྐྱེན་བཟོ་སྲིད། དཔེར་ན། ཁའི་སྦུག་གི་ནད་འབུས་སྙིང་ནད་དང་། དབུགས་ལམ་ནད་ངན། ཀླད་པའི་ཁྲག་ལམ་གྱི་ནད་ངན། གཅིན་པ་མངར་སྐྱུར་གྱི་ནད་ངན་མང་པོ་རང་གི་ལུས་ཐོག་ཏུ་ཐོན་སྲིད། ཐ་ན་ང་ཚོའི་མི་རབས་རྗེས་མའི་འཚར་ལོངས་ལའང་ཤུགས་རྐྱེན་ཐེབས་ངེས། དེར་བརྟེན། ཁ་ནད་སྐོར་ང་ཚོར་མི་འགོས་པའི་ཆེད། ང་ཚོས་རྟག་ཏུ་དེའི་སྐོར་ལ་དོགས་ཟོན་བྱ་དགོས་པ་དང་། ཐབས་ལམ་ཡག་ཤོས་ནི་ཁ་ནང་གི་གཙང་སྦྲར་ཡིད་གཟབ་བྱ་དགོས་ལ་ཁ་ནད་ཀྱི་འབྲེལ་ཡོད་བདེ་ཐང་ཤེས་བྱ་ཡང་མང་ཙམ་སྦྱོང་དགོས་སོ།

Untitled

1. རྒྱུན་མཐོང་ཁ་ནད།

༡ སོ་རྙིལ་ནས་ཁྲག་བཞུར་བ།

སོ་རྙིལ་བདེ་ཐང་ཅན་ནི་ཚོས་མདོག་ཟིང་སྐྱ་དང་། སོ་རྙིལ་དེ་སོ་དང་མཉམ་དུ་གྲལ་སྒྲིག་པར་གནས་ཤིང་། མཆིལ་མས་བརླན་པས་འོད་མདངས་འཚེར་བ་ཞིག་ཡིན། འོན་ཀྱང་། མི་ལ་ལའི་སོ་རྙིལ་ནི་ཚོས་མདོག་དམར་ནག་ཡིན་ལ་རག་ཙམ་བྱེད་པ་ལས་ལམ་སེང་ཁྲག་བཞུར་གྱི་ཡོད།

གསལ་བརྡ་ཆུང་ཆུང།

འཚོ་བའི་ཁྲོད་སོ་འཁྲུད་པའི་སྐབས་སུ། སོ་ནས་ཁྲག་བཞུར་བ་ནི་སོ་རྙིལ་གཉན་ཚད་དང་འབྲེལ་བ་ཡོདཔས་པཀྲུ་མི་རུང་བ་མིན་སྟེ། དེ་ལས་ལྡོག་པ། ནན་ཏན་ངང་ག་ལེར་ག་ལེར་ཞིབ་ཚགས་ཀྱི་སྒོ་ནས་ཁྲག་བཞུར་དེ་འཁྲུད་དགོས། དེ་ལྟར་འཁྲུས་ན་ཕྱིས་སུ་ཁྲག་མི་བཞུར་བར་ཕན་ནུས་ཆེ།

༢ སོ་རུལ་པ།

སོ་རུལ་པའམ་སོ་སྲིན་དུ་འབོད་པ་ནི་ནམ་རྒྱུན་དུ་མངར་ཆ་མང་པོ་ཟོས་པ་དང་། དེ་བཞིན་འབུ་ཕྲ།  དུས་ཚོད། སྒེར་གྱི་རྒྱུ་རྐྱེན་སོགས་ལས་བྱུང་བ་ཞིག་རེད། སོ་རུལ་པ་ཚབས་ཆེན་ཡིན་ཚེ་བཅོས་ཁག་པར་འགྱུར་གྱིན་ཡོད།

Untitled1

གསལ་བརྡ་ཆུང་ཆུང།

མངར་ཆ་མང་བ་ཟོས་པས་ཙམ་གྱིས་སོ་རུལ་བ་ཞིག་མིན། དེ་ནི་མངར་ཆ་བཟའ་ཐེངས་མང་བས་རྐྱེན་ཡིན།

དེ་ཡང་སྐྱུར་ཆས་ནི་སོ་རྩི་རུལ་བའི་རྐྱེན་གཙོ་བོ་ཡིན་པས། དུས་རྒྱུན་ཐན་སྐྱུར་བཏུང་བྱ་དང་ཤིང་ཏོག་ཁུ་བ་འཐུང་དུས་ཡག་ཤོས་བྱུང་ན་ཆུ་འཇིབ་སྦུ་གུ་བེད་སྤྱོད་བྱ་དགོས། དེ་ནི་སྐྱུར་རྩི་དང་སོ་གཉིས་ཐད་དཀར་མི་འཕྲད་པར་ཕན་པས་སོ། དེར་བརྟེན་སྐྱུར་རྩིའི་རིགས་ཟོས་པའི་རྗེས་ཀྱི་སྐར་མ་སུམ་བཅུའི་གཡས་གཡོན་དུ་སོ་བཀྲུ་དགོས།

༣ ཁའི་དྲི་ངན།

སོ་མཐའ་རུལ་ནད་ནི་ཁྱབ་རྒྱ་ཆེ་བ་དང་། ང་ཚོས་རྒྱུན་དུ་མཐོང་བ་ནི་སོ་རྙིལ་གྱི་མཉེན་པའི་ཚོགས་དང་མཐོང་དཀའ་བའི་སོ་ཚང་རུས་པ། ཁའི་ཀློང་གི་སོའི་རུས་གཞི་ལ་སོགས་པ་ཚང་མ་སོ་མཐའི་ཁོངས་སུ་ཚུད་ཅིང་། འདིར་གཙོ་བོར་བརྗོད་པའི་སོ་རྙིལ་ལས་ཁྲག་བཞུར་བ། ཁའི་དྲི་ངན།སོའི་རྡེའུ་སྐྲན་སོགས་པ་ནི་སོ་མཐའི་ནད་ཀྱི་མངོན་ཚུལ་ཤ་སྟག་རེད།

གསལ་བརྡ་ཆུང་ཆུང

ཁ་དྲི་ངན་པའི་མིས་རང་ཉིད་ཀྱི་གནས་ཚུལ་ངོ་མ་དེ་ཤེས་དཀའ་བ་ཞིག་ཡིན་མོད། རང་གི་ཁ་ལ་བརྟག་པའི་ཐབས་ནི། ཁའི་དྲི་ངན་ནི་ལྕེའི་མདུན་ངོས་གསུམ་ཆ་གཉིས་ཀྱི་མཚམས་ནས་བྱུང་བས། ལྕེ་ཡིས་ལག་པའི་རྒྱབ་ལ་མཆིལ་མ་བྱུགས་པ་དང་དེ་སྐམ་པའི་རྗེས་སུ་དྲི་མར་བརྟག་དགོས་པ་ཡིན།

Untitled2

༤ སོའི་ཚོར་བ་རྣོ་བ།

སོའི་ཚོར་བ་རྣོ་བ་དེ་ནི་རྒྱུན་དུ་རང་ཉིད་ཀྱིས་ཚ་གྲང་ཆེ་བ་དང་། མཁྲེགས་པའི་བཟའ་རིགས་ཟོས་དྲགས་པས། གློ་བུར་དུ་སོའི་ཚོར་བ་ཉམས་པའི་རྐྱེན་ཡིན། དེ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་སོ་རུལ་བ་དང་སོ་འཁྲུད་བའི་ཐབས་ཤེས་མི་འགྲིག་པས་སོ།

དཔེར་ན། ཤུགས་ཆེན་པོས་སོ་འཁྲུད་པས་སོ་རྩི་ལ་སྐྱོན་ཤོར་བ་དང་། ཁྲག་བཞུར་བ་བཅས་ལས་སོའི་ཚོར་བ་རྣོན་པོར་འགྱུར་བ་རེད། གནད་དོན་སྐྱོན་ཆེ་བ་མི་བྱུང་ཡང་། ནམ་རྒྱུན་ཁ་ལག་བཟའ་བའི་ཁྲོད་དུས་ཚོད་རིང་པོ་སོང་ནས་སོ་བརྡར་བཟད་ཅན་དུ་འགྱུར་ནས་སོའི་ནུས་པ་ཉམས་སྲིད།

གསལ་བརྡ་ཆུང་ཆུང།

ཇ་ལོ་སྦང་མ་ཐག་དེ་སོའི་ཚོར་བ་རྣོ་ས་དེར་བྱུགས་ཚེ། སོའི་ཚོར་བ་དེ་སེལ་ཐུབ། ཚབས་ཆུང་བའི་ཚོར་བ་དེ་སོ་སྨན་གྱི་སེལ་ཐུབ་ཀྱི་ཡོད། གལ་སྲིད་ཚབས་ཆེ་བར་ཡོད་ཚེ་ཁ་ནད་ཀྱི་སྨན་པའི་ཆེད་སྦྱོར་སྨན་རིགས་ལ་བསྟེན་ནས་བཅོས་ན་ལེགས།

༥ སོའི་སྐྲན་ནད།

སོའི་འབུ་ཕྲ་ཐར་ཐོར་དེ་དང་སོ་རྙིལ་འབྲེལ་བ་ཡོད་པ་དང་། སོའི་སྐྲན་ནད་དང་འབུ་ཕྲ་ཡང་འབྲེལ་བ་ངེས་གཏན་ཞིག་ཡོད། སོའི་འབུ་ཕྲ་ཐར་ཐོར་དེ་དག་ནི་སོའི་གོང་དུ་གནས་པའི་འབུ་ཕྲའི་ཚོགས་ཡིན།གལ་སྲིད་དེ་ལ་གཙང་སེལ་མ་བྱ་ན། དེའི་སྟེང་གི་བཟའི་སྙིགས་སོགས་སོའི་སྐྲན་ནད་ལ་འགྱུར་ཉེན་ཆེ། འོན་ཀྱང་། སོའི་སྐྲན་ནད་ནི་སོ་མཐའི་ནད་ཀྱི་རྐྱེན་གཙོ་བོ་དེ་ཡིན་པས་དུས་ཡུན་རིང་པོ་སོང་ཚེ་ན་ཚ་ཚབ་ཆེ་བར་འགྱུར་སྲིད།

གསལ་བརྡ་ཆུང་ཆུང།

འབུ་ཕྲ་ཐར་ཐོར་དེ་དག་བཅོས་ཐབས་ནི་ཡང་དག་པའི་སོ་འཁྲུད་སྟངས་ཤེས་དགོས། ཉིན་ལྟར་སོ་ཐེངས་མ་གཉིས་ཡན་བཀྲུ་བ་དང་། འཁྲུས་ཚར་རྗེས་ཆུས་བཤལ་བཤལ་གཏོང་དགོས། གང་ལྟར་སྐར་མ་གཅིག་ནས་གཉིས་ཙམ་བཀྲུས་ན་འཚམ་པ་དང་། དེའི་ཐོག་སྐར་ཆ་བཅུ་ཙམ་གྱི་ཆུ་བཤལ་གཏོང་དགོས། གལ་ཏེ་སོའི་སྐྲན་ནད་ཆགས་ཟིན་ཚེ། སོ་འཁྲུད་པ་ཙམ་གྱི་ཕན་མི་ཐོགས་ཏེ་འབྲེལ་ཡོད་ཀྱི་སྨན་པ་ལ་གཙང་སེལ་བྱ་རོགས་ཞུས་ན་ལེགས། གཙང་སེལ་དེས་སོ་ལྷུག་པོར་འགྱུར་མིན་ཐད་དཀྲོག་གཏམ་རང་ཡིན་ནོ།

༦ སོའི་ཚོས་མདོག་ཐད།

མ་གཞི་སོའི་ཚོས་མདོག་དེ་སོ་བདེ་ཐང་བརྟག་པའི་རྐྱེན་གཅིག་པུ་དེ་མིན་ཡང་། ཚང་མའི་སེམས་སུ་རང་ཉིད་ཀྱི་སོ་སེར་པོ་དང་ནག་པོར་འགྱུར་མི་འདོད་པ་དེ་དོན་དངོས་སུ་འགྱུར་ཡོད། དེར་བརྟེན་རང་ཉིད་ཀྱི་སོ་དེ་དཀར་མདངས་ཅན་དུ་འགྱུར་དགོས་ན་ཇི་ལྟ་ར་བྱ་དགོས་སམ།

གསལ་བརྡ་ཆུང་ཆུང།

གལ་སྲིད་ཁྱེད་ཉིད་ཀྱི་སོའི་ཚོས་མདོག་སེར་པོ་དེ་ཚབས་ཆུང་བ་ཞིག་ཡིན་ན། དཀར་བཟོའི་ཐབས་བཀོལ་ན་འགྲིག། དེ་ནི་རྫས་འགྱུར་གྱི་ཐབས་ཤེས་ཤིག་ཡིན་ཞིང་། ནུས་པ་གཙོ་བོ་ནི་སོའི་ནང་གི་ཚོས་རྒྱུ་དེ་དབྱང་འགྱུར་ལ་གཏོང་གི་ཡོད། གལ་ཏེ་ཚོས་རྒྱུ་ཚབ་ཆེ་བས་མདོག་འགྱུར་ན་ཚ་ཐབས་ཀྱིས་བཅོས་པ་ལས་མ་འདས།

2. ཡང་དག་པའི་སོ་འཁྲུ་སྟངས།

༡ སོ་འཁྲུད་པའི་འཁྲུད་དེ་གང་ཞིག་ལ་གོ་དགོས

འབུ་ཕྲ་ཅེས་པ་ནི་གོ་བདེ་བར་འགྲེལ་ན་སོའི་འབུ་ཕྲ་ཐར་ཐོར་དེ་ལ་ཟེར། དེ་ནི་འབུ་ཕྲས་སོའི་གོང་ལ་གནས་སྟངས་དང་ནམ་རྒྱུན་གྱི་སྐྱི་པགས་དང་འདྲ་བར་སོའི་བར་ལ་དམ་དུ་སྦྱར་ནས་སྡོད་ཀྱིན་ཡོད། སོ་དྲེག་མ་འགྱུར་སྔོན་གྱི་རྣམ་པ་དེ་ཡིན་ཞིང་སྤྱིར་བཏང་ཁོ་ཚོའི་སྐྱེས་སྟངས་ནི་སོ་རྙིལ་གྱི་སུམ་ཆ་གཅིག་གི་སའམ་དེའི་བར་གསེང་ལ་ཡིན།

༢ སོ་འཁྲུ་བའི་གོ་རིམ།

ལྷན་རྒྱས་ནས་ནམ་རྒྱུན་འཚོ་བའི་ཁྲོད་པ་ཧྲེ་སོ་འཁྲུད་ཐབས་དེ་བེད་སྤྱོད་བྱས་ན་ལེགས། དེའི་མིང་གཞན་ལ་སོ་རྙིལ་གཙང་སེལ་ཐབས་ཀྱང་ཟེར།

དེ་ནི་སོ་རྙིལ་དང་དེའི་སྦུབ་ལ་ཡོད་པའི་འབུ་ཕྲ་རྣམས་གཙང་སེལ་བྱ་ཐབས་ཤིག་ཡིན།ཨ་མི་རི་ཁའི་སོ་ནད་མཐུན་ཚོགས་ནས་ཐབས་དེ་སྤྱོད་དགོས་པའི་སྐུལ་མ་དང་།ཞོགས་དགོང་ལ་ཐེངས་རེ་འཁྲུད་དགོས་ལུགས་གླེང་འདུག།

Untitled3

༣ སོ་འཁྲུ་སོ་སྨན་གྱི་གདམ་ག།

མིག་སྔར་ཁྲོམ་རའི་ཐོག་གི་སོ་འཁྲུད་མི་གཅིག་པ་མིག་འཁྲུལ་བ་ཡོད་ཀྱང་ང་ཚོས་སོ་འཁྲུད་ཀྱི་ཡུ་བ་ཀྱོག་ཙམ་དང་། འདྲེད་འགོག་འགྱིག་གདན་ཡོད་པ། འཁྲུད་འགོ་ཆུང་ཙམ། འཁྲུད་སྤུ་ཐུག་ལ་ཅུང་གཉེན་པ་ཞིག་བདམ་ན་ལེགས། སོ་སྨན་གྱི་ཐོག་ནས་གླེང་དུས་མི་བུ་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་བདམ་དགོས། གལ་སྲིད་སོ་རྙིལ་ནས་ཁྲག་མང་པོ་ཐོན་ཚེ་རྒྱ་ནག་སྨན་རྫས་ཀྱི་རིགས་བཀོལ་བ་དང་།གལ་སྲིད་སོའི་ཚོར་སྣང་སྐྱེན་ཚེ། ཚོར་ལྷག་ལོག་པ་མེད་པའི་སོ་སྨན་བཀོལ་ན་བཟང་། གལ་སྲིད་སོ་དཀར་མདངས་ཅན་ཏུ་འགྱུར་འདོད་ཚེ། སོ་དཀར་མདོག་ཏུ་འགྱུར་བའི་སོ་སྨན་བཀོལ་བ་དང་། གལ་སྲིད་མི་རབས་ནས་དེ་མིན་པའི་སོ་སྨན་གཞན་རྣམས་སྤྱིར་བེད་སྤྱོད་གཏོང་རྒྱུ་མེད། དེ་བཞིན་སོ་འཁྲུད་པའི་སྐབས་སུ་སོའི་གནས་འགར་འཁྲུད་མི་ཐུབ་པས་སོ་ཐིག་སྤྱད་ན་ཡང་བཟང་ངོ་།

༤ སོ་འཁྲུ་བའི་སྐབས་དོ་སྣང་བྱ་དགོས་པའི་དོན་ཚན།

༼༡༽ སོ་འཁྲུ་བའི་སྐབས་འཁྲུད་སྤུ་དང་སོ་གཉིས་བར་ཟུར་ཚད་༤༥ཙམ་དུ་གཞག་སྟེ། སོ་རྙིལ་གྱིི་སྒྲིལ་བའི་མཐའ་འཁོར་དུ་ག་ལེར་ག་ལེར་བྱས་ནས་འཁྲུ་དགོས།

༼༢༽ ཉིན་གཅིག་ལ་སོ་ཐེངས་མ་གཉིས་འཁྲུད་བ་དང་། ཉུང་མཐའ་ཡང་ཞོགས་དགོང་ཐེངས་མ་རེ་དགོས་ལ་དགོང་མོ་སོ་འཁྲུས་ཚར་རྗེས་ཁ་ལག་མི་བཟའ་བ་ནི་རབ་ཡིན།

༼༣༽ སོ་འཁྲུ་བའི་དུས་ཡུན་སྤྱིར་བཏང་སྐར་མ་གསུམ་ནས་ལྔའི་བར་འཚམ་ཤོས་རེད།

༼༤༽ སྤྱིར་བཏང་ཐོག་ཟླ་གཉིས་གསུམ་གཡས་གཡོན་དུ་སོ་འཁྲུད་ཐེངས་གཅིག་བརྗེ་ན་འགྲིག འོན་ཀྱང་སྒེར་གྱི་གནས་ཚུལ་ལ་བརྟག་དགོས་པ་ལས་དེ་ལ་གཏན་འཁེལ་གྱི་ལན་མེད།

༼༥༽ སོ་འཁྲུད་བའི་ཤུགས་ཚད་ཀྱི་ཐོག་ནས་གླེང་ན། མཐོ་རིམ་ཅན་གྱི་གློག་སྒུལ་གྱི་འཁྲུད་བའི་སྐབས་ཤུགས་ཆེ་དྲགས་ན་ཉེན་བརྡ་གཏོང་གི་ཡོད། ལག་སྒུལ་སོ་འཁྲུད་ཀྱིས་སོ་འཁྲུད་བའི་སྐབས་སོ་འཁྲུད་ཁ་ལ་འཇམ་པོར་ཚད་རན་པ་ཞིག་ཏུ་རག་ནས་འཁྲུད་པ་དང་། སོ་འཁྲུད་ཀྱི་རྩེ་མོའི་སུམ་ཆ་གཅིག་ཙམ་ཀྱོག་ཙམ་བྱས་པའི་ཐོག་ནས་སོ་མཐའི་ཟུར་དུ་འཁེལ་བ་བྱས་ནས་འཁྲུད་དགོས། གལ་སྲིད་ཁྱེད་གཡོན་ལག་ཡིན་ན། སོ་གཡས་པ་ནས་འགོ་བཙུགས་ཏེ་ཁའི་སྦུབ་གཡས་གཡོན་གོང་འོག་ཚད་རན་པ་ཞིག་འཁྲུད་དགོས།

༼༦༽ གལ་སྲིད་ཁྱེད་གཡོན་ལག་ཡིན་ན། སོ་གཡས་པ་ནས་འགོ་བཙུགས་ཏེ་ཁའི་སྦུབ་གཡས་གཡོན་གོང་འོག་ཚད་རན་པ་ཞིག་འཁྲུད་དགོས།

3. སོ་འཁྲུ་བའི་དུས་ཀྱི་ནོར་འཁྲུལ་ལྟ་བ་གསུམ།

༡ ནོར་འཁྲུལ་གྱི་ལྟ་བ་དང་པོ།

སོ་འཁྲུད་བའི་སྐབས་སུ་སོ་སྨན་ལ་ཆུ་མི་བྱུགས་པར་འཁྲུད་པ།

  1. དོན་དངོས་ཐོག་དམིགས་བསལ་ཅན་གྱི་ཚོར་ལྷག་ལོགས་པར་བརྒལ་བའི་སོ་སྨན་ཁ་ཤས་མ་གཏོགས་གཞན་མང་ཆེ་བའི་སོ་སྨན་ལ་ཆུ་བྱུགས་མ་བྱུགས་དང་སོ་འཁྲུ་བའི་ནུས་པའི་ཐད་འབྲེལ་བ་ཐད་ཀར་ཅི་ཡང་མེད།

༢ ནོར་འཁྲུལ་གྱི་ལྟ་བ་གཉིས་པ།

ཁ་ལག་ཟོས་རྗེས་ལམ་སེང་སོ་འཁྲུད་པ།

2. སོ་འཁྲུད་བ་ནི་སོ་དང་སོའི་སྦུབ་ཀྱི་འཕྲོད་བསྟེན་གྱི་ཆེད་དུ་ཡིན་པས། ཁ་ལག་མཆོད་གྲུབ་རྗེས་ལམ་གསེང་སོ་འཁྲུ་དགོས་མིན་དེ་རང་གི་ཁ་ལག་གང་ཞིག་བཟས་པ་དང་འབྲེལ་བ་ཡོད། གལ་སྲིད་ད་ལྟ་རང་ཉིད་ཀྱི་ཚད་དམའ་བའི་བཟའ་རིགས་བཟས་ཡོད་ན་སྐར་མ་སུམ་བཅུ་ཙམ་གྱི་ནང་དུ་སོ་འཁྲུ་རྒྱུ་མེད། གང་ལ་ཞེ་ན། སོ་རྩིར་སྐྱུར་འདྲེས་པའི་རྗེས་རང་ནུས་ཉམས་པར་འགྱུར་ནས། སོ་རུལ་བའི་ཉེན་ཁ་ཡོད། འོན་ཏང་སྤྱིར་བཏང་གི་དུས་སུ་སོ་རྩིའི་ནུས་པ་ཅུང་ལེགས་པས་ཁ་ལག་མཆོད་གྲུབ་རྗེས་སོ་འཁྲུ་བ་ནི་ཐབས་བཟང་པོ་ཞིག་རེད།

༣ ནོར་འཁྲུལ་གྱི་ལྟ་བ་གསུམ་པ།

ཁྱེད་ལ་མཁོ་བ་ནི་སོ་འཁྲུ་དཀྱུས་མ་གཅིག གློག་འགུལ་སོ་འཁྲུ་གཅིག་དང་སོའི་རྒྱབ་ངོས་འཁྲུ་བའི་སོ་འཁྲུ་ཆུང་ཆུང་ཞིག་དེ་བཞིན་སོའི་གསེབ་ཀྱི་བཟའ་སྙིགས་བཀྲུ་བའི་སོ་ཐིགས་ཤིག་དགོས་པ་དེ་རེད།

3. དེའི་ཐད་ཀྱི་ཡང་དག་པའི་ལྟ་བ་ནི། སོ་འཁྲུད་བ་ནི་སོ་དང་ཁའི་སྦུག་གི་གཙང་སྦྲའི་ཆེད་དུ་ཡིན་པས། གློག་སྒུལ་སོ་འཁྲུ་དེ་ལག་སྒུལ་ནས་སོ་འཁྲུ་བ་དང་བསྡུར་ན་ནུས་པ་ཆུང་། རྩ་བའི་གནད་དོན་ནི་ནམ་རྒྱུན་ནས་སོ་འཁྲུ་བ་དང་སོ་འཁྲུ་བའི་གོམས་གཤིས་དེ་ལུས་ལ་འཇགས་པ་བྱེད་རྒྱུ་དེ་རེད། ནམ་རྒྱུན་དུ་ང་ཚོས་སོ་འཁྲུའི་འཁྲུ་སྤུ་དེ་ཅུང་ཕྲ་བ། མཁྲེགས་ཚད་འོས་འཚམ་ཅན་ཞིག་བདམས་ན་སོའི་བདེ་ཐང་ལ་ཕན་ཐོགས་ཆེ་བ་ཡོད། དེ་དང་ཆབས་གཅིག་ཤེས་དགོས་པ་ནི་སོ་བཀྲུས་ཚར་རྗེས་སོ་འཁྲུ་དེ་མཁའ་རླུང་རྒྱུགས་ཐུབ་པའི་གནས་ས་ཞིག་ཏུ་འཇོག་དགོས། དེ་ལྟར་བྱུང་ན་འབུ་ཕྲ་འགོས་དཀའ་བའི་དགེ་མཚན་ཡོད།

སོ་འཁྲའི་འཁྲུ་སྤུ་དེ་ཟླ་གསུམ་གྱི་ཐོག་ཐེངས་རེ་བརྗེས་དགོས། སོ་འཁྲུ་བའི་དུས་སུ་སོ་ཐིག་དེ་མཉམ་དུ་བདེ་སྤྱོད་བྱས་ན་བཟང་རུང་། དེ་ངེས་པར་དུ་སོ་འཁྲུ་བའི་སྔོན་དུ་སྤྱོད་དགོས། དེའི་ནུས་པ་གཙོ་བོ་ནི་སོ་འཁྲུས་འཁྲུ་མི་ཐུབ་པའི་ས་དང་བཟས་རྙིགས་གསོག་བདེ་བའི་སར་འཁྲུ་ཐུབ་པའི་ཆེད་དུ་ཡིན།

Untitled4

༤ ནོར་འཁྲུལ་གྱི་ལྟ་བ་བཞི་པ།

སོ་གྲལ་སྒྲིག་པོ་མེད་པའི་མི་རྣམས་ཀྱི་ངོས་ནས་གླེང་ན། སོ་གྲལ་སྒྲིག་རྒྱུ་དེ་རང་གི་ལོ་༣༠ཙམ་གྱི་སྔོན་ནས་སྒྲུབ་དགོས་ཏེ་མཚན་མོ་གཉིད་ཉལ་བའི་དུས་སུ་ཡང་སོ་གྲལ་སྒྲིག་རྒྱུའི་སོ་ཤུབས་དེ་གཡོགས་ནས་ཉལ་དགོས་ཀྱི་ཡོད། དེ་མིན་ན་རང་ཉིད་ཀྱི་སོ་དེ་ལྷུག་པོར་འགྱུར་སྲིད།

4. སོ་གྲལ་སྒྲིག་ཏུ་གཏོང་བའི་སྐབས་ནི་སོའི་གནས་ས་སྙོམས་པའི་དུས་ཤིག་དང་། སོ་ཚང་རུས་པ་དག་ཀྱང་འཚོ་བཅུད་སྣ་ཚོགས་བརྒྱུད་ནས་སྔར་བཞིན་འཚར་ལོངས་བྱུང་གིན་པས། དེ་ནི་གཟུགས་འགྱུར་བའི་རྩེད་ཆས་སྣ་བསྲེས་འཇིམ་པ་ཞིག་དང་འདྲ་བར་བརྩི་ཆོག ལོ་ན་ཆུང་དུས་སུ། སོ་ཚང་རུས་པ་དག་གི་སྒྲོམ་གཞིའི་ཕྲ་ཕུང་ཆགས་མགྱོགས། ཕྲ་ཕུང་དེ་དག་གི་འགུལ་ཚད་དེ་ལོ་ན་རྒས་པ་དང་བསྟུན་ནས་རིམ་བཞིན་ཉམས་པར་འགྱུར་གྱི་ཡོད། དེར་བརྟེན་ང་ཚོས་ལོ་ན་ཆུང་དུས་ནས་སོ་གྲལ་སྒྲིག་ཏུ་གཏོང་དགོས་པའི་གལ་ཆེའི་རང་བཞིན་དེ་ངེས་པར་བྱའོ།

Untitled5

来源:果壳网

ཡོང་ཁུངས།  གོ་ཁེ་དྲ་བ།

བསྒྱུར་མཁན། བཀྲ་ཤིས་དོན་གྲུབ། ཞུ་དག་། རྒྱམ་མེ།

གསོ་རིག

Post navigation

Previous Post: མགར་སྟོང་བཙན། ༼གླུ་གཞས།༽
Next Post: སྲིད་སྐྱོང་དང་མཛངས་མ་སུ་ལའང་དམིགས་བསལ་མེད།

Comments (7) on “ངེས་པར་དུ་དོ་སྣང་བྱ་དགོས་པའི་ཁ་ནད་ཀྱི་བདེ་ཐང་།”

  1. ཁྱུང་སེ། says:
    2016-06-13 at 3:16 am

    ཁྱེད་ནས་རྒྱུན་མཁོའི་ཤེས་བྱ་འཕྲོད་བསྟེན་ལ་ཕན་པའི་བྱ་བཞག་ཡག་པོ་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟར་ཡང་ཡང་བྲིས་བསྒྱུར་གནང་ཐུབ་པ་ཡིན་ན་དགེ་མཚན་ཤིན་ཏུ་ཆེ། དེ་མིན་བོད་རིགས་མང་པོ་ཞིག་སྔར་སྲོལ་བཞིན་དུས་རབས་ཉེར་གཅིག་གི་སྐབས་སུའང་སོ་མི་འཁྲུད་པར་འདུག་མཁན་མང་པོ་འདུག མི་དེའི་རིགས་ལ་སོ་དྲིའམ་ཁ་དྲི་ངན་དྲགས་ནས་བུ་མོ་ཡིན་ན་ཕོ་གསར་ཚོས་ཞེན་པ་ལོག་འགྲོ་བ་དང། ཕོ་གསར་ཡིན་ན་བུ་མོ་མཛེས་མ་ཚོས་ཡ་མི་བྱེད་མཁན་མང་པོ་འདུག གང་ཡིན་ཟེར་ན་ཁ་དྲི་ངན་པ་ཁ་གི་འདུག་ཟེར།

  2. རང་བཙན་བུ། says:
    2016-06-13 at 4:51 am

    ཁ་བརྡ་ལགས། མཆན་རིང་པོ་ཆགས་སོང་ཡང་དགོངས་འགལ་མེད་པ།
    སྨན་རྩིས་ཁང་གི་རྗེས་དྲན་ལས་འཕྲོས་པའི་བསམ་གཞིག
    སྨན་རྩིས་ཁང་གི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས་གསོ་རིག་འཚོ་བྱེད་ལྟེ་གནས་འདིའི་འཕེལ་རིམ་ནི་༧རྒྱལ་མཆོག་སྐུ་ཕྲེང་ན་རིམ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཏུ་སྣང་། ༧རྒྱལ་མཆོག་ལྔ་པ་ཆེན་པོས་ལྷ་ས་ལྕོག་པོ་རིར་འཚོ་བྱེད་འགྲོ་ཕན་གླིང་ཕྱབ་བཏབ་པ་དང་། ༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་ལྷ་ས་སྨན་རྩིས་ཁང་ཕྱབ་བཏབ་པ་བཅས་ནས་རིམ་བཞིན་བོད་ལུགས་གསོ་རིག་སྨན་རྩིས་ཀྱི་འགྲོ་དོན་ལ་འཕེལ་རྒྱས་ཆེན་པོ་ཕྱིན་པ་རེད། རྒྱ་དམར་གྱིས་རང་ཡུལ་བཙན་འཛུལ་བྱས་རྗེས་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་དུ་བཙལ་བྱོལ་ལ་ཕེབས་རྗེས་བྱེས་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་ནས་ད་བར་གསོ་རིག་སྨན་བཅོས་ཐད་ཕན་རླབས་ཆེན་པོ་ཐོན་ཡོད་པ་མ་ཟད། དེང་སྐབས་བོད་སྨན་གྱི་གསོ་ཐབས་གྲགས་པ་འཛམ་གླིང་ལ་ཁྱབ་ཡོད་པ་རེད། དེ་སྔའི་རྒན་རབས་སྨན་པ་གྲགས་ཅན་འགའ་ཤས་ཀྱི་གཞན་ཕན་སྨན་བཅོས་ལག་རྩལ་ལས་བོད་ཀྱི་གསོ་བ་རིག་པ་དེ་ཉིད་དང་འབྲེལ་དབུས་དང་ཡན་ལག་གི་སྨན་རྩིས་ཁང་མང་པོར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཏེ་ཕྱིའི་མཐུན་རྐྱེན་ཡང་རང་རེའི་ཚོགས་པ་གཞན་ལས་ཀྱང་ལྷག་པ་ཡོང་གི་ཡོད། ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་ཐུགས་དགོངས་སུ་སྨན་རྩིས་ཁང་དབུས་དང་ཡན་ལག་ཁག་མང་པོ་བཙུག་པའི་དགོན་དོན་དང་པོ་ནི་ནད་པར་ཕན་ཐོགས་དང་། བོད་པའི་སྤྱི་ཚོགས་ནང་ནད་མནར་བའི་གྲངས་འབོར་ཉུང་དུ་འགྲོ་བ་ཞིག་བྱུང་ན་དགོངས་པ་ལས་དཔལ་འབྱོར་ལ་ཆེད་དམིགས་རྩ་བ་ནས་གནང་མེད་པ་གསལ་པོ་ཡིན་པས་སྨན་རྩིས་ཁང་ཁྲོམས་རའི་དཔལ་འབྱོར་ལ་ཁ་ཕྱོགས་ཚེ་༧རྒྱལ་བའི་དགོངས་གཞི་སྒྲུག་ཀྱི་ཡོད་ཅེས་བཤད་པ་དེ་དོན་སྙིང་མེད་པ་ཞིག་རེད།
    ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་ལ་གནང་བའི་བཀའ་སློབ་ཞིག་ཏུ། དེ་སྔོན་སྨན་པ་བསྟན་འཛིན་ཆོས་གྲགས་དང་། དབང་རྒྱལ་ཁོང་ཚོའི་གྲས་དེ་ཕྱིའི་ཡུལ་གྲུ་གང་སར་འགྲོ་གི་རེད། ཌོ་ལར་ཌོ་ལར་ཞེས་དགའ་པོ་བྱེད་ཀྱི་ཡོད་ཀྱང་། ཚུར་སླེབས་རྗེས་པད་ཤག་ཚང་མ་སྤྱི་པར་སྤྲོད་ཀྱི་རེད་ཅེས་བཀའ་ཕེབས་ཡོད་པ་རེད། དོན་སྙིང་ཟབ་པའི་བཀའ་སློབ་འདིར་བསམ་གཞིག་བྱེད་སྐབས་དེ་སྔོན་གྱི་སྨན་པ་རྒན་རབས་ཚོས་སྨན་བཅོས་གསོ་ཐབས་ལས་བྱུང་བའི་དཔལ་འབྱོར་ཕྲན་བུ་བྱུང་བ་དེ་དག་སྤྱི་འབུལ་ཞུས་པས་སྨན་རྩིས་ཁང་འདི་བཞིན་ཚར་ལོང་བྱུང་བ་གསལ་པོ་རེད། བར་སྐབས་ཤིག་ནས་དེང་རབས་ཡར་ཐོན་ཅན་གྱི་སློབ་གསོ་ཐོབ་མྱོང་བའི་སྨན་པ་མང་པོ་ཐོན་པ་དང་ལྷན་དུ་ཕྱི་ནང་ཡུལ་གྲུ་མང་པོར་སྨན་བཅོས་འགྲོ་དོན་འཕེལ་བས་སྨན་རྩིས་ཁང་གི་སྒྲིག་འཛུགས་དང་སྨན་པ་སྤྱི་སྒེར་ཚང་མ་བོད་ཡ་རབས་བཟང་པོའི་སྲོལ་རྒྱུན་འབྲེལ་བའི་ནད་བཅོས་བྱ་ཐབས་འདི་བཞིན་དེང་རབས་ཀྱི་ཁྲོབས་རའི་ནང་ཕེབས་ཡོད་པ་རེད། དེང་རབས་ཁྲོམས་རའི་ཁོར་ཡུག་ནང་འདོད་རྔམ་ལས་བཟང་བཅོས་ལ་གོ་གནས་མེད་པས་སྨན་པ་གཞོན་པ་ཚང་མས་སྨན་རྩིས་ཁང་ནས་སྨན་རྣམས་རིན་གོང་དམའ་བའི་ཐོག་ནས་ཉོས་ཏེ་རང་སྒེར་གྱིས་ནད་བཅོས་གཞན་ཕན་གྱི་ངོ་གསོའི་ཐོག་ནས་དེང་རབས་ཀྱི་སྒྲིག་ཆས་དཀར་པོ་མ་གྱོན་པའི་སྨན་པ་ཚོང་པ་མང་པོ་ཐོན་པ་རེད། སྤྱི་པའི་སྒྲིག་འཛུགས་ཉིན་རེ་བཞིན་སྐྱོ་རུ་འགྲོ་བ་དང་། སྨན་པ་སྒེར་ཕྱུག་བདག་པ་མང་པོ་འཕེལ་ཏེ་བར་སྐབས་སྨན་རྩིས་ཁང་གི་ལས་ཤག་གཡས་གཞོན་ལ་མོ་ཝ་དང་སྦག་སྦག་གིས་འཁེངས་པ་རེད། ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་དོན་དེ་དག་གཟིགས་ནས་གནད་དོན་དེའི་ཐད་བཀའ་སློབ་ནན་པོ་ཕེབས་པ་མ་ཟད། དེའི་སྨན་རྩིས་ཁང་གི་དབུ་འཛིན་ཟུར་པ་ཞིག་ཆེད་དུ་བཀའ་འགུག་གནང་སྟེ་ཆུ་ངན་ལམ་ཤོར་གྱི་ངན་སྤྱོད་ལ་ཚོད་འཛིན་ཡོང་ཐབས་གནང་ཡོད་པ་རེད། དབུ་འཛིན་ཁོང་དཔལ་འབྱོར་རིག་པར་སློབ་སྦྱོར་བྱས་ཡོད་པ་དང་འཛིན་སྐྱོང་ཐད་ཀྱང་རྒྱུས་མངའ་ཡོད་པ་ཙམ་དུ་མ་ཟད། སྤྱི་སེམས་ཆེན་པོ་ཡོད་པ་ཞིག་ཡིན་པ་དེ་སྔ་ནས་མང་པོས་ཤོད་ཀྱི་ཡོད། ཁོང་ཕེབས་མ་ཐག་སྒྲིག་བཅོས་མང་པོ་བྱས་ཏེ་འཛིན་སྐྱོང་ལ་བཅོས་སྒྱུར་མང་པོ་བཏང་སོང་བས་སྨན་པ་རྒན་པ་འགའ་ཤས་རྩ་དགོངས་ཞུས་པ་བྱུང་ཡོད་པ་རེད། གང་ལྟར་ཡང་སྤྱི་རྫས་སྤྱད་དེ་སྒེར་པ་ཕྱུག་པོའི་ལམ་དུ་བསྐྱོད་པའི་སྒོ་དེ་བརྒྱབ་ཐུབ་པ་བྱུང་བ་འདྲ། དེ་ནི་གསར་དུ་ཕེབས་པའི་དབུ་འཛིན་དེའི་ཕྱག་ལས་ངོ་གསོ་ཐོན་པ་དེ་རེད།
    ཡིན་ནའང་ཁོང་གིས་༧རྒྱལ་མཆོག་བཅུ་བཞི་པའི་བཀའ་སློབ་ཀྱི་དགོངས་དོན་སྙིང་པོ་དེ་ད་དུང་སྒྲུབ་ཐུབ་མ་སོང་། ཁོང་གིས་སྨན་རྩིས་ཁང་དེངས་རབས་ཁྲོམས་རའི་ནང་འགྲོ་རྒྱུར་སྔར་ལས་ལྷག་པའི་ཤུགས་བརྒྱབ་པ་འདྲ་ཞིག་བྱས་སོང་། སྤྱི་པ་དངོས་ནས་ཕྱུག་པོ་ཆགས་འདུག སྤྱི་པ་ཕྱུག་པོ་ཆགས་པའི་ཆེད་དུ་ཚོང་ཤུགས་ཆེན་པོ་བརྒྱབ་ཀྱང་བོད་པའི་སྤྱི་ཚོགས་ནང་ཉིན་རེ་བོད་སྨན་གྱི་ནུས་པ་ཉམས་འགྲོ་གི་ཡོད་པ་རེད། དཔེར་ན་རིན་ཆེན་རིལ་བུ་ནད་པའི་དགོས་མཁོར་གཞིག་ཏེ་སྨན་རྫས་ཚད་ལྡན་སྡེབ་སྦྱོར་གྱིས་སྤུས་ཚད་ལྡན་པ་བཟོ་སྐྲུན་གནང་ནས་མ་མཐར་ཡང་བོད་པའི་སྤྱི་ཚོགས་ནང་ནད་བཅོས་ལ་ཕན་ཐོགས་ཡོད་པ་ཞིག་དགོས་ཀྱང་། རིན་ཆེན་རིལ་བུ་ནད་པར་དཀོན་པ་དང་རིན་གོ་ལྡབ་འགྱུར་ཚད་མཐོ་སྤྱོད་མཁན་གྱི་ཚོང་པར་ག་ཚད་ཉོས་ཀྱང་ཚོང་རྐྱང་བྱས་པ་རེད། རྡ་ས་ནས་བལ་ཡུལ་དེ་ནས་བོད་སོགས་ལ་རིན་ཆེན་རིལ་བུ་ཚོང་འབྲེལ་ཆགས་པས་བར་སྐབས་རིན་ཆེན་རིལ་པོའི་ཚོང་རྒྱ་རྒྱུ་དེ་ཚོང་གཞན་ལས་ཀྱང་ཁེ་སང་ཆེ་བ་དང་སྟབས་བདེ་བ་ཡོད་པའི་སྐད་ཆ་ཡང་བྱུང་བ་རེད། དབུ་འཛིན་མཆོག་རིན་ཆེན་རིལ་པོ་ནད་པའི་དགོས་མཁོ་ལས་བརྒལ་བའི་འདོད་རྔམ་ཅན་གྱི་ཁྲོམས་རའི་ནང་འཁྱེར་ཏེ་ཚོང་གཉེར་བྱེད་རྒྱུར་དབྱིངས་ཞུགས་པས། ནད་པར་དགོས་མཁོ་དང་ཕན་ནུས་ལྡན་པའི་རིན་ཆེན་རིལ་བུ་ཕར་ཟད། སྨན་དཀྱུས་མའི་སྨན་རྒྱུ་ཡང་ཆད་པ་རེད། དེང་སང་ནད་པ་མང་པོས་ཉིན་རེ་ཆད་མེད་དུ་ཟ་དགོས་པའི་སྨན་དཀྱུས་མ་མང་པོ་རྫོགས་ནས་ཟླ་བ་མང་པོ་ཕྱིན་ཡོད་པའི་སྐད་ཆ་ཡོད། མ་ཟད་ཁྲོམས་རའི་ནང་ཐོན་བསྐྱེད་མང་པོ་བྱེད་དགོས་པས་སྨན་རྒྱུ་ཉུང་ངུས་སྨན་མང་པོ་བཟོ་སྐྲུན་བྱས་པའི་དབང་གིས་དེང་སང་གི་སྨན་མང་པོས་དེ་སྔོན་གྱི་སྨན་བཞིན་ཕན་ནུས་ཐོན་གྱི་མེད་པ་སྨན་པ་འགའ་ཤས་གྱི་ཞལ་ནས་གོ་རྒྱུ་ཡོད་པ་རེད།
    དེར་རྟེན་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་བཀའ་འགུག་གནང་བའི་དབུ་འཛིན་དེས་ནད་པའི་དགོས་མཁོར་བསམ་གཞིག་ཐུབ་མཁན་གྱི་བཟང་སྤྱོད་ལྡན་པའི་སྨན་པ་ཞིག་མ་ཡིན་པར། སྨན་ཚོང་མཁས་པའི་ཚོང་དཔོན་ཆེན་པོ་ཞིག་ཏུ་གྱུར་པས་༧གོང་ས་མཆོག་ནས་སླར་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཐད་འཐུས་ཤོར་ཆེན་པོ་ཕྱིན་པ་དང་། དེའི་ཐད་འཕྲོད་བསྟེན་ལྷན་ཁང་དང་སྨིན་རྩིས་ཁང་ནས་ནུས་པ་ཐོན་མི་འདུག་ཅེས་བཀའ་པེབས་པ་རེད།།

  3. སྤོབས་པ་མཐའ་ཡས། says:
    2016-06-13 at 6:37 pm

    སྤྱིར་ན་གཙང་སྦྲ། སྨན་བཅོས། ཟས་བཅུད་སོགས་མི་ལུས་བདེ་བར་གནས་པའི་ཆ་རྐྱེན་ཡོད་ན་མེད་ན་ཚོ་རེད། ཡིན་ན་ཡང་། སྨན་བརྟེན་དུས་སྨན་དང་སྨན་པ་མ་ནོར་བ་བརྟེན་དགོས་པ་གལ་ཆེ། བོད་སྨན་ཟེར་བ་དེས་ནད་ལ་ཕན་པར་ཡིད་ཆེས་མེད། རྨོངས་དད་བྱས་ནས་ཨུ་ཚུགས་བརྒྱབ་པ་ཙམ་རེད། བོད་མི་རིགས་ཀྱིས་འདི་ལྟ་བུའི་ལྟ་བ་རྙིང་ཞེན་དང་སྲོལ་རྒྱུན་རྙིང་པ་ལ་ཞེན་ཁོགས་བྱས་བསྡད་ནས་རྗེས་ལུས་ཐེབས་ཀྱིན་ཡོད་པ་རེད་བསམ།

  4. BONPO says:
    2016-06-13 at 8:44 pm

    སམ་ཀྲི་ཏའི་སྔགས་རྙིང་པ་ཡིན་ཟེར་ནས་མག་གེ་མུག་གེ་མང་པོ་ཞིག་འདོན་ནས་བོད་པ་ཚོ་ལ་ཕུ་མི་རྒྱག་དགུ་རྒྱག་བྱས་ན་དངོས་ན་ཕན་ཐོག་ཡོད་དམ། དེ་འདྲ་ཕན་ཐོག་ཡོད་པ་ཡིན་ན་རྒྱ་གར་ཁོ་རང་ཚོའི་ལུང་པ་ལ་སྨན་ཁང་རྩ་བ་ནས་དགོས་ས་མི་འདུག།ཕུ་རྐྱང་རྐྱང་བརྒྱབ་བཞག་ན་འགྲིག་གི་རེད་བ། །

  5. ཅོ་རི་ཉི་མ། says:
    2016-06-14 at 11:32 am

    མི་ལོ་བཞི་བརྒྱ་ལྷག་གི་རིང་སྲིད་དབང་འཛིན་མཁན་གྱི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་བཟོས་པའི་སོ་འཁྲུ་དང་སོ་སྨན་འདྲ་ཡོད་དམ། སོ་འཁྲུ་སོ་སྨན་ཟེར་དུས་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པ་ཚོས་ངོས་ནས་བྱས་ན་ལས་སླ་མོ་ཞིག་ཡིན་ཀྱང་བོད་གཞུང་གིས་ངོས་ནས་བྱས་ན་བཟོ་ཡ་དཀའ་ལས་ཁག་པོ་ཞེ་དྲག་རེད་་་་་ཧཧཧ བོད་མི་རིགས་འདིས་སོ་འཁྲུ་སོ་སྨན་ག་དུས་བཟོ་ཐུབ་ཀྱི་ཡིན་ནམ།

    བཙན་བྱོལ་བ་ཆགས་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་དུ་བསྡད་ནས་མི་ལོ་ལྔ་བཅུ་ལྷག་ཕྱིན་ཟིན་ཀྱང་སོ་འཁྲུ་སོ་སྨན་བཟོ་སྟངས་ཀྱི་རིག་གནས་ཙམ་ཡང་ནང་འདྲེན་བྱས་མེད་པ་འདི་ལ་བལྟས་ན་འབངས་མི་སེར་སྐྱོང་བའི་བསམ་བློ་ཡོད་པའི་མི་ཞིག་བཙན་བྱོལ་བའི་དཔོན་གནས་ཐོག་ཏུ་བསླེབས་མྱོང་མེད་པ་ལྟ་བུ་རེད་འདུག་ག

  6. ཁྱུང་སེ། says:
    2016-06-14 at 10:23 pm

    བཙན་བྱོལ་བས་བཙུན་མའི་སྡོམ་རྒྱུན་དང་དཔལ་ཎ་ལཎྚ་འཚོལ་བཞིན་འདུག་དེའི་སྐོར་ལ་སེམས་ཚབ་ཆེ་ཤོས་རེད། འབངས་མི་སེར་ལ་སོ་འཁྲུ་དང་སོ་སྨན་ད་ཕ་རིའི་སྤང་རྒྱན་རེད། མ་འོངས་པར་དཔལ་ན་ལཎ་ཊ་རྙེད་ན་གཞི་ནས་དེར་བཟོ་གྲྭ་ཆེན་པོ་ཞིག་འཛུགས་འཆར་འདུག

  7. ཀརྡོ་གཉེར་ཕྱག་པ་་ says:
    2016-06-15 at 2:47 am

    བོད་སྐད་དུ་བྲིས་པར་ཤིནད་ཏུ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme