Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདུང་རྩེ་ནང་བསྐོར་གྱི་བྱ་སྤྱོད།

Posted on 2016-03-102016-03-10 By ཁ་བརྡ 2 Comments on མདུང་རྩེ་ནང་བསྐོར་གྱི་བྱ་སྤྱོད།

ལྷ་རྒོད།

 
དེང་སྐབས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་རྙོག་གླེང་གི་རྣམ་གྲངས་སམ་ཆབ་སྲིད་ཀྱི་ཟློས་གར་ནི་ཉི་མ་རེ་ལ་གསར་པ་རེ་མངོན་ཡོང་བའི་སྐབས་ཤིག་ཡིན་སྟབས། དེ་ཐམས་ཅད་ལ་ཇུས་གཏོགས་བྱ་དགོས་བྱུང་ན་དུས་ཚོད་ཀྱིས་ལྕོགས་ཐབས་ཀྱང་མེད།

ཡིན་ནའང་དེ་དག་གི་ནང་ནས་ཆེས་ཡ་མཚན་དགོས་པའི་དགྲ་དགའ་གཉེན་སྡུག་གི་བྱ་བ་ངན་པ་ཞིག་ཟུར་བཏོན་གྱིས་ཇུས་གཏོགས་བྱས་ན་འདི་ལྟར་ཡིན་ཏེ། ང་ཚོའི་ཅོལ་ཆུང་བ་རིགས་གཅིག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་གྱི་སྔ་གཞུག་གི་གནས་ཚུལ་དག་ལ་རྒྱ་གཞུང་གིས་སྐྱོན་བརྗོད་བྱེད་ཀྱིན་འདུག་ཅེས་ཧ་ལས་ལས་དང་ཧོན་འཐོར་འཐོར་བྱེད་ཀྱིན་འདུག་པས་དེ་དག་ལ་གསལ་བཀྲོལ་གྱི་ཚུལ་དུ་ཅུང་ཟད་བཤད་ན་འདོད།

དེ་ཡང་རྨོངས་རྒན་བདག་ལ་མཚོན་ན། རྒྱ་ནག་གི་སྐྱོན་བརྗོད་ལ་ནམ་ཡང་ཧ་མི་ལས་ལ་ཧོན་མི་འཐོར། རྒྱུ་མཚན་གང་ལགས་ཤེ་ན། ང་ཚོས་ལེགས་པའི་བྱ་བ་གང་ཞིག་གཉེར་ཡང་རྒྱ་གཞུང་གིས་སྐྱོན་བརྗོད་དང་། ཧམ་བཤད་སོགས་བྱས་དང་བྱེད་བཞིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལས་སྔར་མེད་པར་ཁ་རྩང་དེ་རིང་གི་གནས་ཚུལ་གསར་པ་ཞིག་གང་ཡང་མིན་པ་ནི་ཕྱོགས་ཡོངས་ལ་དོ་སྣང་ཅུང་ཟད་བྱེད་མཁན་ཞིག་ཡིན་ན། ལྐོག་གྱུར་གྱི་གནས་ཚུལ་ཞིག་གཏན་ནས་མིན་ལ་འབྱུང་འགྱུར་ལའང་དེ་ལྟར་བྱ་རྒྱུ་ཡིན་པ་ནི་ཕར་བལྟས་ཚུར་གསལ་ཡིན།

ལྷག་པར་དུའང་རྒྱ་ནག་གཞུང་གི་ངོས་ནས་བཤད་ན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། དེའི་མདུན་བསྐྱོད་རེ་རེས་ཁོང་ཚོའི་སྙིང་དཀྱིལ་དུ་མདུང་མོས་བསྣུན་པ་ལྟ་བུའི་ཟུག་གཟེར་སློང་གིན་ཡོད་སྟབས། ངས་བསམ་པར་གནས་ལུགས་ལྡན་མིན་ཇི་ལྟར་ཡང་སྐྱོན་བརྗོད་བྱེད་པ་ནི་ཁོང་ཚོ་ལ་མཚོན་ན་འོས་འགན་ཡོད་པར་འདོད་ཀྱིན་ཡོད།

ཡིན་ནའང་ཆེས་ཐབས་སྐྱོ་བ་ཞིག་ལ། ང་ཚོ་རང་ངོས་ནས་ཚུགས་ཀ་ཡོངས་སུ་ཤོར་ཏེ་(ཕྱི་དགྲའི་མགོ་བརྡུང་བྱེད་ཐོ་བ་མེད་པར། ནང་རྫ་རྐུབ་གཏོར་བྱེད་སྟ་རེ) ཟེར་སྲོལ་ལྟར་མདུང་རྩེ་ནང་བསྐོར་གྱིས་རྒྱ་གཞུང་གི་དྲིལ་བསྒྲགས་ལ་ཆར་པ་ཆུ་གྲོགས་ལྟ་བུའི་མཐུན་རྐྱེན་དུ་ཡིག་བསྒྱུར་དང་བརྒྱུད་འགོད། བགྲོ་གླེང་བྱེད་པ་ནི་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ལས་བོད་མིའི་རྩ་དོན་ལ་ཕན་པའི་བྱ་བ་ཞིག་ནམ་ཡང་མ་མཐོང་། དེ་ལས་ཁྱེད་ཅག་ལ་ཤེས་ཡོན་དང་འཇོན་ཐང་ལྡན་ཚེ་མི་རིགས་ཀྱི་ལས་དབང་སེམས་སུ་བཅངས་ནས་སྨྱུག་རྩེ་དགྲ་ཕྱོགས་སུ་བསྐོར་ནུས་མཁན་ཞིག་བྱུང་ཚེ་ང་ཚོའི་སྤོབས་པ་དང་ཁྱེད་ཚོའི་གཟི་བརྗིད་ཅིའི་ཕྱིར་མིན།

སྤྱིར་བཏང་འདས་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་དུས་ཡུན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྨད་བྱུང་ཐུགས་བསྐྱེད་ལས་བྱུང་བའི་བཙན་བྱོལ་སྒྲིག་འཛུགས་ལ་བརྟེན་ནས་འཚོ་གནས་བྱེད་མཁན་ཁག་གཅིག་ལ་མཚོན་ན། ཕྱོགས་ཞེན་གྱི་དུག་ཆུ་ཁོག་དུ་སོང་ནས་སྒོ་གསུམ་སྐྲན་ནད་དུ་བསྒྱུར་ཟིན་སྟབས། དུས་ཀུན་ཏུ་སྒྲིག་འཛུགས་དང་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དག་ལ་རང་ཉིད་ཀྱི་ནུས་པ་ལ་དཔག་པའི་ཟུར་ཟ་དང་སྒྲོ་སྐུར། གཞན་གྱིས་བགྱིད་པ་ལ་ཡི་རངས་ཀྱི་མཐེ་བོང་གྱེན་དུ་ཀེར་བཞིན་པའི་ཁོང་ཚོའི་བྱ་སྤྱོད་ལ་བསམ་གཞིག་ནན་པོའི་སྒོ་ནས། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ནམ་ཡང་གཡོ་འོག་ཏུ་མ་ཚུད་པར་རང་ཚུགས་བརྟན་པོར་གནས་དགོས་པ་ནི། ང་ཚོའི་འཕྲལ་ཕུགས་ཀྱི་དགོས་དམིགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་པར་སེམས་སོ།།

བསམ་ཚུལ།

Post navigation

Previous Post: བགྲོ་གླེང་ཀློང་ནས་མི་དབང་སྤེན་པ་ཚེ་རིང་མཆོག་གི་གཟི་བརྗིད་མཇལ་བ།
Next Post: ད་ཀློའུ་མིན་ན་ཅི་རེད།

Comments (2) on “མདུང་རྩེ་ནང་བསྐོར་གྱི་བྱ་སྤྱོད།”

  1. གསེར་རིན་ཆེན་ says:
    2016-03-11 at 7:22 am

    དངོས་གནས་ཡག་པོ་བྲིས་བཞག་ བོན་པོའི་སྤྱི་འཐུས་འདྲ་བོ་ཕོངས་རྒན་དེས་གྲ་བའི་སྤྱོད་ཚུལ་དང་ཡོངས་སུ་བརྒལ་ཏེ་འགྱོད་དང་བཅས་བློ་སེང་ལ་རྒྱབ་སྐྱོར་དང་ཚོགས་གཙོ་ལ་སྒྲོ་བསྐུར་བྱ་རྒྱུའི་རྒྱ་ནག་དང་འབྲེལ་བའི་དྲི་བ་དེ་འདྲ་ཞིག་བཏང་སོང་ ངོ་ཚ་ ཞབས་འདྲེན་པ་

  2. ནུབ་ཕྱོགས་གངས་ཕྲུག says:
    2016-03-11 at 12:36 pm

    ལྷ་རྒོད་ལགས་ཀྱིས་གསུངས་པ་བདེན། རྒྱ་ཕྱོགས་ནས་ང་ཚོའི་བཟང་ངན་ཚང་མ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། དཔེར་ན། དེ་སྔོན་༧ གོང་ས་མཆོག་ཆབ་སྲིད་འགན་དབང་ཡོངས་རྫོགས་མི་མང་གི་བསྐོས་པའི་མང་གཙོའི་ལམ་ལུགས་བཀའ་བློན་ཁྲི་པ་ལ་རྩིས་སྤྲད་ཀྱི་ཡིན་གསུངས་པའི་སྐབས། རྒྱ་ནག་གི་དེ་ལ་ངོ་རྒོལ་བྱས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme