Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་གྱི་ཆོ་འཕྲུལ།

Posted on 2016-04-212016-04-21 By ཁ་བརྡ 9 Comments on ཕ་ཡུལ་གྱི་ཆོ་འཕྲུལ།

ལྷ་རྩེའི་ཁུ་བྱུག
 

༼གཅིག༽     

ཁོ་པ་ཚོའི་ཀླད་པའི་ནང་ལ་མིའི་བདེ་སྡུག་དང་། འབྱུང་བའི་དར་གུད། ཐ་ན་རྩི་ཤིང་སྐྱེ་མིན་ཚང་མ་ཡུལ་ལྷ་གཞི་བདག་དང་། ལྷ་ཀླུ་མཐུ་བོ་ཆེའི་སྤྲུལ་པ་དང་། སྡེ་བརྒྱད་འབྱུང་པོས་ཡག་བཙོག་སྟངས་འཛིན་བྱས་པར་འདོད། མི་གཉིས་མཉམ་དུ་འདུས་ན། གཏམ་གྱི་འགོ་མར་ད་ལོ་ཡུལ་ལྷ་གཞི་བདག་ཚང་གིས་བཀའ་བགྲོས་ཅི་འདྲ་བྱས་པ་ཨེ་གོ་ཟེར་བ་ནས། རིམ་གྱིས་ལྷ་འདྲེའི་དབང་བསྒྱུར་གྱི་ས་གནས་ག་ཤེད་དུ་ཁ་བ་འབེབ་ལུགས། ས་གནས་ག་ཤེད་དུ་འབུ་བཏབ་རབས། ཡུལ་ལུང་ག་ཤེད་དུ་ནད་རླངས་བཏང་ལུགས་སོགས་གླེང་ཞིང་། ད་ལྟའི་ལྷ་འདྲེ་ནང་དུ་འདྲེ་ཁ་པར་ཅན། ལྷ་རླངས་འཁོར་ཅན་ཡང་མི་ག་གེ་མོས་མཐོང་ཚུལ་བཤད། ལྷ་འདྲེའི་གཏམ་རྒྱུད་མང་པོ་སྨྲ་བར་མཁས། བདེན་དོན་ཡང་རྡོ་སྒྲིག་སྒྲིག་བྱེད་ལ་ཧ་ཅང་བྱང་བས་སུས་ཀྱང་མི་དོན་རིང་ལུགས་པའི་སྐད་ཆས་ཁོ་པ་ཚོར་དགག་པ་རྒྱག་མི་ཐུབ།
དཔེར་ན་འུ་ཚོས་གཅིན་རྫ་འཕོ་ས་ནོར་བ་དང་། སྐད་མགོ་མཐོ་བ་ཚུན་གྱིས་ཡུལ་ལྷས་འཁུ་དོགས་དང་། མི་འདོད་པའི་ཆག་སྒོ་ཡོང་བའི་ལོ་རྒྱུས་དང་གཏན་ཚིགས་རྣོ། ཡང་དེང་སང་རིའི་སྐེ་བྲེགས། ནང་བྲུས། ཐང་བཅད། ཆུ་རྙོག་མཁན་འདི་ཚོ་ལ་གནོད་སྐྱེལ་མི་ཐུབ་པའི་རྒྱུ་མཚན་ཡང་ཡོད་དེ། འདི་པ་ཚོའི་ཡུལ་ལྷ་དང་། འུ་ཚོའི་ཡུལ་ལྷ་འཐབ་དུས་འུ་ཚོའི་ཡུལ་ལྷ་གཞི་བདག་ཕམ་མྱངས་པའི་ལྷ་འདྲེའི་དམག་འཁྲུགས་བཤད་ཤེས།

བཤད་སྟངས་ལ་བལྟས་ན། འདི་པ་ཚང་གི་ཡུལ་ལྷའི་ཆབ་འབངས་སུ་འུ་ཚོའི་ཡུལ་ལྷ་བསྡུས་ཤིང་། བོད་ཀྱི་རི་ཆུའི་ཡུལ་ལྷས་མགོ་ནག་བོད་པ་ཚང་དབང་དུ་བསྡུས་པ་འདྲ་བོ་དང་། འུ་ཚོ་ནི་ལྷ་འདྲེའི་ཡང་བྲན་དང་། ཡང་འབངས་ལྟ་བུ་ཞིག་གི་བསམ་ཚུལ་ཡོད། ཁྱད་མཚར་བ་ལ། ལྷ་འདྲེའི་ནང་དུ་མཆོད་བསྟོད་དང་། གུས་བཀུར་ཞུ་ས་བཟང་ངན་དོན་དུ་ཕུ་ནུ་བར་དུ་དགྲ་གྱོད་དང་། མ་སྲུ་བར་དུ་ཁ་མི་བསྲེ་མཁན་ཡང་མང་པོ་ཡོད་པས། ལྷ་འདྲེའི་བཟང་ངན་འདུ་ཤེས་ཀྱི་ལྟ་བ་ནི་ཧ་ཅང་རྫོབ་ལ་རྙོག་སྒྲས་ཁེངས། མདོར་ན་འུ་ཚོའི་བཟང་ངན་གྱི་སྣ་ཐག་ལྷ་འདྲེའི་ལག་ཏུ་ཡོད་པར་བསྙད་པས་འུ་ཚོའི་ཁོར་ཡུག་གི་ལས་དབང་ངམ་བདག་པོའམ་བྱེད་པ་པོ་ནི་ལྷ་འདྲེ་ཚོ་རེད།

 

༼གཉིས།༽

ནམ་རྒྱུན་ཉི་མ་སྲོ་བཞིན་ཡར་མར་ཁ་བརྡའི་ནང་དུ། ས་ཆ་ག་གེ་མོ་ན་མ་སངས་ཀྱི་རྫུ་བུ་ཡོད་ལུགས། ས་ཆ་ག་གེ་མོ་ན། ཡུལ་ལྷ་གཞི་བདག་གི་འཕྲུལ་སྲས་ཡོད་ལུགས། ས་ཆ་ག་གེ་མོ་ན། ལྷ་མོའི་རྣམ་འཕྲུལ་བཞུགས་ལུགས་སོགས་ཆུ་བཞུར་བཞུར་བྱེད་ཐུབ། ད་དུང་མདོ་དབུས་ཁམས་གསུམ་གྱི་ས་གནས་དེར་ནད་བརྒྱ་སྨན་གཅིག་ཅན་གྱི་སྨན་པ་བཟང་རབས། ནད་སྟོང་སྟབས་གཅིག་གིས་འཇིབ་པའི་མཁའ་འགྲོ་མ་མཆོག་རབས། གདོན་བརྒྱ་སྔགས་གཅིག་གིས་བསྐྲད་པའི་གྲུབ་ཆེན་ཡག་རབས། ཞལ་ཕུ་གཅིག་གིས་རེག་དུག་བཙན་པོ་འཇོམས་པའི་ནུས་ལྡན་ལེགས་རབས། མི་ཚེ་གཅིག་གི་དར་གུད་དང་། ལེགས་ཉེས་རྨི་ལམ་ལུང་སྟོན་པའི་དམ་པ་སོགས་ཀྱང་གང་ན་ཡོད་པ་བཤད་ཤེས་ལ། དངོས་གནས་ཀྱང་གར་ཡོད་བརྩད་ཀྱང་ཆོད་འདུག་སྟེ། ཕ་ཡུལ་གྱི་ནད་པ་མང་པོ་ཞིག་སྨན་ཁང་ལས་བུད་དེ་ནད་གཞིབ་ས་དང་། སྔགས་བསྔགས་ས། སྔགས་ཆུ་བཏུང་ས། ལྕགས་གཏུགས་ས། ལུང་བསྟན་ས། ཚྭ་བལྡག་ས་ལ་འགྲོ་བར་དགའ།

ལྷ་ལྷ་མོ་མི་རུ་བརྫུས་པའི་ལྷ་ཕོ་དང་ལྷ་མོའི་མདུན་ནས་གཅིན་དང་སྐྲ་ཆུ་འཐུང་བ་སོགས་ཀྱི་དད་གུས་ཡོད། ནོར་བཟང་པོ་སྣ་དགུ་ཕུལ་ལ་སེར་སྣ་མེད། སྨན་བཅོས་དང་། བཤའ་བཅོས་འཐུས་ཤོར་སོང་བའི་ནད་པ་མང་པོ་ཞིག་མི་ཤི་རྒྱུ་ཟད་ལ་ཐུག་ཀྱང་། ད་དུང་ལྷ་འདྲེས་ལུང་བསྟན་པའི་གྲུབ་ཆེན་དང་མཁའ་འགྲོ་མ་སོགས་ལ་དོགས་པ་ཙམ་བྱ་མི་སྲིད། འུ་ཚང་ནད་པ་ཚེ་ཟད་པའམ། ཡང་ན་ལས་སོགས་ཀྱིས་རྐྱེན་པའི་སྒྲུབ་བྱེད་ཁུར་ནས་བསྒྲུབ་བྱ་དཀར་པོ་སྐྱོན་མེད་ཀྱིས་བསྒབས་པར་བྱེད། ཐ་ན་ཅ་ལག་བརྐུ་ལ་ཤོར་ནའང་། རྗེས་དང་ར་མདའ་མི་གཉུལ་ཞིང་། རྐུན་མ་བརྩད་གཅོད་ཀྱི་ཁྲིམས་དོན་ལ་ཡེ་ནས་ཁ་ཡ་མི་བྱ་བར་ལྷ་འདྲེའི་ལུང་བསྟན་ཞུ་ལ་ཉིན་ལམ་མང་དུ་འགྲོ་སྲོལ་ཡོད།

འུ་ཚོའི་སེམས་ལ། བསམ་གྱིས་མི་ཁྱབ་པའི་ལྷ་འདྲེའི་ཆོ་འཕྲུལ་གྱི་བག་ཆགས་ཡོད་པས། རེ་བ་ཡང་དེ་ལ་བཅོལ་བ་ལས། དངོས་ཡོད་མི་ཆོས་རིག་གནས་དང་། ཚན་རིག་གི་གྲུབ་དོན་ལ་ཡིད་ཆེས་བྱ་མི་སྲིད། ནང་པའི་ལྟ་གྲུབ་ནས་སྐྱབས་འགྲོའི་ཡན་དུ་གོ་བ་དང་ཉམས་ལེན་ནི་དེ་ལས་ཀྱང་མེད་པས། འུ་ཚོ་ནི་དོན་གྱི་ལྷ་འདྲེ་དང་ཟོག་པོའི་བྲན་གཡོག་རེད་ཨང་།

འཇང་ནས་བྲིས།

ལྷུག་རྩོམ།

Post navigation

Previous Post: ང་ཚོར་ལག་ལེན་དགོས།
Next Post: ལོ་ ༩༠ ཐོག་གྲུབ་པའི་སྨོན་ལམ།

Comments (9) on “ཕ་ཡུལ་གྱི་ཆོ་འཕྲུལ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-04-22 at 2:14 am

    ལུང་ཁུག་རེ་ཟུང་གི་བལྟ་ལུགས་ལས་བོད་ཁྱོན་ཡོངས་ལ་དེ་འདྲ་མ་རེད། རྒྱུགས་པ་ལེབ་བརྡུང་མ་བཟོ་ཨ་་་་་་་་་་གཟབ་་་་་

  2. གནམ says:
    2016-04-22 at 3:57 am

    ལྷ་ཀླུ་གཞི་བདག་ཚོགས་ལ་བསྟོད་བསྟོད་པས།།
    བོད་མི་བཙན་པོ་ཡིན་པ་དེ་ནས་བྱུང་།།

    དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སོང་ནས།།
    བོད་མའི་རང་བཞིན་འཇམ་པ་དེ་ནས་བྱུང་།།

    ཕ་མ་རྒན་ལ་རྩི་བཀུར་བྱས་བྱས་བས།།
    བོད་མི་ཡ་རབ་ཡོད་པ་དེ་ནས་བྱུང་།།

    འདི་ལ་དགེ་ཞིག་མེད་པའི་ཉེས་བ་ཞིག།
    ས་སྟེང་འདི་ན་བགྲེང་ནི་ཁྱོད་རེ་ཙམ།།

    འཛོམས་དགོས་ཚང་མ་བོད་ལ་འཛོམས་མི་སྲིད།
    མི་འབྱོན་བྱ་བར་ཞེན་པ་བྱིས་བའི་བློ།།

    འཛམ་གླིང་འདི་ལ་ཅི་འཛོམས་གང་དགའ་ནི།
    འབྱོར་བ་བྱུང་ན་སུ་དང་གང་ལ་ཐོབ།།

    སྤྱི་ནོར་ལོངས་སྤྱོད་སྐལ་བ་མི་ལྡན་ན།།
    ལྷ་ཀླུ་ཐང་ལ་བཏབ་པས་ཅི་ཞིག་ཕན།།

    སྨྱོན་པས་སྨྱོས་གཏམ་རྡོལ་བས་ཅི་ལ་ཕན།།
    མགོ་བོ་མཐོན་པོས་འཇིག་རྟེན་ཁྱིམ་ལ་ཤོག།

    མ་བྱུང་མི་འདུག་མེད་མུག་འདོན་མཚམས་བཞག།
    གངས་ཅན་སེམས་པ་ས་ལ་གཏོར་མཚམས་བཞག།

    ཨེ་གོ་ཨེ་གོ་ལྷ་དང་བྱ་ཡི་སྤྲུལ་བའི་བུ།།
    མིང་དང་རྩོམ་ལ་དཔྱད་ན་དགོད་རེ་སྤྲོ།།
    ཧ་ཧ་ཧ།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-04-22 at 5:30 am

    བོད་ཡུལ་གངས་ལྗོངས་སྐྱོང་བའི་ལྷ་ཀླུ་ཞི་བདག་དང་།
    མི་ཡུལ་ས་མཐའི་ནུས་མེད་འདྲེ་སྲེན་ཚོ་།
    གཅིག་ཏུ་ངོས་འཛིན་གནང་ན་ནང་པའི་ལྟ་སྒྲུབ་འགལ་།
    བོད་ཡུལ་ཆགས་འཇིག་མགུ་རུའི་རྣམ་མཐར་ལ་།
    མ་ཁྱོག་བློ་ཡིའི་སྤྱན་མིག་ཕྱོགས་ལ་རེམ་།

  4. ཀརྡོ་གཉེར་ཕྱག་པ་་ says:
    2016-04-22 at 8:32 am

    #2 གནམ་ལགས་ཀྱིས་སྤེལ་དོན།: ལ་རྒྱབ་སྐྱོར་ཡོད།

  5. ཀརྡོ་གཉེར་ཕྱག་པ་་ says:
    2016-04-23 at 1:58 am

    སངས་རྒྱས་ཀྱི་ཆོ་འཕྲུལ་ལ་བདེན་པ་ཅིག་ཡོད་པ་བཞིན། ཕ་ཡུལ་གྱི་ཆོ་འཕྲུལ་ལ་ཡང་བདེན་པ་ཅིག་ཡོད་དགོས། དེས་ན་་་་་་

  6. སྤོབས་པ་མཐའ་ཡས། says:
    2016-04-23 at 2:26 am

    ཆོ་འཕྲུལ་གྱིས་ཅང་འཇོན་མི་ཡོང་། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་འདིར་གནས་ཡོད་པ་འདི་སྐྱེས་བུ་སྙིང་སྟོབས་ཀྱི་བདག་པོ་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་གྲུབ་འབྲས་རེད་མ་གཏོགས་མཐུ་དང་ནུས་པ། གྲུབ་རྟགས་དང་རྫུ་འཕྲུལ་གྱིས་བསྟན་པ་བཟུང་ཡོང་བ་ཞིག་ཅི་ཡང་མ་རེད། བླ་མ་ཚོ་རང་རང་བཞུགས་པའི་དུས་ན་མཐུ་དང་ནུས་པ། གྲུབ་རྟགས་དང་རྫུ་འཕྲུལ་ཟེར་བ་ཞིག་བསྟན་ཏུ་མེད་ཀྱང་སློབ་མ་དང་དེ་ལས་ཀྱང་ཡང་སློབ་ཚོས་རྣམ་ཐར་བྲིས་ཡོང་སྐབས་མཐུ་དང་ནུས་པ། གྲུབ་རྟགས་དང་རྫུ་འཕྲུལ་གྱི་བཀང་ཡོང་གིན་འདུག

  7. ཀརྡོ་གཉེར་ཕྱག་པ་་ says:
    2016-04-23 at 2:50 am

    སྔོན་བྱོན་སངས་རྒྱས་བྱང་སེམས་ཉན་རང་པཎ་གྲུབ་སུ་ལ་ཡང་། མཐུ་དང་ནུས་པ། གྲུབ་རྟགས་དང་རྫུ་འཕྲུལ་མེད་པར་འདོད་པ་ནི། བདག་གིས་ཁས་བླངས་མི་ཐུབ། གང་ཡིན་ཟེར་ན། ཐེག་དམན་གཞིར་བཞག་གིས། ལྷ་བབ་དུས་ཆེན་ཙམ་ཡང་རྫུན་དུ་གྱུར་ན། ཐེག་ཆེན་ལ། དད་རྒྱུ་དང་། ནང་ཆོས་གསང་སྔགས་ལ། མོས་རྒྱུ་ནི། ཕ་རིའི་སྤང་རྒྱན་ཆགས་འགྲོ་བ་རེད་དོ།།

  8. སྤོབས་པ་མཐའ་ཡས། says:
    2016-04-23 at 5:51 am

    ཁྱེད་ཀྱི་དད་པ་དང་མོས་པའི་ངོས་ལ་ཅི་ཡང་རུང་ལ་ཅི་ཡང་སྣང་དུ་བཏུབ་ན་དེ་ལ་དགག་བྱ་མེད།

  9. ཀརྡོ་གཉེར་ཕྱག་པ་་ says:
    2016-04-23 at 6:15 am

    མཁས་པ་ཆེན་པོ་སྤོབས་མཐའ་ལགས།
    རྫུ་འཕྲུལ་འདི་ཕྱི་ནང་ཐུན་མོང་གི་ཆོས་ལ་ཡོད་རེད། སངས་རྒྱས་དང་བྱང་སེམས་འགས། རང་གི་གདུལ་བྱ་འགའ་ལ་ཞལ་ནས། ཆོས་གསུངས་ནས་མ་ཕན་མ་ཐོགས་དུས། འུ་ཐུག་པའམ། ཐབས་མཁས་ཀྱིས་རྫུ་འཕྲུལ་བསྟན་ནས་སེམས་འདུལ་བའི་ལོ་རྒྱུས་ཡོད་པ་ལ་རྩོད་མེད་རེད།
    དིང་སང་། ཕོ་གསར་རང་འགའ་བ་དེ་འདྲས། ཆུ་ནང་མ་ནུབ་པར་ཆུ་སྟེང་དུ་འགྲོ་ཐུབ་ཡོད་པ་རྫུ་འཕྲུལ་་མངོན་སུམ་ཚད་གྲུབ་འདུག་ག དེས་ན་དེ་འདྲའི་ནུས་པ་ཆོས་པ་ཅིག་ལ། ཡོད་མི་སྲིད་སྟངས་ཅིག་ཤོད་དང་། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme