Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འདེམས་པ།

Posted on 2016-03-17 By ཁ་བརྡ 3 Comments on སྲིད་སྐྱོང་འདེམས་པ།

གཡུ་སྒང་གངས་དཀར་རྒྱལ་སྲས།

 

སྲིད་སྐྱོང་མི་མང་ནས་འདེམས་པ་ནི་སྤྱི་ཚོགས་ཡར་རྒྱས་དང་དམངས་གཙོའི་གལ་ཆེན་རང་བཞིན་གྱི་ངོ་བོ་ཞིག་ཡིན། དེ་བཞིན་སྲིད་སྐྱོང་འགྲན་རྩོད་འདིའང་རང་དབང་མཚོན་བྱེད་དང་དམངས་གཙོ་མཚོན་བྱེད་ཅིག་ཡིན། ང་ཚོ་ལ་རང་དབང་གི་སྲིད་སྐྱོང་འོས་འདེམས་ཀྱི་ཐོབ་ཐང་ཡོད་ལ་ཁོ་བོ་དག་ལ་སྲིད་སྐྱོང་འགྲན་རྩོད་ཀྱི་ཐོབ་ཐང་ཡོད་པ་སོགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་ལ། ང་ཚོའི་དམངས་གཙོ་རང་དབང་གི་ཆེས་མཐོའི་ཁེ་དབང་ཉག་གཅིག་ཀྱང་ཡིན།

ཡིན་ནའང་སྲིད་སྐྱོང་གི་འོས་མི་གཉིས་ཡོད་པ་དང་དེ་བཞིན་དེ་གཉིས་ལ་ཕྱོགས་གཏོགས་ཀྱང་གཉིས་ཡོད་པ་ནི་མངོན་སུམ་མཐོང་ཆོས་སུ་གྲུབ་ཡོད། འདི་ནི་དོན་དག་ངན་པ་ཞིག་རྩ་བ་ནས་མིན། སྤྱིའི་ཆ་ནས་བཤད་ན་སྤྱི་ཚོགས་འདི་ཕྱོགས་ཞེན་གྱི་དབང་ལ་དེ་ཙམ་འགྲོ་གི་མེད་པའི་ཟོལ་ཞིག་ཀྱང་འདུག རྒྱུ་མཚན་ནི་དབུས་གཙང་གི་སྲིད་སྐྱོང་འོས་མི་དེ་མཐའ་མའི་སྲིད་སྐྱོང་འགྲན་རྩོད་དུ་མ་སླེབས་པ་ནི་ཕྱོགས་རིས་ཀྱི་དབང་ལ་ཤུགས་ཆེར་འགྲོ་གི་མེད་པའི་རྟགས་རེད་མ་གཏོགས། བོད་ལ་ཆོལ་ཁ་གསུམ་ཡོད་པའི་ནང་ནས་སྤྱི་ཚོགས་འདིར་དབུས་གཙང་གི་མི་མང་ཤོས་ཡིན་པས་གལ་ཏེ་ཕྱོགས་ཞེན་གྱི་དབང་ལ་འགྲོ་ན་སྲིད་སྐྱོང་ལ་བཞེངས་མཁན་དེར་ཤེས་འཇོན་གང་ཡོད་ལ་མ་བལྟས་པར་འོས་འཕེན་སྲིད་མོད་ཁོ་ནི་མཐའ་མའི་འགྲན་རྩོད་ལ་སླེབས་ཐུབ་མེད་པ་རེད།

ཡང་གཅིག་བཤད་ན་ཕྱོགས་རིས་ཀྱི་དབང་ལ་འགྲོ་གི་མེད་ཟེར་ནའང་ཧ་ཅང་ཁག་ཏེ་ད་ལྟའི་སྲིད་སྐྱོང་འོས་མི་གཉིས་ཀྱི་རང་རང་གི་ཕྱོགས་གཏོགས་དག་གི་བྱ་བྱེད་སྣ་ཚོགས་ལས་ཤེས་འོང་བ་དེ་རེད། ཚད་ལྡན་ལུགས་མཐུན་གྱི་བྱ་སྤྱོད་སྤེལ་སྟངས་ཧ་ཅང་ཉུང་ལ་གཞི་མེད་སྐྱོན་འཛུགས་ཀྱི་པར་དང་བརྙན་ཡིག་འཁྱམས་སོགས་ཧ་ཅང་མང་བ་ནི་ཕྱོགས་རིས་ཀྱི་དབང་ལ་འགྲོ་གི་ཡོད་པའི་རྟགས་ཤིག་ཀྱང་རེད། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་བརྙན་རིས་སྦྲགས་མ་དག་བེད་སྤྱོད་ལོག་པར་བཏང་ནས་རང་རང་གི་ཞེ་འདོད་ལག་བསྟར་བྱེད་པ་དག་ནི་དོན་ངོ་མས་ཞེན་ཁོག་གི་དབང་ལ་འགྲོ་བ་ཙམ་ལས་བོད་སྤྱི་བའི་ལས་དོན་ལ་འདང་རྒྱག་གི་མེད་པའི་རྟགས་རེད། དེ་དག་ནི་དགོས་མེད་ངོ་མ་དེ་ཡིན། ངས་རྒྱུ་མཚན་ངོ་མ་ཞིག་བཤད། གལ་ཏེ་ཁྱོད་ཀྱིས་སྲིད་སྐྱོང་གང་ཞིག་ལ་འོས་ཐོབ་པའི་ཆེད་དུ་དངོས་ཡོད་གནས་ཚུལ་ལ་མི་བལྟ་བར། འདས་སོང་གི་ལོ་རྒྱུས་ལ་མི་བལྟ་བར། ཆོལ་ཁ་དང་ཆོས་ལུགས་དང་བཟང་ས་དང་ངོ་ཤེས་ཀྱི་དབང་ལ་སོང་བ་ཡིན་ན་ཁྱོད་རང་བསམ་བློར་ཁོ་ལག་མ་རྒྱས་པའི་སྐྱོན་ཁོ་ན་ཡིན།

གལ་ཏེ་ཁྱོད་ཀྱིས་མངོན་ལྐོག་གཉིས་ནས་སྲིད་སྐྱོང་གང་ཞིག་ལ་ངན་བཤད་དང་གང་ཞིག་གི་བཟང་ཕྱོགས་བཤད་ནས་རང་ཉིད་དགའ་བའི་སྲིད་སྐྱོང་དེར་འོས་ཐོབ་པ་ཡིན་ནའང་དེས་ཁྱོད་ལ་ཕན་ཅུང་ཙམ་མི་ཐོག་པ་མ་ཟད་ཁྱོད་ཀྱི་ཆོལ་ཁ་དེལའང་ཕན་དམིགས་བསལ་བ་གང་ཡང་ཐོག་གི་མ་རེད། དེ་ནི་དངོས་ཡོད་གནས་ཚུལ་ལས་གསལ་འོང་ཏེ། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་ཨ་མདོའི་ཡིན་མོད་ཨ་མདོ་ལ་དམིགས་བསལ་གྱིས་ཕན་གང་ཡང་ཐོག་མེད་པ་རེད་ལ། གལ་ཏེ་ཨ་མདོ་ལ་དམིགས་བསལ་གྱིས་ཕན་ཞིག་བཏགས་ཡོད་ན་དེ་ནི་ནོར་འཁྲུལ་ཡིན་པ་ལས་མཛད་རྗེས་ཤིག་ཏུ་བགྲངས་ཐབས་མེད། དེ་བཞིན་ད་ལྟའི་སྲིད་སྐྱོང་གཉིས་ལ་རང་རང་གི་ཕྱོགས་གཏོགས་དག་གིས་ད་ལྟའི་དངོས་ཡོད་གནས་ཚུལ་དང་འདས་སོང་གི་མཛད་རྗེས་ལ་དཔག་ནས་སྤྱི་དོན་ལ་བསམ་ནས་འོས་འཕེན་རོགས་ཞུ་གི་ཡོད།

འོས་ཤོག་འདི་ནི་བོད་མིའི་བདེ་སྡུག་ལ་ཐུག་པའི་འོས་ཤོག་ཅིག་ཡིན། འོས་ཤོག་འདི་ནི་ལྷག་པར་དུ་བྱེས་འབྱོར་སྤྱི་ཚོགས་འདིའི་དཀའ་ངལ་སྣ་ཚོགས་ལ་ཐུག་པའི་འོས་ཤོག་ཅིག་ཡིན་པ་ལས། རང་རང་གི་ཁེ་ཕན་འགྲུབ་བྱེད་ཅིག་མིན་པ་ནི་སྔ་ས་ནས་ཤེས་ན་ཡག སྲིད་སྐྱོང་གང་ཞིག་ལ་འོས་ཐོབ་པའི་ཆེད་དུ་སུ་ཞིག་ལ་འཇིགས་སྐུལ་བྱེད་དགོས་དོན་མེད། སུ་ཞིག་གསོད་གི་ཡིན་དང་སུ་ཞིག་གཏུབ་གི་ཡིན་ཞེས་བ་སོགས་ལ་ཁེ་ཕན་གང་ཡང་མེད། གལ་ཏེ་ཁྱོད་ཀྱིས་སུ་ཞིག་བསད་ཀྱང་གཏུབ་ཀྱང་ཁྱོད་ལ་མི་ཕན་ལ་ཁྱོད་ཀྱི་སྲིད་སྐྱོང་ལའང་མི་ཕན་པས་བྱ་སྤྱོད་འདི་དག་ནི་བོད་མིའི་སྤྱི་ཚོགས་ནང་ལ་གཏན་ནས་མི་འཚམ། ཁྱོད་ལ་མཁྲིས་ནད་ཡོད་ན་མི་གང་མང་གིས་དུང་གི་ཁ་དོག་དཀར་བོ་ཡིན་པར་བརྗོད་ཀྱང་ཁྱོད་ཀྱིས་གཏན་ནས་ཁས་མ་ལེན་ལ་ཡིད་ཀྱང་མི་ཆེས་མོད། དོན་ངོ་མ་ཁྱོད་རང་ནོར་ཡོད་པ་ལྟ་བུ་རེད། དེའི་རྐྱེན་གྱིས་འོས་འཕེན་མཁན་དག་ལ་ལོག་ཤེས་དང་ཕྱོགས་རིས། རྨོངས་བློའི་མཁྲིས་ནད་མེད་པའི་སྒོ་ནས་འོས་འཕེན་རོགས་ཞུ་གི་ཡོད། དེ་ལྟར་བྱས་ན་རང་གཞན་ཀུན་ལ་བཟང་བས་གཟབ་པར་འཚལ།

བསམ་ཚུལ།

Post navigation

Previous Post: གཟུར་བོར་གནས་པའི་བློས་བལྟས་ན་འདི་འདྲ་རེད།
Next Post: གཏམ་འཆར་ལ་གཏམ་ལན།

Comments (3) on “སྲིད་སྐྱོང་འདེམས་པ།”

  1. བླ་མ། says:
    2016-03-17 at 5:52 am

    བརྩོམ་ཡིག་དཔེ་མི་སྲིད་པའི་ཡག་པོ་སྤེལ་འདུག་རྗེས་སུ་ཡིད་རངས་ཞུ། ཐུགས་རྗེ་ཆེ། བཀའ་དྲིན་ཆེ།

  2. ཨ་ཁུ་འབྲོག་པ། says:
    2016-03-17 at 12:49 pm

    བསོད་གཏུབ་ཀྱི་ལས་འགུལ་ཨོ་རི་ནས་ཕ་བཟང་གི་བུ་ལི་ཐང་པས་འགོ་བཙུགས་ཟིན་ཡོད་ས་གི། སེང་གེའི་བཀའ་ཤག་ནས་ག་རེ་གནང་རྩིས་ཡོད་དམ་ཞེས་ཅིག་འདྲི་དགོས་ས་རེད།

  3. ཤམ་བྷ་ལ says:
    2016-03-18 at 3:36 am

    ང་ཚོ་ལ་རང་དབང་གི་སྲིད་སྐྱོང་འོས་འདེམས་ཀྱི་ཐོབ་ཐང་ཡོད་ལ་ཁོ་བོ་དག་ལ་སྲིད་སྐྱོང་འགྲན་རྩོད་ཀྱི་ཐོབ་ཐང་ཡོད་པ་སོགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་ལ། ང་ཚོའི་དམངས་གཙོ་རང་དབང་གི་ཆེས་མཐོའི་ཁེ་དབང་ཉག་གཅིག་ཀྱང་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme