Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐོན་འཛུལ་ཆོག་མཆན་མི་དགོས་པ་ཞིག །

Posted on 2016-05-252016-05-25 By ཁ་བརྡ 9 Comments on ཐོན་འཛུལ་ཆོག་མཆན་མི་དགོས་པ་ཞིག །

སྐྱོ་བྲག་དགའ་དབང་།

 
མི་རབས་རྒན་པའི་ལྷག་བསམ་དང་འབད་བརྩོན་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་ཞིག་བཙུགས་ཐུབ་པ་ཙམ་དུ་མ་ཟད་རྒྱུན་ཡང་ད་བར་བསྐྱངས་པ་རེད། གཞུང་འདིའི་ཁ་ཐབས་དང་འཁོས་ཀ་བཟང་ངན་གང་ལྟར་ཡང། བོད་མི་རིགས་དང་རྒྱལ་ཁབ་ཀྱི་འགུལ་ཤུགས་ལྟེ་བ་ཡིན་པས་ང་ཚོ་ལ་ཧ་ཅང་གི་གལ་འགངས་ཆེ་མོད། མ་འོངས་པར་རྒྱུན་གནས་ཐུབ་མིན་ནི་རང་གི་ཁ་ཞབས་སུ་ཡོད་པའི་འབངས་མི་སེར་ཡོད་མེད་ལ་རག་ལུས་ཕྱིར། སྐྱབས་བཅོལ་བོད་མི་ཕལ་མོ་ཆེ་རྒྱལ་ཁབ་གཞན་པའི་མི་སེར་དུ་གྱུར་ཟིན་སྐབས། གཞུང་སྒེར་འབྲེལ་མེད་དོན་གཞན་དུ་སོངས་ཏེ། བོད་གཞུང་ནི་ག་ལེར་འཇའ་བཞིན་ཡལ་བའི་ཉེན་ཁ་ཡོད་པ་ཡིན།

ཡིན་ནའང། ཕྱི་རྒྱལ་དུ་གཏན་འདུག་མ་བྱས་པའི་བོད་པ་གང་མང་ཞིག་གིས་ཀྱང་། རྒྱ་གར་གཞུང་གི་ཁྲིམས་སུ་གསལ་བ་བཞིན། ཐ་ན་ཁྲིམས་གཏུག་ཡན་གྱིས་རྒྱ་གར་གྱི་མི་སེར་བཟོ་བཞིན་ཡོད་ལ། ཁག་ཀྱང་མི་འདུག །དཔེར་ན། དྷ་རམ་སཱ་ལའི་ཐོན་མཆན་(Exit Permit)དང་ཡོང་མཆན་(Return visa)ལྟར་ནའང་། ས་གནས་གཞན་ཞིག་ནས་ཆེད་དུ་ཡོང་སྟེ། ཞག་མ་བཅུ་གྲངས་ཤིག་གི་ཡར་རྒྱུག་མར་རྒྱུག་གི་འབད་བརྩོན་ཤ་ཐང་ཆད་པས་སྒྲུབ་དགོས།
མཚམས་རེ་དུས་ཚོད་ཀྱིས་དེད་དེ་འུ་ཐུག་ཡོང་བ་ན། ཧིན་སྒོར་སྟོང་ཕྲག་གསུམ་བཞི་རེའི་ལྐོག་རྔན་ནི་སྤྲད་ས་རྙེད་པའང་འགྲིག་སོང་བསམ་པ་ཡོང་གི་གདའ། ལྐོག་རྔན་སྤྲད་པ་ནི། རང་གཞན་གྱི་ཉམས་མྱོང་གང་ལ་བལྟས་ནའང་། འུ་ཐུག་དྲགས་པས་ཡིན་པ་ལས། སྒོར་མོ་མང་དྲགས་པས་རེད་མི་འདུག །

ཡང་རྒྱ་གར་ནང་དུ་ཚུར་བསླེབས་རྗེས་ཀྱང་སྐྱབས་བཅོལ་ལག་དེབ་(RC)ལེན་ལ་རྐང་བཙུགས་ནས་དྷ་རམ་སཱ་ལར་ཡོང་དགོས་ཤིང་། འདི་ཚོའི་དཀའ་ངལ་དང་འགྲོ་སོང་ནི་ལས་སླ་བོ་ཞིག་ཁྱོན་ནས་མ་རེད།
དཀའ་ངལ་མེད་པའི་ལམ་ཁ་ཞིག་ཡོད་ན། དེར་ཤར་བསྐྱོད་དགོས་པ་ནི། བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་གང་ཟག་དག་གི་ངོས་ནས་གདམ་ང་མ་འཕྱུགས་པ་ཡིན་ཕྱིར། བོད་པ་མང་པོས་སྔར་ཡང་རྒྱལ་ཁབ་གཞན་པའི་མི་སེར་བཟོས་པ་རེད་ལ། ད་དུང་ཡང་མུ་མཐུད་ནས་བཟོ་ངེས་པ་ཡིན།

དེས་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། ཐོན་མཆན་(Exit Permit)དང་ཡོང་མཆན་(Return visa)ལྟ་བུ་དགོས་མེད་ཀྱི་དཀའ་ཚེགས་འདི་ཚོ་གང་མགྱོགས་སེལ་ཐབས་གནང་བ་ནི། གཞུང་སྒེར་གཉི་གར་ཕན་པ་ཡོད་པའི་ལས་དོན་ཁ་ཚ་དགོས་གཏུགས་མ་སྟེ། དཀའ་ངལ་མེད་ན་རྒྱ་གར་གྱི་མི་སེར་བཟོ་དགོས་ཅི་ཡོད། གལ་ཏེ་གཞུང་ངོས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ན། སྒེར་ངོས་ནས་དཀའ་ངལ་མེད་པའི་ལམ་ལ་མ་ཞུགས་རང་ཞུགས་ཆགས་ཀྱི་རེད།

བསམ་ཚུལ།

Post navigation

Previous Post: གསར་འགོད་པའི་ས་མིག་གསལ་བསྒྲགས།
Next Post: 2016ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ས་ག་ཟླ་བའི་དུས་སྟོན་ཐོག་གི་གཏམ་བཤད།

Comments (9) on “ཐོན་འཛུལ་ཆོག་མཆན་མི་དགོས་པ་ཞིག །”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-25 at 1:50 am

    དགའ་དབང་ལགས་ཀྱིས་གསུངས་པ་དེ་གར་རང་རེད། མགོ་བདེ་དྲན་རྒོད་ཚོས་གནའ་སྔ་ནས་རྐང་པ་གཉིས་གསུམ་བཙུགས་ནས་འདུག་ཡོད། ལས་ངན་པ་འབངས་མི་སེར་ཉམས་ཆུང་རྣམས་ཁ་སྟབས་སྐྱོ་བོ་ཐོག་ད་དུང་རེ་བ་ཅིག་གི་འོག་ནས་མགོ་འཁོར་བཞིན་ཡོད། སུ་ཡིན་ནའང་སྐྱིད་ས་བདེ་ས་ཅིག་ལ་འགྲིམ་རྒྱུ་དེ་བཤད་མི་དགོས་པ་རེད་མ་རེད་དམ།

  2. གནམ says:
    2016-05-25 at 8:07 am

    རྒྱལ་ཁབ་གཞན་ཞིག་གི་མི་སེར་བྱས་ན་མ་བྱས་ན་ཡང་། ༧གོང་ས་མཆོག་གི་བཙན་བྱོལ་གཞུང་ནམ་ཡང་འཐོར་མི་སྲིད།
    གོ་སྐབས་དང་ནུས་བ་ནི་ང་ཚོས་དངོས་བར་དུ་འཚོལ་དགོས། འདི་ནི་བོད་མི་རིགས་ཀྱི་རྨང་རྡོ་སྲ་བརྟན་དུ་འགྲོ་བའི་ལམ་ཁ་དང་དགྲ་ནག་པོའི་ཁ་སྔུན་ན་ངར་ངར་རྫིག་རྫིག་གི་གཟི་བརྗིད་འབར་བའི་ལམ་ཁ་ཡིན།

  3. ཨ་ཁུ་འབྲོག་པ། says:
    2016-05-25 at 12:39 pm

    ཐོན་འཛུལ་ཆོག་མཆན་རྒྱལ་ཁབ་དེ་དང་དེས་སྤྲོད་དགོས་པ་ལས། དེའི་མགྲོན་པོ་ལ་སྤྲོད་དང་མི་སྤྲོད་ཀྱི་དབང་ཆ་སྤུ་ཙམ་མེད་པ་དེ་ཙམ་ཡང་མི་ཤེས་པའི་མཁས་འཆལ་འདི་ཚོ་ལ་ཉན་ལ་གད་མོ་གཏིང་ནང་སློང་།

  4. ཨ་ཁུ་འབྲོག་པ། says:
    2016-05-25 at 12:52 pm

    འདི་ལྟ་བུ་ལས་འབྲི་མི་ཤེས་ན། དེའི་ཚབ་དུ་མ་ཎི་འདྲ་གདོན་པ་དང་། རང་ངོ་འདྲ་བསྐྱངས་ནས་བསྡད་ན་བཀའ་བརྒྱུད་གོང་མ་རྣམས་ཀྱིས་བཀའ་བཀྱོན་ནི་ཕེབས་དོགས་མེད།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-25 at 10:15 pm

    འཛམ་གླིང་ཤར་ནུབ་ཀྱི་རང་བཙན་ཡོད་པའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་རུང་ཐོན་འཛུལ་ཆོག་མཆན་མ་ཞུས་པར་འགྲོ་སའི་ལམ་མེད་པ་གཅིག་མཚུངས་
    ཡིན་ས་རེད་ དེ་ལ་དབུས་བོད་མིའི་སྒྲིག་འཛུགས་གནང་རྒྱུ་ཨ་ཡོད་།

  6. ཨ་འབར་འཇིགས་དབང་། says:
    2016-05-25 at 10:41 pm

    ༅༅། ཐོནའཛུལ་ཆོག་མཆན་མིདགོས་པའི་བོད་གཞུང་ནས་གནང་དགོས་ཟེར་བ་འདི་ནི་བྲོད་ཁོག་རྒྱག་པའི་སྐད་ཆ་རེད། གནས་ཡུལ་རྒྱལ་ཁབ་ཀྱི་བདེ་སྲུང་གི་ཆེད་ཁྲིམས་སྒྲིག་བཟོས་ཡོད་པར་བརྟེན་
    དེ་བོད་མི་རེ་དགའ་ལ་དཀའ་ངལ་འདུག་་་འདི་མེད་པ་བཟོ་དགོས་འདུག་བརྗོད་ན་ལྐུགས་པ་ཚོ་ག་རེ་ཟེར་གྱི་ཡོད་དམ་། སློབ་སྦྱང་རྩ་བ་ནས་མི་འདུག་ སོ་སོའི་བྲོད་ཁོག་རྒྱག་ཙམ་མ་གཏོགས་གཞན་པ་ཅི་ཡང་མི་ཤེས་པ། ལྐུགས་སྟོང་། ཀླད་སྟོང་རེད་ཟེར་གྱི་རེད་།
    ཉི་མ་གཅིག་ཁ་ལག་ཟ་བར་དཀའ་ལས་འདུག་། བོད་མིའི་སྒྲིག་འཛུགས་ནས་ཁ་ལག་ཁའི་ནང་བླུགས་ཐབས་བྱེད་དགོས་འདུག་ཟེར་མདོག་ཁ་པོ་འདུག་ ཧ་ཧ་ཧ།
    ཁྱོད་ཝྐྱོ་བྲག་དགའ་དབང་ལ་ཐོན་འཛུལ་ཆོག་མཆན་མི་དགོས་པ་བཟོ་དགོས་འདུག་ཅེས་
    རྒྱ་གར་ཕྱི་སྲིད་ལས་ཁུངས་ལ་ཞུས་་་་་གཅིག་བྱེད་ན་ཁྱོད་ལ་དམིགས་བསལ་གནང་སྲིད།

  7. དབྱངས་ཅན་འབངས says:
    2016-05-26 at 1:57 am

    ཨ་ ཁུས་མགོ་འཚོས་མིན་འདུག exit permit ཟེར་བ་འདི་སྒྲིག་ལམ་གསར་པ་ཞིག་རེད། ལོ་བཅོ་ལྔ་ལྷག་ཕྱིན་ཨེ་ཡོད། དེ་མི་དགོས་པ་བྱ་རྒྱུར་རྒྱ་གར་གཞུང་ལ་ང་ཚོའི་ངོས་ནས་རེ་བ་འདོན་རྒྱུ་ལོས་ཡོད། དེ་གཅིག་རེད།
    ད་དུང་ (R.C.) ནང་ས་གནས་ནས་ནས་ཐོན་ཚེས་departure དང་འབྱོར་ཚེས་arrival འགོད་རྒྱུ་ཞིག་ཡོད། དེ་དངོས་སུ་ལག་ལེན་བཀལ་ན་སྐྱབས་བཅོལ་བོད་མི་རྣམས་བཟང་བཙོན་པ་ཞིག་དང་གཉིས་སུ་མེད། དེ་ལྟ་བུའི་ཕན་ཐོགས་མེད་ལ། དཀའ་ངལ་བཟོ་བྱེད། ལག་ལེན་མེད་པ། ཉེན་རྟོག་པར་དངུལ་ཤོར་ས་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་དབུས་གཞུང་ལ་ངེས་པར་རེ་བསྐུལ་ཞུ་དགོས་པ་མ་ཞུས་པའི་གནད་དོན་དག་རེད།

  8. དབྱངས་ཅན་འབངས says:
    2016-05-26 at 2:09 am

    རྒྱལ་ཁབ་ཡོད་མཁན་ཚོར་ exit permit ཟེར་བ་གོ་མྱོང་ཡང་ཡོད་རྒྱུ་མ་རེད། དེ་ནི་ཆེད་དུ་སྐྱབས་བཅོལ་བ་ཚོར་དམིགས་ནས་བཟོས་པ་ཞིག་རེད། དེའི་སྐོར་གནམ་ཐང་གི་ཐོངས་མཆན་ཞིབ་འཇུག་པ་ནང་ནས་ཀྱང་རྒན་པ་ཚོས་མ་གཏོགས་གཞོན་པ་ཚོས་ཏག་ཏག་མ་ཤེས་པ་མྱོང་གྲུབ་རེད། དེར་བརྟེན་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ཐོངས་མཆན་སྟེང་ཐོན་ཚེས་ཆོག་མཆན་exit permit ཟེར་བ་ཐོལ་པ་དེ་མེད་པ་མཁྱེན་པར་མཛོད།

  9. རྒྱ་མཚོ་ཆེན་པོ། says:
    2016-05-27 at 2:53 am

    རེད་དགའ་དབང་ཁོས་ད་ལན་བློ་ལ་བབས་པ་ཞིག་བཤད་འདུག་གོང་མཆན་རེ་འགས་མགོ་ཚོས་ལ་མ་ཚོས་བཤད་འདུག་ཐོན་ཡོང་གཉིས་ཀར་ཆོག་མཆན་དགོས་པ་སྐྱབས་བཅོལ་བ་ནང་ནས་རང་རིགས་གཅིག་པུ་མྱོང་དགོས་འདུག སྲིད་སྐྱོང་ནས་མགོ་བདེ་ལས་བྱེད་དཀྱུས་མ་ཡན་གཞན་གྱི་མི་སེར་བཟོས་དང་བཟོ་བཞིན་པ་རེད། བཙན་བྱོལ་གཞུང་འབངས་གཉིས་ཀར་བརྟན་ཚུགས་དགོས་ན་ཁ་ཚ་དགོས་གཏུགས་དཀའ་ངལ་དག་སྔོན་དུ་སེལ་གལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme