Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཙི་ཙི་ཤི་བར་བྱི་ལས་ངུ་ཤར་བརྒྱབས།

Posted on 2010-04-232010-04-23 By དབང་ཕྱུག་ 3 Comments on ཙི་ཙི་ཤི་བར་བྱི་ལས་ངུ་ཤར་བརྒྱབས།

ཋེ་ཋེ་དྲ་རྒྱ་ལས། ནགས་ཤོད་སད་མི།

ཋེ་ཋེ་དྲ་རྒྱ་ནས་སྐད་ཆ་འདི་འདྲ་ཞིག་ཡོད་པ་སྟེ། གུང་ཁྲན་ཏང་གིས་ས་ཡོམ་ནང་འདས་གྲོངས་ཤོར་བའི་བོད་མིའི་སླད་དུ་རྒྱལ་ཁབ་ཀྱིས་མྱ་ངན་བྱེད་པ་དེ་ནི། ཙི་ཙི་ཤི་བར་ཞིམ་བུས་ངུ་ཤར་རྒྱག་པའི་བརྩེ་གདུང་རྫུན་མ་རེད་ཟེར།
མི་འགའ་རེས་སྔ་མོ་ཞིག་ནས་འོད་ཟེར་གྱི་ཟིན་བྲིས་དང་ཋེ་ཋེ་དྲ་ཐོག་གི་སྐད་ཆར་འཁང་ར་བྱས་ཏེ “ཕྱོགས་ལྷུང་གི་རང་བཞིནཡོ ད་ཟེར། འོ་ནའང་། འོད་ཟེར་གྱི་གནས་ཚུལ་འདིའི་ཐད་ནས་འགྲིག་གི་མི་འདུག་ཅེས་མཛུབ་མོ་ཐད་འཛུགས་བྱས་པ་མཐོང་མྱོང་མེད། དོན་ངོ་མར་མི་འགའ་ཞིག་ལ་དངོས་དོན་གཙོ་མི་ཆེ་བའམ་དོན་དངོས་མིད་པར་འགྲོ་རྒྱུ་དཀའ་མོ་ཡོད་པ་རེད། སུ་ཞིག་གི་ལངས་ཕྱོགས cctv དང་མཉམ་གཤིབ་མེད་ཚེ་ཁས་ལེེན་བྱ་དཀའ་བ་བྱེད་ཀྱི་ཡོད་པ་རེད། གཅིག་བྱས་ན་རྒྱུན་གཏན་ནས་གོམས་ལོབས་སོང་བའི་རྐྱེན་གྱིས་མིན་འགྲོ
ངས་བལྟས་ན། བོད་ཀྱི་གནད་དོན་རྒྱུས་ལོན་ཐུབ་པར་པེ་ཅིང་གིས་བཀོད་པའི་གནས་ཚུལ་བཀླག་དགོས་ལ། རྡ་རམ་ས་ལ་ནས་ཕབ་པའི་ཡི་གེ་དག་ཀྱང་བཀླག་དགོས། འོད་ཟེར་གྱིས་མཁོ་འདོན་གནང་བའི་རྒྱུ་ཆ་དེ་དག་ནི་བོད་ཀྱི་ཤེས་ཡོན་མི་སྣའི་བསམ་ཚུལ་རྟོགས་བྱེད་ཀྱི་སྐར་ཁུང་རེད། གལ་ཏེ། ཁོང་གི་དྲ་དེབ་ཀློག་དུས་ཁོང་ཁྲོ་ལངས་ཀྱི་འདུག་ན། དེ་ནི་ཕྱི་ཕྱོགས་སུ་ཚིག་པ་ཟ་ས་མང་དུ་འགྲོ་རོགས་རེད། དཔེར་མཚོན་ན། ངས་དབྱིན་དེབ་ཀྱི་ཝེ་ཐེ་ནེམ་ལོ་རྒྱུས་ཤིག་བཀླགས་མྱོང་། དཔེ་དེབ་དེའི་གླེང་བརྗོད་དང་ས་ཁྲའི་བར་ནས་ངའི་ཨ་མའི་ཕ་ཡུལ་ཆིས་ཏུང་ཉེ་འདབས་ཀྱང་ཝེ་ཐེ་ནེམ་གྱི་ས་ཁོངས་ཡིན་པའི་འདོད་ཚུལ་བཟུང་ཡོད་པ་ཧ་གོ་སོང་། འདིའི་རིགས་ནི་ཉམས་མྱོང་དང་གོམས་འདྲིས་ལ་འབྲེལ་བ་ཡོད་པ་ཡིན།
ངས་ནི་སྣེ་མང་ཅན་གྱི་དྲིལ་བསྒྲགས་ལས་གདམ་ཀ་དང་དབྱེ་གསེས་བྱས་ཏེ་དོན་དམ་གྱི་མ་གནས་འཇལ་རྒྱུར་དགའ་པོ་ཡོད་ལ། སྣེ་གཅིག་གི་ཁྱབ་བསྒྲགས་དང་ཕྱོགས་གཅིག་གི་ལན་འདེབས་ལ་དགའ་མགུ་ཡོང་གི་མེད། ཡུལ་ཤུལ་ས་འགུལ་གྱི་དྲིལ་བསྒྲགས་ཐད། གཞུང་ཕྱོགས་གཅིག་པུས་ཉི་ཤར་སྦར་མོས་འགེབས་པ་དང་། བསམ་བཞིན་དུ་སྦས་སྐུང་བྱས་པའི་དུས་འདིར། འོད་ཟེར་གྱིས་གནས་ཚུལ་གཏོང་སྤེལ་བྱས་པའི་ནོར་བ་འགའ་ལ་དང་ལེན་བྱ་རྒྱུའི་མོས་འདུན་ཡོད། ཅིའི་ཕྱིར་དུ་ཞེ་ན། དེ་ནི་ཁོང་གིས་གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་པའི་འཁོར་ཡུག་ཅིག་བསྐྲུན་པས་རེད། ངས་ཁོང་གི་སྐད་ཆར་ཡིད་ཆེས་མ་བྱས་ནའང་ཆོག་གི་རེད། ཡིན་ནའང། དོན་ངོ་མས་བཤད་སྟངས་གཞན་དག་ཀྱང་ཡོད་པ་ཧ་གོ་གི་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: འོད་ཟེར་གྱིས་ཡུལ་ཤུལ་སྐོར་གྱི་ཟིན་ཐོ།
Next Post: ཕྱི་ཤུན་གང་ལ་གྱར་ཡང༌། ནང་སྙིང་ནང་དུ་ལུས་འདུག།

Comments (3) on “ཙི་ཙི་ཤི་བར་བྱི་ལས་ངུ་ཤར་བརྒྱབས།”

  1. ཀརྨ་རྡོ་རྗེ་ says:
    2010-04-23 at 4:26 pm

    མི་ལོ་དྲུག་ཅུ་རིང་གི་ཙི་ཙི་ཟ་མཁན་བྱི་ལ་རྒྱགས་པ་དེ། ད་སྐམ་འགོ་བཙུགས་ཟིན་པ་རེད། མྱ་ངན་བྱེད་དང་བྱེད།

  2. བསྟན་འཛིན་ཤེས་རབ། says:
    2010-04-23 at 5:53 pm

    ད་ཐེངས་ཀྱི་གནས་འདི་དག་གི་ཁྲོད། འོད་ཟེར་ལགས་ཀྱིས་གནས་ཚུལ་དངོས་བསྒྲགས་པའི་བྱས་རྗེས་ལ་ཡི་རངས་ཞུ་བཞིན་ཡོད།

  3. བསྟན་འཛིན་ཤེས་རབ། says:
    2010-04-23 at 5:56 pm

    ད་ཐེངས་ཀྱི་གོད་ཆག་འདིའི་བྱུང་རིམ་ཁྲོད། འོད་ཟེར་ལགས་ཀྱིས་གནས་ཚུལ་དངོས་བསྒྲགས་པའི་བྱས་རྗེས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme