Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རུམ་བཏེག་བཤད་གྲྭའི་ལོ་རྒྱུས།

Posted on 2016-04-082016-04-08 By ཁ་བརྡ 5 Comments on རུམ་བཏེག་བཤད་གྲྭའི་ལོ་རྒྱུས།

སྐྱོ་བྲག་དགའ་དབང་།
 
དཔལ་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེའི་ཕྲིན་ལས་ཀྱི་ཆ་ཤས། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་དབུས་འགྱུར་འཆང་། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་མཐོ་རིམ་བཤད་གྲྭ་ཆེན་མོ། ཀརྨ་ཤྲཱི་ནཱ་ལནྡཱ་དབུ་བརྙེས་ནས་ལོ་འཁོར་ཉེར་ལྔ་ཟིན་པའི་དུས་དྲན་དང་སྟབས་བསྟུན་ཏེ། གནའ་དིང་གི་ཤེས་བྱ་རིག་པའི་གནས་ཀུན་ལ་བློ་གྲོས་ཀྱི་འཇུག་པ་མྱུར་བས་གང་ལའང་མི་འཇིགས་པའི་སྤོབས་པ་ཐོབ་པའི་ན་གཞོན་རྩོམ་པ་པོ་རྩིས་ཆེ་ལེགས་མཐོང་གིས། ཀརྨ་ཤྲཱི་ནཱ་ལནྡཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་མཐའ་མའི་དགོངས་བཞེད། ཅེས་པ་ཞིག་གསར་རྩོམ་གནང་སྟེ་དབྱིན་ཡིག་ཏུའང་བསྒྱུར་གདའ།

unnamed-20ལོ་རྒྱུས་འདིའི་ཁྱད་ཆོས་སུ་མཐོང་སྟེ་ཁོ་བོས་ངོ་སྤྲོད་དུ་བྲིས་པ་ནི་འདི་དག་ཡིན།

༡ བརྗོད་བྱའི་ཆ་ནས། བོད་ཀྱི་དུས་འགྱུར་དང་། རྒྱལ་དབང་ཀརྨ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་མཛད་ཕྲིན་ཕལ་མོ་ཆེ་ལ་འབྲེལ་བ་གཏིང་ཟབ་ཡོད་པས་ཀུན་གྱི་ཤེས་བྱ་གལ་ཆེན་དང་།

༢ ཀུན་སློང་གི་ཆ་ནས། ལོ་རྒྱུས་རིག་པའི་བརྟགས་ཐབས་ཀྱིས། དངོས་ཀྱི་བྱུང་བ་གང་ཡིན་དྲང་བརྗོད་བྱས་པ་ལས། ཕྱོགས་ཞེན་གྱི་དབང་དུ་མ་སོང་བ།

༣ ཁུངས་ལུང་གི་ཆ་ནས། ལོ་རྒྱུས་དངོས་དང་འབྲེལ་བ་ཡོད་པའི་ཡིག་ཆ་དང་། གང་ཟག་དག་ལ་གཏུག་བཤེར་གྱིས་གཏན་ལ་ཕབ་པ་ལས། རང་གི་ཚོད་དཔག་ཙམ་དུ་མ་བཞག་པ།

༤ འབྲི་ཐབས་ཀྱི་ཆ་ནས། གནའ་དེང་ཟུང་འབྲེལ་དུ་བྱས་པས། དགོས་ངེས་འབུར་དུ་ཐོན་ཅིང་། སྤོམ་བཤད་དང་། ཉོག་བཤད་ཀྱི་སྐྱོན་གྱིས་མ་རེག་པ།

༥ དགོས་ཕན་གྱི་ཆ་ནས། བོད་ཀྱི་དུས་འགྱུར་དང་འབྲེལ་བའི་སྤྱི་སྒེར་གང་མང་ཞིག་གི་གནས་ཚུལ་གསལ་རྟོགས་ཡོང་བ་དང་། རྗེས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལའང་གནའ་དེང་ཟུང་འབྲེལ་གྱི་རིགས་པའི་བརྟགས་ཐབས་གསར་པ་ཞིག་གི་ལམ་སྟོན་ཐོབ་ངེས་སུ་འདུག་པས། བོད་ཀྱི་ལོ་རྒྱུས་རིག་པའི་འགྱུར་མཚམས་ཤིག་ཏུ་ངོས་འཛིན་བྱས་ནའང་ཆོག་གི་རེད།
དེ་ལྟར་ན། ལོ་རྒྱུས་འདི་ནི། ཤེས་རབ་ཀྱི་རྩལ་ལས་བྱུང་བའི་ལག་རྗེས་ཤིག་དང། འདས་སོང་གི་གནས་ཚུལ་མཐོང་བའི་རྒྱང་ཤེལ་ཞིག་དང། གཞན་ལ་རིགས་ལམ་གསར་པ་སྤྲོད་པའི་སློབ་དཔོན་ཞིག་ཏུ་མཐོང་བྱུང་བས་ན། ངོས་རང་ཧ་ཅང་གི་དགའ་བོ་བྱུང་།

ལོ་རྒྱུས་ཀྱི་ཡིག་ཆ་གསར་པ་འདིས་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་གསར་རྟོགས་ཡོང་བས་ན། མཐོང་རྒྱ་ཡངས་པའི་གང་ཟག་གཟུར་གནས་ཤིག་ཡིན་ནས་བཟུང་། སེམས་ལ་དགའ་བ་མི་སྐྱེད་པ་མི་སྲིད་པ་ལྟ་བུ་ཡིན་ནའང་། རང་ཉིད་མ་གཏོགས་གཞན་ཡོད་ན་མི་ཆོག་པ་དང་། རང་ཉིད་མ་གཏོགས་གཞན་གླེང་ན་མི་འགྲིག་པ་དང་། རང་ཉིད་གཅིག་པུ་ཀུན་གྱི་བླ་རུ་བཀྱགས་དགོས་པར་རློམ་པའི་རང་མཐོང་ཆེ་བ་འགའ་ཞིག་གི་གློ་བར་འཇེན་པ་དཀའ་མོད་དེ། དེ་ནི་རྩོམ་པ་པོའི་གཟུར་གནས་ཀྱི་བློ་གྲོས་ཉི་མ་རང་རློམ་འབྱུང་བྱའི་མིག་ལ་མ་འཕྲོད་པ་ཙམ་དུ་ཟད་དོ། །

ལོ་རྒྱུས།

Post navigation

Previous Post: སྲུང་མའི་བཀའ་ཆད་ལ་ཞེད་བའི་འབྲོང་ཆུང་དངོས་གྲུབ།
Next Post: མཐུན་སྒྲིལ་བྱོས་ཨེ། སྐྱག་རྫུན་འཁྲབ་རེས་བྱོས་ཟེར་བ་ཨེ་ཡིན།

Comments (5) on “རུམ་བཏེག་བཤད་གྲྭའི་ལོ་རྒྱུས།”

  1. ཀརྡོ་གཉེར་ཕྱག་པ་་ says:
    2016-04-09 at 9:52 am

    ང་ཚོའི་རྒྱ་ནག་ཕྱུག་ལོས་ལ་གཟིགས་དང་།
    https://www.facebook.com/100010588097082/videos/221822258180709/

  2. ནུབ་ཕྱོགས་གངས་ཕྲུག says:
    2016-04-09 at 12:10 pm

    བཙན་བྱོལ་ནང་གི་བཤད་གྲྭ སློབ་སྦྱོང་སྐྱོ་ཤོས་དེ་རུམ་བཏེག་བཤད་གྲྭ་ཡིན་ས་རེད། ལྷག་པར་དུ་༧ ཀརྨ་པའི་ཡང་སྲིད་ལ་རྙོག་གྲ་བྱུང་ནས་དེ་བས་སྡུག་ཏུ་ཕྱིན་འདུག སེམས་པ་སྐྱོ་བོ་རེད།

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-04-09 at 3:55 pm

    ག་རེ་ཡིན་ན་མིན་ན། བཤད་གྲྭའི་མཚན་ནི། ཤིནད་ཏུ་ལེགས་པ་ཅིག་བཏགས་གནང་འདུག དར་རྒྱས་ཤོག

  4. འབྲོང་བུ་སོག་ཚ། says:
    2016-04-10 at 10:47 am

    བདེན་པ་ཡིན་ན་བཀྲ་ཤིས་བདེ་ལེགས།

  5. ཀརྨ་སྐལ་བཟང་། says:
    2016-04-12 at 9:19 pm

    བཤད་གྲ་འདི་ནི་༡༠༨༠ལོ་སྐུ་གཟིགས་ཞྭ་དམར་དང་འཇམ་ཀོང་སྤྲུལ་ནས་བཞེས་པ་རེད་བདག་སྐྱོང་བྱེད་མཁན་ནི་སྐུ་གཟིགས་ཞྭ་དམར་པ་དང་ཀོང་སྤྲུལ་གཉིས་རེད་། ༡༩༩༣ལོ་བྱམས་མགོན་སི་ཏིས་རུམ་གཏེགས་གདན་ས་ལ་གྲ་དམག་དྲངས་ནས་བཤད་གྲུབ་གཉིས་ཀྱིས་མཁན་པོ་བླ་མ་གྲ་ཚང་ཉིས་བརྒྱ་ལྔ་བཅུ་ཙམ་ཕྱི་ཕུད་གཏང་ནས་ད་ད་ལྟ་བར་དུ་བཤད་གྲུབ་གཉིས་ཀྱིས་གྲ་བ་མཁན་པོ་རྡོ་རྗེ་སློབ་དཔོན་རྣམས་སྐུ་གཟིགས་ཞྭ་དམར་པའི་གཟིམས་ཆུང་ནང་ལ་གནས་ཚང་གཡར་ནས་མི་ལོ་ཉི་ཤུ་ལྷག་ཙམ་འགྲོ་ཚར་བ་རེད་། དེ་སང་དགོན་པ་འདི་ནང་ཀརྨ་བཀའ་བརྒྱུད་ལ་དད་པ་དམ་ཚིག་དང་བློ་དཀར་ཡོད་མཁན་ཞིག་ནི་ཉི་མོས་སྐར་མ་ལྟ་བུ་རེད་། སི་ཏི་དང་རྒྱལ་ཚབ་ཁོང་རྣམས་གཉིས་ནི་སྔོན་ཀརྨ་པ་ཞལ་བཞུགས་ཡོད་པའི་སྐབས་སུ་ནས་དགོན་པ་འདི་ནས་ཐོན་སོང་བ་རེད་ལ་ཀརྨ་པ་བཅུ་དྲུག་པ་ཞིང་ལ་་མ་ཕེབས་བར་དུ་དགོན་པ་ནང་ཚུར་ཕེབས་མ་ཉོང་པ་ཡོངས་གྲགས་རེད་། སྐུ་གཟིགས་ཞྭ་དམར་དང་འཇམ་མགོན་གཉིས་ཀྱིས་མི་ཚེ་གང་པོ་ཀརྨ་པའི་ཕྱག་རོགས་བྱེད་ནས་སྡོད་པ་རེད་ལ་རྡི་ལི་ཀརྨ་པའི་རྒྱལ་ཡོངས་ནང་པའི་གཙུག་ལག་སློབ་གྲ་གདན་ས་རུམ་གཉིས་ལ་འཛིན་སྤྱོང་བྱེད་ནས་མི་ཚེ་གང་པོ་རྩ་བའི་བླ་མའི་དམ་ཚིག་སྲུང་ནས་བཞུགས་པ་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme