Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བརྩི་སྲུང་།

Posted on 2016-04-252016-04-25 By ཁ་བརྡ No Comments on ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བརྩི་སྲུང་།

གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།

 
ཕྱི་ལོ་༢༠༡༦ཟླ་༤ཚེས་༢༥ཉིན་རྒྱབ་ཨོ་སི་ཁྲོ་ལེ་ཡའི་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཕ་མའི་འཐུས་མི་ཚོགས་ཆུང་གིས་གོ་སྒྲིག་བྱས་ཏེ་ ༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༡ འགྲོ་བཞིན་ཡོད་པའི་ཡིད་སྐྱོའི་གནས་བབ་དང་། ཡང་དེ་རིང་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་མཆོག་དགོང་ལོ་ ༢༧ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ལ་འཁེལ་ཡོད་པས་འཁྲུངས་སྐར་བརྩི་སྲུང་གི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་དང་བདམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས། སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་དང་མི་མང་། སློབ་ཕྲུག་བཅས་ཉིས་བརྒྱ་ལྷག་མཉམ་ཞུགས་གནང་སོང་།

unnamed-4

ཐོག་མར་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ལྷག་པ་ཚེ་རིང་ལགས་ཀྱིས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དུས་འདིར་ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ནི་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་བསྟན་སྲིད་ཆོས་དང་རིག་གཞུང་བཅས་པའི་ཐད་དགུང་ལོ་ ༢༤ ཙམ་དུ་སོན་པའི་དུས་ནས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་སོགས་བྲིས་གནང་སྟེ་རྒྱ་ནག་གཞུང་ལ་ཕུལ་བ་སོགས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་ཐད་སྐུ་ངལ་ཚད་མེད་སྐྱོན་གནང་ཡོད་སྟབས། ང་ཚོ་བོད་མི་རེ་རེའི་ངོས་ནས་རྩ་ཆེའི་བཀའ་སློབ་དེ་དག་སེམས་ལ་བཅངས་ཏེ་བཀའ་བཞིན་བསྒྲུབ་དགོས་པ་ནི་བཀའ་དྲིན་རྗེས་དྲན་གྱི་མཆོད་པའི་མཆོག་ཡིན་སྐོར་གསུངས་སོང་།unnamed-5

དེ་རྗེས་བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གསུང་བཤད་གནང་དོན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་བླ་ན་མེད་པའི་མཛད་རྗེས་བཞག་གནང་བ་རྣམས་བཀའ་དྲིན་རྗེས་དྲན་གྱིས་ཡིད་ངོར་བཅིངས་ཏེ་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་གྲོལ་གཏོང་ཐབས་ལ་བོད་མི་ཚང་མས་འབད་འབངས་བྱེད་དགོས། སྤྱིར་བཏང་ནས་རྒྱ་གཞུང་གིས་ཤེས་བཞིན་དུ་དུས་རྟག་བོད་མི་མང་གི་སེམས་ལུས་གཉིས་ཀར་རྨ་ཁར་ཇེ་ཆེ་ནས་ཇེ་ཆེར་བཟོས་དང་བཟོ་བཞིན་ཡོད། དཔེར་ན། བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་མཐོང་ཆུང་དང་ཁྱད་གསོད། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཙོན་འཕྲོག་བྱས་པ་སོགས་ཀྱི་དབང་གིས་རང་ལུས་མེར་སྲེག་གིས་མཚོན་པའི་བོད་ནང་དུ་དོན་རྐྱེན་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་བཞིན་པའི་མཇུག་འབྲས་ཡོད་ཚོད་རྒྱ་གཞུང་ལ་ཐུག་ཡོད་པ་གསལ་བོ་ཡིན་པས། བོད་རྒྱའི་དཀའ་རྙོག་འདི་མ་སེལ་བར་འགན་འཁུར་ཚང་མ་རྒྱ་གཞུང་ལ་ཡོད་ཅེས་གསུངས་སོང་།

unnamed-6དེ་མཚུངས་ཨོ་སི་ཁྲོ་ལེ་ཡའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་གསུང་བཤད་གནང་དོན། རྒྱ་གཞུང་གིས་མུ་མཐུད་༸པཎ་ཆེན་རིན་པོ་ཆེ་ཡང་སྲིད་མུ་མཐུད་བཀག་ཉར་སྦས་སྐོང་བྱས་པ་དེས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། འདྲ་མཉམ་བཅས་ཀྱི་སྲུང་སྐྱོབ་ཐད་ལ་དོ་ཁུར་གང་ཡང་མེད་པ་མ་ཟད། རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་གསལ་བོར་བསྟན་ཡོད་ཅེས་དང་། དམིགས་བསལ་བོད་ནང་དུ་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་ཡོང་ཐབས་སུ། བོད་མི་རང་ཉིད་ཀྱི་ངོས་ནས་དང་བོད་དོན་རྒྱབ་སྐྱོར་བ། ལྷག་པར་ཞི་བདེ་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་ལ་གནོད་ཤུགས་གནད་ལ་འཁེལ་བ་ཡོང་ཐབས་ཀྱི་ལས་འགུལ་མུ་མཐུད་སྤེལ་དགོས་པའི་འབོད་སྐུལ་ཆེན་ནན་པོ་ཞུས་སོང་།

མཇུག་ཏུ་སྐུའི་འཁྲུངས་སྐར་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་བོད་པའི་སློབ་ཕྲུག་ལྔ་བཅུ་ལྷག་གི་ནང་ཁུལ་ལ་རི་མོ་འགྲན་བསྡུར་ཞིག་སྤེལ་ནས་འཁྲུངས་སྐར་བརྩི་སྲུང་གི་ཚོགས་འདུ་གྲོལ་སོང་།

གསར་འགྱུར།

Post navigation

Previous Post: པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ་དང་འབྲེལ་བའི་གསལ་བསྒྲགས།
Next Post: སྐུ་ཚབ་དོན་གཅོད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽དུ་གཟིགས་སྐོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme