Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་ཕོག་པའི་སྲིད་སྐྱོང་འོས་མི་གཉིས།

Posted on 2016-03-132016-03-13 By ཁ་བརྡ 13 Comments on ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་ཕོག་པའི་སྲིད་སྐྱོང་འོས་མི་གཉིས།

unnamed-4—–ནམ་མཁའ།
 

དང་པོ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི། སྐྱབས་བཅོལ་བ་བོད་མི་ཆིག་འབུམ་ལྔ་ཁྲི་ལྷག་གིས་གྲུབ་པ་ཞིག་ཡིན་པས། གཞན་དབང་སྟབས་བསྟུན་ཡིན་པ་ཞིག་ལས། ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་གར་ལྟ་བུར་རང་གི་ས་ཐོག་ཏུ་བསྡད་མེད་པ་དེ་ངོས་འཛིན་གསལ་བོར་ཤེས་དགོས་ལ། བཙན་བྱོལ་བའི་སྒྲིག་འཛུགས་འདི་སྲ་བརྟན་ཡོངས་ཐབས་ལ་འབད་དགོས། དེ་མིན་འཐོར་བཤིག་ཏུ་འགྲོ་བ་ལ་ཕྱི་ནང་གཉིས་ནས་རྐྱེན་ངན་འཕྲད་མི་སྲིད་པ་མིན།

ནང་གི་རྐྱེན་ངན་ནི། ཆོལ་ཁ་དང་ཆོས་ལུགས་འཐེན་ཁྱེར་སོགས་ཀྱི་དབང་གིས་འཐོར་བཤིག་ཏུ་འགྲོ་བ་དེ་རེད། རྐྱེན་ངན་འདི་མི་འབྱུང་བའི་ཆེད།༼དང་པོ་ནས་སྲིད་སྐྱོང་འོས་མི་གཉིས་ཀྱི་ངོས་ནས་མི་དམངས་ལ་གལ་བོ་ཆེ་ལ་ནན་ཏན་ལྟར། ཁོ་རང་གཉིས་ཀྱི་ཡུལ་གྲུར་གང་དུ་ཕེབས་ན་ཡང་། གཏམ་བཤད་ཀྱི་འགོ་འདི་ལྟར་གནང་དགོས་བར་འདོད། ཁོ་རང་གཉིས་ཀྱི་སུ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཚེ། ཆོལ་ཁའི་འཐེན་ཁྱེར་དང་ཆོས་ལུགས་འཐེན་ཁྱེར་དབང་དུ་མ་སོང་བར་རྒྱབ་སྐྱོར་བྱེད་དགོས་པ་ལས། ཆོལ་ཁའི་འཐེན་ཁྱེར་དང་ཆོས་ལུགས་སོགས་ཀྱི་འཐེན་ཁྱེར་དབང་དུ་སོང་ཚེ། ཁོ་རང་གཉིས་ཀྱི་སུ་ལ་ཡང་རྒྱབ་སྐྱོར་གནང་བ་ལས་མ་གནང་ན་ལེགས།༽ ཞེས་པའི་ཚིག་འདི་དང་པོ་ནས་སྲིད་སྐྱོང་འོས་མི་གཉིས་ཀྱི་ཞལ་ནས་གསུངས་ཡོད་ཚེ། དེ་རིང་གི་དཀྲོགས་གཏམ་དང་ནང་ཁུལ་འཛིངས་རེ་འདི་བྱུང་མེད།

ཐབས་སྐྱོ་བ་ཞིག་ལ། བཙན་བྱོལ་བོད་མིའི་ཁྲོད་ཀྱི་རེ་ལྟོས་བྱེད་ས་ཁོ་རང་གཉིས་ལ། དང་པོ་ནས་ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་ཕོག་སྟེ་འོས་ཤོག་གི་ཤོག་བུ་དཀར་བོ་དེ་མཁྲིས་ནད་ཀྱི་དབང་གིས་སེར་བོ་སྣང་བ་ཁོ་ན་ལས། བཙན་བྱོལ་བོད་མིའི་ཆིག་སྒྲིལ་གང་གི་ཚད་ལ་སླེབས་གྲབས་ཡོད་པ། མིག་ལམ་དང་རྣ་ལམ་ནས་གད་སྙིགས་ནང་གཡུགས་རྐྱང་བྱེད་ཀྱི་འདུག ང་ཚོ་ཆ་ཚང་གིས་མཐོང་ཐོས་བཞིན། ཁོ་རང་གཉིས་ཀྱི་སུ་ཞིག་ཤར་ནུབ་ལུང་པ་གང་དུ་སོང་སྟེ། གཏམ་བཤད་གནང་ན་ཡང་འོས་ཤོག་ཁོ་ནའི་ན་ཚ་མཁྲིས་ནད་ཀྱི་དབང་གིས་གཏམ་བཤད་གནང་གི་ཡོད་པ་ལས། ཆོལ་གསུམ་ཆིག་སྒྲིལ་དང་གཞིས་ལུས་མི་དམངས་མེ་མདའི་འོག་ན་ཡོད་པ་གཏིང་བརྗེད་དུ་གྱུར་འདུག

སྲིད་སྐྱོང་འོས་མི་གཉིས་ཀྱི་ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་དེ། རང་མགོ་གཞན་ལ་ཐོག་པ་ལྟར་ཡོད་པའི་མི་དམངས་ཀླད་མེད་སྐོར་ཞིག་ལ་ཡང་། སྲིད་སྐྱོང་འོས་མི་གཉིས་ཀྱི་མཁྲིས་ནད་དེ་འགོས་ནད་དུ་གྱུར་ནས། ནང་ཁུལ་དཀྲུགས་གང་ཐུབ་བྱེད་བཞིན་པ་ང་ཚོས་ཤེས་གསལ་ལྟར་རེད། འདིའི་མིང་ལ་༼དགྲ་དགའ་གཉེན་སྡུག༽ཟེར་བས། མི་དམངས་འདི་ཚོར་མཁྲིས་ནད་ཀྱི་སྨན་སྤྲོད་མཁན་གྱི་སྨན་པ་སྲིད་སྐྱོང་འོས་མི་ཁོ་རང་གཉིས་ལས་གཞན་སུ་ཡང་མེད། མཁྲིས་ནད་འདི་མི་འབྱུང་བའི་ཆེད། དང་པོ་ནས་ཕྲན་གྱིས་གོང་དུ་ཞུས་པ་ལྟར་གསུངས་ཡོད་ཚེ། དགྲ་རྒྱ་ནག་དགའ་བའི་རྐྱེན་དུ་སོང་མེད་ལ། གཉེན་བོད་མི་ཚོ་སྡུག་པའི་རྐྱེན་དུ་ཡང་སོང་མེད།

དགའ་ཞིང་སྤྲོ་བ་ཞིག་ལ། ༧གོང་ས༧རྒྱལ་དབང་མཆོག་སྐུ་འཚོ་བཞུགས་ཡིན་སྟབས། སྲིད་སྐྱོང་འོས་མི་གཉིས་ཀྱི་འོས་ཤོག་གི་མཁྲིས་ནད་དེ་འཇོམས་པའི་སྨན་པ་བླ་ན་མེད་པ་ཞིག་ཡོད་པས། ཕྲན་ལྟ་བུ་མི་མང་པོ་ཞིག་སྲིད་སྐྱོང་འོས་མི་གཉིས་ཀྱི་ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་དེ། མི་འགོ་བའི་སྨན་མཆོག་དེ་སྙིང་ལ་བཅངས་ཡོད་པ་མ་ཟད། གལ་སྲིད་མཁྲིས་ནད་དེ་འགོས་ནས་བཙན་བྱོལ་བོད་མི་ཚོ་མཁྲིས་པའི་ནད་པར་གྱུར་ན་ཡང་། འཛམ་གླིང་ན་དཀོན་པའི་སྨན་པ་མཆོག་ཏུ་གྱུར་བ་ཞིག་ཡོད་སྙམ་པའི་སེམས་རྟེན་ས་ཞིག་ཡོད་པ་རེད།

 

གཉིས་པ།

མཁྲིས་ནད་ཅན་གྱི་སྲིད་སྐྱོང་འོས་མི་གཉིས་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀོད་སྒྲིག་བྱས་ཏེ་བགྲོ་གླེང་ཐེངས་གསུམ་པ་དེར་ཉན་པ་ཡིན། འོས་ཤོག་གི་མཁྲིས་ནད་ཕོག་པའི་སྲིད་སྐྱོང་འོས་མི་གཉིས་ནི་ནད་པ་རང་རེད། ཁོ་རང་གཉིས་ཀ་ལ་ཕོག་ཡོད་པའི་མཁྲིས་ནད་དེ་ངོས་མ་ཟིན་པར། ཕན་ཚུན་གྱི་གདོང་གི་མིག་གཉིས་འོས་ཤོག་སེར་བོ་གྱུར་ཡོད་པ་ཡང་མ་མཐོང་བར། གཅིག་གིས་གཅིག་ལ་ཁྱོད་རང་མཁྲིས་ནད་ཅན་རེད་ཅེས་སྐྱོན་འཛུགས་རེ་བྱེད་ཀྱི་འདུག་པས། དགོད་ཡང་བྲོ་ལ་ངུ་ཡང་བྲོ་བའི་ཚོར་བ་ཞིག་བྱུང་སོང་།
ཐབས་སྐྱོ་བ་ཞིག་ལ། གསར་འགོད་པས་ཁོ་རང་གཉིས་ལ། ཤེས་ཡོན་སྲིད་བྱུས་དང་བོད་ནང་གི་བོད་མི་ཚོས་དྲི་བ་བསྐུར་བ་ཞིག་བཏང་བ་དེ། མཁྲིས་ནད་ཅན་གྱི་སྲིད་སྐྱོང་འོས་མི་གཉིས་ཀྱིས་ལན་འདེབས་ནི།རྡ་སའི་ཆར་ཞོད་སྐབས་ཀྱི་སྨུག་ཀློང་ཁྲོད་ནས་མེ་ཏོག་ལ་བལྟ་བ་དང་གཅིག་མཚུངས་རེད།

དྲང་མོར་བཤད་ན། ཁོ་རང་གཉིས་སུ་ཡིན་ཡང་བོད་མི་རིགས་ཀྱི་ཚེ་སྲོག་ནི་ཅི་ཞིག་ཡིན་པ་ཡང་ངོས་ཟིན་གྱི་མི་འདུག་ལ། བོད་ནང་གི་བོད་མི་ཚོའི་སྡུག་བསྔལ་དེ་ཡང་ངོས་ཟིན་གྱི་མི་འདུག་པས། ཕྲན་གྱིས་འདི་ལྟར་བསམ་བློ་འཁོར་སོང་། ཁོ་རང་གཉིས་སུ་ཡིན་ཡང་མེ་མདའི་འོག་གི་སྡུག་བསྔལ་མྱོང་མེད་སྟབས། མེ་མདའི་འོག་གི་སྡུག་བསྔལ་གྱི་ཚོར་བ་དེ་ཐོས་བའི་མྱོང་བ་ཙམ་ལས། ལུས་ཀྱིས་མྱངས་མེད་པས་ད་རུང་ཡང་སྡུག་བསྔལ་སེལ་ཐབས་རྒྱང་ཐག་རིང་བའི་རྒྱུ་མཚན་རེད་སྙམ།

གང་ལྟར་ཡང་། རྒྱལ་སྤྱིའི་སྟེང་བོད་དོན་དེ་ཚོང་རྟེན་བྱེད་པ་བཞིན། ཁོ་རང་གཉིས་སུ་ཐོབ་ཀྱང་བོད་ནང་གི་བོད་མིའི་དཀའ་ངལ་དེ། ཁོ་རང་གཉིས་ཀྱི་འཚོ་རྟེན་བྱེད་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད་སྙམ། ང་རང་དེ་ལས་ཀྱང་ཡ་མཚར་བ་ཞིག་ནི། སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེང་གེ་མཆོག་གིས། ཁོ་རང་གིས་ལོ་བཞིའི་རིང་ལྷིང་འཇགས་ཀྱི་བརྩིགས་གདན་བཏིང་བ་ཡིན། ད་ངས་དེའི་ཐོག་ཁང་པ་བརྒྱབ་ཆོག་ཆོག་ཡོད་ཟེར།
འདི་ལ་དྲི་བ་ཞིག་ཡོད་པ་ནི། དེ་ཡིན་ན། ལོ་ངོ་༥༠ རིང་༧གོང་ས༧མཆོག་གིས་བརྩིགས་གདན་ཙམ་ཡང་བཏིང་མེད་པ་རེད་དམ། དྲི་བ་འདི་ནི་གཞིས་བྱེས་གཉིས་ཀྱི་ངོས་ནས་ཡོང་དགོས་པ་ཞིག་ཀྱང་རེད་ལ། ཡོང་ཆོག་པ་ཞིག་ཀྱང་རེད། ཁོ་རང་གི་གཏམ་བཤད་འདི་ལ་ཉན་དུས། ཨ་རིའི་ཧ་བ་ཊིའི་སློབ་ཆེན་གྱི་ཁྲིམས་རྩོད་པའི་ལག་ཁྱེར་ཐོབ་པ་ཞིག་ལ། ཚིག་འདི་ཙམ་ལ་ཡང་ཞིབ་ཆ་འཇོག་མི་ཤེས་པ་ཅི་ཡིན་ནམ།མཁས་དབང་མ་ཡིན་ནམ། ཁོའི་གཏམ་བཤད་དེ་ཧམ་བཤད་རེད་ཟེར་འདོད་བྱུང་མོད། འོན་ཀྱང་ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་ཕོག་ཡོད་མཁན་ཚོའི་སེམས་ཀྱི་ན་ཟུག་ཆེ་རུ་འགྱུར་སྲིད་པས་དགོངས་དག་ཞུ་ཆོག
ཡིན་ཡང་། ཕྲན་གྱིས་བཤད་པ་འདི་ཁྱེད་ཚོས་ཀྱང་ཐོས་ཡོད་ངེས་ཡིན་པས། དྲང་པོ་ཡིན་མིན་ཁྱེད་ཚོས་ཐག་གཅོད་བྱེད་དགོས།

བགྲོ་གླེང་ཚར་རྗེས་སུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔལ་ལྡན་རྒྱལ་གྱིས་མདོ་འཛིན་བྱས་ཏེ། བགྲོ་གླེང་གི་སྐོར་ལ་དཔྱད་གླེང་ཞིག་བཀོད་སྒྲིགས་བྱས་འདུག ཕྲན་གྱིས་དཔྱད་གླེང་དེར་ཡང་ཉན་པ་ཡིན།
སྔོན་མ་ཞིག་ལ། ཕྲན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཀུན་གླིང་གཉིས་ཀྱི་གསར་འགོད་པ་ཚོར་སྐྱོན་བརྗོད་བྱས་མྱོང་ཡོད། ཡིན་ཡང་། ད་ཐེངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས། སྲིད་སྐྱོང་ལ་བཞེངས་དགོས་བའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་པ་ངོས་འཛིན་གྱིས་འདི་ལྟར་གསུངས་སོང་། སྲིད་སྐྱོང་འོས་མི་གཉིས་ཀས་འོས་ཤོག་ཁོ་ན་ལ་དམིགས་ཏེ་གཏམ་བཤད་གནང་གི་འདུག་པ་ལས། བོད་ནང་གི་བོད་མི་ཚོའི་དཀའ་ངལ་ཅི་ལྟར་སེལ་མིན་སྐོར་ལ་བསམ་བློ་བཏང་སྟེ་སྐད་ཆ་བཤད་ཀྱི་མི་འདུག་ཟེར་བས། སྐབས་དེར་ཕྲན་གྱི་སེམས་སུ་ད་ལྟ་ཁྱེད་ཚོར་ཡར་རྒྱས་ཞེ་དྲག་ཕྱིན་འདུག་སྙམ་པས་སེམས་སུ་སྤྲོ་སྣང་ཞིག་བྱུང་བས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་འདོད་ཡང་ད་ཐེངས་ཀྱི་གོ་སྐབས་འདི་བརྒྱུད་ནས་ཞུ་གི་ཡོད།

སྨྲས་པ།

ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་གདོང་དམར་སེམས་ཀྱི་གོང་བུ་འདི།།
ལྷས་བྱིན་ཁྲོས་ཏེ་སྒྱོགས་རྡོ་འཕངས་ཀྱང་གཏོར་བར་མ་ནུས་ཀྱང་།།
ཆོལ་ཁའི་འཐེན་ཁྱེར་མཁྲིས་ནད་ཅན་གྱི་སྲིད་སྐྱོང་འོས་མི་ཚོས།།
བླུན་པོ་སྟོང་གི་ལུས་སེམས་མཁྲིས་པའི་ན་ཚ་ཅན་དུ་བསྒྱུར།།

རྨ་ཀླུང་རིང་མོ་དམར་བོར་བསྒྱུར་བའི་ཉམ་ཆུང་དམངས་ཀྱི་ཟུངས་ཁྲག་དྭངས་མའི་བཅུད།།
རང་དབང་ལྷ་མོ་བག་མར་བསུ་བར་ཁ་ལ་ཁྱེར་ཏེ་རྫུན་མའི་གཏམ་ལ་བཙོངས་བའི་རིན།།
གཅིག་ལས་གཅིག་ཐོབ་རྔམས་པའི་སེམས་ཀྱི་ཕྲག་དོག་སྡེར་མོ་བྲག་ལ་བརྡར་བ་འདིས།།
རང་དབང་ན་ཆུང་བུ་མོའི་སེམས་སུ་སྡུག་གི་ཁུར་བོ་ཆུ་ཡི་གཉེར་མ་བཞིན་དུ་བརྩེགས།།

རང་གི་རིགས་ལ་ཞེན་པའི་ལྷག་བསམ་དཀར་བོའི་ལྕགས་གཞུ་ལག་ཏུ་ཐོགས་པའི་སྙིང་སྟོབས་ཀྱིས།།
བདེན་ཚིག་ལྕགས་ཀྱི་མདའ་མོའི་འབེན་དུ་གྱུར་བའི་ཕྲག་དོག་ལྕགས་ཞྭ་གྱོན་པའི་ཀླད་པ་ལ།།
ཐོལ་གྱིས་འཕངས་སྟེ་སྒོ་ང་བྲག་ལ་བརྡབས་ལྟར་གས་པར་བྱས་ཏེ་ཀླད་ཁྲག་འཐོར་ན་ཡང་།།
སྡིག་པའི་ལས་ཀྱིས་མདའ་བ་དམྱལ་བར་ལྟུང་ཡང་འགྱོད་པའི་སེམས་ཀྱིས་འཁུན་སྒྲ་ཅི་ལ་འབྱིན།།

༡༣/༣/༢༠༡༦ ལ་ཡོ་རུབ་ནས་བྲིས།

བསམ་ཚུལ།

Post navigation

Previous Post: བོད་རྒྱ་འབྲེལ་མོལ་དགོས་སམ་བློ་སེང་དགོས།
Next Post: རྒྱ་རིགས་འབྲེལ་མཐུད་པའི་སྐོར།

Comments (13) on “ཆོལ་ཁའི་འཐེན་ཁྱེར་གྱི་མཁྲིས་ནད་ཕོག་པའི་སྲིད་སྐྱོང་འོས་མི་གཉིས།”

  1. སྐལ་ཚེ། says:
    2016-03-13 at 11:07 am

    ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ཁྱོད་ལའང་སྤེན་ཚེའི་འཁྲིས་ནད་བཅོས་ཐབས་མེད་དེ་ཕོག་འདུག

  2. གནམ says:
    2016-03-13 at 11:17 am

    འོས་ཐོབ་པའི་ཆེད་དུ་ཡར་ལངས་ཡོད་པས། འོས་གཅིག་པོ་ལ་གམིགས་པ་དེ་ངན་པ་ཞིག་གང་ཡང་མ་རེད། ཡིན་ན་ལ། འོས་ཐོབ་ཡ་ལ་བཤད་པའི་སྐད་ཆ་དེ་ཚོ་ནི། འོས་ཐོབ་ཡ་འམ་ཤོར་ཡ་ལ་བཤད་ཡོད་པ་དེ་སོ་སོས་དཔྱད་རྒྱུ་ཞིག་རེད། འོས་ཤོག་ལྡུག་མི་ལ་མཁྲིས་ནད་མེད་ན། ཚང་མ་འགྲིག་འགྲོ་ནི་རེད། གུས་བཀུར་མེད་ན་ཁ་བཙུམ། གོ་ཨེ་སོང་། ཧ་ཧ་ཧ།

  3. བོད་རྒྱལ་ says:
    2016-03-13 at 11:35 am

    འོས་ཤོག་ཐོབ་རྒྱུར་ཕན་ཐོགས་ཡོང་གི་ཡོད་ན་བློ་སེང་གིས་རྒྱ་མིའི་མགོན་སྐྱབས་འཚོལ་དགོས་ཀྱང་འཚོལ་ཏེ་རྒྱ་མིའི་མགོན་སྐྱབས་འཚོལ་བ་དེ་བོད་སྤྱི་པའི་བདེན་དོན་ཆེད་ཡིན་པ་འཁྱོག་བཤད་བྱེད་ཀྱི་རེད་།

  4. མགོན་སྐྱབས། says:
    2016-03-13 at 11:40 am

    ངོ་མ་དགོད་རྒྱུ་ཡོང་གི་ཡ། ཡི་གེ་འདི་ཀློག་གིན་དང་ཐོག་སྲིད་སྐྱོང་འོས་མི་གཉིས་པོར་བཏང་སྙོམས་ཀྱི་དགེ་སྐྱོན་གླེང་གི་བསམ་མུར་ལས་ཐོག་སྲིད་སྐྱོང་གི་མགོ་ཐོག་ཏུ་ཐོ་བ་བརྡུང་རྩིས་རེད། དྲང་མོ་བཤད་ན། ཡི་གེ་འདི་བའང་ཁྲི་ནད་ཕོག་ཟིན་པའི་མྱིས་བསམ་ཚུལ་ཁུངས་མ་འཁྱོལ་བ་ཞིག་ཏུ་མཐོང་། ཡ་་་་དེས་ན། ཁྱེད་ཀྱིས་བོད་རྒྱ་ཞི་མོལ་བསྐྱར་མཐུད་ཇི་ལྟར་བྱའམ། གཞིས་ཆགས་སྲ་བརྟན་ཇི་ལྟར་གཏང་ངམ། ཤེས་ཡོན་སྲིད་བྱུས་གཏན་འབེབས་ཇི་ལྟར་བྱའམ། དྲི་བ་འདི་དག་གི་ལན་ནམ་འཆར་འགོད་སྲིད་སྐྱོང་ངམ་བཀའ་བློན། སྤྱི་འཐུས་སམ་ཚོགས་པ་སོགས་ཀྱི་འགན་ཁུར་ཡིན་ནམ་ཟེར་ན། དུས་བབས་ཛ་དྲག་གི་སྐབས་འདིར་བོད་མི་མི་རེ་ངོ་རེར་གོང་གི་དྲི་བ་གསུམ་ལ་རང་བཞིན་གྱི་འགན་ཡོད་ནི་མ་ཟད། འཆར་འགོད་ཡོད་དགོས། དང་སྐྱེས་བྱིས་པ་ཚུན་ནས་སང་འཆི་རྒས་པོའི་བར་བོད་ཀྱི་རྩ་དོན་ལ་འགན་འཁུར་དགོས། འཆར་གཞི་ཡོད་དགོས། དེ་མིན་ སྒྲིག་འཛུགས་སམ་གུང་བྲན་གྱིས་བཤད་པའི་རྩ་འཛུགས་ཁུར་མོའི་མགོར་འཕངས་རྐྱང་གིས་སོ་སོ་ཨ་རི་གྲོ་ལར་དང་ཡོ་རོབ་ཀྱི་ཡུ་རོ། ཆང་དང་དུ་བ། ད་རུང་རྒད་མོའམ་བུད་མེད། ཞི་ལི་དང་ཞི་མོ་སོགས་རྐྱང་རྐྱང་ལ་བསམ་གྱིན་ཞོར་དུ་གོ་སྐབས་དང་བསྟུན། གཅིག་གཅིག གཉིས་གཉིས་གླེང་གིན་འདུག་ན་ངོ་མ་དགོད་རྒྱུ་ཡོང་ནས་འདུག་མི་བཟོད་ཀྱི།

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-13 at 12:53 pm

    ཧཧཧཧཧཧ་་་་་་་་་ནམ་མཁའ་ཁྱོད་ཀྱིས་བྲིས་པ་ཁྱོད་ལ་བདེན་འདུག་ཡ་་་་་་་་་དཀའ་ལས་རྒྱག་ནས་བྲིས་ཤག་ཨ་་་་་་་་་གང་ལྟར་ནད་ཅིག་འགོས་ཤག་་་་་་

  6. སྤེན་པ། says:
    2016-03-13 at 1:50 pm

    བོད་རྒྱ་འབྲེལ་མོལ་ཐོག་དགའ་ལྡན་ཕོ་བྲང་གོ་ཆོག་མཆན་མེད་པར་བཀོད་མི་ཆོག་པའི་ད་ལྟ་བློ་སེང་ལ་ཁག་མེད།

  7. ཀརྨ་བློ་གསལ་ says:
    2016-03-13 at 8:16 pm

    ཆོལ་ཁའི་མཁྲིས་ནད་ཆེ་བ་དེ་སྤེན་ཚེ་འདུག ཆོལ་ཁུངས་ཨ་མདོ་ནས་ཡིན་པའི་སྤྱི་བར་ལས་ཀ་སྒྲུབ་མཁན་ཞིག་ཀྱང་དགོངས་པ་ཞུ་རུ་བཅུག་སོང་། དེ་ནི་ཛ་དྲག་གི་མཁྲིས་ནད་ཅིག་རེད། ཨེམ་རྗེ་ནི་ཨ་མདོ་པ་ཚོ་ལས་མེད། འོས་ཤོག་གིས་ནད་ཡམས་དེ་དྲག་བསྐྱེད་འབྱུང་དུ་འཇུག་པའམ། སྡུག་ཏུ་གཏོང་མིན་ཡང་ཨ་མདོའི་བཙན་བྱོལ་པ་ཚོའི་ལག་པར་ཡོད། ཚང་མར་ལྟ་ཡ་ལས་ཐབས་གཞན་མེད།

  8. གནམ says:
    2016-03-13 at 10:34 pm

    བློ་སེང་སྲིད་སྐྱོང་ཡིན་དུས། ཁམས་པའི་ཞེན་ཁོག་བྱས་ནས་ཁམས་རིགས་ལ་ག་རེ་ཐོབ་ཡོད་པའི་ལན་ཡོད་དམ།

    སྤེན་ཚེ་སྲིད་སྐྱོང་ལ་ཐོབ་ན། ཨ་མདོའི་ཞེན་ཁོག་ཁུར་ནས་ཨ་མདོ་བ་ལ་སྐྱག་པ་སྐམ་པོ་ཙམ་ཡང་སྤྲོད་རྒྱུ་མ་རེད་ལ། དེ་བས་མ་ཚད་ཁོང་ལ་ཨ་མདོ་བ་དེ་འདྲ་དང་རྐུབ་ཅོག་གཅིག་ལ་མི་འདུག་ས་ཡང་མང་པོ་ཡོད་པ་རེད།

    མེད་རོགས་ལས་ཡོད་ན་དགའ་བའི་སྲིད་སྐྱོང་འོས་མི་གཉིས་ལས་དྲག་པ་དེ་འདེམ་མི་ནོར་བ་ལ། ཆོལ་ཁ་དང་སྙན་གྲགས་གཅིག་པོའི་རྗེས་སུ་སོང་ན། བཙན་བྱོལ་ཉལ་ཡུལ་ལ་དུས་ཚོད་ཇེ་རིང་དུ་བཏང་པའི་ཉེས་བ་ཡོང་གི་རེད་དོ། དབུས་གཙང་མི་མང་ཚོས། གོ་ཨེ་ཐལ།

  9. སེམས་བཟང་། says:
    2016-03-14 at 12:18 am

    “ས་གནས་མང་པོར་གཞུང་འཛིན་པའི་ལས་ཡུན་ནང་གི་ཆབ་སྲིད་པའི་དབང་ཆའི་ཆ་རྐྱེན་ལ་མི་འདོད་པའི་རྣམ་འགྱུར་ཡང་ཡང་ཡོད་པ་ནི། འོས་མི་རྣམས་ཀྱིས་འོས་བསྡུའི་སྐབས་སུ་ཁས་ལེན་དམ་བཅའ་ཆེན་པོ་རེ་གནང་རྒྱུར་ཧ་ཅང་གིས་ཞལ་བདེ་པོ་ཡོད་ཀྱང་། རྗེས་སུ་དེ་དག་ལ་ཇི་བཞིན་གྲུབ་འབྲས་མ་ཐོན་ཚེ་མི་དམངས་ནས་རང་ཉིད་ཀྱིས་བདམས་པའི་དབུ་འཁྲིད་ལ་འདོད་བློ་མ་ཁེངས་པར། དེ་སྔ་གང་ནས་ཡོང་བའི་རང་གནས་སུ་མི་སེར་དཀྱུས་མ་བཞིན་ཕེབས་བསུ་ཞུ་བཞིན་ཡོད། དེ་ནི་མང་གཙོའི་མཛེས་ཆོས་དང་རྒྱན་ཆ་ཞིག་ཀྱང་རེད།” ཞེས་པ་ནི། ཁུ་ལུ་དི་ཨར་ཕི། (Claude Arpi) ཡིས་བྲིས་པའི་སྐད་ཆའི་དུམ་བུ་གཅིག གཞན་ནས་བཤུས།

  10. རྡོ་རྗེ་སྐལ་བཟང says:
    2016-03-14 at 1:54 am

    དྲ་དཔོན་ལགས་།ངའི་སྤེལ་པའི་མཆན་བསུབས་པའི་རྒྱུ་མཚན་ཅི་ཡིན།ལན་ཞིག་གནང་རོགས།༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽༼ང་ཚོ་ལ་སྲིད་སྐྱོང་དགོས།བློ་བཟང་སངས་གེ་མི་དགོས༽

  11. རྡོ་རྗེ་སྐལ་བཟང says:
    2016-03-14 at 5:19 am

    དྲ་དཔོན་ལགས་།ངའི་སྤེལ་པའི་མཆན་བསུབས་པའི་རྒྱུ་མཚན་ཅི་ཡིན།ལན་ཞིག་གནང་རོགས།ངའི་བློ་བཟང་སངས་གེ་ལ་རྒྱབ་སྐྱོར་མ་བྱེད་པའི་ཁྱོད་ཁ་བརྡ་ཚང་ལ་ཕོག་ཐུག་བཏང་ངམ།ཡང་ན་ཁ་བརྡ་ཚང་ཡང་བློ་བཟང་སངས་གེས་ཉོས་དང་ངམ།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-03-15 at 2:37 am

    མིག་ལ་ཉི་མའི་འོད་ཟེར་ཕོག་དགོས་གལ་ཆེ། སྔོན་མ་ཝཱ་རཱ་ཎ་སཱི་རུ་མིག་ཤེལ་ནག་པོ་ཉི་མའི་འོད་ཟེར་མིག་ལ་ཕོག་པ་འགོག་བྱེད་ཅིག་བདག་གིས་གྱོན་པ་མཐོང་ནས། མཛའ་གྲོགས་ཤིག་གིས་སྐྱོན་བརྗོད་ཀྱི་ཚུལ་དུ་ཁྱོད་ཀྱིས་རང་གི་མིག་ལྡོང་བར་འདོད་དམ། ཞེས་ཟེར། བདག་གིས་སྣང་རྟགས་ཤིག་མ་བྱས། རྗེས་སུ་ཨ་རིར་ཡང་སྐྱར་མིག་ཤེལ་ནག་པོ་ཞིག་གྱོན་པ་ན། སོག་པོ་འབུར་ཡད། ས་བེ་རི་ཡ་ནས་འོངས་པ་དགེ་བཤེས་ཟླ་བ་བཟང་པོས་སྔོན་རྒྱ་གར་དུ། མཛའ་གྲོགས་གར་ཞ་པ་དངོས་གྲུབ་ཚེ་རིང་གིས་སྐྱོན་བརྗོད་ཇི་ལྟ་བ་བཞིན་དུ་མཛད་པ་ཐོས་ནས། དུས་རྣམ་པ་རྒྱུན་དུ་མིག་ཤེལ་ནག་པོ་ཉི་མའི་འོད་མདངས་གོན་སྤངས། དིང་སྐབས་རང་ལོ་གྱ་བཞིར་སོན་ཀྱང་མིག་གསལ་པོ་ཡོད། ཉེ་ཆར་རྒྱ་གར་མ་ཞིག་གི་གོས་ཁྲ་བོར་ཟན་ཚོད་མ་ཞིག་ཆགས་པ་མཐོང་། གོས་ལ་ཚད་མ་ཆགས་འདུག་ཅེས་པ་ན། མ་ལ་ཡེ་ཤེ་ཡ་རྒྱ་རིགས་བཙུན་མ་ཞིག་གིས་ཁྱེད་ཀྱི་སྤྱན་གསལ་པོ་ཡོད་པ་ངོ་མཚར་སྐྱེ་དགོས་པ་ཞིག་འདུག ་གསུངས།
    མ་འོངས་བོད་ཀྱི་སྲིད་སྐྱོང་གི་རེ་ལྟོས་པ་གཉིས་ཀས་སྤྱན་ཤེལ་ནག་པོ་གོན་ཡོད་པ་མ་ཐོང་ནས། ཀློག་པ་པོ་འགའ་ཞིག་ལ་ཕན་པར་རེ་འདུན་གྱིས་གོང་འཁོད་སྒྲུང་དེ་སླར་ཡང་འབྲི་བར་ཤོར་ཏོ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-03-15 at 4:52 am

    ་ཉི་མའི་འོད་མདངས་གོན་སྤངས། ཞེས་པ་་ཉི་མའི་འོད་མདངས་འགོག་བྱེད་གོན་པ་སྤངས། ཞེས་ཞུས་དག་བྱས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme