Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་པོ་ཚུལ་བློ་དང་བསོད་དར་གཉིས་ཀྱི་རྒྱབ་མདུན་གྱི་སྐར་ལྔའི་དར་དམར།

Posted on 2016-05-162016-05-16 By ཁ་བརྡ 27 Comments on མཁན་པོ་ཚུལ་བློ་དང་བསོད་དར་གཉིས་ཀྱི་རྒྱབ་མདུན་གྱི་སྐར་ལྔའི་དར་དམར།

ནམ་མཁའ།

 
རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་རིག་གཞུང་ཉམས་དམས་སུ་བཏང་སྟེ། བོད་མི་རིགས་འདི་རྒྱ་མི་རིགས་ཀྱི་ངོ་བོ་བསྒྱུར་འདོད་པ་གསལ་བོ་ཡིན་པ་ཚང་མས་ཤེས་གསལ་ལྟར། རྒྱ་ནག་སྲིད་གཞུང་གི་ལྟ་ཚུལ་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་བསྟི་གནས་དགོན་པ་ཁག་གི་གྲྭ་བཙུན་རྣམས་དང་། ཞིང་འབྲོག་གི་དམངས་ཚོགས་ཚོ་ཡིན་པའི་ལྟ་ཚུལ་འདི་ཤུགས་ཆེན་བཟུང་ཡོད། དེར་ཡང་རྒྱུ་མཚན་ཕྲན་བུ་རེ་ཡོད་སྟེ། ལོ་རབས་༨༠ མཇུག་དང་༩༠ ནང་། ནུབ་བྱང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་ལ། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་སློབ་གསོ་སྤྲད་དེ། དེའི་འོག་ནས་འཚར་ལོངས་བྱུང་རྗེས། ཕྱིར་རང་ཡུལ་དུ་ལོག་ནས་ཡིག་རྨོངས་མ་སེལ་བའི་ཞིང་འབྲོག་མང་པོ་ཞིག་ལ་གཏམ་བཤད་མང་པོ་འདི་ལྟར་བྱས་ཡོད།

བཀའ་བསྟན་འགྱུར་གྱིས་མེ་མདའ་སོགས་མཚོན་ཆའི་རིགས་འགོག་ཐུབ་ཀྱི་ཡོད་དམ། ཞེས་དྲི་བ་འདི་འདྲའི་རིགས་ནས་མགོ་བརྩམས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགག་པ་བརྒྱབ་ནས། མར་ལེ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་བཤད་ཁུལ་བྱས་པ་རེད། བཤད་སྟངས་ཀྱང་ཧ་ཅང་སྙིང་རྗེ་བོ་དང་བོད་མི་རིགས་ལ་ཤ་ཚའི་གཏམ་ཡིན་པའི་ཁུལ་གྱིས་གླེང་མོལ་མང་པོ་བྱས་ཡོད། གཅིག་བྱས་ན་བོད་མི་རིགས་ལ་ཤ་ཚ་ཡོད་ངེས་རེད།

ཡིན་ཡང་མི་རིགས་ཞིག་ཤི་གསོན་གྱི་རྩ་བ་གང་ལ་ཐུག་ཡོད་མེད་ཁོང་ཚོས་ཤེས་ཀྱི་མེད། འདི་ལྟ་བུའི་རྐྱེན་གྱིས་བོད་མི་རིགས་འདི་ཉམས་དམས་སུ་གཏོང་དགོས་ཚེ། གྲོང་ཁྱེར་ནང་གཞི་བཅའ་དགོས་པར་བསམ་ཚུལ་འདི་རྒྱ་ནག་སྲིད་གཞུང་གི་ལྟ་ཚུལ་གལ་ཆེན་ཞིག་ཏུ་བཟུང་ཡོད། ཡིན་ན་ཡང་། བོད་མི་རིགས་ལ་མཚོན་ནས་བཤད་ན་སྟབས་ལེགས་པ་ཞིག་ལ། མི་མང་པོ་ཞིག་ཕྱིར་འཁོར་སྟེ། རང་ཕ་མས་སྤྲད་པའི་སྲོལ་རྒྱུན་རིག་གནས་ནང་ཐིམ་ཡོད། འོན་ཀྱང་ཁ་ཤས་ཞིག་གིས་ད་རུང་ཡང་མར་ལེ་རིང་ལུགས་ཀྱི་མཚན་ཉིད་ལྟ་གྲུབ་རིག་པ་འུར་སྒྲོག་བྱེད་བཞིན་ཡོད།

རྒྱུ་མཚན་འདི་འདྲ་དང་འབྲེལ་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ལ་དམ་འཛིན་དང་ཚོད་འཛིན་བྱེད་བཞིན་ཡོད་པ་ལྟར། རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་ཞུགས་པའི་འབྲོག་པ་མང་པོ་ཞིག་བཙན་དབང་གིས་གྲོང་ཁྱེར་ནང་གནས་སྤོར་བྱེད་དུ་བཅུགས་ཡོད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས།
ཁོང་ཚོས་ཐབས་ལམ་གསར་བ་ཞིག་རྙེད་པ་རེད།
དེ་ནི་དེང་སང་ཆོས་ལུགས་ཀྱི་མི་སྣ་བེད་སྤྱོད་གཏོང་མགོ་བརྩམས་ཏེ། དཔེར་ན། མཁན་པོ་ཚུལ་བློ་དང་མཁན་པོ་བསོད་དར་ལྟ་བུ་སོགས་བེད་སྤྱོད་བྱས་ནས། ཟོག་ལུག་འཚོ་སྐྱོང་བྱས་ན་སྡིག་པ་ཆེན་པོ་ཡོད་ཚུལ་ཆོས་ལུགས་ཀྱི་ལམ་ནས་འགྲེལ་བཤད་བྱས་ཏེ། འབྲོག་པའི་རྩྭ་ཐང་གི་ཕྱུགས་ཟོག་ཆ་ཚང་བཙོང་དུ་བཅུགས་པ་རེད། སྐབས་ཐོག་དེར་དབྱར་རྩྭ་དགུན་འབུའི་རིན་གོང་ཆེ་སྟབས། འབྲོག་པའི་རྩྭ་ཐང་གི་རིན་གོང་ཡང་ཆེན་པོ་འཕར་ཡོད། ཡིན་ན་ཡང་། ཁ་སང་དེ་རིང་དབྱར་རྩྭ་དགུན་འབུའི་རིན་གོང་མར་ལྷུང་དུས། འབྲོག་པ་མི་དམངས་ཀྱི་འཚོ་བའི་ཡོང་ཁུངས་ཀྱི་རྩ་བ་ཕྱུགས་ཟོག་སྟོངས་པར་གྱུར་ནས་འབྲོག་པ་མང་པོ་ཞིག་མར་གྲོང་ཁྱེར་ནང་ཡོང་སྟེ། སྲང་ལམ་གྱི་གད་སྙིགས་ནང་ནས་འཚོ་རྟེན་བཙལ་མགོ་བརྩམས་ཡོད།

འབྲོག་པ་ཚོས་ཐ་ན་རང་གི་མེ་ཐབ་གསོ་བྱེད་ཀྱི་ལྕི་བ་ཡན་འདབ་ནས་ཟོག་ལུག་ཡོད་མཁན་གྱི་ཁྱིམ་ཚང་ལ་སློང་དགོས་ཐུག་ཡོད། འདི་འདྲའི་དཀའ་ངལ་ནི་སུས་བཟོས་པ་རེད་ཟེར་ན། ཆབ་སྲིད་མི་ཤེས་པའི་ཆོས་ལུགས་མི་སྣས་བཟོས་པ་རེད།
ངས་འདིར་ཆོས་ལུགས་མི་སྣ་ཚོར་བཤད་འདོད་པ་ཞིག་ལ། ཕྱུགས་ཟོག་འཚོ་སྐྱོང་བྱས་ཏེ་ཤ་ཟོས་ན་སྡིག་པ་ཡོད་པ་བདེན་པ་རེད། དེ་ཡིན་ན་ཁྱེད་རང་གཉིས་ཀྱིས་འབྲོག་པའི་རྩྭ་ཐང་ལ་སྔོ་ཚལ་འདེབས་ཀྱི་ཡིན་ནམ། གལ་སྲིད་བཏབས་ནས་སྐྱེས་པའི་དབང་དུ་བཏང་ཡང་ད་རུང་སྡིག་པ་ཡོད་སྲིད་པ་རེད། སྲིན་འབུ་མང་པོ་གསོད་ཀྱི་ཡོད་པ་རེད། སྡིག་པ་ཡོད་ཚད་མཚམས་འཇོག་བྱེད་དགོས་ཚེ། ཞིང་པ་ཚོས་ཀྱང་ཞིང་ལས་མཚམས་འཇོག་བྱེད་ཀྱི་ཡིན་ནམ། རྒྱུ་མཚན་ནི། ས་ཞིང་འདེབས་དུས་སྲིན་འབུ་མང་པོ་གསོད་ཀྱི་ཡོད་པ་རེད།

ཐ་ན་ཁྱེད་རང་གཉིས་ལྟ་བུ་རྐང་པ་རེ་རེ་སྤོ་དུས་ཀྱང་སྲིན་འབུ་ཕྲ་མོ་གྲངས་མེད་གསོད་ཀྱིན་ཡོད་པས། ཁྱེད་རང་གཉིས་གནམ་ནས་གཟན་གཤོག་པ་བྱས་ཏེ་འཕུར་རྒྱུ་ཡིན་ནམ།
མཁན་པོ་ཚུལ་བློ་དང་བསོད་དར་གཉིས་དངོས་གནས་སྡིག་པ་ལ་འཛེམ་མཁན་དང་། ཡར་སེམས་ཡོད་མཁན་ཞིག་ཡིན་ཚེ། དང་པོ་ཁྱེད་རང་གཉིས་ཀྱི་སྦྱིན་བདག་རྒྱ་རིགས་ཁྱི་ཤ་ཟ་མཁན་དང་ཉ་ཤ། ཐ་ན་བུ་མོའི་མངལ་སྦྲུམ་པའི་ཁོག་གི་བྱིས་པ་བསད་དེ་མི་ཤ་ཟ་མཁན་ཚོར་ཆོས་ལུགས་ཀྱི་སློབ་གསོ་སྤྲད་དེ། ཡ་རབ་བཟང་སྤྱོད་ཀྱི་ལམ་དུ་བསྒྱུར་རོགས་ཞེས་ཞུ་བཞིན་ཡོད།

སྔོན་གྱི་བཙན་པོའི་སྐབས་ནས་བཟུང་ཆབ་སྲིད་མི་ཤེས་པའི་ཆོས་ལུགས་པ་ཚོས་བོད་ལུང་པ་བསྐྱལ་མགོ་བརྩམས་ཡོད། དཔེར་ན། བསམ་ཡས་གཙུག་ལག་ཁང་གི་མཁན་རབས་ལྷ་ལུང་དཔལ་རྡོར་ནས་མགོ་བརྩམས་ཏེ། རྒྱལ་དབང་ལྔ་བའི་སྐབས་སུ་ཀུན་མཁྱེན་ངག་དབང་བརྩོན་འགྲུས་དང་། དུས་རབས་༢༠ མགོ་སྟོད་དུ་རྒྱལ་ཚབ་སྟག་བྲག་དང་ར་སྒྲེང་ལྟ་བུ། དེང་སང་མངོན་སུམ་དུ་མཐོང་བཞིན་པ་མཁན་པོ་ཚུལ་བློ་དང་བསོད་དར་ལྟ་བུ་ཤིན་ཏུ་མང་པོ་ཡོད།

བསམ་ཚུལ།

Post navigation

Previous Post: གནའ་བོའི་རོམ་རྒྱལ་ཁམས།
Next Post: ས་ག་ཟླ་བ་སྲུང་བརྩི་ཞུས་པ།

Comments (27) on “མཁན་པོ་ཚུལ་བློ་དང་བསོད་དར་གཉིས་ཀྱི་རྒྱབ་མདུན་གྱི་སྐར་ལྔའི་དར་དམར།”

  1. ཀླུ་སྨྱོན། says:
    2016-05-16 at 11:12 am

    ང་རང་ཐུག་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་ནམས་དར་རྒྱས་གཉིས་ཀྱི་སློབ་མ་ཚང་མ་དཀར་ཟས་རིང་ལུགས་པ་རྐྱང་རྐྱང་རེད།

  2. ཟླ་བ། says:
    2016-05-16 at 12:22 pm

    སངས་རྒྱས་འཁྲུངས་སར་བདུད་ཡོད་ཅེས་པ་ཅིས་མ་བདེན། དེང་སྙིགས་མ་ལྔ་བདོའི་དུས་འདིར་འཛམ་གླིང་སྤྱི་དང་། བྱེ་བྲག་གངས་ཅན་ལྗོངས་འདིར་སངས་རྒྱས་གཉིས་པ་ལྟ་བུའི་མཛད་འཕྲིན་སྐྱོང་བཞིན་པའི་མཁན་པོ་ཉི་ཟླ་ཟུང་འབྲེལ་ལ་འདི་ལྟའི་མཚན་དམད་ཞུ་སྤོབས་པ་ནི། སྙིང་རྗེའི་ཡུལ་རེད་ཨང་།

  3. ནུབ་ཕྱོགས་གངས་ཕྲུག says:
    2016-05-16 at 12:38 pm

    མཁན་པོ་རྣམ་གཉིས་ཡག་པོ་ཡོད་རབས་ཐོས། མཁན་ཚུལ་ཁྲིམས་བློ་གྲོས་བཀའ་སློབ་ཆོས་དང་སྤྱིར་བཏང་སློབ་གསོ་་ཉན་པར་འགྲོ་མྱོང་ཡོང་། བློ་བསྐྱེད་དམ་ལེགས་བཤད་མི་ཉུང་བ་ཐོབ་བྱུང་།

  4. ནུབ་ཕྱོགས་གངས་ཕྲུག says:
    2016-05-16 at 12:44 pm

    ཚུལ་ཁྲིམས་གཙང་ཞིང་ཐུགས་བརྒྱུད་བྱམས།། ཤེས་བྱར་བློ་གྲོས་ཡངས་ཤིང་རྒྱས།། ཕྱི་ནང་སྐྱེ་བོར་འདི་ཕྱིའི་ལམ།། སྟོན་མཁས་མཁན་ཆེན་མཆོག་ལ་འདུད།།

  5. སྒྲོན་མེ། says:
    2016-05-16 at 1:03 pm

    མི་འདི་ཚོའི་ཁ་ཁོམ་བཏང་ན་མི་བཤད་དགུ་བཤད་རེད།བོད་པ་ཚང་ནས་འཇོན་ཐང་སོགས་གང་ཐད་ནས་འབུར་དུ་ཐོན་ཡོང་དུས།འབུར་འཇོམས་བྱེད་རྐྱང་བྱེད་ཀྱིན་འདུག མ་ཟད་བླ་མ་གོང་མ་རྣམས་ལའང་ཁ་གཏོང་རྐྱང་བྱེད། བོད་གསིལ་བུར་ག་ཚོད་ཐོར་ཀྱང་ང་ཚོ་གཅིག་ཏུ་སྒྲིལ་ཡོད་པ་ནི།ནང་ཆོས་ཀྱི་དྲིན་ཡིན་པ་མ་རྗེད་ཅིག།

  6. སྤོབས་པ་མཐའ་ཡས། says:
    2016-05-16 at 5:00 pm

    མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་འབྲོག་པས་ནོར་ལུག་འཚོ་མི་རུང་ཟེར་ནས་བཤད་པ་རེད་ཟེར་བ་ལྟ་བུའི་སྐད་དེ་ཚོ་ནི་ཆེད་དུ་ལྡོག་ཕྱོགས་ནས་བཤད་བསྡད་པ ཞིག་རེད་བསམ། ངས་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བཀྲམས་པའི་དགེ་བཅུའི་སྲོལ་གྱི་རྣམ་བཞག་ཅེས་པ་དེ་བཀླགས་པ་ཡིན། དེ་ནི་བོད་ཀྱི་སྲོལ་རྒྱུན་ཡ་རབ་བཟང་སྤྱོད་རྒྱུན་འཛིན་བྱ་ཐབས་ལྟ་བུ་ཞིག་མ་གཏོགས་ནོར་ལུག་འཚོས་ན་སྡིག་པ་ཡིནན་ཟེར་ནས་བྲིས་མི་འདུག དེ་ལས་ལྡོག་སྟེ་ནོར་ལུག་བཤས་རར་སྡེབས་ཚོང་མ་བྱེད་ཅེས་བྲིས་འདུག དེང་སང་ནོར་ལུག་བཤས་ལ་བཙོང་ནས་འབྲོག་པའི་སྒོ་ན་ནོར་ལུག་མེད་པར་འགྱུར་ཡོང་བ་དེ་འགོག་ཐབས་ཤིག་རེད་བསམ་སོང་། རྩོམ་ཡིག་འདིའི་ནང་དུ་ཁུངས་སྐྱེལ་དང་དཔང་རྟགས་གཅིག་ཀྱང་བསྟན་མེད་པར་ཁོ་རང་གིས་རང་སྣང་གང་ཤར་གྱིས་འགྲེལ་བཤད་ལོག་པ་ཞིག་བརྒྱབ་འདུག ལེགས་ཉེས་རྣམ་འབྱེད་ཀྱི་རྣམ་དཔྱོད་བཏོན་མེད་པའི་སྟེང་ལ་དེང་རབས་སྤྱི་ཚོགས་གནད་དོན་དབྱེ་ཞིབ་ཀྱི་རྩོམ་འབྲིའི་ཐབས་ལམ་ཀྱང་བེད་སྤྱད་ཤེས་མི་འདུག

  7. ཁྲག says:
    2016-05-17 at 12:53 am

    གནད་ལ་འཁེལ་ཡོད་མེད་མི་ཤེས་གང་ལྟར་ཆོས་པ་ཡིན་ཟེར་མཁན་སྐོར་ཞིག་ལ་དག་ཐེར་བྱེད་རན་ཡིན་པ་ཤེས་ཡོན་པ་ཚོས་ཤེས་གི་ཡོད་པ་རེད། ཁྱེད་རང་གི་སྐད་ཆར་ཞིབ་ཆ་མང་དུ་ཐོན་ན་འདི་ལས་ཡག་གི་བསམ་སོང་།

  8. ཚ་བའི་མེ་ལྕེ། says:
    2016-05-17 at 4:34 am

    ད་ནི་བོད་པ་འདི་ཚོར་སྙིང་རྗེ་འོང་གི་འདུག བོད་ལ་ཁོང་གཉིས་ལྟ་བུ་ཞིག་ད་ལྟ་ལར་ནས་མེད་ཚོད་རེད། ད་དུང་ཡང་ཁོང་གཉིས་ལ་ཁ་བཏང་འགོ་བརྩམས་ཀྱིས་འདུག དངོས་གནས་སྙིང་རྗེ་ཡ་ངུ་དྲོ་བ་ཞིག་རེད། སངས་རྒྱས་སྒོ་ཁར་འགྲིམ་ཡང་བསོད་ཟད་དད་ལོག་སྐྱེ་ཞེས་པའི་དཔེ་ལྟར་རེད། བརྗོད་བྱ་རྗོད་བྱ་དང་ཚིག་འགྲོས་དག་ཆ་སོགས་ཀྱིས་དབུལ་བའི་རྩོམ་འཆལ་འདིར་རིན་ཐང་ནི་ཏིལ་ཙམ་ཡང་མེད་པར་མ་ཟད། ཡི་གེ་གད་སྙིགས་སྤུངས་བཞག མ་གཞི་ནམ་མཁའ་ཟེར་བ་འདིའི་ཁོག་ན་གདོན་ཞུགས་པས་སྐད་ཆ་སྲོང་པོ་ཞིག་བཤད་མི་ཤེས་པའི་ཚོད་དུ་འདུག་ན། སང་གནང་བས་འགོ་བཙུགས་ཏེ་སྨན་ཁང་ནང་སྟོན་མ་གཏོགས། སྟབས་ཉེས་ན་བླ་བོར་ནས་རང་ཤི་རྒྱག་རྒྱུར་འཁེལ་འོང་།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-17 at 5:24 am

    རང་སེམས་མ་དག་མི་སེམས་དཀྲུགས་#ཧཧཧབོད་པ་ཚང་།

  10. ཏི་སི། says:
    2016-05-17 at 8:58 am

    ཕྲག་དོག་ཅན་ལ་བཤད་མ་བཤད་མ་མེད་རེད། ལྷ་ལུང་དཔལ་རྡོར་སྲིད་མི་ཤེས་ཡིན་ན། ཁྱོད་ཆོས་མེད་ཤེས་མཁན་ལས་འབྲས་ནམ་མཁའ་སྟོང་པ་དོན་མཚུངས་སོ། ཡ་ཀུ་རེ་ཡིན། མཁན་ཚུལ་བློའི་སློབ་རྒྱུད་རྒྱ་མི་རིགས་རྣམས་༧ གོང་ས་མཆོག་དེ་འདྲ་དད་གུས་ཅན་ཡིན་པས་མ་དཀེ་ཟས་ལོངས་སུ་སྤྱོད་པ་ཡིན

  11. ཆོས་འཕེལ་དར་རྒྱས་ says:
    2016-05-18 at 7:11 am

    ཁོང་གཉིས་ཡག་ན་ངན་བོད་པ་རེད། ཁོང་ཚོས་ཤ་ཟ་ན་མི་ཟ་ན་བོད་པ་རེད། ང་བོད་པ་ཞིག་ཡིན། བོད་པ་ཐ་ཤལ་པ་ཞིག་ཡིན། ཤ་ཟ་མཁན་གྱི་བོད་པ་ཞིག་ཡིན། ཉ་ཟ་མཁན་གྱི་བོད་པ་ཞིག་ཡིན། རྒྱལ་ཁབ་སུམ་ཅུ་ལྷག་ལ་འཁྱར་བའི་བོད་པ་ཞིག་ཡིན། སྐད་རིགས་ལྔ་དང་བོད་རང་གི་སྐད་ཡིག་བཅས་དྲུག་བཤད་ཤེས་མཁན་ཞིག་ཡིན། རྒྱལ་ཁབ་བཞིའི་ནང་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བ་མེད་པའི་ལས་ཀ་ལས་ནས་ཁ་གསོ་མཁན་གྱི་བོད་པ་ཞིག་ཡིན། རྔུལ་ཆུ་གཏོང་ཕོད་མཁན་གྱི་བོད་པ་ཞིག་ཡིན། བོད་ལ་དགའ་མཁན་གྱི་བོད་པ་ཞིག་ཡིན། ད་སྐུ་མཁྱེན་ཁྱེད་ཚོས་ཡར་བཤད་མར་བཤད་བྱས་མཁན་པོ་ཁོང་གཉིས་སོགས་བོད་ཀྱི་མི་སུ་དང་གང་ལ་ཁ་མ་གཏོང་རོགས། རང་རང་ས་ནས་རང་གི་གང་འཇོན་པ་དེ་ལས་ནས་ཤོག་དང་དེ་གཙོ་བོ་རེད།།།།།།།།།།།།།།།

  12. ཨ་ཕོ་ཚང་ says:
    2016-05-18 at 11:25 am

    ཚང་མ་ལ་བཀའ་དྲི་ཞུ་རྒྱུར་སངས་རྒྱས་བཅོམ་ལྡན་འདས་ཤ་མེད་བཞེས་མཁན་རེད་དམ་ཤ་ཡོད་བཞེས་མཁན་རེད་དམ་

  13. ཀླུ་སྨྱོན། says:
    2016-05-18 at 11:55 am

    སྔོན་ཆད་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་ཉིག་ཡོར་ལ་རྩེ་དཔེ་མཛོད་ནས་གསུང་བཤད་གནང་དུས་བཅོམ་ལྡན་འདས་ཐེག་དམན་པའི་ལུགས་ལ་ཤ་ཡོད་རེད། ཤ་ཕུལ་ན་བཞེས་ཀི་རེད་གསུངས་སོང་།

  14. ཀརྡོ་གཉེར་ཕྱག་པ་་ says:
    2016-05-18 at 12:16 pm

    ཤ་ཡི་བསོད་སྙོམས་ཕུལ་མ་ཕུལ་ལ་རག་ལས་ཀྱི། ཤ་བཞེས་མི་བཞེས་ལ་རག་མི་ལས་པ་འདྲ། དེ་བཞིན་དུ་དགེ་སློང་སྤྱི་ལ་ཡང་སྦྱར་རིགས་སྙམ།

  15. ཨ་ཁུ་འབྲོག་པ། says:
    2016-05-18 at 12:50 pm

    བཅོམ་ལྡན་འདས་ཀྱིས་ཐེག་དམན་ལུགས་སུ་རྣམ་གསུམ་དག་པའི་ཤ་ཟར་རུང་གསུངས་པ་ལས། བླ་མ་གྲྭ་བ་ཞབས་བརྟན་ལ་གདན་དྲངས་ཏེ། ་སྒོ་ཕྱུགས་བསད་པའི་ཤ་ཡི་སྟོན་མོ་ཕུལ་བ་བཞེས་ན་ནི་མ་འགྲིགས་པ་རེད།

  16. དགེ་བསྟན། says:
    2016-05-18 at 12:58 pm

    རང་གིས་དམར་ཟས་སྤོང་མི་ནུས་རུང་། གཞན་གྱིས་སྤངས་པ་ཡི་རང་བྱོས་ཤིག

  17. ཅོ་རི་ཉི་མ། says:
    2016-05-18 at 2:06 pm

    དེང་གི་ཚན་རིག་དང་མཐུན་པའི་ལོ་རྒྱུས་ཁས་ལེན་གི་ཡིན་ཟེར་མཁན་ཚོའི་ལུགས་སུ་བྱས་ན་་་ཤཀྱའི་རྒྱལ་པོས་ཕག་ཤ་རྙིང་པ་རྒྱགས་ཚད་ཟོས་རྗེས་གྲོ་ཁོག་གཤེ་ནས་སྐུ་བཀྲོངས་སོང་བ་རེད་ཟེར། ལུགས་འདིར་ཁས་ལེན་མཁན་ཁ་བརྡའི་ཐོག་གི་ཤེས་ཡོན་ཅན་སྤོབས་པ་མཐའ་ཡས་ཟེར་བ་ཁོང་གཙོ་བོ་རེད། དོགས་པ་ཡོད་ན་ཁོང་ལ་དྲིས་དང་། ལན་གསལ་པོ་རེ་རྙེད་ཀྱི་རེད།

    ཕག་ཤ་རྙིང་པ་ཟོས་པ་བདེན་ན་ནི་བཅོམ་ལྡན་འདས་ཀྱིས་ཤ་བཞེས་ཀྱི་ཡོད་པར་ཁས་ལེན་དགོས་ངེས་རེད་བ་་་་ཧཧཧ

  18. ཅོ་རི་ཉི་མ། says:
    2016-05-18 at 2:08 pm

    དམར་ཟས་དང་བཀོར་ཟས་གཉིས་སྡིག་པ་གང་གི་ཆེ་བ་ཡིན་ནམ། འབྲེལ་བཤད་འདྲ་ཡོད་ན་ཤ་མེད་རྒྱགས་པ་ཚོས་གནང་རོགས་བྱོས། ་་ཧཧ

  19. ཀརྨ་སྐལ་བཟང་། says:
    2016-05-18 at 2:33 pm

    བོད་ལ་མཁན་ཆེན་རྣམ་གཉིས་ལྟ་བུ་བླ་ཆེན་མི་ཆེ་སུ་གང་ཡང་མེད་པ་ཡོང་གྲགས་རེད་། ཁོང་གཉིས་ཀྱིས་བཀའ་དྲིན་ནི་བོད་གངས་ཅན་ལྗོང་ཡོང་ཀྱིས་ཤེས་གསལ་རེད་། བཙན་འབྱོར་ནང་མི་ངན་ཁ་ཤས་ཕྲག་དོག་ཀྱིས་རྩོམ་རིག་ཁ་ཤས་སྤེལ་བ་དེ་ལ་གོ་མེད་པ་མ་ཟད་སྙིང་རྗེ་གནས་སུ་མཐོང་། དེ་སང་བོད་ལ་སྐད་དང་རིག་གནས་དར་ཡར་རྒྱས་ཨེ་འགོག་དང་་འཁོར་ཡུག་སྲུང་སྐྱོབས་ནང་འཛིང་སོང་མི་ཡོང་བ་བཀའ་དྲིན་དེ་མཁན་ཆེན་རྣམས་ཀྱིས་བཀའ་དྲིན་ཡིན་པ་ཤེས་པ་གྱིས།

  20. ཏི་སི། says:
    2016-05-18 at 6:44 pm

    ནམ་མཁའ་། ཉིན་གཅིག་ཡང་༧ གིང་ས་མཆོག་ནས་མི་ནག་སྐྱ་བོ་ཚོ་ལ་རིག་ལམ་རྩོད་རྒྱུགས་སྲོལ་བཏད་བས། དེང་སང་ཡུག་ས་མ་སོགས་ཡར་ལང་ནས་རྩོད་ཐལ་བ་དང་འཁོར་གསུམ་སོགས་སྒྱུ་རྩལ་ལ་གར་སྟེགས་བྱས་ོ་དེ་ཡང་ད་བར་བོད་ལ་མ་བྱུང་བ་དེ་བྱས་སོང་ཟེར་བཀུར་འདེབས
    བྱས་རྩིས་མ་གནང་རོག

  21. འབྲི་རུ་སྐལ་ལྡན་ says:
    2016-05-19 at 1:03 am

    ང་ཚོ་བོད་མི་རིགས་ཀྱི་གོམས་གཤིས་དང་རིག་གནས་ལ་དགའ་ཞེན་ཆེ་ཤོས་ཞིང་འབྲོག་ཁུལ་དུ་གནས་པས། རང་ས་རང་སྲུང་དང་བོད་ཀྱི་གོམས་གཤིས་རྒྱུན་སྐྱོང་དགོས་ན། རེ་ཞིག་སྡིག་པ་སྡིག་པ་རང་མ་གསུང་པར་ཐབས་མཁས་པོས་གསུང་ཆོས་གནང་ན་ང་ཚོ་བོད་མི་རིགས་ཀྱི་རིག་གནས་དང་གནའ་སྲོལ་རྒྱུན་འཛིན་ལ་ཕན་པ་ཆེ་སྙམ།

  22. ཀརྡོ་གཉེར་ཕྱག་པ་་ says:
    2016-05-19 at 8:06 am

    མཚོ་པདྨའི་གྲུབ་ཕུག
    https://www.facebook.com/tara.doma/videos/974615322656988/

  23. ཀརྡོ་གཉེར་ཕྱག་པ་་ says:
    2016-05-19 at 8:41 am

    བསྡུས་གྲྭ་དགོས་མིན་སྐོར་གྱི་དྲི་བ་དང་དྲིས་ལན། ལན་འདེབས་མཁན་ མཁན་ཆེན་ཚུལ་ཁྲིམས་བློ་གྲོས།https://www.facebook.com/TONGKORTHUPTEN/posts/10154073241986877?pnref=story.unseen-section

  24. ཅོ་རི་ཉི་མ། says:
    2016-05-20 at 1:24 am

    ཨེ་་་ཀརྡོ་་་་མཁན་པོ་ཚུལ་བློས་ཅི་བཤད་ཀྱི་ཡོད་རེད་དམ། ཁྱོད་ཀྱིས་ཆ་ཚང་གོ་སོང་ངམ། བྱུང་ན་ཚུལ་བློའི་གསུངས་བཤད་བརྙན་དཔར་དེ་ཁ་བརྡའི་ཐོག་ཏུ་འདྲེན་བཀོད་ཤིག་བྱོས། དེའི་འོག་ཏུ་ཚུལ་བློའི་སྐད་ཆ་དེ་དག་ཡིག་ཐོག་ཏུ་བྲིས་ན་དྲ་གྲོགས་ཡོངས་ཀྱིས་བགྲོ་གླེང་བྱེད་ཆོག་གི་རེད་བ།

    ཚུལ་བློའི་སྐད་ཆ་དེ་དག་ངས་ཡག་པོ་ཞིག་གོ་ཐུབ་ཀྱི་མི་འདུག ཡིན་པ་མིན་པར་སྒྱུར་ཐུབ་ན་བསྡུས་གྲ་བཞག་མི་ཐུབ་པ་རེད་ཟེར་བ་འདྲ་པོ་ཁྱད་མཚར་དེ་འདྲ་བཤད་འོང་བཞིན་འདུག ཀརྡོ་ཁྱོད་ཀྱིས་ཡིག་ཏུ་ཕབ་རོགས་བྱོས་དང་། མ་གཏོགས་བོད་མི་ཚོས་གོ་ས་མ་རེད།

  25. ཅོ་རི་ཉི་མ། says:
    2016-05-20 at 2:14 am

    ཏི་སི་ལགས། ཁྱོད་རང་ཕྱི་རོལ་མུ་སྟེགས་པའི་རྗེས་འབྲངས་ཤིག་ཡིན་ཟོལ་འདུག་ག ཡུགས་ས་མར་སྡང་ལུགས་ལ་བལྟས་ན་ཁྱོ་པོ་ཤི་ཚར་རྗེས་བཟའ་ཚེ་རོགས་གསོན་སྲེག་བྱེད་དགོས་པའི་མུ་སྟེགས་པའི་ལུགས་དངོས་སུ་ལག་ལེན་ཡང་སྟར་འོང་ས་རེད་བསམས་བསམས་འདྲ་ཞིག་འདུག

    ཆོས་འཇིག་རྟེན་གང་ཐོག་ནས་བཤད་ནའང་ཡུགས་ས་མར་སྡང་མཁན་མི་རྣམས་སྐྱེ་བོ་ཐ་ཤལ་བ་རྐྱང་རྐྱང་རེད། ཡུགས་མོ་གསོན་སྲེག་བྱས་པའི་མུ་སྟེགས་པའི་བསྟན་པ་དར་ས་རྒྱ་གར་དང་བལ་ཡུལ་གཉིས་ལ་ཡང་དེང་སང་གསོན་སྲེག་བྱེད་ཆོག་གི་མེད། འཇིག་རྟེན་ཀུན་སྤྱོད་དང་མ་མཐུན་ནས་ཡུགས་མོ་གསོན་སྲེག་བྱེད་ཀྱི་མཚམས་ཆད་པ་རེད།

    ཐེག་ཆེན་པའི་ལུགས་སུ་བྱས་ན་ཡུགས་ས་མ་ལ་སྡང་བ་དང་མཐོང་ཆུང་ཁྱད་གསོད་བྱེད་མཁན་ཞིག་ཡིན་ན་ཐེག་ཆེན་ལམ་ལ་ཞུགས་པའི་ཐོབ་ཐང་མེད། ཆོས་དང་མི་མཐུན་པའི་སྐད་ཆ་རེད། རྗེས་སུ་ཡུགས་མོ་ཚོ་ལ་མཐོང་ཆུང་བྱེད་ཀྱི་མཚམས་ཞོག་་་ཨ ཡུགས་ས་མ་ལ་ཡང་ཆོས་རྩོད་རྒྱབ་ཆོག་པའི་ཐོབ་ཐང་ཡོད་རེད་ད། ཡུགས་ས་མ་ལ་ཆོས་བྱེད་པའི་རང་དབང་ཡོད་རེད། ཆོས་འཇིག་རྟེན་གཉིས་ཀའི་ཐོག་ནས་ཐོབ་ཐང་ཡོད་རེད་ད་་་་་ཅེས་གསལ་བཤད་ཡིན།

  26. BONPO says:
    2016-05-20 at 5:04 am

    བོད་རིག་པའི་མཁས་དབང་མཁར་རྨེའུའི་རྩོམ་ཡིག་ཅིག་ནང་་་རྒྱ་ཁ་ཆེ་་་ཚོས་བོད་ས་གང་ས་གང་ནས་བཟས་འགྲོ་གི་འདུག་ཅེས་བྲིས་གནང་འདུག ཡིན་ནའང་ད་བར་བོད་པའི་ཚོགས་པ་སྐྱིད་སྡུག་ཁག་དང་བླ་སྤྲུལ་རྣམ་པ་དང་རྩོམ་པ་པོ་ཚོས་འདི་ཚོས་སྐོར་ལ་བཤད་པ་དང་བྲིས་པ་ཞིག་མ་མཐོང་། གཅིག་བྱས་ན་མཁས་དབང་ཁོང་གིས་གསུངས་དེ་ལ་བདེན་དོན་མེད་པ་ཡིན་ནམ། །

  27. ལུང་རྟོགས། says:
    2016-05-23 at 8:04 am

    མཁས་དབང་དགེ་ཆོས་ཀྱིས། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། གསུངས་པ་ལྟར་ཕྲག་དོག་དང་ཕྱོགས་རིས་ཅན་ལ་མི་གཞན་ཉམ་ཞིང་རྒུད་པ་མཐོང་ན་མ་གཏོགས་ཁོ་ཚོ་དགའ་བའི་དུས་ཤིག་མི་སྲིད་པ་རེད། དེ་མིན་མཁན་པོ་ཚུལ་བློ་དང་བསོད་དར་གཉིས་ནི་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་སྲོག་ཤིང་ལྟ་བུ་གྱུར་ཡོད་པ་ཀུན་གྱིས་ཤེས་གསལ་རེད། དམར་ཟས་ཀྱི་སྐོར་ནས་ཀྱང་ནོར་ལུག་མང་པོ་བཤས་ར་ལ་སྡེབ་ཚོང་མ་བྱེད་གསུངས་པ་ལས། སོ་སོས་ཟ་རྒྱུ་དང་བཞོ་རྒྱུ་འཚོ་སྐྱོང་མ་བྱེད་ཅེས་གང་དུ་ཡང་གསུངས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme