Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བའི་འོས་བསྡུ།

Posted on 2016-03-142016-03-14 By ཁ་བརྡ 6 Comments on བཙན་བྱོལ་བའི་འོས་བསྡུ།

3f380559-3f84-4d4f-b006-dfface1422f5རྩོམ་པ་པོ། ཁ་ལཱའོ་དྲི ཨར་པི། (Claude Arpi)

ཡིག་བསྒྱུར་བ། དྭགས་པོ་བ་ཆོས་སྒྲོན།

 

(རྩོམ་པ་པོ་ཁ་ལཱའོ་ཊི་ ཨར་པི་མཆོག་ནི་སྤྱི་ལོ་ ༡༩༤༩ ལོར་ཧྥ་རིན་སིར་སྐྱེས་པ་ཞིག་ཡིན་ལ། ཁོང་གསར་འགོད་པ་དང་། ལོ་རྒྱུས་མཁས་པ། བོད་རིགས་པ་མཁས་དབང་བཅས་རེད། ཁོང་གིས་ལོ་ངོ་བཞི་བཅུ་ལྷག་ཅིག་གི་རིང་རྒྱ་གར་དང་རྒྱ་ནག བོད་སོགས་དབར་གྱི་འབྲེལ་བའི་སྐོར་ལ་རྩོམ་ཡིག་གང་མང་སྤེལ་ཡོད་ལ། ནམ་རྒྱུན་བོད་དོན་དང་འབྲེལ་བའི་སྐོར་ལ་དོ་སྣང་དང་དཔྱད་བརྗོད་གནང་མཁན་ཅིག་རེད། ཡིག་བསྒྱུར་བའི་མཆན།)

 “ད་ལྟའི་རྒྱ་གར་གཞུང་དང་མ་འོངས་ཡོང་བཞིན་པའི་བོད་མིའི་སྲིད་སྐྱོང་གཉིས་བར་གྱི་འབྲེལ་བ་དམ་ཟབ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། ད་ལྟའི་བཀའ་ཤག་གིས་དེའི་ཐད་ལ་འཐུས་ཤོར་ཕྱིན་ཡོད་སྙམ།”

སྤྱི་ཟླ་གསུམ་པའི་ཚེས་ ༢༠ ཉིན་བཙན་བྱོལ་བོད་མི་ཚོས་རང་གི་དབུ་ཁྲིད་གསར་པ་ལ་འོས་འཕེན་རྒྱུ་རེད། མི་མང་གིས་འདེམས་ཐོན་བྱུང་བའི་དབུ་ཁྲིད་དེར་བོད་མི་ཚོས་ ‘སྲིད་སྐྱོང’ ཞེས་བརྗོད་ལ། དེ་ནི་བཙན་བྱོལ་བོད་མའི་དབུ་ཁྲིད་མཐོ་ཤོས་དེ་རེད། བཙན་བྱོལ་བོད་གཞུང་མང་གཙོ་ཡང་དག་ཞིག་ཏུ་འགྱུར་ཆེད་སྤྱི་ལོ་ ༢༠༡༡ ལོའི་སྤྱི་ཟླ་གསུམ་པའི་ནང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཡང་སྲིད་དུ་འདོད་པའི་ཏཱ་ལའི་བླ་མས་རང་ཉིད་ཀྱི་དབང་ཚད་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱུང་བའི་དབུ་ཁྲིེད་ལ་གནང་ནས་བླ་རྒྱུད་ཀྱི་འཛིན་པའི་དབང་ཚད་མཇུག་སྒྲིལ་གནང་ཡོད། དེ་ནི་ཏཱ་ལའི་བླ་མའི་བྱས་རྗེས་ཆེན་པོ་ཞིག་ཡིན་ལ། དེས་རྒྱ་ནག་ལ་སེམས་ཚབ་སྐྱེ་རུ་བཅུག་ཡོད། ད་ལྟའི་རྒྱ་ནག་གཞུང་གིས་མི་མང་མི་ཚབ་མཚོན་པའི་སྲིད་གཞུང་ཞིག་ཡིན་པར་སྙད་ཀྱིན་ཡོད་མོད། འོན་ཀྱང་རྒྱ་གཞུང་གི་མགོ་ཁྲིད་ཚོས་འོས་འདེམས་དང་མང་གཙོ་ཞེས་པ་དེར་ངོས་ལེན་མེད་པས། མང་ཚོགས་ལ་འདི་ལྟའི་འོས་འདེམས་ཀྱི་གོ་སྐབས་མེད།

 

སྤྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༡༢ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་སྡུ་ལས་ཁུངས་ནས་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་ལས། འོས་གྲངས་མང་ཤོས་སོན་པའི་འོས་མི་གཉིས་བྱུང་བ་ནི་ཧ་ཝ་ཊི་གཙུག་ལག་མཐོ་སློབ་ནས་སློབ་ཐོན་བྱུང་བའི་ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེར་འོས་གྲངས་ ༣༠༥༠༨ དང་། དབུས་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་གྲངས་ ༡༠༧༣༢ ཐོབ་ཡོད་པ་གཉིས་ཡིན།

 

སྤྱི་ཟླ་ ༣ ཚེས་ ༢༠ ལ་འོས་འཕེན་རྒྱུའི་དངོས་གཞིའི་འོས་འདེམས་ཀྱི་ཁྲབ་སྟོན་ནི་ད་ལྟ་ནས་ཁྲབ་བཞིན་ཡོད། བོད་མིའི་སྤྱི་ཚོགས་གང་སར་ད་ལྟའི་ལས་ཐོག་སྲིད་སྐྱོང་གིས་ཚད་ལས་རྒལ་བའི་ཁས་ལེན་དམ་བཅའ་བཞག་པ་དག་སྒྲུབ་མ་ཐུབ་པ་དེར་སྐྱོན་བརྗོད་གང་མང་ཐོན་བཞིན་ཡོད། བོད་མི་དག་གིས་སྲིད་སྐྱོང་ལས་ཐོག་དེ་མི་མང་དཀྱུས་མ་ཞིག་གི་ཚད་ལ་བཞག་ནས་མི་འདོད་པའི་རྣམ་གྱུར་འཛིན་འཛིན་ཕོད་པ་འདི་ནི་མང་གཙོའི་མཛེས་པ་མངོན་ཐུབ་པ་རེད། བོད་མིའི་སྤྱི་ཚོགས་ནི་བླ་རྒྱུད་ཀྱིས་འཛིན་པའི་གཞུང་ལ་དད་མོས་ཆེ་བ་ཞིག་ཡིན་པས་གནས་སྟངས་དུ་མ་ཞིག་སྤྱི་ཚོགས་གཞན་དང་གཏན་ནས་མི་འདྲ་བ་ཡིན། བོད་མི་མང་པོ་ཞིག་གིས་བསམ་བློར་བོད་མི་ཚོས་འདོད་བློ་མེད་བཞིན་དུ་ཏཱ་ལའི་བླ་མས་མང་གཙོ་བཙན་གྱིས་གནང་བ་ལྟ་བུར་འདོད་མཁན་ཡོད། ཁོང་ཚོ་ནི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མར་སྐྱབས་བརྟེན་ཞིང་ཁོང་གིས་བོད་མིའི་འདུན་ལམ་ལ་ལམ་སྟོན་བཀའ་སློབ་ཀྱིས་སྣེ་འཁྲིད་མཛད་པ་དེར་ཡིད་བློ་ཡོངས་སུ་ཚིམས་ཡོད། འོན་ཀྱང་ཏཱ་ལའི་བླ་མས་ཕུགས་རྒྱང་རིང་པོར་དགོངས་བཞེད་དང་དམིགས་ཡུལ་འཛིན་བཞིན་ཡོད་པ་རེད།

 

ལོ་ཤས་སྔོན་དུ་ངས་རྒྱ་གར་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་རྒན་པ་ཅིག་ལ་བཅར་དྲི་བྱ་རྒྱུ་བྱུང་། ཁོང་ནི་སྤྱི་ལོ་ ༡༩༤༩ ལོར་བོད་ནང་རྒྱ་མིས་འཇིགས་སྐུལ་ཡོང་མིན་ལྟ་ཞིབ་ཆེད་མངགས་པའི་སྐུ་ཚབ་ཅིག་ཡིན། ངས་ཁོང་ལ་ཁྱེད་རང་བོད་ནང་བདུན་ཕྲག་འགའ་ཤས་སྡོད་རིང་ཧང་སང་ཤོས་ཀྱི་གནང་ཚུལ་ག་རེ་ཕྲད་སོང་ཞེས་དྲིས་སྐབས། ཁོང་གིས་བོད་མི་ཚོས་བླ་རྒྱུད་ (hierarchy) ཀྱིས་འཛིན་པའི་གཞུང་ལ་དད་གུས་ཤིན་ཏུ་ཆེ་བ་དེར་ང་རང་ཧང་སང་དུ་བཅུག་སོང་། བོད་མི་དཀྱུས་མ་རྣམས་ཀྱིས་གཞུང་ཞབས་པ་དང་ཡང་ན་བླ་མ་སུ་ཞིག་དང་ཕྲད་རུང་ཕྱག་འཚལ་རྐྱང་གནང་གི་འདུག མ་ཟད་འབངས་མི་དེ་དག་གིས་བླ་མ་དང་དཔོན་པོ་དག་གི་རྐང་པ་ཡན་མིག་གིས་ལྟ་ཕོད་ཀྱི་མི་འདུག་ཅེས་གསུངས་བྱུང་། བཙན་བྱོལ་ནང་གནས་ཚུལ་དེའི་རིགས་གྱུར་བ་ཆེན་པོ་ཕྱིན་ཡོད་མོད། འོན་ཀྱང་བོད་མི་ཚོས་རྣམ་ཤེས་ཀྱི་ནང་བླ་མ་དང་དབུ་ཁྲིད་ལ་འཛིན་པའི་གུས་བཀུར་དང་འདུ་ཤེས་གཏིང་ཚུགས་པས་ད་དུང་ཡལ་ཐུབ་མེད། དེར་བརྟེན་བོད་མི་ཚོས་རང་ཉིད་ཀྱི་དབུ་ཁྲིད་ལ་གྲྭ་བཙུན་ཞིག་ཡོང་རེ་བཅངས་ཀྱི་ཡོད།
བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་རིང་ད་ལྟའི་ལས་ཐོག་སྲིད་སྐྱོང་ལ་སྐྱོན་བརྗོད་དེ་ཙམ་བྱུང་མེད་པ་ནི་ཁོང་ལ་ཐོབ་པའི་འོས་གྲངས་ནས་དཔོགས་ཐུབ། གནས་ཚུས་དེ་ནི་ཡ་མཚར་བ་ཞིག་རེད། འོན་ཀྱང་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་བའི་ཟླ་བ་གཅིག་གི་སྔོན་དུ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་བཀའ་བློན་གྱི་ལས་གནས་ནས་བློ་བུར་དུ་རྩ་དགོངས་ཞུས་ཡོད་པ་རེད། མོ་རང་གིས་སྤེལ་བའི་གསལ་བསྒྲགས་ནང་གསལ། ཁོ་མོ་དགོངས་པ་ཞུ་དོན་ནི་ཡོང་བཞིན་པའི་འོས་བསྡུ་ཆེ་མོའི་བགྲོ་གླེང་ནང་མཉམ་ཞུགས་བྱ་ཆེད་ཡིན། བཀའ་བློན་ལས་ཐོག་གི་སྐབས་སུ་རང་ཉིད་ཀྱི་བསམ་ཚུལ་སྤྱི་ཚོགས་སྟེང་ལ་བཤད་ཆོག་གི་མ་རེད། ད་དུང་ཁོ་མོས་གསུངས་དོན་སྐྱབས་མགོན་༸གོང་ས་ཆེན་པོ་དགུང་ལོ་བརྒྱད་བཅུར་ཕེབས་ཚར་ཞིང་། སྐུ་ཚེ་ཧྲིལ་པོ་བོད་མིར་ཞབས་ཞུ་སྒྲུབ་ཡོད་པ་རེད། ལོ་རྒྱུས་ཀྱི་སྟེང་ནས་གཉན་ཕྲང་ཆེ་བའི་དུས་འདིར་ཁོང་ལྟ་བུ་ང་ཚོའི་མགོན་དུ་ཕེབས་པ་ནི་བསོད་ནམས་ཡིན་པ་སྨོས་ཅི་དགོས། ཡིན་ཡང་གདོང་ལེན་བྱ་དགོས་པའི་དཀའ་ངལ་ཆེན་པོ་རྣམས་ང་ཚོའི་མདུན་ན་ཡོད། ང་ཚོས་ངེས་པར་དུ་གདོང་ལེན་བྱེད་ཐུབ་པ་དགོས་ཞེས་དང་། མོ་རང་གིས་སྤེན་པ་ཚེ་རིང་ལ་འོས་འཕེན་རྒྱུ་ཡིན་ཞེས་དངོས་སུ་མ་གསུངས་ཀྱང་། སྲིད་སྐྱོང་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་འགའ་ཞིག་བཏོན་ཡོད་པ་ལས། ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་ནུས་པ། ཕྱོགས་ཡོངས་དང་རྒྱང་རིང་བསམ་བློ་གཏོང་ཐུབ་མཁན། ལས་དོན་མཉམ་རུབ་ཀྱིས་སྒྲུབ་མཁན། ཕྱིའི་མཐོང་སྣང་ལས་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན། གཞན་ལ་བརྩི་བཀུར་ཡོད་པ། ཁེངས་སྐྱུང་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་འདུག

 

དེས་ན་ད་ལྟའི་ལས་ཐོག་སྲིད་སྐྱོང་ལ་ཆ་རྐྱེན་དེ་རྣམས་འཛོམས་ཀྱི་མེད་པ་ཡིན་ནམ། དེ་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཞིག་རེད། གཞན་ཡང་བདེ་སྐྱིད་ཆོས་དབྱངས་ཀྱིས་བཤད་དོན། ད་ལྟ་སྤེལ་བཞིན་པའི་འོས་འདེམས་དེ་ནི་ཆོལ་ཁའི་ཕྱོགས་ཞེན་ཤུགས་ཆེན་པོ་ཐོན་ཡོད། དེ་ནི་གཏོར་བཤིག་ཅན་ཞིག་ཡིན། ང་ཚོས་ང་ཚོའི་བུ་ཕྲུག་རྣམས་ལ་དང་པོ་རང་ཉིད་བོད་པ་ཡིན་པ་དེ་ཤེས་པ་བྱེད་དགོས་པའི་སློབ་གསོ་རྒྱག་དགོས་ཞེས་དང་། ཡང་མཐའ་སྡོམ་གྱི་ཚུལ་དུ་ཁོ་མོས་ཟེར་དོན། གཞིས་བཞུགས་བོད་མི་བརྒྱ་ཆ་གོ་བརྒྱད་ཟིན་པའི་བདེ་དོན་གལ་ཆེར་འཛིན་རྒྱུ་ནི་ང་ཚོའི་བཟང་སྤྱོད་ཀྱི་འགན་ཁྲི་ཡིན་ཞེས་བཤད་ཡོད་པ་རེད། ད་ཐེངས་ཀྱི་བོད་མིའི་འོས་བསྡུ་ཆེ་མོ་དེའི་ནང་ལ་རྒྱ་གར་བ་ཚོས་དོ་སྣང་སླེབས་ས་གང་ཞིག་ཡིན་ན། བོད་མི་གྲངས་འབོར་འབུམ་གཅིག་ལྷག་ཙམ་རྒྱ་གར་ནང་སྐྱབས་བཅོལ་ལ་གནས་ཡོད་ཅིང་། ནམ་རྒྱུན་དོན་མེད་ཀྱིས་གནང་ཚུལ་ངན་པ་ཧ་ཅང་ཐོན་ཉུང་བའི་ཞི་བདེ་ཆེ་ཤོས་ཀྱི་སྤྱི་ཚོགས་ཤིག་ཆགས་ཡོད། ཏྭ་ལའི་བླ་མས་བཙན་བྱོལ་གཞུང་མང་གཙོའི་ལམ་ལུགས་སུ་བསྒྱུར་བ་དེ་ནི་རྒྱ་གར་ལ་མཚོན་ན་གལ་ཆེན་ཞིག་ཆགས་ཡོད། དེ་ཡང་རྒྱ་གར་མང་གཙོའི་ལམ་ལུགས་ལ་རིན་ཐང་འཛིན་པ་ཞིག་དང་སེམས་ཤུགས་སྤར་བ་ཞིག་མཚོན་གྱི་ཡོད། ཏཱ་ལའི་བླ་མ་དགུང་ལོ་མཐོ་རུ་འགྲོ་སྐབས། བོད་མིའི་ཚོའི་སྐུ་ཚབ་བྱས་ནས་རྒྱ་གར་གཞུང་དང་སྐད་ཆ་བཤད་ཐུབ་མཁན་གྱི་མི་སྣ་ཞིག་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན།
བོད་ཀྱི་ལོ་རྒྱུས་སྟེང་ནས་ལྟས་ན་ཏྭ་ལའི་བླ་མའི་སྲིད་ཀྱིས་འགན་འཁུར་མ་བཞེས་པའི་རིང་སྲིད་དོན་ཆེད་ནང་ཁུལ་རྩོད་རྙོག་དུ་མ་བྱུང་མྱོང་བ་དེ་ཡང་སྤྱི་ལོ་ ༡༩༤༧ ལོར་སྲིད་ཚབ་དབར་མི་འཐུན་པས་ནང་འཁྲུག་བྱུང་ཡོད་པ་རེད། དེ་ལྟ་བུའི་དཀའ་ངལ་སླར་ཡང་མི་ཡོང་ཆེད་ཏྭ་ལའི་བླ་མས་དམང་གཙོའི་ལམ་ལུགས་གསར་གཏོད་གནང་བ་ཡིན། དེར་བརྟེན་འབྱུང་འགྱུར་གྱི་བོད་ཀྱི་སྲིད་སྐྱོང་ནས་རྒྱ་གར་གཞུང་དང་འབྲེལ་བ་ཟམ་མོ་འཛུགས་ཐུབ་དགོས་པ་ནི་ཤིན་དུ་གལ་ཆེ་བ་ཡིན། ལས་ཐོག་སྲིད་སྐྱོང་གིས་གནད་དོན་དེའི་ཐད་འཐུས་ཤོར་ཕྱིན་ཡོད་པར་སྙམ།
རྒྱ་ནག་མགོ་ཁྲིད་ཚོས་ག་དུས་ཡིན་རུང་རྡ་སའི་བཙན་བྱོལ་གཞུང་ལས་གོམ་གང་མདུན་སྤོས་བྱེད་བཞིན་ཡོད། དེ་ཡང་ཏྭ་ལའི་བླ་མའི་ཡང་སྲིད་ཀྱི་ཆེད་དུ་མི་ལོ་བཅུ་ཕྲག་ལས་ཀ་བྱས་པ་ཙམ་མ་ཟད། བོད་མཐོ་སྒང་དུ་བཟོ་ལས་དང་མེ་འཁོར་ལམ་གསར་རྒྱག་གི་ལས་གཞི་སོགས་གཉེར་ཏེ་ད་ཆ་ཡུལ་སྐོར་བའི་ལྟེ་གནས་ལྟ་བུར་གྱུར་ཡོད། དེར་བརྟེན། ཡོང་འགྱུར་བོད་མིའི་སྲིད་སྐྱོང་ནས་གནད་དོན་དེ་དག་ཆ་ཚང་རྒྱ་གར་གཞུང་དང་ལྷན་དུ་འགན་འཁྱེར་ཐུབ་པ་དགོས། རྒྱུ་མཚན་དེ་དག་ལ་བརྟེན་ནས། རྡ་ས་བོད་མིའི་གཞུང་གི་སྲིད་སྐྱོང་རྐུབ་སྟེགས་འཛིན་མཁན་གྱི་མི་དེ་ནི་རྒྱ་གར་གཞུང་ལ་མཁོ་གལ་ཧ་ཅང་ཆེ་བ་ཆགས་ཡོད།
མ་རྩོམ་འབྲེལ་ཐག http://www.asianage.com/columnists/election-exile-165

བསམ་ཚུལ།

Post navigation

Previous Post: རྫོང་སར་མཁྱེན་བརྩེ་ཚང་གི་གསུང་བཤད་ཅིག
Next Post: བཙན་བྱོལ་བའི་འོས་བསྡུ་ཆེན་མོ་དང་དམངས་གཙོ།

Comments (6) on “བཙན་བྱོལ་བའི་འོས་བསྡུ།”

  1. རྡོ་རྗེ་སྐལ་བཟང says:
    2016-03-14 at 2:28 am

    དྲ་དཔོན་ལགས་།ངའི་སྤེལ་པའི་མཆན་བསུབས་པའི་རྒྱུ་མཚན་ཅི་ཡིན།ལན་ཞིག་གནང་རོགས།ངའི་བློ་བཟང་སངས་གེ་ལ་རྒྱབ་སྐྱོར་མ་བྱེད་པའི་ཁྱོད་ཁ་བརྡ་ཚང་ལ་ཕོག་ཐུག་བཏང་ངམ།ཡང་ན་ཁ་བརྡ་ཚང་ཡང་བློ་བཟང་སངས་གེས་ཉོས་དང་ངམ།

  2. བསྟན་འཛིན་རྣམ་གྲངས་ says:
    2016-03-14 at 9:30 am

    རྩོམ་པ་དང་བོད་དོན་དོན་གཉེར་བ་ཁོང་ནི་རྒྱ་ནག་གཞུང་གིས་དངས་ཟུག་ཤུགས་ཆེ་བྱེད་ས་ཞིག་ཡིན་།

    བོད་དང་རྒྱ་གར་གྱི་སྲུང་སྐྱོབ་ལ་ཤ་ཚ་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་ཁོང་གིས་དཀའ་བ་ཁྱད་དུ་སད་དེ་བོད་རྒྱལ་ཁབ་དེ་རྒྱ་ནག་གི་བཙན་འཛུལ་སྔོན་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའི་དཔང་རྟགས་ངོ་སྤྲོད་ཀྱིས་ཕྱག་དེབ་ཚད་ལྡན་ཁག་ཅིག་བྲིས་ཡོད་།
    ཤ་ཚ་བས་ཁ་ནས་གཏམ་ཉན་མི་ཐོན་ཅེས་པའི་དཔེ་ལྟར་ཁོང་གིས་དངོས་ཡོད་གནས་ཚུལ་གསུངས་ཡོད་པ་རེད་།
    དངོས་ཡོད་གནས་ཚུལ་ལ་བློ་སེང་གི་བཀའ་ཤག་གིས་བླ་ཆེན་ཚོར་བརྟན་བཞུགས་བསྐྱགས་གྲ་བཙུན་ཚོར་མགོ་བསྐོར་བཏང་དགེ་རྒན་དང་སློབ་ཕྲུག་རྒན་པ་ཚོར་རྡ་སར་སྐད་བཏང་སྟེ་གཟི་བརྗིད་སྐུལ་ཏེ་མགོ་བསྐོར་བཏང་བ་ལས་ནང་དོན་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་ཀ་སྣེ་གཅིག་ཐུབ་མེད་ལ་མ་འོངས་པར་ཡང་བྱེད་ཀྱི་མ་རེད་།

  3. ཁ་བརྡ། says:
    2016-03-14 at 1:07 pm

    སྐུ་ཞབས་རྡོ་རྗེ་སྐལ་བཟང་ལགས།

    སྤྱིར་ན་ཁྱེད་ཀྱི་དྲི་ཚིག་འདིར་གསལ་བཤད་ཞུ་མི་དགོས་པར་འབད་ན་ཡང་། ཁྱེད་ཀྱིས་དྲི་ཚིག་འདི་གཅིག་པོ་ཡང་ཐེངས་འགར་སྤེལ་འདུག་སྟབས། དེ་ཐད་ནས་གསལ་བཤད་མདོར་ཙམ་ཞུས་ན།

    ༡༽ རང་ཉིད་ཀྱིས་ཅི་ཞིག་བརྗོད་ཐབས་ཙམ་ལ་འབད་པ་ལས་འགན་ཁུར་ཅི་ཡང་མེད་པ།
    ༢༽ རང་མིང་གབ་སྦས་ཀྱི་ཐོག་ལ་མཆན་མིང་སྣ་ཚོགས་སྤྱོད་པ།
    ༣༽ གློག་འཕྲིན་ཁ་བྱང་གཏན་ཁེལ་མེད་པར་འདྲ་མིན་གང་བྱུང་སྤྱོད་པ།
    ༤༽ བསམ་ཚུལ་ཅི་ཡང་མི་འདོན་པར་ངོ་རྒོལ་གྱི་འབོད་ཚིག་ཡང་ཡང་སྤྱོད་པ།

    རྒྱུ་མཚན་གཙོ་བོ་འདི་བཞི་ལ་བརྟེན་ནས་ཁྱེད་ཀྱི་མཆན་བུ་མང་ཆེ་བ་དགོས་དབང་གིས་ཕྱིར་འཐེན་བྱས་པ་ཡིན། དགོངས་འགལ་མེད་པར་ཞུ།

  4. ལྷ།བྱ་འཕུར་མ། says:
    2016-03-14 at 8:23 pm

    ཧ་ཧ་ཧ་ཧ། ད་སྐད་རྒྱོབས་ར། ཏག་ཏག་རེད།

  5. རྡོ་རྗེ་སྐལ་བཟང says:
    2016-03-15 at 1:49 am

    ཁ་བརྡའི་དྲ་དཔོན་ལགས་།
    ད་ལྟའི་ཁ་བརྡའི་མཆན་བུ་ཡང་དགོས་དབང་གིས་སྤེལ་བཞིན་པའི་གནས་ཚུལ་ཁྱེད་ཀྱི་དེ་རིང་དྲང་མོར་གསུང་པ་ཐུགས་རྗེ་ཆེ་ཞུ།ང་རང་སྔོན་འགྲོའི་འོས་གཞིའི་སྟེང་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཡིད་ཆེས་དང་བློ་ཁ་ཕྱོགས་ཡོད་པའི་་དབང་གི།སྤེན་ཚེའི་ཁ་གཏད་ན་ལང་ཡོད་པའི་འོས་མི་བློ་སེང་གི་ཉེས་སྐྱོན་དང་གསང་བ་ཕྱིར་བཀྲམ་དགོས་པ་ནི་ངའི་འོས་འགན་རེད་བསམ།ཁྱོད་ཁ་བརྡ་ཚང་ཡང་དེའི་རྐྱེན་ཡིན་ནམ།

  6. ༄།།སྟར་བུ་དམར་བོ། says:
    2016-03-15 at 9:59 am

    དྲང་མོ་དྲང་བཞག་བཤད་འདུག རྒད་པོ་དེར་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme