Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱེ་དགུ་མདོའི་འདས་གྲོངས་ཕྱིན་པའི་སྤུན་ཟླ་ཚོར་མྱ་ངན་དང༌། གུས་འདུད་དོན་ཚན་དྲུག

Posted on 2010-04-21 By དགེ་རབ་ 1 Comment on སྐྱེ་དགུ་མདོའི་འདས་གྲོངས་ཕྱིན་པའི་སྤུན་ཟླ་ཚོར་མྱ་ངན་དང༌། གུས་འདུད་དོན་ཚན་དྲུག

བློ་བཟང་ཆོས་འབྱོར།
——————————-
དགེ་རྒན་ཆེན་མོ་ཀྲང་གིས་ཏ྄་ལའི་བླ་མ་ཐུགས་སྨོན་སྐྱབས་འཇུག་ཏུ་ཕེབས་ཐུབ་མིན་བོད་མི་ཚོར་རག་ལས་ཀྱི་མེད་འགྲོ་ཞེས་ང་ལ་མྱ་ངན་བྱེད་རོགས་བྱས་སོང༌། སྙིང་གི་ནུ་བོའི་ཞེ་དགུའི་མར་མེ་མ་གཟིམ་གོང༌། ཤ་གོག་བརྩེགས་མའི་བཤས་ར་འདྲ་བ་དེ་ནི་ངའི་སྤུན་ཟླ་ཚོའི་བེམ་པོ་རེད་ཟེར། དུ་བ་དམར་ནག་ལྷོག་ལྷོག་འཕྱུར་སྟངས་དེས་ཀྱང་ལྷ་སྲུང་གཞི་བདག་ནས་ཐད་ཀར་བརྒྱུད་པའི་འདུ་ཤེས་ཤིག་ལ་བསྐྱར་ཞིབ་བྱས་ན་འདོད་ཀྱང༌། དེ་རིང་སང་ཉིན་ང་ཚོ་དངོས་གནས་སྨོན་ལམ་རྒྱག་རྒྱུ་ལས་བྱ་ཐབས་ཅི་ཞིག་ཡོད་དམ། ས་སྒང་རིལ་རིལ་འདིའི་སྟེང་གི་གངས་ཅན་པ་ཚོས་རང་བྱུང་གོད་ཆགས་འདིར་གདུང་སེམས་ཆེན་པོས་གང་ཡོང་ཅི་ཡོང་བྱེད་བཞིན་འདུག་པས། འུ་ཐུག་ནས་བློ་བདེར་འབབ་ནུས་མོད། ས་འགུལ་འདི་བརྒྱུད་ནས་ང་ཚོས་ངེས་པར་ཏུ་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཁ་ཤས་འདུག
དང་པོ། ཁོ་བོའི་གོ་ཐོས་ལ། ད་རེས་འཐོར་བཤིག་ཏུ་གྱུར་བའི་སྡོད་ཁང་མང་ཆེ་བ། རྒྱུ་ཆ་བྱེ་མ་དང་ཨར་འདམ་བསྲེས་སྦྱོར་གྱི་སོ་ཕག་འདྲ་བ་གྲུ་བཞི་ཁོག་སྟོང་ཆེན་པོ་དེས་བརྩིགས་པ་རྐྱང་རྐྱང་རེད་ཟེར། དེ་ནི་འབྲོག་པ་རྣམས་རོང་ས་དང་གྲོང་ཁྱེར་དུ་གནས་སྤོས་ཀྱིས་རིན་གོང་བདེ་བའི་སོ་ཕག་གྲུ་བཞི་ཆེན་པོ་དེ་བེད་སྤྱོད་བཞིན་ཡོད་པ་རེད། ཡང་སྒོས་བོད་རིགས་རང་སྐྱོང་ས་ཁུལ་ཁག་ཏུ་སྡོད་ཁང་རྒྱག་པར་ཁྲིམས་མཐུན་གྱི་ཞིབ་འཇུག་དང༌། ཁང་པའི་སྤུས་ཚད་དང་བེད་སྤྱོད་གཏོང་བའི་ལོ་ཚད་བཅས་ལ་ཁེག་ཐེག་དང་འགན་སྲུང་གང་ཡང་བྱེད་ཀྱི་མེད་པས་བོད་ཐོག་འཛིན་པའི་རྣམ་འགྱུར་ལ་ད་ཐེངས་ལན་གསལ་ཐེབས་ཡོད་པ།
གཉིས་པ། སྤྱིར་བོད་ས་ཡོངས་སུ་འབྲོག་པའི་རྩ་ས་བཅད་བགོས་ཀྱིས་འཚོ་གནས་ཐུབ་ཐབས་བྲལ་ཏེ་གྲོང་ཁྱེར་ཀྱི་ཉེ་འདབས་སུ་འཕྲལ་སེལ་ལྟ་བུའི་སྡོད་ཁང་དུ་གནས་བཞིན་པའི་ནང༌། ད་ཐེངས་ཁུལ་དེར་རྐྱེན་འདས་སུ་ཕྱིན་པ་ག་ཚོད་ཡོད་མེད་རྒྱ་ནག་གཞུང་གིས་གསལ་ཁ་བྱེད་དགོས་ཤིང༌། རོགས་སྐྱོར་གྱི་སྲིད་ཇུས་འགྲོ་བཞིན་པའི་ཁང་པའི་སྤུས་ཚད་ལ་གཞིས་ལུས་བོད་མི་ཚོས་བསྐྱར་དུ་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེན་ཞིག་མིན་ནམ་སེམས། ལྷག་དོན་རྒྱ་ནག་གཞུང་གི་རྩ་ས་བཅད་བགོས་ཀྱི་སྲིད་ཇུས་དེས་དམིགས་ཡུལ་དོན་འཁྱོལ་ལྟ་བུར་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཐོབ་པ་རེད།
གསུམ་པ། ས་ཡོམ་མ་བརྒྱབས་པའི་སྔ་ནུབ་དེར་གསར་འགྱུར་བརྒྱུད་ལམ་ཞིག་ནས་ས་ཡོམ་གྱི་ཉེན་བརྡ་བཏང་ཚུལ་གྱི་སྐད་ཆ་ཞིག་ཁྱབ་བཞིན་པ་འདྲ། འོན་ཀྱང་ད་ལྟ་རྒྱ་ནག་ཞུང་གི་གཟབ་མནན་རང་བཞིན་ལས་གཅིག་བྱས་ན་འདིའི་ཐད་སྐད་ཆ་ཚིག་གཅིག་ཀྱང་ཡོང་མི་སྲིད་པ་རེད། གང་ལྟར་ཐའེ་ཝན་དང་ཉི་ཧོང་གིས་མཚོན་པའི་ས་ཡོམ་དང་མཚོ་རླུང་ཆེ་ས་མང་ཆེ་བས་རང་རང་གི་རྒྱལ་ཁབ་དང་སྤྱིར་ཨེ་ཤ་ཡའི་འབྱུང་ཁམས་ལ་ཞིབ་འཇུག་གིས་མི་མང་ལ་སྔོན་བརྡ་རྟག་ཏུ་གཏོང་བཞིན་པ་རེད། འོན་ཀྱང༌། རྒྱ་ནག་གཞུང་གིས་བོད་མི་ཚོ་མི་གྲལ་དུ་མ་བརྩིས་གོང་འདི་ལྟའི་འཚོ་གནས་ཀྱི་འགན་ཁུར་གནང་རྒྱུ་རུས་སྦལ་གྱི་སྤུ་ལྟར་ཡང༌། ཧུའུ་ཅིན་ཐོས་མིག་ཆུ་བཏང༌། གཞུང་ཚབ་ཁག་གི་དར་ཆ་ཡང་ཕྱེད་ཙམ་ཕབས་ནས་མྱ་ངན་བྱེད་སྟངས་སོགས་ལ་བོད་མི་ཚོས་གཟབ་གཟབ་བྱེད་དགོས་ཀྱི་འདུག།
བཞི་པ། གོ་ཐོས་ལྟར་ན། ས་ཡོམ་བརྒྱབས་རྗེས་མྱུར་སྐྱོབ་རུ་ཁག་ཆུ་ཚོད་བཤད་ཚུལ་མི་མཐུན ༢༤། ༡༨། ༡༦། སོགས་ཀྱི་རྗེས་སུ་ས་གནས་ས་ཐོག་ཏུ་འབྱོར་བ་རེད་ཟེར། དེའི་ཁར་མྱུར་སྐྱོབ་དམིགས་བསལ་གནམ་གྲུ་སོགས་མཐོང་རྒྱུ་མི་འདུག་ཟེར་བ་སོགས་ལ་ང་ཚོས་ངེས་པར་ཏུ་ཞིབ་འཇུག་གནང་དགོས་པར་འདོད་ལ། འདིའི་ཐད་རང་གཞུང་གིས་དྲི་བ་གཏོང་འཆར་ཡོད་པའི་ཡིད་ཆེས་ཡོད།
ལྔ་བ། བོད་རིགས་ས་ཁུལ་ཚང་མ་ནས་མྱ་ངན་གྱི་མཆོད་མེ་དང་ཞལ་འདེབས། ས་གནས་ས་ཐོག་ཏུ་གཞུང་སྒེར་དང་བླངས་ཅི་རིགས་ངོ་བསྐྱོད་ཀྱིས་གངས་ཅན་པའི་རྣམ་ཤེས་ཡུག་གཅིག་ཏུ་སྦྲེལ་འདུག་པས། ཧུའུ་ཅིན་ཐའོ་ཡང་ག་ལེར་ཕེབས་གནང་བ་རེད། འབྱུང་འགྱུར་འདིའི་ངོ་བོ་གང་དུ་འགྲོ་ཡང༌། བོད་རིགས་ཚང་མའི་སྐབས་དོན་ཞལ་འདེབས་ཀྱི་ལས་གཞི་འདིར་ཐུགས་སྣང་ཆེ་ཙམ་གནང་སྟེ་བྱུང་ན་རང་གཞུང་གི་འབོད་སྐུལ་ཞུས་དོན་བཞིན་ཡུལ་ཤུལ་ཚོགས་པ་དེར་གཅིག་པོར་གནང་ཐུབ་ན་སྨན་ཏུ་ཆེ་ཞིང༌། བོད་ནང་དུའང་ས་གནས་སོ་སོས་ཞལ་འདེབས་དོན་འཁྱོལ་ཡོང་མིན་ལ་སེམས་ཁྲལ་ཡོད་པ་ལྟར། ལྷག་པར་བཙན་བྱོལ་ནང་དུ་གོ་སྐབས་བརྒྱུད་ནས་ཞལ་འདེབས་ཆེ་ཙམ་ཆེ་ཙམ་སློང་བའི་ལམ་ལུགས་ཏེ་ད་རེས་ཡོངས་སུ་གཏན་འགོག་བྱེད་ཐུབ་ན་དགོངས་གཞི་གྲུབ་པ་རེད་འདོད། གང་ལྟར་དང་པོར་ཧུའུ་ཡིས་ནག་པང་དུ་བསྟར་བའི་ཕྱག་བྲིས་ལ་བོད་གཞུང་མང་གཉིས་ཀྱིས་ལྟ་གལ་ཆེ་བར་མངོན།
དྲུག་པ། རྐྱེན་ངན་འདི་འདྲིའི་སྐབསྋརྒྱལ་བ་ཐམས་ཅད་མཁྱེན་པ་ཆིབས་བསྒྱུར་གནང་རྒྱུ་ནི་བོད་ལ་དམིགས་བསལ་དུ་ཡོད་པའི་ཐོབ་ཐང་ཞིག་རེད་ལ། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་གསར་འགོད་པར་ལམ་འདེབས་མ་ཐུབ་པ་དེས་རྒྱ་ནག་གཞུང་ལ་བོད་རིགས་ཚོས་རྣམ་འགྱུར་ལ་ལྟོས་ཏེ་གྲ་སྒྲིག་ཨང་གསར་ཡོད་པ་གསལ་བོ་རེད་ལ། དེ་ཡང་ཤུལ་ལུས་ནང་མི་དང་དྭ་ཕྲུག་རྣམས་ཀྱི་དེ་རིང་སང་ཉིན་གོང་རིམ་ལ་ཞུ་དགོས་པའི་གནད་དོན་ཞིག་ཀྱང་རེད།
མཐའ་དོན། འདས་གྲོངས་ཕྱིན་པ་རྣམས་ལ་མིག་ཆུ་ཤམ་ཤམ་གྱི་མ་ཎི་འདོན་བཞིན་ཤུལ་ལུས་ནང་མི་རྣམས་ལ་སེམས་པ་བརླན་ཏེ་སེམས་ངལ་ཅུང་ཙམ་སངས་བའི་སྨོན་ལམ་འདེབས་བཞིན་བཅས།
༢༠༡༠། ༤། ༢༠། ཉིན།

རྩོམ་རིག

Post navigation

Previous Post: དག་ཞིང་གི་འོད་ཟེར་ལ་རེ་བའི་གླུ།
Next Post: བླ་མ་རྒྱང་འབོད།

Comment (1) on “སྐྱེ་དགུ་མདོའི་འདས་གྲོངས་ཕྱིན་པའི་སྤུན་ཟླ་ཚོར་མྱ་ངན་དང༌། གུས་འདུད་དོན་ཚན་དྲུག”

  1. ར་མགོ་ says:
    2010-04-22 at 12:50 am

    ༄༅།། ཉེ་ཆར་བློ་ཕམ་བྱུང་བ་ཞིག་ལ་ཁམས་སྐྱེ་རྒུ་མདོ་ས་ཡོམ་གོ་ཆག་ཚབས་ཆེན་བྱུང་བའི་ཐོག་ལ་ཞལ་འདེབས་ཕུལ་མཁན་རྣམས་ལ་ཐུག་རྗེ་ཆེ་ཞུ་བ་དང་།ས་ཕྱོགས་གང་སར་ཤ་ཕྲགས་གཅིག་པའི་སྤུན་
    ཟླ་རྣམས་འབོད་སྐུར་དང་།ཞལ་འདེབས་དེ་རིགས་རྒྱ་གར་བཞུགས་པའི་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་རྒྱུད་དང་།ངེས་པར་དུ་གདན་འདྲེན་ཞུ་བའི་ཐོག་ཕེབས་དགོས་པའི་ཐུགས་འགན་གལ་ཆེན་རེད་།གང་ཡིན་ཟེར་ན་ཁོང་ནི་རྒ་སྐྱེ་རྒུ་མདོ་གཙོ་འཛིན་ཡིན་པ་དང་མི་མང་འབྲེལ་བ་དང་གནས་སྟང་མཁྱེན་པ་འོས་བབ་འདུག་པའི་ཕ་ཡུལ་ལ་ཕེབས་ཐུབ་རེ་བ་བྱེད་གི་ཡོད་ཐུགས་རྗེ་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme