Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་ནི་༸གོང་ས་མཆོག་༸སྐུ་འཚོ་བཞུགས་རིང་བོད་དོན་སེལ་ཆེད་ཀྱི་ཛ་དྲག་སྲིད་བྱུས་ཤིག་ཡིན་གསུངས།

Posted on 2016-06-092016-06-09 By ཁ་བརྡ 22 Comments on དབུ་མའི་ལམ་ནི་༸གོང་ས་མཆོག་༸སྐུ་འཚོ་བཞུགས་རིང་བོད་དོན་སེལ་ཆེད་ཀྱི་ཛ་དྲག་སྲིད་བྱུས་ཤིག་ཡིན་གསུངས།

ཡོང་ཁུངས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།

 
སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་ནི་༸གོང་ས་མཆོག་༸སྐུ་འཚོ་བཞུགས་རིང་བོད་དོན་སེལ་ཆེད་ཀྱི་ཛ་དྲག་སྲིད་བྱུས་ཤིག་ཡིན་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་སྐབས་༡༦པའི་སྤྱི་འཐུས་གསར་པ་ཁག་ཅིག་ལ་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་སྐོར་ལ་ཟབ་སྦྱོང་གནང་སྐབས། དབུ་མའི་ལམ་ནི་༸གོང་ས་མཆོག་༸སྐུ་འཚོ་བཞུགས་རིང་བོད་དོན་སེལ་ཆེད་ཀྱི་ཛ་དྲག་སྲིད་བྱུས་ཤིག་ཡིན་པ་དང་། རྒྱ་བོད་འབྲེལ་མོལ་བསྐྱར་གསོ་ཡོང་སླད་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་འབད་བརྩོན་སྔར་ལྷག་གནང་མུས་ཡིན་པ་གསུངས་སོང།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནས་ཟླ་འདིའི་ཚེས་ ༤ ནས་དབུ་འཛུགས་ཀྱིས་སང་ཚེས་ ༡༠ བར་ལ་གསར་དུ་བདམས་ཐོན་སྤྱི་འཐུས་རྣམས་ལ་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ཁྲིམས་སྒྲིག་ཁག་ཟབ་སྦྱོང་ཕུལ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཚོགས་ཐུན་གཉིས་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་དོན་དང། བོད་རྒྱ་འབྲེལ་མོལ་གྱི་འབྱུང་རིམ་དང་རྒྱབ་ལྗོངས་ངོ་སྤྲོད་ཅེས་པའི་བརྗོད་གཞི་གཉིས་ཐོག་ལ་ཟབ་སྦྱོང་གནང་ཡོད།

ls-6.9-300x200བརྗོད་གཞི་དང་པོ་དབུ་མའི་ལམ་སྐོར་དང་འབྲེལ། སྲིད་སྐྱོང་མཆོག་གིས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྐང་རྒྱ་ནག་དང་རྒྱ་གར། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང། གཞིས་བཞུགས་བོད་མི། བཙན་བྱོལ་བོད་མི་བཅས་དོན་ཚན་ལྔར་ཐུག་ཡོད་པ་ངོས་འཛིན་དང། ལྷག་པར་དུ་དབུ་མའི་ལམ་དེ་གྲུབ་མ་གྲུབ་དང་གྲུབ་འབྲས་སོན་མིན་དེ་གོང་ཞུས་རྒྱུ་རྐྱེན་དེ་དག་མཐུན་མིན་དང་རྒྱུ་རྐྱེན་དེ་དག་དང་འབྲེལ་བ་སོགས་ལ་རག་ལུས་ཡོད་པ་གསུངས་པ་མ་ཟད། ལྷག་དོན་སྲིད་བྱུས་འདི་ནི་ཛ་དྲག་གི་རང་བཞིན་ཞིག་ཆགས་ཡོད་པ་གསུངས་སོང།
ད་དུང་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་ནུས་པ་དང་གྲུབ་འབྲས་གཙོ་གནད་འགས་སྐོར་དང་འབྲེལ། སྲིད་བྱུས་དེ་ལ་ད་སྐབས་ཨ་རིའི་ཕོ་བྲང་དཀར་པོ་དང་ཡོ་རོབ་མཐུན་ཚོགས་སོགས་ནས་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་པ་མ་ཟད། རྒྱ་རིགས་མང་ཚོགས་ནས་ཀྱང་དེ་ལ་གོ་རྟོགས་ཆེ་བ་དང་ཡིག་ངག་གཉིས་ཐོག་ནས་རྒྱབ་སྐྱོར་གནང་མཁན་མང་དུ་སོང་ཡོད་པ་དང། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གྲངས་ཉུང་མི་རིགས་ཁོངས་སུ་རྩིས་བཞིན་པ་གཞན་ལས་བོད་ཐོག་རྒྱབ་ཤ་དཀར་པོ་མང་བ་བཏོན་ཡོད་པ་དག་ནི་དབུ་མའི་ལམ་གྱི་ནུས་པ་ཞིག་ཆགས་ཡིན་སྐོར་གསུངས་ཡོད།

sikyong-9-300x165དེ་རིང་གི་ཟབ་སྦྱོང་དེའ་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་རྣམས་ལ་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་རྒྱབ་ལྗོངས་སྐོར་དང་འབྲེལ། ཕྱི་ལོ་ ༡༩༧༩ ནས་བོད་རྒྱའི་དབར་ལ་ཐད་ཀར་འབྲེལ་ལམ་འགོ་ཚུགས་ནས་བཟུང་། ད་དབར་ཕན་ཚུན་དབར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འབྲེལ་ལམ་ཚར་༣༠ཙམ་བྱུང་ཡོད་པ་དང། ད་དབར་བོད་ནང་དུ་ལྟ་སྐོར་སྐུ་ཚབ་ཚོགས་པ་ཐེངས་བཞི་ཕེབས་ཡོད་པ། དེ་བཞིན་གྲོས་མོལ་རྟོག་ཞིབ་སྐུ་ཚབ་ཚོགས་པ་ཐེངས་གཉིས་ཕེབས་པ། རྒྱ་ཕྱོགས་ནས་བཤད་པའི་རྩ་དོན་ཁག་དང་བོད་མིའི་རྩ་དོན་ཁག ༢༠༠༢ ད་དབར་འབྲེལ་མོལ་ཐེངས་དགུའི་མཇུག་འབྲས་སོགས་ཀྱི་སྐོར་ལ་གསུངས་གནང་སོང་བ་མ་ཟད། ལྷག་པར་དུ་སྐབས་དེར་སྤྱི་འཐུས་གཅིག་གིས་ ༢༠༡༠ ནས་འབྲེལ་མོལ་བསྐྱར་གསོ་བྱུང་མེད་པ་དང་ ༢༠༡༢ ལོ་ནས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ལས་གནས་ནས་དགོངས་ཞུས་གནང་པའི་སྐོར་ཞུས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་གིས་བཀའ་ཤག་གསར་པ་འདི་ནས་མ་འོངས་འབྲེལ་མོལ་ཡོང་རྒྱུའི་རྟགས་དང་མཚན་མ་རིགས་གཟིགས་མིན་བཀའ་འདྲི་ཞུས་སོང་བས། དེ་ལ་སྲིད་སྐྱོང་མཆོག་གིས་བཀའ་ཤག་ནས་འབྲེལ་མོལ་བསྐྱར་གསོ་སླད་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་སྒོ་ནས་འབད་བརྩོན་སྔར་ལྷག་གནང་མུས་ཡིན་པ་གསུངས་གནང་སོང།

ད་དུང་སྲིད་སྐྱོང་མཆོག་གིས་འབྲེལ་མོལ་བསྐྱར་གསོའི་སླད་བོད་མིའི་སྒྲིག་འཛུགས་ངོས་ནས་ལོ་ལྟར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་གཅིག་གམ་གཉིས་ཚོགས་ནས་ཐབས་བྱུས་ཇི་དགེ་སྐོར་བཀའ་བསྡུར་ཞིབ་ལྷུག་གནང་གི་ཡོད་པ་ཡང་གསུངས་གནང་ཡོད་པ་རེད།
གཞི་རྩའི་སྤྱི་འཐུས་གསར་པ་རྣམས་ལ་འདས་པའི་ཉིན་གྲངས་དྲུག་གི་ཟབ་སྦྱོང་ཁྲོད། ཐོག་མར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ཟབ་ཁྲིད་གནང་ཡོད་པ་དང། དེའི་རྗེས་ནས་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ངོ་སྤྲོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འགྲོ་སྟངས་དང་སྔན་རྩིས་འཆར་འབུལ་གནང་ཕྱོགས་སོགས་ཀྱི་སྐོར་ཟབ་ཁྲིད་གནང་འདུག

http://www.vot.org/སྲིད་སྐྱོང་མཆོག་གིས་དབ/

གསར་འགྱུར།

Post navigation

Previous Post: སྙིང་བཏོན་ཏེ་གླེང་བ།—སྲིང་ཆུང་གུ་རུ་སྐྱིད་ལ་འཕྲིན་ལན་དུ།
Next Post: “དབྱངས།”སྙན་དེབ་ཀྱི་སྐྱེས་སྐར་བསུས་པ།

Comments (22) on “དབུ་མའི་ལམ་ནི་༸གོང་ས་མཆོག་༸སྐུ་འཚོ་བཞུགས་རིང་བོད་དོན་སེལ་ཆེད་ཀྱི་ཛ་དྲག་སྲིད་བྱུས་ཤིག་ཡིན་གསུངས།”

  1. ༄།།སྟར་བུ་དམར་བོ། says:
    2016-06-09 at 9:40 am

    ད་ཡིན་ན། སྲིད་སྐྱོང་ལགས་སྨྱོན་པ་སྨྱོ་ནག་ལ་ཆགས་འདུག རང་ཉིད་ཀྱིས་རང་ཉིད་ཡང་མོ་ཤོག་བུ་འདྲ་ཞིག་ཡིན་པར་ཁྲོམ་སྟོན་བྱས་སོང་། མཐའ་ན་བཤད་དགོས་པ་དང་མི་དགོས་པ། རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད་སོགས་མི་ཤེས་པའི་བསམ་བློའི་གོ་རྟོགས་ཞན་པོ་ཅན་ཞིག་ཏུ་འགྲེམས་སྟོན་བྱས་སོང་།

  2. བསེ་རུ་ཟང་ཐལ། says:
    2016-06-09 at 10:50 am

    འོ་ད་ཡིན་ན་བློ་སངས་སེང་གེའེ་ཁོག་པར་མི་གསོན་པོའི་གདོན་འདྲེ་ངོ་མ་ཡོད་ཞུགས་ཡོད་པའི་རྟགས་མཚན་ག་ལེར་ཐོན་ཡོང་གི་འདུག་གོ། ད་དུང་ཟླ་ཤས་ལྟོས་ཨང་བོད་འབངས་ཚོ།།

  3. ཨ་ཁུ་འབྲོག་པ། says:
    2016-06-09 at 11:54 am

    སྲིད་སྐྱོང་སྙིང་རྗེ་ཅན་ལ་དེ་སྔ་བཤད་ཟིན་པ་དེ་ཚོ་ལས་ལྷག་ཅིག་ཤོད་རྒྱུ་མེད་པར་ཐག་ཆོད་སྟབས་ཉན་རྒྱུ་མ་བྱུང། གལ་ཏེ་ཤོག་བུ་རླུང་གིས་བཀྱགས་འདྲའི་ངང་ཚུལ་ཡོད་ན། མི་བུའི་རང་གཤིས་རྗེན་ལ་བུད་པ་ཟེར་བ་དེ་རེད། མ་གཞི་ཁག་ཅི། ཤར་ཁུག་གཟབ་སྦྱོང་ལ་ཡོད་ཙང་འཇིགས་སྣང་ཅུང་ཟད་བྱུང་བ་ཡིན་སྲིད། སྙིང་རྗེ།

  4. མི་འཁྱམ། says:
    2016-06-09 at 12:55 pm

    ཁུངས་ལྡན་གནས་ཚུལ་ལྟར་ན། དེ་རིང་གངས་སྐྱིད་ནས་སྤྱི་འཐུས་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟས། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་ལགས་ལ་དབུ་མའི་ལམ་གྱི་གལ་གནད་སྐོར་ལམ་སྟོན་ཚད་ལྡན་གནང་བའི་གནས་ཚུལ་ཀུན་ལ་གྲགས་ཀྱི་འདུག སྤྱི་འཐུས་སར་པ་མང་པོ་ཞིག་ཧ་ལས་བསྡད་ཡོད་ཅིང་། དེ་རིང་གུས་ཞབས་ཆེ་ལ། ངག་ཚིག་འཇམ་པ། ནང་དོན་ཟབ་པ། མགོ་འཚོས་པ་བཅས་ཀྱིས་དྲི་བ་བཏང་བས། མི་རྣམས་དལ་ཅག་གེར་བཏང་ཡོད་འདུག་ལ། སྲིད་སྐྱོང་འབུམ་རམས་པ་ཅུང་ཚེར་སྣང་སྐྱེ་ཡོད་འདུག ཁུངས་ལྡན་གནས་ཚུལ་ཡིན།

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-09 at 1:41 pm

    ཧཧཧཧཧ་་་་་་་ཤར་ཁུག་གིས་དབུ་མའི་ལམ་སྐོར་ཐད་སྲིད་བློ་ལ་ལམ་སྟོན་ཚད་ལྡན་གནང་ཨང་། དེ་ལྟར་ན་བློ་སེང་མི་ལོ་མང་པོ་རིང་ནང་ཁྲིམས་ཐོག་སློབ་སྦྱོང་གནང་བ་ཚང་མ་དོན་མེད་གྱུར་རམ། ངོ་མ་བགད་མོལ་བསླང་གི་ཡ། མ་གཞི་ནག་ཁུང་ནང་ནས་འབར་རྫས་འཇོག་མཁན་འདི་ཚོའི་གཏམ་ལ་ཅི་ཆ་ཡ།

  6. བསྟན་འཛིན says:
    2016-06-09 at 1:50 pm

    ཧ་ཧ་བདེན་ན་སྲིད།མི་འཁྱམ།

  7. ལིང་ནག says:
    2016-06-09 at 6:26 pm

    ཏྲེ་ཧོར་བྱམས་པ་རིན་ཆེན་ལགས།
    རང་རེའི་སྲིད་སྐྱོང་མཆོག་ལ་འབུམ་རམས་པའི་ཕྱག་འཁྱེར་ཡོད་དམ་་་་་དུས་ནམ་དང་ལོ་དུས་ཟླ་བ་སོགས་དང་ཁུངས་ལྡན་ཅིག་གསུངས་རོགས་་་་

  8. ཁ་བ་རི་བ says:
    2016-06-10 at 3:02 am

    ཨ་ཁུ་འབྲོག་པའི་དྲངས་པོ་བཤད་འདུག།ཤར་ཁུག་ཟབ་སྦྱོང་ལ་ཡོད་ཙང་འཇིགས་སྣང་ཅུང་ཟད་བྱུང་བ་ཡིན་སྲིད་ཟེར།འཇིགས་སྣང་ཅུང་ཟད་ག་ལ་ཚད་འཇིགས་སྣང་ཆེན་པོ་བྱུང་ཡོད་སྲིད་པ་རེད།གང་ཡིན་ཟེར་ན།སྐར་ལྔའི་དར་དམར་འཕྱར་བ་དངགཅིག་།ལོ་རྒྱུན་ཐོག་བོད་རང་བཙན་ཡིན་པ་ལ་དགགས་པ་བསྐྱོན་པ་དང་གཉིས།ཆོལ་ཁའི་བར་ལ་དབྱེ་འབྱེད་བྱེད་ནས་
    བོད་མའི་མཐུན་ལམ་ལ་གནོད་སྐྱོན་ཚབ་ཆེནགཏོང་བ་དང་གསུམ།རྒྱུ་མཚན་ཆེ་པོ་དེ་དག་ལ་བརྟེན་ནས་སྲིད་སྐྱོང་འཇིགས་སྣང་སྐྱེ་དང་྄སྐྱེ།

  9. རང་བཙན་བུ། says:
    2016-06-10 at 5:31 am

    བོད་ཐོག་གྲངས་ཉུངམི་རིགས་གཞན་ལས་ལྷག་པའི་རྒྱབ་ཤ་དཀར་པོའི་དེབ་མང་པོ་བཏོན་པ་དེ་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཟེར། འདི་གྲུབ་འབྲས་མེད་པའི་གྲུབ་འབྲས་ཟེར་བ་དེ་མིན་ནམ། དབུ་མའི་ལམ་གྱི་གྲུབ་འབྲས་དཀོན་པོ་དེ་འདྲ་གང་འདྲ་ཆགས་པ་རེད།

  10. ལུང་རྟོགས། says:
    2016-06-10 at 5:32 am

    ཧཧཧ དྲ་འབུ་ལས་ངན་འདི་ཚོས། སོ་སོས་ཅི་ཡང་མི་སྒྲུབ་པར་སྤྱི་ཚོགས་ནང་གཟེང་སུ་ཐོན་པའི་ལས་དོན་སྒྲུབ་མཁན་ཚོས་ཁ་རྐྱང་རྐྱང་བཏང་ནས་སྡད་འདུག དྲ་འབུ་ནི་དྲ་འབུ་རང་རེད། དུས་ཚོད་མ་འཁྱོལ་ན་མ་ཎི་འདྲ་བསྒྲངས་དང་ཚེ་ཕྱི་མར་ཅུང་ཟད་ཕན་ལེ་རེད། མུན་ཁུང་ནང་ནས་རྡོ་གཡུག་སྡད་ན་ཚེ་འདིའི་བཟང་སྤྱོད་ཉམ་སྐྱེད་དང་ཕྱི་མ་སྡིག་པ་ཆེ་སྐྱེད་རེད། གོ་ན་སླབ་བྱ་ཡིན་མ་གོ་ན་ཚིག་ངན་ཡིན། ཧཧཧ

  11. ཁ་བ་རི་བ says:
    2016-06-10 at 6:13 am

    ལགསོ་ལགསོ་ལུང་རྟོགས་ལགས།དངོས་གནས་བསླབས་བྱ་རེད་སེམས་ལ་འཇོག་ངེས་ཡིན།

  12. ཨ་ཁུ་འབྲོག་པ། says:
    2016-06-10 at 9:50 am

    ནམ་རྒྱུན་ཁོ་བོས་ཟུར་ཟའི་ཚིག་ཕྲན་བུ་འབྲི་ཤོར་ཡང་། ད་རེས་ཟོལ་བཅོས་མེད་པར་བཤད་ན། སྲིད་སྐྱོང་མཆོག་ནས་སྤྱི་འཐུས་གསར་པ་རྣམས་ལ་ཕར་གཟབ་སྦྱོང་འབུལ་རྒྱུ་ལྟ་གང་ཤེས། དེ་ལས་ཚུར་སྲིད་སྐྱོང་མཆོག་དང་ཕྱག་སྦྲེལ་བཀའ་བློན་རྣམས་ལ་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་གི་དྲུང་ནས་འཇུ་མི་ཕམ་གསུང་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དེའི་གཟབ་སྦྱོང་ཞིག་ཐོབ་ན་ཡ་རབས་བཟང་སྤྱོད་ཀྱི་བསྟན་པ་འགོ་ནས་མི་ཤིགས་པ་ཞིག་མི་ཡོང་ངམ་སྙམ། དེ་བཞིན་སྤྱི་འཐུས་རྣམས་ལ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་དྲུང་ནས་ས་སྐྱ་ལེགས་བཤད་ཀྱི་ལྗགས་འཁྲིད་ཅིག་དང་། གཞུང་ཞབས་རྣམ་པར་༧གོང་ས་མཆོག་གམ་དགེ་བཤེས་ཚད་ལྡན་ཞིག་གི་དྲུང་ནས་བཤེས་སྤྲིང་གི་ལྗགས་འཁྲིད་ཅིག་ཞུ་ཐུབ་ན་སོས་ཐན་དུས་ཀྱི་སྦྲང་ཆར་ཞིག་ཏུ་འགྱུར་ངེས་སྙམ།

  13. ལུང་རྟོགས། says:
    2016-06-10 at 11:23 am

    ཨ་ཁུ་འབྲོག་པ་རང་གིས་ཀྱང་ས་སྐྱ་ལེགས་བཤད་ནང་གི་ཡ་རབ་རྟག་པ་ཞེས་པ་དེ་ལ་སློབ་སྦྱོང་མང་ཙམ་བྱེད་དགོས་པ་འདུག

  14. ཨ་ཁུ་འབྲོག་པ། says:
    2016-06-10 at 12:24 pm

    ང་ལྟ་ཨའུ་ཙམ་ཡིན་འགྲོ། དེ་བས་ཁྱེད་ནས་ངན་སྤྱོད་བརྟག་པའི་རབ་འབྱེད་དེ་སྲིད་སྐྱོང་ལ་སློབ་སྟོན་ཕུལ་ན་གང་འདྲ་འདུག

  15. ཁ་བ་རི་བ་ says:
    2016-06-10 at 12:34 pm

    རྗེ་འབངས་མཐུན་ན་དགྲ་སྡེ་ཡི།ཐུབ་དཀའ་སོ་སོར་གྱེས་ན་མིན།རྟ་ཡི་བགྲོད་དཀའི་ཆུ་བོ་ཡང་།མང་དུ་གྱེས་ན་ལུག་ཀྱང་བགྲོད།ཟེར་བའི་ལེགས་བཤད་ཀྱང་གདའོ།

  16. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-11 at 10:06 pm

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བཀུར་བློ་གཏད་ཉམས་ལེན་ཞུ་མཁན་ཞིག་གི་ངོས་ནས་ལྟས་ན་ བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་འདི་འཁོད་པ་ལས་རང་བཙན་དང་དབུ་མ་སོགས་གང་ཡང་འཁོད་མི་འདུག་ན་ ཕྱི་ལོ་1997 ཟླ་བ་ 9 པའི་ཚེས་18 ཉིན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་དབུ་མའི་ལམ་ལ་གཏན་
    འབེབས་གནང་བ་ལས་བཅའ་ཁྲིམས་བསྐྱར་བཅོས་ལ་ཁ་ཕྱོགས་མེད་ན་གྲོས་ཆོད་ལ་ཁྲིམས་ཀྱིས་ནུས་པ་ཡོད་པ་ངས་ནམ་ཡང་ཤེས་ཐུབ་མ་སོང་ན་ ད་ཆ་ང་ཚོ་རང་བཙན་དང་དབུ་མ་རང་ཐག་རང་གཅོད་བདེན་པའི་ཨུ་ཚུགས་མི་རིགས་ས་གནས་རང་སྐྱོང་སོགས་བོད་དོན་བདེན་མཐའ་གསལ་བ་ལ་ཆབ་སྲིད་ཀྱི་ལྟ་སྒྲུབ་དང་ཐབས་ལམ་ག་འདྲ་ཞིག་ལ་ང་ཚོ་ཁ་ཕྱོགས་དགོས་ན་ཡང་ ཁྲིམས་བཟོ་སྤྱི་འཐུས་གྲོས་
    ཚོགས་ནས་དེ་སྔོན་བཞིན་གྲོས་ཆོད་གཏན་འབེབས་མ་ཡིན་པར་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས་བོད་མི་གཞིས་བྱེས་ཚང་མས་ངོས་འཛིན་གཅིག་ལ་ལས་འགུལ་སྤེལ་ཐུབ་པའི་ཆབ་སྲིད་ཀྱི་ལམ་ཁ་གསལ་པ་བཟོ་དགོས་པ་དེ་བོད་མི་རིགས་བསམ་ཕྱི་མ་དྲག་ནའང་སྔ་མེད་པ་ངོས་འཛིན་ཞུ་གི་ཡོད་།

  17. ཀརྡོ་གཉེར་ཕྱག་པ་་ says:
    2016-06-12 at 7:47 am

    ་་་་་་་་ཞུ་མཁན་ཞིག་གི་ངོས་ནས་ལྟས་ན་་་་་་
    འདི།
    ཞུ་མཁན་ཞིག་གིས་ངོས་ནས་བལྟས་ན་

  18. ཇ་མ་ says:
    2016-06-12 at 10:53 pm

    བོད་པའི་ཤི་གསོན་གྱི་ལམ་ཁ་ནི་རང་བཙན་ཡིན། དབུ་མའི་ལམ་ནི་གནས་སྐབས་དུས་ཚོད་གཏོང་ཐབས་ལས་མ་འདས།

  19. ཅང་ཤེས་རྟ་མཆོག says:
    2016-06-13 at 5:11 am

    སྲིད་སྐྱོང་ལགས་སྨྱོན་པ་སྨྱོ་ནག་ལ་ཆགས་འདུག

  20. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-13 at 9:38 am

    བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་དང་ཁྲིམས་ཀྱི་
    དབང་བསྒྱུར་འོག་འཚོ་དགོས་ཀྱི་ཡོད་ན་སྤྱི་འཐུས་གྲོས་
    ཚོགས་ལ་ཚོགས་གཙོ་གཉིས་རེ་མོས་བྱ་དགོས་པ་དེ་
    གལ་ཆེན་དོན་ཆེན་ཞིག་ཆགས་ཡོད་ན་བཙན་བྱོལ་བོད་
    མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས་ཚོགས་
    གཙོ་གཉིས་ནས་རེ་མོས་བྱ་དགོས་པ་ནི་ཁྲིམས་མཐུན་
    ངོ་མ་དེ་མ་རེད་།

  21. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-28 at 2:34 am

    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
    མང་ངཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
    ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།

  22. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-28 at 2:36 am

    ནོར་བཅོས་(མང་གཙོ་) གཙོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme