Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།

Posted on 2016-05-132016-05-13 By ཁ་བརྡ 3 Comments on ༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།

མཁོ་སྤྲོད་པ། ཐའེ་ཝན་ཐེག་ཆེན་ཆོས་གླིང་ཆོས་ཚོགས་ཡིག་ཚང་།
 

ཧ་ཤེན་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཀྱིས་༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།

༡༽ བརྡ་འཕྲིན་དུས་རབས་ཀྱི་བོད་ཀྱི་རིག་གནས་ཀྱི་འཕེལ་ཕྱོགས།

དེ་ཡང་དེང་གི་དུས་འདིར་རིག་གནས་བརྡ་འཕྲིན་ཅན་དུ་ཕྱོགས་བཞིན་པ་དང་། བོད་ཕྱི་ནང་གི་ལས་རིགས་སོ་སོའི་ཁྱབ་ཁོངས་ནས་ཀྱང་མིང་ཚིག་གསར་བཟོ་དང་ཚིག་མཛོད་བསྡུ་བསྒྲིགས་སོགས་ཀྱི་ལས་དོན་མང་པོ་ཞིག་བརྩམས་དང་རྩོམ་བཞིན་ཡོད། ཁྱད་པར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་བོད་ཡིག་མཉེན་ཆས་གསར་གཏོད་དང་། སྨོན་ལམ་བོད་སྐད་སྒྲ་གདངས་ཀྱི་ཉེན་ཆས། ཁྱད་པར་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་བརྩམས་པས་ཁོང་ནི་བོད་ཡིག་བརྡ་འཕྲིན་ཅན་དུ་བསྐྱོད་པར་དམིགས་བསལ་གྱི་ནུས་པ་ཆེན་པོ་ཐོན་མཁན་ཞིག་ཏུ་གྱུར་ཡོད།

unnamed-1

 

༢༽ ལོ་དགུའི་འཆར་གཞི་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ།

དེ་ཡང་སྨོན་ལམ་ཚིག་མཛོད་འདི་ནི་རྒྱ་གར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བསྡུ་སྒྲིག་དང་འགྲེམ་སྤེལ་གནང་བའི་བོད་ཡིག་གི་ཕྱོགས་བསྡུས་རང་བཞིན་ཅན་གྱི་ཚིག་མཛོད་ཆེན་མོ་ཞིག་ཡིན་ཞིང་དེ་ཡང་ཁོང་རྣམ་པས་རྒྱ་ཁྱབ་ཡུན་རིང་གི་འཆར་གཞི་སྟེ། ལོ་གསུམ་རེར་དུམ་བུ་རེའི་ཐོག་ལོ་དགུའི་ནང་ཚང་མ་ལེགས་གྲུབ་བྱ་འཆར་ཡོད་འདུག དེ་ཡང་ཐོག་མར་༢༠༡༢ལོར་འགོ་བརྩམས་ནས་ད་བར་ལོ་གསུམ་ནང་གྲུབ་པའི་ཚིག་མཛོད་འདི་ཁོ་ནར་མཚོན་ན་ཡང་བསྡུ་སྒྲིག་མང་ཤོས་ཀྱི་བོད་ཀྱི་ཆོས་ལུགས་དང་། ལོ་རྒྱུས། རིག་གནས་བཅས་ཀྱི་ཕྱོགས་བསྡུས་ཚིག་མཛོད་ཆེན་མོ་ཞིག་ཡིན།

 

༣༽ སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་ཡིག་ཏུ་བསྒྱུར་བའི་དགོས་དམིགས།

unnamed-3བོད་ཀྱི་སྐད་ཡིག་དང་ནང་ཆོས་ནི་བོད་མིའི་འཚོ་བའི་ཁྲོད་དུ་གལ་ཆེན་ཡིན་པ་མ་ཟད། དེང་གི་ཆར་འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་མི་རིགས་ཀྱི་ཁྲོད་དུ་དད་མོས་དང་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་ཡོད། དེ་ཡང་མང་པོ་ཞིག་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོན་གཉེར་དང་འདུན་པ་ཡོད་ན་ཡང་། རྒྱ་ཡིག་གི་ཐོག་ཏུ་ཡོད་པའི་བོད་ཀྱི་ནང་ཆོས་དང་། དེ་ཉིད་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་མེད་དུ་མི་རུང་བའི་ཡན་ལག་ཏུ་གྱུར་པའི་ཚིག་མཛོད་སོགས་ཧ་ཅང་ཉུང་ཉུང་མ་གཏོགས་མེད། དངོས་ཡོད་ཀྱི་གནས་སྟངས་འདི་ལ་གཞིགས་ནས་སེར་སྨད་དགེ་བཤེས་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་འགན་ཁུར་འོག་ཚིག་མཛོད་ཆེན་མོ་འདི་ཉིད་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་ལས་འཆར་གཏན་འབེབས་དང་འབྲེལ་ལས་དོན་དངོས་སུ་འགོ་འཛུགས་གནང་ཟིན།

སེར་སྨད་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་གསུངས་དོན།
ཚིག་འཛོད་འདི་རྒྱ་ཡིག་དུ་བསྒྱུར་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ་དང་བོད་ཀྱི་མཁས་པས་མཛད་པའི་ལེགས་བཤད་མང་པོ་ཞིག་བོད་ཡིག་ཐོག་ཡོད་པ་དང་། རྩ་ཆེའི་རིག་གནས་མང་པོ་ཞིག་བོད་ཡིག་ཐོག་ཉམས་མེད་གནས་ཡོད་པ་དང་། རྒྱ་ཡིག་ཐོག་ཏུ་ཡང་ལེགས་སྦྱར་ནས་བསྒྱུར་བའི་བཀའ་བསྟན་དང་རྒྱ་ཡི་མཁས་པས་མཛད་པའི་ལེགས་བཤད་ཀྱང་མི་ཉུང་བ་ཞིག་ཡོད་པ་དང་། དེ་དག་ཕན་ཚུན་གྱི་སྐད་ཡིག་ཐོག་བསྒྱུར་ཐུབ་ན་བསྟན་པ་ཡུན་རིང་དུ་གནས་པ་དང་། སྐལ་ལྡན་གྱི་འགྲོ་བ་གྲངས་ལས་འདས་པ་ཞིག་ལ་ཕན་ཐོགས་ཡོད་པས། དེ་འདྲའི་འགྱུར་ཚད་ལྡན་ཞིག་ཡོང་བ་ལ་གལ་ཆེ་བ་ནི་ཚད་ལྡན་གྱི་ཚིག་འཛོད་ཞིག་ཡོད་དགོས་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་སོང་། དེ་ལ་བོད་ཕྱི་ནང་གཉིས་ཀ་ནས་ཚད་ལྡན་དུ་བརྩི་བཞིན་པའི་སྨོན་ལམ་བོད་ཀྱི་ཚིག་འཛོད་ཆེན་མོ་འདི་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་མགོ་འཛུགས་བྱས་པ་ཡིན་ལ། ལས་གཞི་འདི་ལེགས་འགྲུབ་བྱུང་ན་བོད་རྒྱའི་རིག་གཞུང་བརྗེ་རེས་ཀྱི་ལོ་རྒྱུས་ཁྲོད་དུའང་གལ་ཆེའི་ནུས་པ་འདོན་ཐུབ་པ་བཅས་ཀྱི་དགེ་མཚན་ཡོད་པ་རེད་ཅེས་གསུང་།

 

༤༽ སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་འགྱུར་གྱི་གན་རྒྱ་དང་ལས་གཞིའི་དམིགས་ཚད།

unnamed-2སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དབུ་བཞུགས་ཐོག་གྲ་སྒྲིག་ཚོགས་འདུའི་ཐོག་ཞིབ་ཕྲའི་གྲོས་མོལ་བྱུང་བའི་འབྲུ་དོན་ལྟར་ཧ་ཤེན་རིན་པོ་ཆེ་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ཕྱོགས་གཉིས་ཀྱིས་ཚིག་མཛོད་རྒྱ་ཡིག་ཏུ་སྒྱུར་རྒྱུའི་སྐོར་ལ་དངོས་སུ་གན་རྒྱ་གཞག་སྟེ་རྒྱ་བསྒྱུར་གྱི་ལས་འགན་རྩིས་ལེན་བྱས། སྤྱི་ལོ་༢༠༡༧ཟླ༧པའི་གོང་དུ་ཐེངས་དང་པོར་ཚིག་མཛོད་ཀྱི་མ་ཚིག་བསྒྱུར་ཟིན་པ་བྱ་རྒྱུ་དང་། དེ་རྗེས་འགྲེལ་བ་དག་བསྒྱུར་འཆར་ཡོད་ཅིང་སྐབས་དེར་རྒྱ་ཆེའི་ཤེས་ལྡན་པ་དང་མཁས་དབང་མང་དག་ཅིག་གདན་ཞུས་ཀྱིས་ཡིག་བསྒྱུར་བྱས་ཏེ་མཉམ་དུ་དུས་རབས་རང་བཞིན་གྱི་རིན་ཐང་ཅན་ཞིག་ཏུ་འགྲུབ་པ་བྱ་རྒྱུ།

དེ་ཡང་། ཐའེ་ཝེན་ཐེག་ཆེན་ཆོས་ཚོགས་ཀྱིས་གཙོ་འགན་པ་ཧ་ཤེན་རིན་པོ་ཆེ་དང་། ཁོང་གིས་གཙོ་སྐྱོང་འོག་ཆེད་འཛུགས་གནང་བའི་ཡིག་བསྒྱུར་ཚོགས་པས་འགན་འཁུར་ནས་ལས་དོན་འདི་ལག་བསྟར་བྱ་རྒྱུ་དང་། ཐའེ་ཝན་ཧྥ་ཀོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་རམས་པ་བསོད་ནམས་དབང་རྒྱལ་ལགས་ཀྱིས་འགན་འཛིན་གནང་བའི་མི་སྣ་བདུན་ལས་གྲུབ་པའི་ལོ་ཙཱ་བའི་ཚོགས་པ་ཞིག་བཙུགས་ཡོད་པ་དང་། དེའི་ནང་གི་དྲུག་ནི་ཨ་རི་དང་འཇར་མན་ནེ་སོགས་གཙུག་ལག་སློབ་ཆེན་ཁག་ནས་ཐོན་པའི་ནང་བསྟན་དང་བོད་རིག་པའི་སྡེ་ཁག་ནས་ཐོན་པའི་འབུམ་རམས་པའི་ཚད་མཐོའི་ཤེས་ཡོན་ལག་འཁྱེར་ཡོད་པའི་ལོ་ཙཱ་བ་ཡིན་ཞིང་། དུས་རིམ་གཏན་ཁེལ་གྱི་ཁྱབ་ཁོངས་སུ་ཡིག་སྒྱུར་གྲུབ་དོན་ཞིབ་ཕྲའི་ཚོགས་འདུ་དང་དཔྱད་གླེང་། ལོ་ཙཱ་མཁས་པའི་ཚོགས་འདུ་སོགས་འཚོགས་པ་བརྒྱུད་ནས་ཡིག་བསྒྱུར་གྱི་གྲུབ་དོན་གཏན་འབེབས་བྱེད་རྒྱུ་ཡིན་འདུགunnamed-4

འདིའི་ཐད་ཧ་ཤེན་རིན་པོ་ཆེས། ཚིག་མཛོད་ཆེན་མོ་འདིའི་རྩ་བའི་མ་ཚིག་བསྒྱུར་རྒྱུ་ཁོ་ནར་ཡང་ཐའེ་ཝན་སྒོར་མོ་ཁྲི་སུམ་རྒྱ་འགྲོ་ངེས་ཡིན་པ་དང་། དེ་རྗེས་འགྲེལ་བཤད་བསྒྱུར་བ་སོགས་ཀྱི་ལས་གཞིའི་འགྲོ་གྲོན་ནི་དེ་ལས་ལྡབས་མང་པོས་ཆེ་བ་ཞིག་ཡིན་པ་དང་། མ་གཞི་ཡིག་སྒྱུར་ནི་ཧ་ཅང་དཀའ་ཚེགས་ཆེ་ལ་ནན་ཏན་དགོས་པའི་རིག་གནས་ཀྱི་ལས་གཞི་གལ་ཆེན་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་།

 

༥༽ ཚིག་མཛོད་རྒྱ་འགྱུར་གྱི་ལོ་ཙཱའི་ཚོགས་འདུ་ཐེངས་དང་པོ།

གོང་ཞུས་ལྟར། སྨོན་ལམ་ཚིག་མཛོད་རྒྱ་འགྱུར་གྱི་ལས་གཞི་འདིའི་སྐོར་གྱི་ཆེད་མཁས་པའི་དཔྱད་གླེང་དང་ལས་འཆར་གཏན་འབེབས་ཀྱི་ཚོགས་འདུ་ཐོག་མ་དེ་སྤྱི་ལོ་༢༠༡༦ཟླ་བ་༤པའི་ཚེས་༢༤ལ་ཐའེ་ཝན་དུ་ཐའེ་ཝན་གྱི་ཧ་ཤེན་རིན་པོ་ཆེའི་ཆོས་ཚོགས་སུ་འཚོགས་ཡོད་པ་དང་། གོང་ཞུས་ཚོགས་འདུའི་ཐོག་དམིགས་བསལ་གདན་ཞུས་མི་སྣ་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་དང་དེ་ཉིད་སྐད་ཡིག་གཞན་དུ་བསྒྱུར་ན་དམིགས་བསལ་གྱི་དོན་སྙིང་ལྡན་སྐོར་ངོ་སྤྲོད་གནང་། འདི་གའི་ཆོས་ཚོགས་ཀྱི་གཙོ་འཛིན་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ་ནས། ཚིག་འཛོད་འདི་རྒྱ་ཡིག་ཏུ་བསྒྱུར་བའི་དགོས་དམིགས་དང་འབྲེལ་བའི་གསུང་བཤད།

ཆོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ཧྲའོ་ཆན་རུ་ཡིས། རྒྱ་ཡིག་ནི་མིག་སྔར་འཛམ་གླིང་ཐོག་མི་མང་ཤོས་ཀྱིས་སྤྱོད་བཞིན་པའི་སྐད་ཡིག་གཅིག་ཡིན་པས་ཚིག་མཛོད་འདི་ཉིད་དེར་ཕབ་ཐུབ་ན་དམིགས་བསལ་གྱི་དགོས་ནུས་ཆེན་པོ་ཡོད་པར་ངོས་འཛིན་དང་འབྲེལ་བའི་གཏམ་བཤད་བྱས།

unnamed-5མཇུག་མཐར། ཡིག་བསྒྱུར་ལས་དོན་འགན་འཛིན་པ་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས་ཀྱིས། ལས་གཞི་རྒྱ་ཆེན་འདི་ནི་སློབ་སྦྱོང་དང་། ལྟ་བ་བརྗེས་རེས། ཡིག་སྒྱུར་ཉམས་མྱོང་གི་གོ་སྐབས་གསོག་ས་བཅས་ཀྱི་སྟེགས་བུ་ཡག་པོ་བཅས་ཡིན་པས་འབྱུང་འགྱུར་ལས་གཞི་འདིར་ཤེས་ཡོན་པ་གང་མང་མཉམ་ཞུགས་དང་འབྲེལ་མ་འོངས་ལོ་ཙཱའི་སོན་རྩ་སྐྱེད་སྲིང་ཐུབ་པའི་འཆར་འགོད་ཀྱང་ཡོད་པ་བཅས་རྩ་ཆེའི་ལས་དོན་འདི་ཉིད་བདེ་བླག་ངང་འགྲུབ་པ་བྱ་དགོས་ཞེས་གསུང་རྗེས་ཉིན་དེའི་ཚོགས་འདུ་མཇུག་དྲིལ།
ཚོགས་འདུ་དེའི་ཐོག་ཏུ་མ་འོངས་ལས་གཞིའི་ཁ་ཕྱོགས་དང་ཞིབ་ཕྲའི་ལས་དོན། ལས་འགན་གོ་སྒྲིག་སོགས་གཞི་རྩའི་གྲོས་གཞི་ཁག་ལ་གྲོས་འཆམས་དང་གཏན་འབེབས་བྱུང་ཡོད་པ་རེད་འདུག

ཚིག་འཛོད་ཆེན་མོ་རྒྱ་བསྒྱུར་གྱི་གཙོ་བོའི་འགན་འཁུར་བའི་ཆོས་ཚོགས་ཀྱི་ཁ་བྱང་།

大乘林佛學會 http://mahayanabuddhism.org
གནས་ཡུལ། 地點:新北市林口區文化三路一段39巷116弄9號2樓

ཁ་པར། 專線:0986896866 (02)26009202

གློག་ཕྲིན། 信箱:mahayana628@gmail.com་

གསར་འགྱུར།

Post navigation

Previous Post: སྲིད་སྐྱོང་ལྕམ་མོའི་སྤྱན་ཆབ་ནས་གྲུ་ཟུར་གསུམ་པའི་ཟུར་ཉན།
Next Post: གཞོན་སྐྱེས་ཚོས་བོད་མིའི་ངོ་བོ་རྒྱུན་འཛིན་ཡོང་བར་མི་རབས་རྒན་པ་ཚོས་གནང་དགོས་པའི་ལས་འགན།

Comments (3) on “༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།”

  1. ཨ་ཁུ་འབྲོག་པ། says:
    2016-05-13 at 8:57 am

    རྒྱ་ཡིག་ཏུ་བསྒྱུར་སྐབས་བོད་ཡིག་ལ་བཟོ་བཅོས་བྱ་དགོས་པ་མང་པོ་འདུག་པ་རྣམས་ཀྱང་ཆབས་ཅིག་བཟོ་བཅོས་གནང་ཐུབ་ན་དགེ་མཚན་ཅི་ཆེ་ཡོང་ངེས་དགོངས་བཞེས་ཡོང་བ་ཞུ།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-13 at 10:04 am

    བོད་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་བའི་མཐུན་པའི་ཆ་ཡིན་ན་དགའ་བསུ་ཡོད་།

  3. ཇ་མ་ says:
    2016-05-13 at 7:17 pm

    རྒྱ་ཡིག་རྙིང་པ་དང་གསར་པ་གཉིས་ཀ་ཡོད་ན་ཡག་པོ་འདུག ཐེ་ཝན་གྱི་ཡིག་རྙིང་དེ་འབྲི་དགོས་ན་དཀའ་ངལ་ཆེན་པོ་འདུག་ཡ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme