Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསང་འདུས་རྩ་རྒྱུད་ཀྱི་ཆོས་ཐོག་གསར་འཛུགས།

Posted on 2016-04-102016-04-10 By ཁ་བརྡ 26 Comments on གསང་འདུས་རྩ་རྒྱུད་ཀྱི་ཆོས་ཐོག་གསར་འཛུགས།

Screen Shot 2016-04-10 at 10.02.22 pmགནས་ཚུལ་གཏོང་མཁན། དགེ་འདུན་བློ་བཟང་།

 

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་སེ་ར་ལ་གསར་འཛུགས་གནང་བ།

ཕྱི་ལོ་༢༠༡༦ ཟླ་༤ པའི་ཚེས་༦ ནས་༡༧ བར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་གསར་འཛུགས་གནང་ཡོད་པ་དང་། ཆོས་ཐོག་དེར་གདན་ས་གསུམ་གྲྭ་ཚང་ཆེན་པོ་དྲུག་ནས་དགེ་བཤེས་༢༥ རེ་དང་། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་། རྭ་སྟོད། རྣམ་རྒྱལ་གྲྭ་ཚང་བཅས་ནས་དགེ་བཤེས་གསུམ་བཞི་རེ་དང་བཅས་མཉམ་ཞུགས་གནང་ཡོད་ལ།

ཕྱི་ཚེས་༥ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སེ་ར་བྱེས་སྨད་ཀྱི་དགེ་འདུན་འདུས་མང་ཡོངས་ནས་ཕེབས་བསུའི་སེར་སྦྲེང་རྒྱ་ཆེན་གནང་བ་དང་། ཕྱི་ཚེས་༦ ཉིན་ཆུ་ཚོད་༩ པའི་ཐོག་སྐུScreen Shot 2016-04-10 at 10.03.12 pm་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབུས་པས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་དབུ་ཆོས་རྣམ་པ་དང་། ས་གནས་གནད་ཡོད་སྐུ་མགྲོན་རྣམ་པ་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། ཆུ་ཚོད་༩།༡༥ ཐོག་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་ཡེ་ཤེས་ཕུན་ཚོགས་ལགས་ནས་མཛད་རིམ་ངོ་སྤྲོད་དང་། སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་གྲུབ་རྗེས་སེ་ར་ཚོགས་ཆེན་དབུ་མཛད་དང་། བྱེས་སྨད་གྲྭ་ཚང་གཉིས་ཀྱི་དབུ་མཛད་བཅས་ནས་སྐུ་བཞེངས་ཐོག་ཤིས་བརྗོད་གསུངས་འཕྲལ། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཚོགས་ཆུང་ངོ་སྤྲོད་དང་། འདས་པའི་བཀའ་དྲིན་རྗེས་དྲན་གྱི་དུས་ཚོད་ནང་ས་གནས་གང་དུ་མཛད་རིམ་གང་དག་སྤེལ་ཡོད་མེད་སྐོར་དང་། གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་གི་གལ་གནད་དང་འབྲེལ་མདོ་སྔགས་བཤད་སྒྲུབ་གལ་ཆེའི་སྐོར་དང་། ལྷག་པར་དུ་རྗེ་རིན་པོ་ཆེའི་མཛད་རྣམ་ནང་ལྟ་བའི་སྐོར་ལ་སྐུ་ངལ་བསྐྱོན་ནས་ཡོངས་གྲགས་ལེགས་བཤད་ཆེན་པོ་ལྔ་མཛད་སྐོར་དང་། དེ་བཞིན་གསང་སྔགས་ཀྱི་སྐོར་ལ་ཡང་དེ་བཞིན་གནང་བར་མ་ཟད། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལ་ས་བཅད་དང་། འགྲེལ་བ་ལ་མཆན་འགྲེལ། མཐའ་དཔྱོད་སོགས་མཛད་པ་དང་། རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་སོགས་དཔལ་གསང་བ་འདུས་པའི་སྐོར་ལ་ཡིག་འཇོག་གཞན་དང་མི་འདྲ་བ་མཛད་དེ། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་རིམ་པ་མཛད་གནང་བ་དེ་ཚོའི་ཚིག་དོན་གཉིས་ཀར་བདག་པོ་བརྒྱག་རྒྱུ་དེ་གདན་ས་གསུམ་རྒྱུད་གྲྭ་སྟོད་སྨད་དང་བཅས་པར་འགན་དུ་མ་འཁྲི་ན་སུ་འཁྲི་དགོས་པ་ལྟ་བུའི་ཐོག་ནས་ད་རེས་ཆོས་ཐོག་འདི་དོན་དང་ལྡན་པ་ཞིག་ཡོང་ཐབས་གནང་དགོས་སྐོར་དང་། ཉི་མ་རེ་རེའི་མཛད་རིམ་ངོ་སྤྲོད་ཞུས།

Screen Shot 2016-04-10 at 10.04.27 pmཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་ནས། དཀོན་མཆོག་རྗེས་དྲན་དང་། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གང་ཡིན་ནའང་དེ་ཚོ་སོ་སོ་རང་ཉིད་ཀྱི་ཆེད་དུ་ཡིན་པ་ལས། རྗེས་དྲན་ཞུ་ཡུལ་དེའི་ཆེད་དུ་མིན་སྐོར་དང་། ད་རེས་དགེ་ལུགས་པའི་ངོས་ནས་༸རྒྱལ་བ་རིན་པོ་ཆེའི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་གཞི་གཞིར་བཞག་ལོ་གཅིག་འཁོར་མོར་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་གཟེངས་སུ་ཐོན་པ་སྤེལ་བ་ཁག་གཞི་རྒྱ་ཆེན་པོ་དང་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ། མཉམ་ཞུགས་གནང་མཁན་ཚོ་ཡིན་ནའང་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ། ཞེས་པ་ལྟར་དགོས་གལ་ཆེ་སྐོར་དང་། སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་ནས། གྲ་སྒྲིག་ཚོགས་ཆུང་ནས་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་མང་པོ་བསྒྲིགས་ཤིང་ལག་བསྟར་གནང་བ་དེ་ཚོ་ཧ་ལས་པའི་ཡག་པོ་བྱུང་བ་དང་། ཆོས་ཐོག་འདི་འདྲ་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དང་། གསང་འདུས་རྩ་རྒྱུད་ཁ་ཏོན་དུ་བྱས་པ་ཙམ་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ན། དོན་དག་ལ་བགྲོ་གླེང་བྱས་པ་དེ་དགོས་པ་དམིགས་ཡུལ་དང་དུས་ཚོད་གང་གི་ཆ་ནས་བསམ་བློ་བཏང་བ་ཡིན་ནའང་སྐལ་བ་བཟང་པོ་ཡིན་སྐོར་དང་། དགེ་བཤེས་རྣམ་པ་ཚོའི་ངོས་ནས་ལོ་ངོ་ཉི་ཤུ་སུམ་ཅུ་ལ་དཀའ་ལས་བརྒྱབ་པའི་ཡོན་ཏན་དེ་མི་ལ་བཀྲམ་དགོས་པ་དེ་གལ་ཆེན་ཡིན་སྐོར་དང་།

སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་ནས། ༸གོང་ས་མཆོག་གིས་དགུང་གྲངས་༡༦ ཙམ་ནས་སྐུ་ངལ་བསྐྱོན་ནས་དགུང་ལོ་བརྒྱད་ཅུ་བརྒལ་བའི་བར་དུ་བོད་བསྟན་སྲིད་ཆེད་སྤྱི་དང་། རི་བོ་དགེ་Screen Shot 2016-04-10 at 10.04.37 pmལུགས་པ་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། ཁོང་གི་བཀའ་དྲིན་རྗེས་སུ་དྲན་རྒྱུ་དེ་ཚང་མ་ལ་འགན་ཡོད་པ་དང་། ཉིན་གྲངས་བཅུ་ལྷག་ཙམ་ལ་རྩོད་པའི་ཆོས་ཐོག་གི་སྒྲིག་ཡག་པོ་ཁུར་དགོས་སྐོར་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་སྤྲུལ་སྐུ་བློ་བཟང་དམ་ཆོས་མཆོག་ནས། ད་ལྟའི་བར་དུ་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ངོས་ནས་བགྲོ་གླེང་དང་ཆོས་ཐོག་གཞི་རྒྱ་ཆེན་པོ་དང་། གྲུབ་འབྲས་མངོན་གསལ་ཆེན་པོ་མང་དག་ཅིག་སྤེལ་དང་སྤེལ་བཞིན་པར་ལེགས་གསོལ་བསྔགས་བརྗོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བསྐྱེད་སྨོན་ལམ་རླབས་པོ་ཆེའི་མཐུ་ལ་བརྟེན་ནས་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཆེད། སྦག་ས་ཆོས་སྒར་གསར་འཛུགས་བསྐྱངས་ཤིང་དེ་དུས་དགེ་བའི་བཤེས་གཉེན་མང་པོས་དཔེ་ཁྲིད་ཐད་སྐུ་ངལ་བསྐྱོན་སྐོར་དང་། ད་ལྟའི་ཆར་ཁོང་གི་བཀའ་དྲིན་ལས་རིས་སུ་མ་ཆད་པའི་བསྟན་པ་དེ་འཛིན་སྡེ་དང་བཅས་པ་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པ་དང་། སྔགས་ཀྱི་ཆོ་ག་ཕྱག་ལེན་ཡོད་སར་མཚན་ཉིད་གསར་འཛུགས་དང་། ཁོང་གི་རླབས་ཆེ་བའི་དགོངས་གཞི་དང་ལམ་སྟོན་ལས་རིང་མིན་དགེ་བཤེས་མ་ཐོན་ལ་ཉེ་བ་དང་། ངེས་པར་དུ་འགྱུར་བ་གཏོང་དགོས་ཁག་དུས་བསྟུན་ལེགས་བཅོས་དང་གསར་གཏོད་དགོས་པ་དང་། འདུལ་མཛོད་ལོ་ལྔ་དྲུག་རེར་སྦྱངས་དང་སྦྱོང་བཞིན་པའི་དུས་ཚོད་མང་དྲགས་ཡོད་མེད་བསྐྱར་ཞིབ་དགོས་མིན་བབ་གཟིགས་གནང་དགོས་པ་དང་། མངོན་རྟོགས་རྒྱན་ལ་གཟིགས་སྐབས་བྱམས་ཆོས་སྡེ་ལྔ་དང་། བཀའ་གདམས་གཞུང་དྲུག་སོགས་ལ་རྒྱུས་ཡོད་བཟོ་དགོས་པ་དང་། དྲང་ངེས་ལེགས་བཤད་སྙིང་པོར་ལྟ་སྐབས་དེ་འབྲེལ་ལྷག་མཐོང་ཆེན་མོ་དང་། དབུ་མར་ལྟ་སྐབས་རིགས་ཚོགས་དྲུག་དང་བཞི་བརྒྱ་པ། དབུ་མ་རྒྱན་སོགས་ལ་གཟིགས་དགོས་པ་དང་། གང་ཤེས་རྒྱུད་ཐོག་ལ་སྦྱོར་གལ་ཆེ་བ་དང་། ཚན་རིག་པ་དང་མཉམ་དུ་འགྲོ་དགོས་པ་དང་། ༸གོང་ས་མཆོག་ནས་དགུང་གྲངས་༨༠ བརྒལ་བའི་བར་དུ་གང་གནང་བ་དེ་མི་མང་ཚོས་བྱེད་དགོས་པ་དང་། བྱེད་ཐུབ་པ་ཉེ་ལམ་བཀའ་གནང་ཡོད་སྐོར་དང་། མ་འོངས་པར་ཕྱིའི་དངོས་ཁམས་ལས་ནང་སེམས་ཁམས་རིག་པར་དོ་སྣང་གསར་བ་ཡོང་གི་ཡོད་སྐོར་དང་། དེ་ལ་ནང་པའི་གཞུང་ལས་བྱུང་བའི་ལྟ་གྲུབ་དང་། ཚན་རིག ཉམས་ལེན་བཅས་སྐད་ཡིག་གཞན་གྱི་སྟེང་ནས་བཤད་ནུས་པའི་རིས་སུ་མ་མཆིས་པའི་མཁས་པ་བསྐྱེད་བསྲིངས་དགོས་སྐོར་སོགས་ཀྱི་ཆེད་རིང་མིན་ཕྱི་ཟླ་༦ པའི་ནང་ཚོགས་འདུ་རྒྱས་འཛོམས་ཤིག་ཚོགས་རྒྱུ་ཡིན་པ་དང་།

Screen Shot 2016-04-10 at 10.05.07 pmསྐབས་དེར་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱང་མཉམ་ཞུགས་ཀྱིས་གྲོས་གཞི་འདོན་འཆར་ཡིན་གནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བླང་དོར་བཀའ་སློབ་དང་། སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས། སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་དེ་དགེ་འདུན་གྱི་སྡེ་ལ་རག་ལས་པ་དང་། དེ་ཡང་དགེ་འདུན་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཆེ་སྐོར་དང་། དཔལ་ནཱ་ལེནྡྲའི་མདོ་སྔགས་ཀྱི་བསྟན་པ་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་མཚན་ཉིད་ཀྱི་བཤད་གྲྭ་ཁག་ལ་འགན་དུ་འཁྲི་སྐོར་དང་། དེ་ཡང་ཐོས་པ་ཐོས་རྐྱང་དུ་མ་སོང་བར་བཤད་སྒྲུབ་ཟུང་དུ་འབྲེལ་དགོས་པ་དང་། འཛམ་གླིང་ནང་ཞི་བདེ་ཡོང་དང་མ་ཡོང་དེ་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་ཞབས་པད་བརྟན་མིན་ལ་རག་ལས་སྐོར་ཁྲི་བྱང་རིན་པོ་ཆེས་བཀའ་གནང་མྱོང་སྐོར་དང་། མཇུག་ཏུ་བཀའ་དྲིན་རྗེས་དྲན་གྱི་ཚོགས་མི་དགེ་བཤེས་ཡེ་ཤེས་ཕུན་ཚོགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། སྐུ་པར་མཉམ་བསྒྲོན་དང་། གྲ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཏེ། དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་རེད། ཉིན་རྒྱབ་ནས་བཟུང་ཉིན་ལྟར་འཆར་ཅན་སྔ་དྲོ་ཆུ་ཚོད་༩ པ་ནས་བཅུ་གཅིག་བར་དུ་གྲྭ་ཚང་སོ་སོའི་མཁན་པོ་དང་མཁན་ཚབ་རེ་རེས་གཙོ་སྐྱོང་འོག་གྲྭ་ཚང་རེའི་དགེ་བཤེས་གསུམ་རེ་ནས་དཔལ་གསང་བ་འདུས་པའི་གཞུང་གི་བརྗོད་གཞི་མི་འདྲ་བ་གསུམ་གྱི་ཐོག་གསུང་བཤད་ཆུ་ཚོད་ཕྱེད་ཀ་ལྷག་དང་། དེ་ནས་ཚོགས་བཅར་བ་དགེ་བཤེས་རྣམ་པ་ཚོས་དྲི་བ་དྲིས་ལན་དང་། དགོངས་འཆར་གནང་བ་བཅས་ཆུ་ཚོད་གཉིས་དང་། ཉིན་རྒྱབ་གྲྭ་ཚང་ཁོངས་སོ་སོས་མཉམ་དུ་ལབ་ལབ་དང་།

དགོང་དྲོ་ཆུ་ཚོད་༦ པ་ནས་༧།༡༥ བར་གྲྭ་ཚང་སོ་སོས་དམ་བཅའ་དང་། དེ་ནས་རྩོད་ཟླ་ཆུ་ཚོད་ཕྱེད་ཀ་ལྷག་གནང་སྟེ་དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་། འགྲེལ་བ་བཞི་སྦྲགས། འབྲེལ་ཡོད་རྒྱ་བོད་ཀྱི་ཡིག་ཆ་ཁག་དང་། རྒྱུད་གྲྭ་སྟོད་སྨད་ཀྱི་ཌིཀ་གཉིས་སོགས་ཀྱི་ཐོག་ཐོས་བསམ་གནང་བཞིན་ཡོད་པ་འདི་ནི། ལོ་རྒྱུས་ཐོག་གདན་ས་གསུམ་གྱི་དགེ་བཤེས་མཉམ་འཛོམས་ཀྱིས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཐོག་བགྲོ་གླེང་དང་རྩོད་པ་ཟུང་འབྲེལ་གྱི་ཆོས་ཐོག་ཚུགས་པ་ཐེངས་དང་པོ་ཡིན་པ་རེད། རིང་མིན་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ངོས་ནས་སློབ་གྲྭ་ཁག་ཏུ་ནང་ཆོས་དང་། ནང་ཆོས་ཀྱི་མཚམས་ལས་འདས་པའི་ཡ་རབས་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་འཆར་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: རྗེས་དྲན་གང་དྲན་མ།
Next Post: ༧སྐྱབས་རྗེ་མཁན་ཆེན་དམ་པ་བྱ་བྲལ་ཆོས་དབྱིངས་ཁྱབ་གདལ་རིན་པོ་ཆེ་རྗེས་དྲན་ཆོས་ཀྱི་མེ་ལོང་།

Comments (26) on “གསང་འདུས་རྩ་རྒྱུད་ཀྱི་ཆོས་ཐོག་གསར་འཛུགས།”

  1. ཀརྡོ་གཉེར་ཕྱག་པ་་ says:
    2016-04-10 at 2:22 pm

    ་་་་་་་་་ མངོན་རྟོགས་རྒྱན་ལ་གཟིགས་སྐབས་བྱམས་ཆོས་སྡེ་ལྔ་དང་། བཀའ་གདམས་གཞུང་དྲུག་སོགས་ལ་རྒྱུས་ཡོད་བཟོ་དགོས་པ་དང་། དྲང་ངེས་ལེགས་བཤད་སྙིང་པོར་ལྟ་སྐབས་དེ་འབྲེལ་ལྷག་མཐོང་ཆེན་མོ་དང་། དབུ་མར་ལྟ་སྐབས་རིགས་ཚོགས་དྲུག་དང་བཞི་བརྒྱ་པ། དབུ་མ་རྒྱན་སོགས་ལ་གཟིགས་དགོས་པ་དང་། གང་ཤེས་རྒྱུད་ཐོག་ལ་སྦྱོར་གལ་ཆེ་བ་དང་། ཚན་རིག་པ་དང་མཉམ་དུ་འགྲོ་དགོས་པ་་་་་་་་

  2. ནུབ་ཕྱོགས་གངས་ཕྲུག says:
    2016-04-10 at 3:48 pm

    མངའ་རིས་པ་ཀ་རྡོ་ལགས་ཁ་བརྡའི་མཆན་བཀོད་མཁན་འབོག་མ་ལེན་ཡོད་ས་རེད། ཧ་ཧ་

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 2:31 am

    ལགས་རེད། །ང་ཆུང་དུས་ཕ་མས་གསོས། ༸རྒྱལ་རིན་པོ་ཆེ་བསྐྱབས། བོད་གཞུང་གིས་བསྐྱངས། ད་ངས་ཕན་ཐོགས་ས་ཅིག་ནི། དེའི་དྲི་ལན་དུ། ཁ་བརྡར་རང་གི་སེམས་ཀྱིས་མ་བཟོད་ནས། བོད་དང་བོད་མིར་ཕན་པའི་ཚིག་བཟང་ངན་ཅི་རིགས་ཀྱིས་མཆན་བུ་བཏབ་ནས། ཞབས་འདེགས་ཞུ་རྒྱུ་འདི་ལས་ལྷག་མི་འདུག་པས་་་་་ འབོག་མ་བླངས་འདུག་ལབ་ནའང་མི་འགྲིག་པ་མི་འདུག་གོ ནུབ་གངས་ལགས།། །།

  4. གནམ says:
    2016-04-11 at 3:52 am

    (༸རྒྱལ་རིན་པོ་ཆེ་བསྐྱབས།)
    ཀརྡོ་ཁྱོ་འདྲ་མོ། དམ་ཉམས་ཤོག་ཁག་གིས། ང་ཚོའི་བླ་མའི་ཐུགས་དཀྲུགས། བོད་ཀྱི་རེ་བ་ཆུར་བསྐུར་བས་མ་ཚད། ད་དུང་སྐྱག་ཁ་ཚོད་མེད་དེའི་ནང་ནས། (༸རྒྱལ་རིན་པོ་ཆེ་བསྐྱབས།) ག་འདྲ་བྱས་ནས་བསྐྱབས་ཡོད་དམ།

  5. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 4:12 am

    གནམ་ལགས།
    རྒྱལ་བ་རིན་པོ་ཆེ། ངའི་རྩ་བའི་བླ་མ་རེད། དེས་ན་ཁོང་ངའི་སྐྱབས་གནས་རེད། ང་ལ་ཁོང་གིས་ད་ལྟའི་བར་དུ་བསྐྱབས་སོང་། ད་དུང་ཡང་སྐྱེ་བ་རྗེས་མར་ཡང་སྐྱོབ་ངེས་རེད། གནམ་ཁྱོད་མིག་ཚ་བགྱིད་འདུག་གེ ལགས།

  6. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 4:16 am

    ༸གོང་ས་མཆོག་གིས།
    http://tibettimes.net/%E0%BD%84%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%96%E0%BD%A2%E0%BE%92%E0%BE%B1%E0%BD%91%E0%BC%8B%E0%BD%85%E0%BD%B4%E0%BC%8B%E0%BD%9F%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B/

  7. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 4:19 am

    ང་ཡང་ མ་ཤི་ ཚེ་རིང་ལ་ བོད་ལ་ ལན་ཅིག་ བསླེབས་ཐུབ་པ་ བྱེད་་བགྱིད་ ཡིན། ད་དུང་ ང་རང་ སྐྱེས་ས་ དེར་ ང་རང་གིས་ པར་ཞིག་ ངེས་པར་བརྒྱབ་ ཐུབ་པར་ བྱེད་བགྱིད་ ཡིན། ཀི་ཀི་ སྭོ་སྭོ་ ལྷའའའ་རྒྱལལལོ།།

  8. ཅང་ཤེས་རྟ་མཆོག says:
    2016-04-11 at 5:03 am

    ཀརྡོ་ཟེར་པའི་ཁམས་མིན་དབུས་མིན་གྱི་དམ་ཉམས་འདི་ཡང་འདིར་ཕེབས་འདུག ཁྱི་སྨྱོན་འདྲ་ཞིག་འདུག རྩ་བའི་བླ་མའི་ཐུགས་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལ་སྙོན་འཛུགས་ཤིག་མ་གཏོགས་ཁ་ནས་ཅང་ཐོན་མ་སོང་། ཧཧཧ

  9. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 5:16 am

    ཧ་ཧ། ཧོ་ཧོ། ལས་ངན་ཁྱེད་ཚོ།

  10. ཀརྡོ་གཉེར་ཕྱག་པ་་ says:
    2016-04-11 at 2:14 pm

    གནས་ཆུང་མཆེད་ལྔ་འཁོར་བཅས་ཀྱིས། །
    དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །

  11. བསྟན་འཛིན་གེ་སར་ says:
    2016-04-12 at 12:13 am

    ཀ་རྡོ་ལ་སོགས་པའི་མི་འབོར་ཤས་ཆེ་ཤོས་ཀྱིས་ལྷག་བསམ་རྣམ་དག་གི་ཐོག་ནས་བློ་སེང་ལ་རྒྱབ་སྐྱོར་བྱས་པ་རེད། དེ་མགོ་མ་ཚོས་པའི་དབང་གིས་རེད། མང་པོ་ཞིག་གིས་བློ་སེང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་མཁན་ཞིག་ཡིན་པར་ལྷག་བསམ་རྣམ་དག་གི་ཡིད་ཆེས་བྱེད་ཀྱི་འདུག བློ་སེང་གིས་རྒྱབ་མདུན་གྱི་སྐད་ཆ་བཤད་ནས་སྲིད་དོན་ཁྲབ་པ་ཧ་གོ་བགྱི་མིན་འདུག ཁོང་དང་ཁོང་འདྲ་བའི་མི་མང་དེ་ཚོའི་ནོར་འཁྲུལ་མ་རེད། ནོརའ་ཁྲུལ་དངོས་གནས་ནི་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་དང་མདུན་ལམ་ལ་བསམ་ཤེས་གཏན་ནས་མེད་པར། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་དེ། ་དངོས་དང་ལྐོག་ནས་བེད་སྤྱོད་བྱས་ཐོག ཆབ་སྲིད་སྒེར་གཅོད་གང་ཐུབ་བྱེད་མཁན་གྱི་འགོ་ཁྲིད་པའམ་སླུ་ཁྲིད་པ་དེ་ཚོར་ཐུག་ཡོད།

  12. ཀརྡོ་གཉེར་ཕྱག་པ་་ says:
    2016-04-12 at 12:35 am

    སྔར་གྱི་བཀའ་ཁྲི་དང་། བཀའ་བློན་དང་། བཀའ་ཟུར་ཚོས། ༸གོང་ས་མཆོག་ལ་རྒྱབ་གཏོད་ག་ཚོད་བྱས་བྱས་ཁྱེད་གཞོན་སྐྱེས་རྣམས་ཀྱིས་ཤེས་བགྱིད་མ་རེད། ང་དང་ངའི་ལོ་མཉམ་པས། ད་ལྟའང་གསལ་ཤོས་ཅིག་ནི། འཇུ་ཆེན་སོགས་ཀྱིས་ཞབས་འདྲེན་ཞུ་སྟངས་དེ་ཚོ་མ་བརྗེད་པར་གྱིས།
    བློ་སེང་འདི་ཆོས་སེམས་ཆེ་བ་ཞིག་མིན་ན་ཡང་། ཆོས་བག་གྱོན་ནས། བཤུ་ཤོག་གཏོང་མཁན་ཅིག་མ་རེད། སྔར་གྱིས་བཙན་བྱོལ་ལས་བྱེད་པས་བཤུ་ཤོག་བཏང་ཡོད་རེད། བློ་རྒྱུ་དངོས་ལ་རྔམ་མཁནཅིག་མ་རེད། སྔར་གྱི་ལས་བྱེད་ཚོས། རང་ཉིད་ལས་བྱེད་ཀྱི་ཕོགས་དང་གོ་ས་ཡོད་བཞིན་དུ། ད་གྲ་བོ་ཐེ་ཝན་གྱིག་ཕོགས་གཤན་ལྐོག་རུལ་མང་དག་བྱུང་རེད། དེ་ཚོ་བསྐྱར་ཞིབ་བྱས་ནས། དེ་ཚོའི་ཕྲུ་གུ་ཚོ་ཡང་སླར་ཡང་ལས་བྱེད་དུ་མི་འཁོད་པའི་མང་གཙོས་གནོན་ཤུགས་དགོས་རེད།
    ད་ལྟའི་སྲིད་སྐྱོང་དང་། ད་ལྟའི་ཚོགས་གཙོ་དུས་ད་ལྟ་ལས་དཔག་པའི་ཆེས་ཕུལ་དུ་ཕྱིན་པའི་བོད་རིགས་བཙན་བྱོལ་གཉིས་རེད། འདི་ངས་གཡས་གཡོན་དུ་བོད་མི་ཤེས་ཡོན་ཅན་ག་ཚོད་འདུག ཤེས་ཡོད་པས་ཅི་ལ་ཕན། ལྷག་བསམ་ཅན་ག་ཚོད་འདུག སེམས་ཤུགས་ཆགས་ཟིན་པ་ག་ཚོད་འདུག ངས་བརྟག་དཔྱད་ནན་པོ་བྱས་ནས། བློ་སེང་རྒྱབ་བྱས་པ་ཡིན། ཁོང་ཐོབ་དེ་ཡང་བོད་མི་རིགས་ཀྱི་བསོད་ནམས་རེད་གདའ།
    ཉིན་ཅིག་འདི་ལས་སྐྱོ་བ་བསླེབས་དུས་་་་་་་་་་

  13. ཀརྡོ་གཉེར་ཕྱག་པ་་ says:
    2016-04-12 at 12:39 am

    བློ་སེང་གིས་དྲང་པོ་མ་བྱས་ནའཐེར་འདོན་བྱེད་དགོས་རེད། བློ་སེང་གིས་ལྐོག་ས་རུལ་སུངས་བྱས་འཐེར་འདོན་བྱེད་དགོས་རེད། ཁོང་གིས་མ་བྱས་ན་ངོ་ཚ་འབེབས་དགོས་རེད། དེ་མིན། ཁོང་ཁམས་པ་ཡིན་པ་ཙམ་དང་། དགེ་ལུགས་པའམ་ཆོས་ལུགས་དེ་ཡིན་པ་ཙམ་དང་། བློ་སེང་གི་སྐྱོན་ནམ། རང་གི་སྣང་བ་མའགྲོ་བ་ཙམ་གྱིས། རང་གི་སྲིད་སྐྱོང་ལ་མཚན་དམོད་ཞུས་པ་ནི། བོད་མི་རིགས་ལ་ལ་རྒྱ་མེད་པའི། རྒྱ་ཁྱི་དང་གཅིག་པ་ཆགས་འགྲོ་བ་དེ་ཤེས་པར་གྱིས་ཤིག

  14. ཀརྡོ་གཉེར་ཕྱག་པ་་ says:
    2016-04-12 at 12:40 am

    ཁོང་གིས་མ་བྱས་ན་ངོ་ཚ་འབེབས་དགོས་རེད།
    འདི།
    ཁོང་གིས་མ་རབས་བྱས་ན་ངོ་ཚ་འབེབས་དགོས་རེད།
    ལ་བཅོས།

  15. བསྟན་འཛིན་གེ་སར་ says:
    2016-04-12 at 1:30 am

    ཀ་རྡོ་ཡི་ལྷག་བསམ་ཆེ་ལ། འོན་ཀྱང་ཁོང་གི་ཆབ་སྲིད་ཀྱི་མ་རིག་རྨོངས་པ་དེ་ལས་ཀྱང་ཆེ་བ་འདུག ད་བགྲོ་གླེང་བྱས་ན་ཁ་ན་རོགས་ཡིན་འགྲོ།

  16. ལུང་རྟོགས། says:
    2016-04-12 at 6:32 am

    ཀརྡོ་འདི་དེང་སང་སྐད་ཆ་བཤད་སྟངས་དང་བསམ་བློ་གཏོང་ཕྱོགས་སོགས་ནས་ཡར་རྒྱས་ཞེ་དྲག་ཕྱིན་འདུག

  17. སྤོབས་པ་མཐའ་ཡས། says:
    2016-04-12 at 9:16 pm

    ཀ་རྡོ་ལ་ཡིད་ཆེས་གཙང་མ་ཡོད།

  18. གནམ says:
    2016-04-12 at 10:15 pm

    དྲིན་ཆེན་བླ་མའི་ཐུགས་དགོངས་འཁྲུག་ན། ཁྱེད་ཚོར་དགོས་བ་དེ། ཤོག་ཞེན།
    ལྷ་ཆེན་སྲུང་མས་བཀའ་ཆད་འབབ་རུང་། ཁྱེད་ཚོ་ལ་དགོས་བ་དེ། ཆོལ་ཞེན།
    མི་ཆེན་རྒན་པས་སྡོད་འདུག་དེ་ཤོར་དུས། ཁྱེད་ཚོར་དགོས་བ་དེ། རང་ལྟ།
    བསྟན་པ་ཆབ་སྲིད་སྟོང་གཏམ་ལ་བསྒྱུར་དུས། ཁྱེད་ཚོར་དགོས་བ་དེ། ཧཝར་ཀྲིའི་ལག་འཁྱེར།

    དེང་གི་རྗེས་མི་ཟིན། གནའ་བོའི་ཤུལ་མི་ཟིན་པའི་མྱི་ངན་ཁྱེད་ཚོ་ཡིན་ན།

    རྒན་པ་རྣམས་ལས་གནས་ནས་ཕུད་ཐབས་དང་། ཕྱི་མ་ལ་འགྲོ་རེ་བཅིངས་ནས་བསྡད་བཞག་ན། ཆབ་སྲིད་ཤེས་མདོག་དང་། དུས་ལ་བབ་རབས་དང་། དམངས་གཙོ་ཡིན་རབས་སོགས། དགྱ་དམར་དགྲ་བོའི་ལྐོག་དོན་སྒྲུབ་ནས་སྡོད་ཤོག་ཨ། ཁྱི་མོའི་གཞུག་གི་ཁྱི་སྨྱོན་ཚོ། གཅིག་གི་རྗེས་ལ་གཉིས་འབ་མདོག། ཁྱེད་ཚོ་ལ་ནང་སྙིང་མེད།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-14 at 12:09 am

    ལོ་སྔོན་མར་ཨ་རི་རུ་༧་ས་སྐྱ་ཁྲི་འཛིན་གོང་མ་རིན་པོ་ཆེའི་སྐུ་མདུན་དུ་མཇལ་ནས་བོད་སྐད་དང་སྔར་གཞུང་དཔེ་ན་བྲིས་པའི་ཡི་གེ་དག་ཆ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་སྐྱབས་འཇུག་མཛོད་ཞུས།
    ལན་དུ་བཀའ་ཕེབས་པར་གཙོ་བོ་དགེ་ལུགས་པ་ལ་རག་ལས། གང་ལས་ཞེ་ན། བོད་ཀྱི་མི་འབོར་ཆེ་ཤོས་དགེ་ལུགས་པ་ཡིན་གསུངས།

    དགེ་འདུན་བློ་བཟང་ལེགས་ཀྱིས་གནས་ཚུལ་བྲིས་པ་བཀླགས་། ཡི་གེ་དག་ཆ་ལེགས། འོན་ཀྱང་བོད་ཀྱི་ཁ་རྒྱུན་དུ། མར་གྱི་ནང་ན་སྤུ། ཞེས་པ་བཞིན་བོད་ཀྱི་མིང་ཚིག་འགའ་ཞིག་ལ་རྩོད་པ་བགྲོ་གླེང་ནི།

    གྲ་སྒྲིག #6 ཀརྡོ་གཉེར་ཕྱག་པ་་ ་ལགས་ཀྱིས་སྤེལ་དོན།:
    April 13th, 2016 at 12:53 am
    གྲ་འགྲིག་དང་། གྲལ་འགྲིག་གཉིས་གོ་དོན་སོ་སོར་ཡོད་དགོས། གྲ་འགྲིག་ནི། སྔོན་འགྲོའི་ཆ་རྐྱེན་བསགས་ནས་དངོས་གཞིར་འཇུག་པ་གྲ་འགྲིག་བྱས་པ་དང་། གྲལ་འགྲིག་ནི། གྲལ་གྱི་རིམ་པ་གསུམ་དུ་འགྲིག་ན། གྲལ་དཀྱིལ་མ་དང་། གཡས་གྲལ་དང་གཡོན་གྲལ་དུ། གྲལ་འགྲིག་པ་ལ་གོ་དགོས་སོ་སྙམ་མོ།།
    ་
    གྲལ་ཞེས་པ་སྔོན་འགྲོའི་ཆ་རྐྱེན་དུ་ཡང་གོ་སྟེ། དཔེར་ན། བླ་མ་གདན་འདྲེན་ཞུ་བའི་གྲལ་ཡོད་ཅེས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་དུ། གྲལ་འགྲིག་པོ། ཞེས་པ་ཡང་སྒྲ་གདངས་ཉམས་པའི་གྲ་འགྲིག་པོ་དང་འདྲའོ།
    དེས་ན། སྐད་གདངས་ཉམས་པས་གྲལ་ཞེས་པ་གྲ་རུ་འགྱུར་བར་སེམས་སོ།
    ཡོང་ཞེས་པར་དཔེ་ཆ་དག་ན་ཡོད་པ་བཞིན་དུ་། འོང་། ཞེས་འབྲི་ན་བོད་ཡིག་་དག་ཆ་ལ་ཕན་ནོ།
    དིང་སང་གནང་། ཞེས་པས་སྔོན་གྱི་བོད་སྐད་ཀྱི་དོན་གཉིས་ལ་བཀོལ་ཏེ། མཛད་དང་སྩོལ་ལ་གནང་་ཞེས་སོ། ཉེ་ལམ་་དང་ད་ལམ་ཡང་ཉེ་ལན་ཏེ་ཉེ་དུས་དང་། ད་ལན་ཞེ་བོད་ལུང་པ་དབེན་པ་དག་ཏུ་གསལ་པོར་འདོན་ནོའོ།
    འགྲེལ་བ་ཞེས་པ་བྱ་ཚིག་དང་། མིང་ཚིག་རྒྱལ་བ་ཡབ་སྲས་གསུམ་གྱི་གསུམ་འབུམ་སོགས་ན། འགྲེལ་པ་ཞེས་མཆིས་སོ། དེ་བཞིན་དུ། འབྲེལ་བ་དང་། འབྲེལ་པ་ཡང་ཐུགས་ལ་མངའ་བར་ཞུའོ། ཡིག་ནོར་ཀུན་ཞུས་དག་མཛད་ན། ཚེ་རིང་ཞིང་ནད་མེད་པ་ལ་ཕན་ནོ།

  20. ཀརྡོ་གཉེར་ཕྱག་པ་་ says:
    2016-04-14 at 1:27 am

    རྒན་འཇམ་དཔལ་ལགས་ཀྱིས། གསུངས་པའི་བགྲོ་གླེང་འདི་དག བོད་རིགས་སྤྱི་སྐད་བསྐྲུན་པ་ལ། ཕན་ཐོགས་ཆེ་བས། གཞོན་སྐྱེས་རྣམས་ཀྱིས་དཔྱད་ནས། ལག་ལེན་དུ་འཁེལ་ཐབས་མཛོད་ཅིག་གུ

  21. ཀརྡོ་གཉེར་ཕྱག་པ་་ says:
    2016-04-14 at 1:28 am

    བོད་རིགས་སྤྱི་སྐད་ཅིག ཡིག་ཐོག་ཏུ་འགྲེམས་དགོས་འདུག འདིས་བོད་ཡིག་དང་། བོད་སྐད་མི་ཉམས་པར་ཕན་ཐོགས་ཆེའོ།།

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-04-14 at 3:49 am

    དགོང་དྲོ། ཞེས་པ་ཡང་ཁ་སྐད་དུ་ཡང་འཇུག་ས་འཐོན་དཀའ་བ་དང་། ཁ་སྐད་བཙན་པར་དགོང་དྲོ་ཞེས་བྲིས་ཤོར། གདན་ས་ཆེན་པོ་དག་ཏུ་བགྲོ་གླེང་མཛད་ཤུགས་ཆེ་བས། དགོངས་པ། ཞེས་པ་ཇི་ལྟར་བྱུང་བའི་ཚུལ་ལ་བགྲོ་གླེང་ཞིག་མཛད་ན། ཕན་རླབས་ཆེ།
    ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་ཡི་གེ་འབྲི་ན། དག་པར་འབྲི་དགོས། དེ་མིན་མ་འབྲི་ན་ལེགས་གསུངས་པ་སྐྱེས་བུ་ཚད་ལྡན་གྱི་ཞལ་ནས་ཐོས་སོ།

  23. བཟོད་པ། says:
    2016-04-14 at 11:17 am

    འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།
    ཀ་རྡོ་མཆན་མཁན་གྱི་ཡང་དེ་ལྟར་ཏེ།
    ང་ཚོས་བོད་ཡིག་ཇི་ལྟར་ཤེས་པ་དེ།
    ཚེ་ཐུང་འདི་ལ་བེད་སྤྱོད་རྒྱགས་ཚད་གྱིས།

    གྲོགས་པོ་ཚོ། སྐད་ཆ་དྲང་མོ་བཤད་ན། བོད་ཡིག་གི་ཚེ་ཚད་འདི་ལོ་༣༠ནས་ཕར་མཐོང་གི་མིན་འདུག དེང་སང་བོད་ཡིག་གིས་ལྟོ་གོས་མི་ཆོད་པས་སློབ་གྲྭར་མི་མང་པོ་དབྱིན་ཡིག་དང་རྒྱ་ཡིག་སྦྱོང་དགོས། བོད་ཕྱི་ནང་གཉིས་ལ་བོད་ཡིག་གི་སློབ་མ་ཇེ་ཉུང་ཇེ་ཉུང་།

    སྔར་བཞིན་བོད་པའི་གྲྭ་རྒྱུན་དེ་ཡང་མེད་པས། ལོ་༡༠ནང་བོད་པའི་གྲྭ་རྒྱུན་ཆད་རྒྱུ་གཏན་འཁེལ་བ་རེད་འདུག དེས་བོད་ཡིག་གི་ལས་ཀ་མཐའ་མ་འདིའི་མཇུག་རྫོགས་པར་བྱེད་པ་ལྟ་བུ་རེད།

    ད་བོད་ཡིག་གི་ནུས་པ་གདོན་ཡུལ་མེད་པ་ལྟ་བུར་གྱུར། དེ་བཞིན་སྐད་ཡིག་གཞན་པ་ཚོ་ཤེས་བདེ་བ། བཀོལ་བདེ་བ། ལྟོ་གོས་གཏམ་གསུམ་ལ་ཕན་པ་ཤིན་དུ་ཆེ་བ། དེང་གི་ཚན་རིག་ཡོ་ཆས་དང་མཐུན་པ། མིའི་བསམ་བློར་འཇུག་བདེ་པ། དེ་བཞིན་འཕྲོད་བསྟེན་དང་། ལས་ཀ། ཤེས་བྱའི་རྒྱུ་ཆ་ཕུན་སུམ་ཚོགས་པས། ཅིའི་ཕྱིར་བོད་ཡིག་སྦྱོང་དགོས་སམ་ཞེས་དྲིས་ན། ལན་གནད་ཏིག་པ་ཞིག་རྒྱག་རྒྱུ་མེད།

    ད་ཤོད་དང་།

  24. ཁྱུང་སེ། says:
    2016-04-15 at 1:23 am

    དགོང་དྲོ་དང་དགོངས་པ་གཉིས་ནི་ཡི་གེ་རྙིང་པ་དག་གི་ནང་དུ་ཡོད་འདུག་པས་རང་སོར་བཞག་ན་བདེ། དེ་ལ་རྩོད་པ་མེད་སར་རྩོད་པ་དགོས་ཀྱི་མི་འདུག དགོང་དྲོ་ལ་དགོངས་དྲོ་ཞེས་འབྲི་དགོས་པའི་རྒྱུ་མཚན་མེད་ལ་དགོང་དྲོ་ལ་དགོངས་དྲོ་ཞེས་བྲིས་ན་གོ་བ་ལེན་རྒྱུར་ཀྱང་དཀའ་བས་དོན་ལོག་གོ་བའི་ངེས་པ་མེདནཔས་རང་སོར་བཞག་རོགས། ཐམས་ཅད་བཀའ་དང་བཀའ་བསྟན་ལ་བསྟུན་དགོས་ཟེར་བ་ནི་བཀའ་དང་བཀའ་བསྟན་འབྲི་བ་པོ་སུ་ཡིན་མིན་ལོ་སྟོང་ཕྲག་གོང་ནས་འོང་བའི་ཡི་གེ་དེ་ཚོར་འགྱུར་བ་ག་ཚད་ཕྱིན་ཡོད་མེད་ཏུན་ཧོང་ཡིག་རྙིང་ལ་ལྟས་ན་ཤེས། ལྷག་པར་དུ་བཀའ་འགྱུར་བསྟན་འགྱུར་དེ་ཚོར་མཁས་པ་ང་ཡིན་ཟེར་མཁན་ལྟ་བ་མཆོག་འཛིན་དག་གིས་ཞུས་དག་ཡིན་ཁུལ་གྱིས་ན་ཚིག་དོན་གང་ཅིའི་ཐད་ལ་བསྒྱུར་བཅོས་རིམ་པ་མང་པོར་བྱས་ཡོད་པས་དེ་ཚོར་སུས་ཡིད་ཆེས།

  25. ཀརྡོ་གཉེར་ཕྱག་པ་་ says:
    2016-04-16 at 1:46 am

    བོད་ཡིག་གི་གལ་གནད།
    http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%A1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%82%E0%BD%A3%E0%BC%8B%E0%BD%82%E0%BD%93%E0%BD%91%E0%BC%8D/

  26. འཇམ་དབྱངས། says:
    2016-04-16 at 6:21 pm

    ༼ཉི་མ་སེར་པོ༽ རྒྱལ་ཀུན་ཡེ་ཤེས་བསྡུས་འགྲོ་བའི་མགོན།། མདོ་སྔགས་གཞུང་ལུགས་སྨྲ་བའི་བློ་སྤོབས་ཅན།། རིས་མེད་མཁས་རྒུའི་དབུས་ན་ཉི་ཟླ་ལྟར།། གསལ་བར་མཛད་པ་ཕྱག་ན་པད་མོར་འདུད།། འཛམ་གླིང་ཟླུམ་པོའི་འཇིག་རྟེན་དགེ་བའི་གཞི།། ཟླ་ཤེལ་གངས་རིའི་མུ་ཏིག་བརྒྱུས་པའི་ལྗོངས།། གནའ་དེང་ཤེས་བྱའི་འོད་སྣང་དཀར་པོའི་མདངས།། གསལ་བའི་ཕྱག་ན་པད་མོ་སྙིང་ནས་འདུད།། གང་གི་གསང་གསུམ་ཟག་མེད་ཡེ་ཤེས་སྐུ།། བྱིས་པའི་བློ་ཡུལ་འཇུག་པའི་གནས་མིན་ཡང་།། ཐུན་མིན་རང་རྣམ་གསུང་གི་གླེག་བམ་དག། ཡང་དང་བསྐྱར་དུ་མཇལ་བའི་བསྐལ་བ་ཐོབ།། ནང་དགོས་བསིལ་ལྡན་ལྗོངས་ཀྱི་སྐྱེ་འགྲོ་ཀུན།། མགོན་པོ་གང་གི་ཐུགས་ཀྱི་ཀློང་ཡངས་སུ།། ནམ་ཡང་འདོར་བ་མེད་པར་མཁྱེན་མཁྱེན་ཞེས།། གསོལ་བ་དང་བཅས་སྐུ་ཚེ་ཡུན་བརྟན་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme