Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ངོ་སྐལ་རྡོར་ལགས། རྡ་ས་ནས་ཁྱོད་ཀྱི་ལས་གནས་ཅི་ཞིག་ཡིན།

Posted on 2016-05-102016-05-10 By ཁ་བརྡ 31 Comments on སྐུ་ངོ་སྐལ་རྡོར་ལགས། རྡ་ས་ནས་ཁྱོད་ཀྱི་ལས་གནས་ཅི་ཞིག་ཡིན།

ལྕེ་ནག་པོ།

 
ཉེ་སྔོན་ཚོགས་གཙོ་སྤེན་ཚེ་ཨ་རིའི་དོན་གཅོད་ལ་བསྐོ་བཞག་བྱས་པའི་གསར་འགོད་གསར་བསྒྲགས་ཉིན་གསར་འགོད་པས་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྐལ་རྡོར་གང་ལ་བསྐོ་བཞག་གནང་རྒྱུ་ཡིན་མིན་སྲིད་སྐྱོང་ལ་དྲིས་པར། “སྐལ་རྡོར་ཚུར་གངས་སྐྱིད་དུ་ལས་ཀ་བྱེད་དུ་ཡོང་རྒྱུ་རེད་”ཅེས་སྲིད་སྐྱོང་གིས་གསུངས་སོང་།
གངས་སྐྱིད་ན་སྐལ་རྡོར་ལ་འཚམ་པའི་ལས་གནས་ཤིག་ཡོད་དམ། ལྷན་ཁང་ཁག་གི་ལས་དྲུང་ཞིག་ལ་བསྐོ་འདོད་ཡོད་དམ། ཡང་ན་བཀའ་བློན་ཞིག་ལ་བསྐོ་རྒྱུ་ཡིན། ལས་དྲུང་ཞིག་ལ་བསྐོས་ན་སྐལ་རྡོར་གྱི་ཉེས་པ་རྣམས་ཉེས་པ་རུ་མཐོང་བའི་རྟགས་ཡིན་ལ། ལས་དྲུང་གི་ལས་གནས་ནི་དོན་གཅོད་ལས་མར་ལྷུང་སོང་བ་ཡིན་པས་སྐལ་རྡོར་ནི་མི་ཉེས་ཅན་པ་ཞིག་གམ་ནུས་མེད་ཅིག་ཡིན་པ་རང་བཞིན་གྱིས་གྲུབ་ཡོད། སྐལ་རྡོར་གྱི་ཉེས་པ་རྣམས་སྲིད་སྐྱོང་གི་དོན་དུ་བསགས་པ་ཡིན་པས་དེ་ནི་སྲིད་སྐྱོང་ལ་མཚོན་ན་མི་འོས་པ་ཞིག་དང་སྐལ་རྡོར་མཚོན་ན་མི་སྲིད་པ་ཞིག་ཀྱང་ཡིན།

ད་ལོའི་སྲིད་སྐྱོང་གི་འོས་བསྡུ་ཁྲོད་ནས་སྐལ་རྡོར་གྱིས་འོས་བསྡུའི་སྒྲིག་གཞི་རྒྱབ་ཏུ་བཞག་ནས་གང་ལ་གང་འཚམས་ཀྱིས་བློ་སེང་ལ་རྔ་མ་ཡག་ཐག་ཆོད་ཅིག་གཡུགས་ཡོད་པས། ད་ཐེངས་ཁོ་རྡ་སར་ལས་གནས་སྤོར་བ་དེ་རྔ་མ་དེས་བསྐྱེད་པའི་འབྲས་བུ་ཡིན་པས་ཁོའི་ལས་གནས་དེ་ཁོ་རང་གི་འདོད་བློ་དང་མཐུན་པ་ཞིག་ཡོང་བ་གཏན་ཁེལ་ཡིན། གལ་ཏེ་ཁོ་བཀའ་བློན་ལ་བསྐོས་སོང་ན་ཐོལ་བརྒལ་རང་བཞིན་གྱི་ལས་གནས་དེ་གཅིག་ལ་གཅིག་བརྟེན་དུ་གྱུར་སོང་བ་ཡིན་པས། དོན་གཅོད་ཀྱི་སྐབས་སུ་ཁོས་ཉེས་བསགས་རྣམས་མ་མཐོང་བའམ་ཡང་ན་མ་ཐོས་ཁུལ་བྱས་ནས་སྐལ་རྡོར་ལ་ཉེས་པ་མེད་པ་མི་མང་གི་མདུན་ནས་ར་སྤྲོད་བྱས་པའི་ཁུལ་ཡིན།

སྐབས་སྔོན་མར་བློ་སེང་གིས་བཀའ་བློན་བསྐོ་བཞག་གི་ནོར་འཁྲུལ་ལས་ཁོ་རང་ཉིད་ལ་བསླབ་བྱ་མང་བོ་ཞིག་ཐོབ་ཡོད་པས། ཕྱོགས་གཞན་ཞིག་ནས་བསམས་ན་ད་ཐེངས་ཀྱི་བཀའ་བློན་རྣམས་ནི་སྐལ་རྡོར་དང་སྐལ་རྡོར་ལྟ་བུ་ལས་མི་ཡོང་ལ་བསྐོ་བའི་སྤོབས་པ་ཡང་སྲིད་སྐྱོང་ལ་མེད་པས། སྐལ་རྡོར་ནི་ད་ཐེངས་ཀྱི་ཁོའི་དམིགས་ཡུལ་གྱི་ངོས་སུ་ཡོད་པའི་བཀའ་བློན་ཚོའི་ཁྲོད་ཀྱི་གཅིག་ཡིན་པ་གདོན་མི་ཟའོ།

2016-5-9

བསམ་ཚུལ།

Post navigation

Previous Post: སྙན་དེབ་༼སྟོན་མཇུག་གི་སྡོང་ལོ་༽མོལ་བ— བོད་ཡིག་ལས་སྐྱེས་པའི་མུ་ཏིག
Next Post: བོད་ཀྱི་སྨན་རྩིས་རིག་པ་ལས་བྱུང་བའི་གང་ཟག་གི་བླ་དང་བླ་རྩའི་སྐོར་སོགས་ཅུང་ཙམ་གླེང་བ།

Comments (31) on “སྐུ་ངོ་སྐལ་རྡོར་ལགས། རྡ་ས་ནས་ཁྱོད་ཀྱི་ལས་གནས་ཅི་ཞིག་ཡིན།”

  1. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-10 at 12:44 pm

    སྲིད་སྐྱོང་སློབ་བཟང་སངས་རྒྱས་སམ་བློ་བཟང་སེང་གེ་ལགས་ནས་ཨ་རི་དོན་གཅོད་སྐལ་དོར་ལགས་བཀའ་བློན་དུ་བསྐོ་རྒྱུ་ཅུང་དཀའ་ངལ་ཡོད། གལ་ཏེ་སྲིད་སྐྱོང་ལགས་ནས་མིག་བཙུམ་གྱིས་བསྐོ་བ་ཡིན་ནའང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་མི་ཉུང་བ་ནས་དགག་པ་རྒྱབ་ཐག་གཅོད་རེད། དེང་སང་སྲིད་སྐྱོང་ལགས་སུ་དེ་སྔ་མི་འདྲ་བར་དོན་གཅོད་དང་ཕྱག་འབྲེལ་བཀའ་བློན་སོགས་རང་གི་གཉེན་དགའ་གྲོགས་གསུམ་ནས་བསྐོ་འཛུགས་བྱ་བར་བསམ་བློ་མང་པོ་གཏོང་དགོས་ཆགས་ཡོད། ཁོང་ནས་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ཨ་རི་དོན་གཅོད་བསྐོས་པ་དང་གངས་ཅན་སྐྱིད་གཤོང་ནང་བདེ་སྲུང་བཀའ་ཟུར་གྲོང་ཆུང་དངོས་གྲུབ་ལགས་ལྡི་ལི་དོན་ཁང་དུ་བསྐོ་འཆར་ཡོད་པ་སྐད་ཆ་ཤོད་བཞིན་འདུག སྲིད་སྐྱོང་ལགས་སུ་བྱོན་ཐང་དང་ལྷག་བསམ། ཉམས་མྱོང་ཅན། ལྷག་པར་དུ་བློ་གཏད་ཆོག་པའི་མི་སྣ་ཐོབ་ཀྱི་མེད་པ་དངོས་གསལ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོ་འགྲོ་ལུགས་ཡིན་པ་འདྲ། ཧཧཧཧཧ

  2. གཡུ་ཐོག་རྒྱལ་པོ། says:
    2016-05-10 at 1:00 pm

    འགོ་ཁྲིད་ཀྱིས་དཔོན་ཉམས་རིང་ལུགས་ལས། འགོ་ཁྲིད་མ་ཤེས་ན། མཇུག་འབྲས་འདི་ལྟར་རེད། དེ་ནི་བོད་མི་རིགས་འདིའི་གྱོང་གུན་རེད། སྲིད་སྐྱོང་རང་ཉིད་ཀྱང་དམར་ཧྲང་ལ་བུད་སོང་བ་རེད།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-10 at 10:20 pm

    གཡས་སྐོར་གཡོན་སྐོར་ག་འདྲ་ཞིག་རྒྱབ་རུང་མཐའ་མ་སླེབ་ས་རྨོ་མོ་བག་ལེབ་ཚོང་མཁན་གྱི་སྒོ་རུ་སླེབ་ཟེར་བ་ལྟར་རེད་མང་གཙོ་དང་ཡང་གཙོ་ཇི་ཙམ་བཤད་ཀྱང་དོན་དངོས་བཀའ་བློན་དང་སྤྱི་འཐུས་ཚོ་རང་འཇགས་སྐོར་བ་རྒྱབ་ནས་བསྐོ་རྒྱུ་རེད་།

  4. བཙན་པོ says:
    2016-05-10 at 11:35 pm

    སྐལ་རྡོར་ཕྱི་འབྲེལ་བཀའ་བློན་འོས་ཤོས་རེད

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-11 at 2:34 am

    ཕྲག་དྭོགས་ཀྱིས་མྱོས་ནས་མིའི་འཇོན་ཐང་ལ་མ་དགའ། གདོང་དངོས་སུ་ཐོན་ནས་བཤད་སྤོབས་ཀྱང་མེད། དྲ་ལམ་ནང་མིང་འདྲ་མིན་ཐོག་ཡིབ་ནས་དམའ་འབེབས་གཏོང་མཁན། རང་ཉིད་ལ་འཇོན་ཐང་མེད་མཁན། ཤ་ཚ་སྙིང་རྗེ་ཨང་། རྒྱུ་མཚན་དང་གནས་ལུགས་བཤད་རྒྱུ་ཡོད་ན་དེང་སང་དྲ་ལམ་ན་སྟབས་བདེ་མོ་རེད་མི་འདུག་གམ། མི་འདི་ཚོ་ལ་གསལ་འདེབས་ཞུ་རྒྱུ་བློ་བཟང་སེང་གེ་ལ་དུས་ནམ་ཡང་ནག་པོ་དྲི་མ་བྱུག་ཐུབ་ཀི་མ་རེད་་་་་་་་ལྟོས་ཅིག་ཨ་་་་་་

  6. ཁྱུང་སེ། says:
    2016-05-11 at 3:41 am

    ད་ཅི་བཤད་ཀྱང་ཁ་སྔོན་བློ་སེང་དང་སྤེན་ཚེ་གཉིས་ཀྱིས་མཉམ་བསྒྲགས་ལ། ད་ནས་བཟུང་ཁོང་གཉིས་ཀྱི་ཕྱོགས་གཏོགས་སུ་ཆོལ་ཞེན་དང་རིགས་ཞེན་གྱིས་སྐད་ཆ་བཤད་མི་འོས་ཅི་སྟེ་དེབལྟར་བཤད་ན་དེ་ནི་བོད་མིའི་མཐུན་འབྲེལ་གཏོར་བཤིག་བྱེད་མཁན་རྒྱ་མིའི་རྒྱུགས་ཁྱི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་གནང་སོང་བ་ཀུན་གྱིས་ཤེས་གསལ་ལྟར་རེད། ད་ཁྱོད་ཚོའི་གནས་བབ་གང་དུ་སླེབས་མི་འདུག་གམ།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-11 at 4:29 am

    བཙན་བྱོལ་སྤྱི་ཚོགས་ཕྱོགས་གཏོགས་འཇུག་བསྡུ་དགོས་ན་ སྲིད་སྐྱོང་གི་འོས་གཞི་ལ་ལང་མཁན་ཚང་མ་ལ་རང་གི་འཇོན་སྟངས་དང་ལྷག་བསམ་ལ་ཞིག་པའི་ལས་འགན་རེ་གནང་ཐུབ་ན་བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་ཀྱི་དྲི་ངན་ལང་མི་ཐུབ་།ཧཧཧ

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-11 at 4:34 am

    བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་གཏོགས་འཇུག་བསྡུ་དགོས་ན་སྲིད་སྐྱོང་གི་འོས་མི་ལ་ལང་མཁན་ཚང་མར་རང་གི་འཇོན་སྟངས་དང་ལྷག་བསམ་ལ་ཞིག་པའི་ལས་འགན་རེ་གནང་ཐུབ་ན་བཙན་བྱོལ་སྤྱི་ཚོགས་ནང་ཕྱོགས་གཏོགས་དང་འགོ་འདྲེན་
    གྱི་ལམ་ལུགས་ངན་པ་འཇུག་བསྡུ་བར་ཕན་ཐོག་ཡོང་རྒྱུ་།

  9. ཀ་བ་ཚེ་རིང་ says:
    2016-05-11 at 8:45 am

    སློབ་བཟང་སངས་རྒྱས་དང་སྐལ་རྡོར་ཟེར་བའི་མི་དེ་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གནང་བའི་ བ ཟ ང་ སྤྱོ ད ་ཀྱི་དྲི་མ་ཙམ་ཡང་མེད་པ་གང་ཡིན་ཡ་མཚན་ཆེ་།

    མི་དེ་གཉིས་སློབ་གྲྭ་སྐད་གྲགས་ཅན་དེ་འདྲ་ནས་ཐོན་པ་བཤད་།
    མི་དེ་ཚོས་སློབ་གྲྭ་དེ་ཚོའི་ནང་ནས་ ཤེ ས་ ཡོ ན་ ཞིག་ཐོབ་ཡོད་པ་མངོན་རྒྱུ་འདུག་གམ་། ཡིད་སྐྱོ་བ་ལ་མི་དེ་ཚོས་༧གོང་ས་མཆོག་དང་བོད་རྒྱ་ཆེ་མང་ཚོགས་མགོ་བསྐོར་གཏང་དང་གཏོང་བཞིན་པ་དེ་རེད་།

    ངོས་ལ་མཚོན་ན་མི་དེ་གཉིས་ཀྱི་འདས་པའི་ལོ་ལྔའི་བྱས་སྟངས་ལས་སྟངས་མཐོང་རྗེས་རྒྱ་དམར་ལས་ཅུང་དྲགས་ཙམ་ལས་གཞན་ཁོང་གཉིས་ལ་རྐུབ་ཕྱིས་རྒྱུའི་ཤོག་བུའི་མཐོང་ཙམ་ཡང་མེད་པས་དེ་སློབ་བཟང་སངས་རྒྱས་(རང་བཙན་ལག་དེབ་ནང་བཀོད་པ་ལྟར་བྲིས) སྐྱབས་མགོན་དུ་བརྩི་མཁན་ཏྲེ་xxx རིན་ཆེན་སོགས་ལ་ཞུ་འདོད་བྱུང་།

  10. གཡུ་ཐོག་རྒྱལ་པོ། says:
    2016-05-11 at 10:09 am

    སྐལ་རྡོར་གྱི་གནད་དོན་དེའི་ཐོག་ནས་བཤད་ན། ཁོ་པར་ཕྲག་དོག་བྱེད་མཁན་སུ་ཞིག་ཀྱང་ཡོད་ཀྱི་མ་རེད། གཙོ་བོ་དེ་ཕྱིན་པའི་ལམ་ལ་བལྟས་ནས། ཞབས་རྗེས་ག་རེ་ཡོད་མིན་དེར་བལྟ་རྒྱུ་དེ་རེད། ད་རེས་ཁོས་ཕྱིན་པའི་རྐང་ལམ་དེའི་རྗེས་ཤུལ་དེ་ནི་ཧ་ཅང་གི་ནག་ནོག་རང་རེད་མ་གཏོགས་སྤྱི་ལ་ཕན་པ་ཞཱིག་རྩ་བ་ནས་མ་རེད། གཉིས་ནས། སྲིད་སྐྱོང་ཕྱི་རྫིག་ནང་སྟོང་དེའི་འཇོན་ནུས་ཀྱང་། མི་ལོ་ལྔ་ཡི་ནང་གསལ་ཐཻང་ངེར་མཐོང་སོང་། ཁོ་པར་ཡོད་པ་དེ་དཔོན་ཉམས་རིང་ལུགས་དེ་རེད། དེ་མིན་ཅང་མི་འདུག་ཀ

  11. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-11 at 10:39 am

    མཆན་དགུ་བ་བཏབ་མཁན་༼ཀ་བ་ཚེ་རིང་༽ཁྱོད་ཉོན་ཅིག་་་བློ་སེང་འོས་འདེམས་མཁན་བོད་མི་ཚང་མ་ལྐུགས་པ་མ་རེད་གདའ། འཇོན་ཀི་ཡོད་མེད་བློ་གཟུ་བོ་གནས་མཁན་ཚོས་གཟིགས་ཀྱི་ཡོད། ད་ཁྱོད་རང་ལོ་ལྔའི་རིང་ལ་བྲང་སྒོག་བརྡུང་ནས་ངུས་མ་གཏོགས་ཐབས་ཤེས་ཡོད་མ་རེད། སྲིད་སྐྱོང་བློ་སེང་ལ་རང་གིས་བརྩི་མཐོང་མ་བཞག་ན་ཁོང་ལོ་ལྔའི་ནང་སྲིད་སྐྱོང་ནི་རེད། བོད་མི་མང་ཤོས་ཀྱིས་བརྩི་འཇོག་ཡོད་ན་རེ་གཉིས་ལ་ཧཧཧཧཧ་་་་་་

  12. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-11 at 11:48 am

    ཏྲེ་ཧོར་བྱམས་པ་ལགས། ཁྱོད་རང་ཉོན་ཅིག བོད་མི་ཚང་མ་ལྐུག་པ་མ་རེད་ཀྱང། སྲིད་སྐྱོང་བློ་སེང་ལགས་ནས་མི་མང་ལ་སྐད་ཆ་སྙན་མོ་བཤད་པ་དེ་དག་མི་མང་ནས་ཁོང་ལ་ཡིད་ཆེས་བྱས་པ་རེད། འོས་བསྡུ་ཆེན་མོ་གྲུབ་རྗེས་༧གོང་ས་མཆོག་ནས་འཕྲོད་བསྟེན་ཐོག་ལས་ཀ་འཐུས་ཤོར་སོང་ཡོད་པ་བཀའ་གསལ་གནང་རྗེས་མང་ཚོགས་ནང་སེམས་ཁྲལ་ཆེན་པོ་བྱུང་ཡོད་ནའང་། སྲིད་སྐྱོང་བློ་སེང་ལགས་སུ་ལས་དོན་མཇུག་སྐྱོང་ཞུ་ཆེད་སླར་ལོ་ལྔ་འོས་སྤྲོད་མཁན་ཚོར་སེམས་ནང་དངངས་སྐྲགས་ཐོག་སྡོད་དགོས་པ་ལས་བྱ་ཐབས་མེད་པ་འགྱུར་ཡོད། ཁོང་ནས་དེ་སྔ་ལས་དོན་འཐུས་ཤོར་སོང་ཐད་ཞིབ་འཇུག་ནན་མོ་གནང་ནས་ཡོ་བསྲང་བྱ་གལ་ཆེ་བའོ།

  13. ཀ་བ་ཚེ་རིང་ says:
    2016-05-11 at 8:50 pm

    དོན་གཅོད་སྐལ་རྡོར་སྤྱི་ཐབ་ཀྱི་འགན་འཛིན་ལ་བསྐོ་ན་འོས་ཤོས་རེད་།
    སློབ་བཟང་སངས་རྒྱས་ཀྱི་བཀའ་ཤག་ལ་མ་བྱན་ཚོར་གཟབ་སྦྱོང་སྤྲོད་ལྷག་ཡོད་།

  14. གཡུ་ཐོག says:
    2016-05-12 at 12:51 am

    གང་ལྟར་བློ་སེང་ལ་ལོ་ལྔ་དེའི་ནང་དུ་ཁོས་གང་བཤད་པ་དང་བྱེད་པ་རྣམས་བདེན་འཛིན་གྱིས་རྒྱབ་བསྐྱོར་བྱེད་མཁན་གྱི་བཀའ་བློན་ཞིག་དགོས་པ་གསལ་པོ་ཆགས་ཡོད། དཔེར་ན། སྐལ་རྡོར་བཀའ་ཟུར་བདེ་ཆོས་དང་འབྲོང་ཆུང་གཉིས་ལས་ཤེས་འཇོན་གང་ཅིའི་ཐད་ནས་ཞན་ཀྱང་འགགས་སའི་དུས་བློ་སེང་རང་ཉིད་ཀྱི་རྒྱབ་ལངས་ཡིན་པ་ཁོ་རང་ཉིད་ལ་ཡིད་ཆེས་ཡོད། སྐལ་རྡོར་མི་ལུག་ཡིན་པ་བློ་སེང་གི་ལེགས་པར་ཤེས་ཀྱི་ཡོད། དེར་བརྟེན་གལ་སྲིད་སྐལ་རྡོར་བཀའ་བློན་ལ་བསྐོས་ན། ཕྱི་ཚུལ་སྐལ་རྡོར་ཙམ་ལས་ནང་ཚུལ་བློ་སེང་ཡིན་པ་གསལ་པོ་རེད། གང་ཡིན་ཟེར་ན་སྐལ་རྡོར་རང་ཉིད་ལ་བཀའ་བློན་ཞིག་ལ་དགོས་པའི་མཚན་ཉིད་གཅིག་ཀྱང་མེད་པ་བློ་སེང་གིས་ཀྱང་ཤེས་ཀྱི་ཡོད། ཡིན་ཡང་འགགས་སའི་དུས་སྐལ་རྡོར་གྱི་བློ་སེང་རང་ཉིད་ཆུ་ལ་མི་གཡུགས་པའི་ཡིད་ཆེས་ཡོད། སྐལ་རྡོར་ཕྱི་དྲིལ་བཀའ་བློན་ཆགས་ངེས་རེད། གང་ཡིན་བརྗོད་ན་བློ་སེང་ནི་ཕྱིར་བསྐྱོད་ལ་དགའ། མཐའ་མ་ཁོང་གྲོགས་པོ་བློ་ཐུབ་གཉིས་ཡུལ་སྐོར་སྤྲོ་འཆམ་པ་རེད། ཧཧཧཧ

  15. སྤོབས་པ་མཐའ་ཡས། says:
    2016-05-12 at 2:07 am

    བློ་བཟང་སེང་གེ་ཟེར་བ་འདི་བོད་མི་ས་ཡ་དྲུག་གི་ནང་ནས་Doctor of Juridical Scienceམཁས་དབང་གི་ཤེས་ཚད་ཐོན་མཁན་ཐོག་མ་རེད། བོད་མི་ས་ཡ་དྲུག་གི་སྐུའི་སྐུ་ཚབ་དང་གསུང་གི་གསུང་གི་གསུང་ཚབ་ལ་གྲོས་མ་བྱས་བསམ་པ་གཅིག་ཏུ་མཐུན་ནས་བདམས་པ་རེད། རྒྱ་དམར་གཞུང་གིས་སྲིད་དབང་བཟུང་ནས་མི་ལོ་བདུན་ཅུར་ཉེ་བའི་རིང་ལ་ཡང་འདི་འདྲ་བའི་ཤེས་ཚད་དང་འཇོན་ཐང་ཅན་གྱི་མགོ་ཁྲིད་ཅིག་བསྐོ་མ་ཐུབ་ས་ནས་ང་ཚོ་བོད་ལམིའི་དམངས་གཙོའི་ལོ་རྒྱུས་ཀྱི་ལེའུ་ཁ་ཕྱེས་པའི་ཉི་མ་དེར་་དབུ་ཁྲིད་འདི་འདྲ་བ་ཞིག་ཡོད་པ་དེ་བསོད་བདེ་རེད་བསམ་གི་ཡོད། ཁྱོད་ཚོ་འདྲ་བོ་མི་གཅིག་གིས་མིང་འདྲ་མིན་འོག་ནས་བླ་བཙགས་རེ་བྱས་ནས་འདུག་རྒྱུ་མ་གཏོགས་མི་འཇོན་མཁན་གྱི་བསོད་ཟད་དེ་འདྲ་ཞིག་གིས་ཁོང་གི་བ་སྤུ་གཅིག་ལ་ཡང་བསྡུར་ཐུབ་ནི་མ་རེད།

  16. ཅང་ཤེས་རྟ་མཆོག says:
    2016-05-12 at 2:30 am

    སྐལ་རྡོར་ལགས་སྣར་ཐང་གི་འགན་འཛིན་ལ་བསྐོ་རྩིས་ཡོད་པ་དེ་བདེན་པ་ཡིན་ནམ།

  17. བཅོ་ཚེ་ says:
    2016-05-12 at 2:49 am

    སྤྱི་ཚོགས་དཀྲུག་ཤིང་ལ་དགའ་བའི་ལྕེ་ནག་པོའི་སྐལ་རྡོར་གྱིས་ཨ་རིའི་སྐུ་ཚབ་དོན་གཅོད་སྐབས་ནོར་འཁྲུལ་བྱས་པའི་མངོན་པར་མི་གསལ་བ་ཞིག་འཆད་ཀྱི་འདུག མདོར་དོན་སྐལ་རྡོར་གྱིས་ནོར་འཁྲུལ་ག་རེ་བྱས་ཡོད་དམ། གལ་སྲིད་སྐུ་མདུན་སྐུ་པར་གྱི་སྐོར་ལ་ལབ་ཀྱི་ཡོད་ན་དེ་ནི་ཁུངས་མེད་ཡིན་པར་མི་མང་གིས་བློ་སེང་ལ་ཡང་བསྐྱར་སྲིད་སྐྱོང་གི་གོ་སྐབས་སྤྲད་ནས་ཁྱེད་ལྟ་བུའི་བོད་པ་སྤྱི་ཚོགས་དཀྲུག་མཁན་རྣམས་ལ་གོ་བ་ཡག་པོ་ཞིག་སྤྲད་པ་རེད་སྙམ།

  18. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-12 at 2:51 am

    སྤོབས་པ་མཐའ་ཡས་ལགས། ཁྱེད་ནས་གསུང་པ་ལྟར་བློ་སེང་ལགས་ Doctor of Juridical Scienceམཁས་དབང་གི་ཤེས་ཚད་ཐོན་མཁན་ཐོག་མ་ཡིན་ངེས་ཀྱང་། ཁོང་ནི་བོད་མི་ས་ཡ་དྲུག་གི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཏུ་འདེམས་པ་རེད་ཟེར་བ་དེ་དངོས་བདེན་མིན་སྟབས་ཧམ་བཤད་མ་གནང་རོགས། བོད་མི་ས་ཡ་དྲུག་གི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཉག་ཅིག་ནི་༧གོང་ས་སྐྱབས་མགོན་ཆེན་པོ་ཡིན་པ་ལས་ང་ཚོའི་མི་ཐོག་འདིའི་སྐབས་མཚོན་ཐུབ་མཁན་སུ་གཅིག་ཡོད་པ་རེད་ཟེར་ན་མ་འགྲིག་པ་མེད། སྲིད་སྐྱོང་བློ་སེང་ལགས་སུ་ཁྲིམས་ཀྱི་ལག་འཁྱེར་དེ་འདྲ་ཡོད་ནའང་རྒྱ་ནག་གཞུང་ཁྲིམས་ལ་བསྐྱེལ་རྒྱུ་ཕར་བཞག་རྒྱ་ནག་གི་མགོ་འཁྲིད་མཉམ་གྲོས་མོལ་ཙམ་ཡང་གནང་ཐུབ་མེད། གཞུང་གི་མགོ་འཁྲིད་ཞིག་ལ་ལག་འཁྱེར་མཐོན་པོ་ཡོད་པ་ཙམ་གྱི་སྐད་གྲགས་བཞག་རྒྱུ་མེད་པ་རེད་གདའ།

  19. བཅོ་ཚེ་ says:
    2016-05-12 at 3:17 am

    དོན་མེད་ཀྱི་འཆལ་གཏམ་སྨྲས་ནས་གང་བྱུང་གི་དུས་ཚོད་འཕྲོ་བརླག་མ་བཏང་ན་བཟང་། འདོད་རུང་མ་འདོད་རུང་གང་ལྟར་བློ་སེང་གིས་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཀྱིས་ཐོག་ནས་ལོ་ངོ་ལྔ་ལ་བོད་མི་རིགས་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱག་ལས་གནང་གི་རེད། དོན་མེད་ཀྱི་བསམ་སྦྱོར་ངན་པའམ་འཆལ་གཏམ་སྨྲས་པ་ཡིན་ན་རང་ཉིད་ཀྱི་སེམས་ལ་ན་ཚ་བཟོ་བ་མ་གཏོགས་བློ་སེང་ལ་ཕན་གནོད་གང་ཡང་ཡོང་གི་མ་རེད། ཧཧཧཧཧཧཧཧཧཧཧཧཧ མ་གཞི་དོ་ཚོགས་དང་རྒྱ་ནག་གུང་ཁྲན་་་་་་་་་་་་་་་་་

  20. སྒྲོན་མེ། says:
    2016-05-12 at 4:19 am

    བོད་མིའི་རིགས་ལ་ཤ་ཞེན་ཡོད་ན།ནང་ལ་རྒོལ་རྒྱུ་མཚམས་བཞག་སྟེ།ཕྱིའི་དགྲ་ལ་འཐབ་རྒྱུ་འགོ་འཛུག་ཞུ གོང་གི་དྲ་འབུ་རྣམས་ཀྱིས་རྙོག་བཤད་དེ་དག་གིས་བོད་དོན་ལ་ཕན་པ་ལས་གནོད་ཀྱིན་འདུག ཚང་མས་མནོ་བསམ་ཡག་པོ་གཏོང་རྒྱུ་གལ་ཆེའོ།

  21. ཀ་བ་ཚེ་རིང་ says:
    2016-05-12 at 5:52 am

    སློབ་བཟང་སངས་རྒྱས་ཐེངས་དང་པོར་འགྲོ་གྲོན་ཤུགས་ཆེ་ཞིག་བཏང་ནས་རྡ་རམ་ས་ལའི་དབང་ཆའི་སྣེ་མོར་བསྐྱེལ་སྟངས་དང་ཐེངས་འདིའི་འོས་བསྡུའི་ནང་རྫུན་རི་ཙམ་བཤད་ནས་མང་ཚོགས་བླུ་འཁྲིད་བཏང་ནས་དབང་ཆ་བཟུང་སྟངས་ལ་བལྟས་ཚེ་ཁོ་པ་གྷིརིག་གི་རྟོགས་རྒྱུས་ནང་Torjan Horse ཞེས་པ་དང་ཡང་ན་ནུབ་ཕྱོགས་པའི་ཆབ་སྲིད་ནང་Manchurian Candidateཞེས་པའི་དོགས་པ་རྒྱུན་དུ་ཤར་།

    སློབ་བཟང་སངས་རྒྱས་བརྒྱུད་མངའ་ཡག་པོ་ཡོད་པའི་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་ཤ་རྩ་ཅན་ཞིག་གིས་སློབ་བཟང་སངས་རྒྱས་ནི་སྐྱེ་བོ་བདག་དོན་གཉེར་རྒྱུར་མཆོག་ཏུ་འགྱུར་བ་ཞིག་ཡིན་པའི་ཁོ་པས་ལོ་ལྔའི་གོང་ལ་ཉིན་དང་པོ་ནས་རང་ཉིད་བསྐྱར་དུ་འོས་ཤོག་ཐོབ་ཐབས་འགོ་བརྩམས་ཡོད་པ་དང་ལས་ཡུན་གཉིས་པ་འགོ་བཙུགས་པ་དང་རྒྱུ་དཔལ་འབྱོར་གསོག་སྟེ་མ་འོངས་མདུན་ལམ་གྲ་སྒྲིག་ལ་དུས་དེད་ཀྱི་རེད་ཅེས་མཐོང་ཚུལ་འཛིན་གྱི་ཡོད་། བོད་མིའི་ལས་དབང་དེ་འདྲའི་སྐྱོ་བ་ལ་བསམས་།

  22. སྤོབས་པ་མཐའ་ཡས། says:
    2016-05-12 at 7:12 am

    རྒྱ་དམར་གཞུང་ལ་བློ་བཟང་སེང་གེ་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་བློ་ཁོག་ཅིག་གང་ན་ཡོད། བློ་བཟང་སེང་གེ་སྲིད་སྐྱོང་ལ་བདམས་པའི་ཉི་མ་དེ་ནས་རྒྱ་དམར་གཞུང་གིས་རྣ་བ་བཀབ་མིག་བཙུམས་ནས་འདུག་པ་མ་གཏོགས་ཏཱ་ལའི་ངོ་ཚབ་ཅིག་ཅིག་མིག་ཅིག་ལ་སྣེ་ལེན་ཟེར་བའི་རྩེད་མོ་དེ་རྩེད་ཕོད་གི་ཡོད་པ་མ་རེད། རྒྱུ་མཚན་ནི་བོད་མིའི་ཚབ་བྱེད་མཁན་གྱི་མི་ཚད་ལྡན་ཞིག་ཡོད་པས་རེད། རྒྱལ་སྤྱིའི་སྟེང་ནས་མཐོང་དང་ཆ་འཇོག་ཡོད་པའི་བོད་མི་མང་གི་ཚབ་ངོ་མ་བྱེད་མཁན་གྱི་དབུ་ཁྲིད་ཅིག་ཡོད་ཚར་དུས་སྐྲག་ཐག་ཆོད་ནས་བསྡད་ཡོད་པ་རེད།

  23. སྤོབས་པ་མཐའ་ཡས། says:
    2016-05-12 at 7:25 am

    བླ་མ་བཟང་པོ།བླ་མ་བཟང་པོ།
    རྒྱལ་བ་ཡིད་བཞིན་ནོར་བུ།
    དཔོན་པོ་བཟང་པོ། དཔོན་པོ་བཟང་པོ།
    དཔོན་པོ་བློ་བཟང་སེང་གེ།
    ཞེས་པའི་གླུ་དབྱངས་སྙན་པོ་ཞིག་བོད་མཐོ་སྒང་གི་ནས་དར་ཏེ་ཐ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་གི་བོད་མིའི་འདུས་སྡོད་གནས་ཡུལ་ཁག་ཏུ་ཡང་ཁྱབ་འདུག གླུ་གཞས་འདིས་ནི་བོད་མི་མང་གི་རེ་བ་དང་། སྤོབས་པ། ཡིད་ཆེས་དྲི་མ་མེད་པ་ཞིག་མཚོན་གྱིན་ཡོད། ངས་ཀྱང་དུས་རྒྱུན་དུ་གླུ་གཞས་འདི་ལ་ཉན་གྱིན་ཉན་གྱིན་རང་ཉིད་བོད་མི་ཞིག་ཡིན་པའི་སྤོབས་པ་ཞིག་དང་། རང་གི་སྤྱི་ཚོགས་འདི་ལ་དགའ་ཞེན་ཞིག མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་ལོ་རྒྱུས་ཐོག་གི་དབུ་ཁྲིད་ཐོག་མ་དེའི་རླབས་ཆེན་གྱི་རང་བཞིན་སེམས་ལ་འཁོར་ནས་སེམས་ཁམས་ལ་བདེ་སྣང་འགྲན་དུ་མེད་པ་ཞིག་གིས་ཁྱབ་ཡོང་གི། བློ་བཟང་སེང་གེ་ལ་འོས་འདེམས་རྒྱལ་ཁ་ཐོབ་པ་དེ་ནི་བློ་བཟང་སེང་གེ་དང་ཁོང་གི་ནང་མི་ཉེ་འབྲེལ་གྱི་རྒྱལ་ཁ་ཙམ་ལ་བརྩི་རྒྱུ་མིན་པར། བོད་ཀྱི་ན་གཞོན་མི་རབས། དེང་རབས་ཀྱི་ཤེས་ཡོན་ལ་དགའ་ཞེན་ཡོད་མཁན། བོད་ཀྱི་སྤྱི་ཚོགས་འདི་ཡང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་གོམ་པ་མཉམ་སྤོ་བྱེད་པའི་རེ་བ་དང་འདུན་པ་ཡོད་མཁན་སྤྱིའི་རྒྱལ་ཁ་ཞིག་ཡིན།

  24. ཀ་བ་ཚེ་རིང་ says:
    2016-05-12 at 8:57 am

    བློ་བཟང་སངས་རྒྱས་སྐྱབས་མགོན་དུ་བརྩིས་མཁན་སྤོབས་པ་མཐའ་ལྷུངས་ལ་ ལོ་འཁོར་ཡིག་རྒྱུགས་ཀྱི་ཚུལ་དུ་དྲི་བ་ཁག་ཅིག་བཏང་བ་ཡིན་ན་དེ་ལྟར་ཏེ་
    ༡༽༧གོང་ས་མཆོག་གི་སྨན་རྩིས་ཀྱི་བཀའ་སློབ་ནང་ གཟི་ བརྗི་ ཁོག་ སྟོང་ གསུངས་པ་ སུ་ ལ་ གོ་།
    ལན་༽ བློ་བཟང་སེང་གེ་འམ་སློབ་བཟང་སངས་རྒྱས་ལ་གོ་།

    དྲི་བ་༢༽༧གོང་ས་མཆོག་གི་བཀའ་བཀྱོན་ནང་ རྣ་ བ་ འོན་ པ་ ནང་ བཞིན་ མ་ སྡོད་ ཅེས་པ་ སུ ར་ གསུངས་ཀྱི་ཡོད་།
    ལན༽ སྤོབས་པ་མཐའ་ལྷུངས་དང་ ཏྲེ་ལྐུག་བྱམས་པ་རིན་ཆེན་ རྨོངས་པ་ཚེ་བསོད་དང་ ཀརྡོ་གཉེར་ཆག་ལགས་སོགས་པར་གོའོ་།

    དྲི་བ་༣༽ ཁྱིའི་མཇུག་མ་ཁར་ཐུག་བཟོ་ཐུབ་རྒྱུ་ཡོད་དམ་།
    ལན་༽ ཁྱིའི་མཇུག་མ་ཁར་ཐུག་བཟོ་ཐུབ་ཀྱང་ བློ་སེང་དང་སྐལ་རྡོ་གཉིས་ལ་སྤོབས་པ་མཐའ་ལྷུངས་ལྟ་བུའི་མཆན་བཀོད་པས་ཇི་ལྟར་བསྟོད་མིན་ལ་མ་ལྟོས་པར་བོད་སྤྱི་པའི་རྩ་དོན་བསྒྲུབ་རྒྱུའི་རེ་བ་གཏན་ནས་མེད་ལ་རེ་བ་བྱེད་ཀྱི་ཡང་མེད་།

  25. གཡུ་ཐོག་རྒྱལ་པོ། says:
    2016-05-12 at 4:54 pm

    བརྒྱ་བཤད་དོན་གྱི་སྙིང་པོ་ནི། མི་ལོ་ལྔ་ཡི་ནང་བློ་སངས་སམ་བློ་སེང་གི་རིན་ཐང་དེ་ལྷང་ངེར་མཐོང་སོང་། ད་ཡིན་ན། བློ་སེང་ལ་དེ་ཙམ་ཡིད་ཆེས་མེད། འོན་ཀྱང་། མང་གཙོའི་འགྲོ་ལུགས་ཀྱི་ཆ་ནས། གུས་བཀུར་ཞུ་དགོས་པ་རེད། དེ་བས་ཀྱང་། ཁོའི་བྱ་སྤྱོད་ལ། བྱ་ར་བྱ་རྒྱུ་དེ་ཨང་དང་པོ་རེད་ཏོ།

  26. ཇ་མ་ says:
    2016-05-12 at 11:45 pm

    སྐུ་ཞབས་སྐལ་རྡོར་རྡར་ས་ནས་སྲིད་སྐྱོང་གི་རླུང་འཁོར་གཏོང་མཁན་ལ་བཞག་ན་དགའ་བོ་འདུག

  27. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-13 at 5:40 am

    བཙན་བྱོལ་སྤྱི་ཚོགས་ནང་འགོ་འདྲེན་དང་ཕྱོགས་གཏོགས་མེད་པ་ཡིན་ན་སྲིད་སྐྱོང་གི་འོས་མི་ལ་ལང་མཁན་ཚང་མར་རང་གི་འཇོན་སྟངས་དང་ལྷག་བསམ་ལ་ཞིག་པའི་ལས་འགན་རེ་བཀའ་ཤག་ནས་གནང་ཐུབ་ན་བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ་མེད་པར་ཞི་བདེ་ལྷིངས་འཇགས་ཡོང་ས་རེད་དོ་།

  28. ཀ་བ་ཚེ་རིང་ says:
    2016-05-13 at 8:30 am

    གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་༼སྲིད་སྐྱོང་གི་འོས་མི་ལ་ལང་མཁན་ཚང་མར་རང་གི་འཇོན་སྟངས་དང་ལྷག་བསམ་ལ་ཞིག་པའི་ལས་འགན་རེ་བཀའ་ཤག་ནས་གནང་ཐུབ་ན་ བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ་མེད་པར་ཞི་བདེ་ལྷིངས་འཇགས་ཡོང་ས་རེད་དོ་།༽ཞེས་བྲིས་།

    བསམ་ཚུལ་བརྗོད་པ་བསྔགས་བརྗོད་འོས་པ་ཡིན་། འདིས་ག་རེ་བཏོན་གྱི་ཡོད་ཅེ་ན་མི་གང་ཞིག་གིས་སྤྱི་ཚོགས་ཀྱི་བྱ་གཞག་དང་དཀའ་ངལ་ཐད་བསམ་བློ་གཏོང་གི་ཡོད་པ་མཚོན་།
    ཡིན་ནའི་བཏབ་ཡག་ག་ཞིག་ལ་གཞུང་པའི་བསམ་འཆར་དེར་བདག་པོ་རྒྱབ་མཁན་ཡོང་གི་མ་རེད་། གལ་ཏེ་དེ་ལག་བསྟར་བྱེད་འགོ་བཙུགས་པ་ཡིན་ན་རྗེས་སུ་འོས་བསྡུའི་ནང་གཞུང་པ་རང་ཉིད་དང་གཞན་ཡང་ར་ལུག་ཚང་མ་བཀའ་བློན་ཆགས་ཐབས་སུ་སྲིད་སྐྱོང་གི་འོས་མིར་ལངས་མི་སྲིད་པ་མ་རེད་ མིག་ལྟོས་སམ་འགྲོ་ལུགས་ངན་པ་ཞིག་ཆགས་ཀྱི་རེད་། སྣོ་བསམ་མེད་པའི་སྐད་ཆ་རང་རེད་།

    མང་ཚོགས་ཀྱི་ཤེས་ཡོན་གྱི་སྤུས་ཚད་ལ་ཞིག་པས་འགོ་ཁྲིད་འོས་འདེམས་ཡོང་ཅེས་པ་ལས་བློ་སངས་འོས་ཤོག་ཐོབ་པའི་རྒྱུ་རྐྱེན་དེ་རྨོངས་པ་ཚེ་བསོད་འདྲ་བའི་འོས་འཕེན་མང་ཚོགས་ཀྱི་བསམ་བློའི་སྤུས་ཚད་ཡིན་པའི་ར་སྤྲོད་དེ་རེད་།

  29. ཀ་བ་ཚེ་རིང་ says:
    2016-05-14 at 8:16 am

    སྐལ་རྡོར་སློབ་བཟང་སངས་རྒྱས་ཀྱི་ཁོག་པའི་ནང་གི་འབུ་རེད་ཟེར་།
    དེའི་གོ་དོན་ག་རེད་ཟེར་གྱི་ཡོད་ན་།མཁྱེན་མཁན་ཨེ་ཡོད་། གོ་རྒྱུ་ཆེན་པོ་ཞིག་ཡོད་ས་རེད་།

  30. ཀ་བ་ཚེ་རིང་ says:
    2016-05-14 at 8:31 am

    སྤོབས་པ་མཐའ་ཡས་སམ་མཐའ་ལྷུངས་ཞེས་པའི་མཆན་དེ་བཏབ་འདུག་༼ རྒྱ་དམར་གཞུང་ལ་བློ་བཟང་སེང་གེ་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་བློ་ཁོག་ཅིག་གང་ན་ཡོད། རྒྱལ་སྤྱིའི་སྟེང་ནས་མཐོང་དང་ཆ་འཇོག་ཡོད་པའི་བོད་མི་མང་གི་ཚབ་ངོ་མ་བྱེད་མཁན་གྱི་དབུ་ཁྲིད་ཅིག་ཡོད་ཚར་དུས་སྐྲག་ཐག་ཆོད་ནས་བསྡད་ཡོད་པ་རེད།༽
    ཆུང་དུས་མི་རྒན་པ་ཁག་ཅིག་གིས་ཁྱེད་ཀྱི་སྐད་ཆར་ངའི་རྐུབ་གད་མོ་ཤོར་གྱིས་ཟེར་སྲོལ་གོ་ཐོས་ཡོད་པས་སྐབས་དེར་གོ་དོན་གང་ཡིན་བསམས་ཀྱི་ཡོད་། དེ་རིང་གཞིགས་ནས་ཤེས་སོང་། སྐྱབས་མགོན་སློབ་བཟང་སངས་རྒྱས་ཀྱི་ཀླད་ལྐུག་འདིའི་ངོ་ཚ་རྒྱུ་མེད་པའི་མཆན་དེ་ཀློག་སྐབས་ངའི་རྐུབ་ཀྱང་གད་མོ་ཤོར་གྱིས་།

  31. ཀ་བ་ཚེ་རིང་ says:
    2016-05-14 at 8:34 am

    ངས་གོང་གི་མཆན་དེ་དགོས་དོན་དེ་སློབ་བཟང་སངས་རྒྱས་ཀྱི་ཨབ་ཕྲུག་སྤོབས་པ་མཐའ་ལྷུངས་ཀྱི་མཆན་འདི་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ཞིག་འཚོར་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme