Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མིན།

Posted on 2010-04-20 By དབང་ཕྱུག་ 23 Comments on བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མིན།

བོད ལྷ་ཀླུ་གཉན་གསུམ།

ངས་སྔ་མོ་ཞིག་ནས་འདི་འདྲ་བསམ་མྱོང་ལ། བསམ་མྱོང་བ་དེ་ཡང་གྲོགས་པོ་མི་ཉུང་བ་ཞིག་ལ་ཡང་བཤད་པ་ཡིན། ཁོང་ཚོས་ཀྱང་ང་རང་ལ་དེ་འདྲ་བཤད་ན་འགྲིག་གི་ཡོད་རྒྱུ་མ་རེད་ཟེར་ནས་རྒྱུ་མཚན་གང་མང་ཞིག་གསུངས་ཀྱི་འདུག རེད་དེ། ང་རང་ལ་ང་རང་གི་རྒྱུ་མཚན་ཞིག་ཡོད་པས། ངས་དེ་རིང་འདི་ནས་མཐའ་གཅིག་དུ་རང་གི་བསམ་ཚུལ་དངོས་དེ་གླེང་རྒྱུ་ཡིན།
བོད་སྐད་མི་ཤེས་པ་དང་བོད་ཡིག་མི་ཤེས་པའི་མི་དེ་ནི་བོད་པ་མིན་ཟེར་རྒྱུ་ཡིན། དེས་ན་བོད་སྐད་ཤེས་པའི་མི་རིགས་གཞན་དག་རེ་ཟུང་ཡོད་པ་དེ་དག་ལ་གང་རེད་ཟེར་ནས་བཤད་རྒྱུ་ཡིན་ན། དེ་ན་ཆུང་དུས་གཞན་གྱིས་ས་ནས་བསླབ་པ་མིན་པར་རང་གི་ཕ་མའི་དྲུང་དུ་འཇར་ནས་འོང་བའི་བོད་སྐད་ཤེས་མཁན་དེ་མིན་པས་དེ་ལ་བོད་པ་མི་ཟེར་བ་ཡིན། བོད་སྐད་དེ་ནི་ཁོང་ཚོས་རང་གི་སྤྲོ་སྣང་དང་གཞན་ཕྱོགས་ཤེས་འདོད་ཁོ་ནས་སྤྱངས་པ་ཞིག་ལས། གཤིས་ལ་འཇག་པ་ཞིག་གཏན་མིན། བོད་ཡིག་ཡང་དེ་མཚུངས་བཞིན་ཡིན།
དེས་ན་བོད་མིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན་བོད་པ་མིན་ཟེར་གྱི་འདུག་དོན་གང་ཡིན་ཟེར་ན། དེ་ནི་མི་རིགས་བོད་ལ་སྐྱེ་བའི་སྟབས་ཀྱི་ཡིན། མི་རིགས་སུ་ཞིག་ཡིན་ཡང་། རང་གི་སྐད་དང་ཡི་གེ་ཐོག་མར་ཤེས་དགོས་པ་དེ་ནི་མི་རིགས་དེ་ཉིད་ཆགས་པའི་ཆ་རྐྱེན་དང་བོ་དེ་ཡིན། དེ་ཡིན་དུས་མི་རིགས་སུ་ཞིག་གི་ཁུངས་སུ་སྐྱེ་བ་ཡིན་ན། མི་རིགས་དེ་ཡི་སྐད་དང་ཡི་གེ་མ་ཤེས་པ་ཡིན་ན། མི་རིགས་དེ་ལ་མི་གཏོགས་པ་ཡིན་ཟེར་གྱི་ཡོད།
ད་ནི་གསལ་བོ་བྱས་དེ་ཞུས་པ་ཡིན། ངས་བཤད་འདོད་པ་ནི། བོད་པ་ཞིག་ཆགས་དགོས་པ་ཡིན་ན། ཕ་མ་བོད་མི་ཡིན་པ་ཙམ་གྱིས་གཏན་ནས་མི་ཡོང་། བུ་ཕྲུག་གིས་བོད་སྐད་བཤད་ཤེས་པ་དང་བོད་སྐད་ཤེས་དགོས་ཀྱི་ཡོད། དེ་འདྲ་ཞིག་མ་ཆགས་པ་ཡིན་ན། དེ་ནི་བོད་པ་མིན་ཟེར་གྱི་ཡོད། ད་ནི་ང་ཚོ་གངས་ཅན་བོད་པ་ཚང་ལ་ཕ་མ་བོད་པ་ཡིན་པའི་ཕྲུ་གུ་བོད་པ་མ་ཡིན་པ་ཆེས་མང་བོ་ཞིག་འཚར་ལོངས་བྱུང་ནས་འོང་གི་ཡོད། དེ་ནི་བོད་ཡུལ་ནས་རྒྱ་ཡུལ། འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་གནས་བསྡོད་བྱེད་ཡུལ་གྱི་ཡུལ་གྲུ་གང་སར་ཡོད། བོད་སྐད་བཤད་མི་ཤེས་པ་དང་། བོད་ཡིག་མི་ཤེས་པ། བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། གཏན་ནས་བོད་པ་ཆགས་ཐབས་མེད། སྐད་ཡིག་གཞན་གྱི་སྟེང་གི་རྩོམ་པ་པོ་དེ་དག་བོད་སྐད་དང་བོད་ཡིག་མི་ཤེས་པ་དེ་དག་བོད་མིའི་རྩོམ་པ་པོ་གཏན་ནས་མིན། དེ་ནི་སྐད་ཡིག་གང་གི་སྟེང་ནས་རྩོམ་ཡིག་སྤེལ་བ་དང་སྐད་ཆ་གང་ཞིག་བཤད་ཀྱི་ཡོད་ན་དེ་ཡི་ཁུངས་ཀྱི་རྩོམ་པ་པོ་ལས་བོད་མིའི་རྩོམ་པ་པོ་མིན།
འདི་ནི་ང་རང་གི་བསམ་ཚུལ་ཡིན་པ་ལས། མི་གཞན་སུ་ཞིག་ལ་འཕོག་ཐུག་དང་བསམ་ཚུལ་མ་མཐུན་པ་གང་བྱུང་བ་ཡིན་ན། ཐད་ཀར་ང་རང་ལ་སྐྱོན་བརྗོད་བྱས་ན་འགན་ཡོངས་རྫོགས་ང་རང་ལ་ཡོད་པ་ཡིན་ལ། བསམ་ཚུལ་གསུང་མཁན་ཡོད་ན། ཐད་ཀར་དུ་གསུང་དང་། རང་གིས་གང་ཐུབ་ཀྱིས་ལན་འདེབས་རྒྱུ་ཡིན།

རྩོམ་རིག

Post navigation

Previous Post: རོགས་སྐྱོབ་རུ་ཁག་གིས་བོད་ཀྱི་འབྲོག་ཁྱི་བརྐུ་གི་འདུག
Next Post: ས་འགུལ་ཤུལ་ན་མི་སེམས་ཀྱི་བརྩེ་བ་འགུལ་གྱིན་ཡོད།

Comments (23) on “བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མིན།”

  1. ལོ་ལོན says:
    2010-04-20 at 1:50 pm

    ཟས་ཆད་ རྒན་མོར་ གཟའ་སྡུག་དང་། རྟ་ཆད་ནས་ རོསག་པར ལས་འདེད་ རེད་མོད་། འོན་ཀྱང་ གོང་གི་ དགོང་ཚུལ་དེ་ དོན་དངོས་རེད་ མི་དགའ་མཁན་ མང་ཡང་། དགོང་ཚུལ་དེ་ དངོས་ཡོད་ གནས་ཚུལ་ རེད་། ད་ལྟ་ ཕ་ཡུལ་དུ་ བཀོད་ཆགས་ ཆེན་པོ་ བྱུང་བས་ སྐབས་དང་ བསྡུར་ན་ཡང་ བོད་སྐད་དང་ བོད་ཡིག་ ཤེས་མི་ཤེས་ལ་ ཁྱད་པར་ གསལ་པོ་ མཐོང་འདུག་།

  2. sonam says:
    2010-04-20 at 3:03 pm

    Please don’t say stupit thing on article. Off course Tibetan who can’t speak Tibetans are still Tibetan. Tibetans or not Tibetans only depend their feel and nationalist. If they think they are Tibetan nationalist, they are Tibetan, If they think they are not Tibetan, they are not Tibetan. If you things go according to your idea, it reduce the Tibean race. India have so namy poeple and they speak many language, they are still Indian.

  3. དཔལ་དགྱེས་པ་རྡོ་རྗེ says:
    2010-04-20 at 3:15 pm

    བོད ལྷ་ཀླུ་གཉན་གསུམ་ལགས། ང་རང་སྔོན་ཞིག་ནས་ཁྱོད་ཀྱི་བཤད་པ་དག་ལ་དུང་སེམས་ཡོད་མོད། དེ་རིང་བཤད་པ་དུས་སུ་མ་བབས་སོ། གཞན་དག་མཆོག་གིས་མུ་འཐུད་དུ་སྤེལ་ན་རྩོམ་རྩལ་ཀྱང་ཇེ་ལེགས་རེད། བོད་རྒྱུད་སྐད་ཡིག་རིགས་རུས་གཅིག་པ་ཀུན། །ལྷ་ཀླུ་གཉན་ལས་མཆེད་པའི་བྲག་སྲིན་དང་། །སྤྲེལ་ཕྲུག་གདོང་དམར་བོད་པ་ཐམས་ཅད་པོ། །བཀས་བཅད་གནང་བའི་བཀའ་རྒྱ་དངོས་ཡིན་ནམ། །དེ་རིང་དམིགས་བསལ་ཞུ་རྒྱུ་ཅི་ཡང་མེད། བོད་རིགས་སྐད་ཡིག་ཤེས་མི་ཤེས་པའི་སྤུན་ཟླ་ཁྲི་ཕྲག་བརྒལ་བ་ཤི་བའི་དགུང་ཞག་རེ་དེད་ནས་སྡད་ཡོད། །ཨོཾ་ཨྰཿཧྰུྃ་བྷོ་དྷི་ཙིཏྟ་མ་ཧྰ་སུ་ཁ་ཛྙྰ་ན་དྷ་ཏུ་ཨ། ཨོཾ་རུ་ལུ་རུ་ལུ་ཧྰུྃ་བྷྱོ་ཧྰུྃ་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-20 at 4:23 pm

    ལོ་ལོན་ལགས། ཉིད་ནས་འདིའི་ཐད་ཀྱི་བསམ་ཚུལ་རང་ལ་གང་ཡོད་པ་དག་གསུང་རྒྱུར་རེ་བ་ཡོད་ལགས། དེ་མིན་ཐད་ཀར་བསམ་ཚུལ་དང་མ་མཐུན་པ་འདྲ་བྱུང་ན་གསུང་ན་འགྲིག་གི་རེད་ལགས།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-20 at 4:25 pm

    དབྱིན་མིང་ཅན་གྱི་བསོད་ནམ་མིང་འཛིན་པ་ལགས། བསམ་ཚུལ་འདི་ལ་གཏན་ནས་མོས་མཐུན་མེད་ན་མེད་ཚུལ་བོད་སྐད་དང་བོད་ཡིག་སྟེང་ནས་བྲིས་ཤིག་དང་ལན་འདེབས་བྱེད་ངེས་ཡིན། དེ་མིན་འདི་ནི་བོད་ཡིག་གི་གླེང་སྟེགས་ཤིག་དང་བོད་མིའི་སྐྱིད་སྡུག་གང་ཡོད་དང་བོད་མི་རིགས་ཀྱི་འཆི་གསོན་གྱི་སྐོར་གླེང་མོལ་བྱེད་སའི་བོད་ཡིག་འབྲི་ས་ཞིག་ཡིན་ལགས། བོད་ཡིག་འབྲི་བ་ལས་གཞན་མིའི་ཡིག་རིགས་བཀོད་ས་ཞིག་གཏན་ནས་མིན་ལགས།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-20 at 4:28 pm

    དཔལ་དགྱེས་པ་རྡོ་རྗེ་ལགས། ཉིད་ཀྱིས་བོད་ནང་གི་བོད་མི་དག་གི་འདས་གསོན་གྱི་དཀའ་གནད་ཆེན་པོ་ཡོད་པའི་སྐབས་འདི་ལ་སྐད་ཆ་འདི་གླེང་རན་མིན་རབས་གསུངས་པ་དེར་མོས་གུས་ཞུ་ལགས། རེད་དེ། ང་ཚོ་ལ་ནམ་ཡང་དུས་ཚོད་ཀྱི་གོ་སྐབས་ལྷོད་ལྷོད་ཅིག་གནང་གི་མེད་སྟབས། སེམས་ལ་བཅུགས་ནས་བསྡོད་པ་ལས་ཐད་ཀར་འདི་རུ་གླེང་མོལ་དང་རང་གི་གང་བསམ་པ་དེར་ཡུན་རིང་བོ་ཞིག་ལ་བསམ་གཞིགས་དང་བརྟག་དཔྱད་བྱས་དེ་བཤད་པ་ཞིག་ལས་གང་དྲན་དྲན་དང་གང་འདོད་འདོད་ཅིག་ཞུས་མེད་ལགས། དེ་ཡིན་དུས་ཉིད་ལ་འདིའི་ཐད་དུ་བསམ་ཚུལ་འདྲ་ཡོད་ན་ཐད་ཀར་གསུང་དང་ལན་འདེབས་བྱེད་ངེས་ཡིན་ལགས།

  7. རྒྱ་ནག་ཉམས་ཞིབ་པ། says:
    2010-04-20 at 4:35 pm

    དེ་ན་།བོད་ཀྱི་རྒྱལ་བོ་ཐོག་མར་གཉའ་ཁྲི་བཙན་པོ་ཆོས་ཅན།བོད་མ་ཡིན་པར་ཐལ།བོད་ཡིག་མི་ཤེས་པའི་ཕྱིར་།

  8. ལོ་ལོན says:
    2010-04-20 at 6:00 pm

    དོ་དག་དེ་སྐབས་འདིར་ངེས་བང་དུ་བཤད་དགོས་བ་ཞིག་རེད་། ད་ལྟ་རང་གི་་གནས་ཚུལ་ཚ་བོ་ཞིག་ལུང་འདྲེན་བྱེད་། ང་ཚོར་འདིར་བོད་མི་སྐོར་ཞིག་གིས་རང་ངོས་ནས་ཞལ་འདེབ་དང་སྨོན་ལམ་གང་ཐུབ་བྱེད་གིན་ཡོད་། སྤྱིར་ངེད་ཚོའི་འཆར་གཞིར་ལྟར་ན་གཟའ་སྤེན་པས་ཉིན་། ས་འདིར་ཡོད་པས་ས་དགེ་བཀའ་རྙིང་གི་བླ་གྲྭ་གང་ཡོད་གཙོ་བྱས་འདིར་ཡོད་བོད་མི་ཡོང་ནས་ བདུན་ཚིགས་དང་པོའི་སྨོན་ལམ་ཆེན་པོ་ཞིག་འཚོགས་རྒྱུར་གཏན་ཁེལ་ནས་ས་གནས་ཚོགས་པས་མིང་ཐོགས་དུ་ཚོགས་ཁང་སོགས་གཡར་ཟིན་། ད་ལྟ་རིང་ལ་་ཤེས་གསལ་ལ་འདིར་ཡོད་པས་བོད་ཡིག་མི་ཤེས་བོད་པ་དབྱིན་ཡིག་མགོ་ཆད་ར་ཆད་ཀྱི་མཁས་་བར་རློམ་པ་་སྐོར་ཞིག་བཙུག་པས་རྒྱ་བོད་མཉན་འབྲེལ་ཚོགས་པ་ཞེས་བ་དེས་གཟའ་སྤེན་པས་ཉིན་བརྒྱ་བོད་མཉན་འབྲེལ་གྱི་ཚོགས་འདི་གཏན་ཁེལ་བས་ངའི་ཤི་བའི་ཤི་སྐལ་ཡང་བཅད་སོང་། འདི་དག་ཚང་མ་བོད་ཡིག་དང་བོད་སྐད་མ་ཤེས་བས་དབང་གི་མི་རིགས་དེས་སེམས་པ་གཏིང་འབྲེལ་དུ་སོང་མེད་པ་རེད་། ཉ་ཡིན་ན་ཆུ་ནང་ལ་འདུག་དགོས་བ་རེད་། བོད་ཡིན་ན་བོད་སྐད་དང་བོད་ཡིག་ཤེས་དགོས་བ་རེད་། འདི་ཆོས་ཉིད་། གོང་དེར་ལོ་བརྒྱ་ཕྲག་དང་སྟོང་ཕྲག་གོང་གི་གནས་ཚུལ་ཆོ་ཅན་དུ་ཁྱེར་ཡོང་མཁན་དག་དགོང་པ་མ་ཚོམས་འདི་ལྟར་བཤད་ན་འདོད་། ཐག་ཉེ་སའི་རི་མི་མཐོང་དུས་། ཐག་རིང་སའི་ཤིག་མཐོང་གི་མ་རེད།
    ད་སྐབས་འདི་སྐོར་བཤད་འདོད་མེད་། ཤི་བོ་ཞེ་དགུ་ཚང་བས་རྗེས་སུ་། ང་ཚོའི་གནས་ཚུལ་་འདི་སྐྱར་བཤད་བྱས་ཆོག་། གོང་གི་རྩོམས་མིང་དེ་བོད་མིས་མཚན་ཉིད་དུ་གཏན་འབེབ་དགོས་དེ་དུས་སུ་། བོད་སྐད་དང་བོད་ཡིག་མི་ཤེས་བཞིན་དུ། བོད་མི་བྱེད་འདོད་པ་དག་གིས་སྐད་བསྒྱུར་རེ་ཁྲིད་ནས་ཤོག་།
    ད་ངེས་ཚོའི་གཟའ་པ་སང་གི་དགོང་མོར་སྨོན་དེ་ཚུགས་ཐུབ་རྒྱ་ར་བ་བྱེད་གིན་ཡོད་། ངའི་སེམས་པ་ཞེ་སྔང་ལ་སོང་ཚར་འདུག། ཁོག་ནག་ཁོག་ན་བོད་ཀྱི་དྲི་མ་ཙམ་ཡང་མེད་མཁན་དེ་དག་གིས་ངའི་སྨོན་ལམ་དེས་ནང་ཡང་ཞེ་བསྡང་གི་སླད་ཅིག་ཐེབ་སོང་བ་།

  9. ལོ་ལོན says:
    2010-04-20 at 6:12 pm

    དོ་དག་དེ་སྐབས་འདིར་ངེས་བར་དུ་བཤད་དགོས་བ་ཞིག་རེད་། ད་ལྟ་རང་གི་་གནས་ཚུལ་ཚ་བོ་ཞིག་ལུང་འདྲེན་བྱེད་། ང་ཚོར་འདིར་བོད་མི་སྐོར་ཞིག་གིས་རང་ངོས་ནས་ཞལ་འདེབ་དང་སྨོན་ལམ་གང་ཐུབ་བྱེད་གིན་ཡོད་། སྤྱིར་ངེད་ཚོའི་འཆར་གཞིར་ལྟར་ན་གཟའ་སྤེན་པས་ཉིན་། ས་འདིར་ཡོད་པས་ས་དགེ་བཀའ་རྙིང་གི་བླ་གྲྭ་གང་ཡོད་གཙོ་བྱས་འདིར་ཡོད་བོད་མི་ཡོང་ནས་ བདུན་ཚིགས་དང་པོའི་སྨོན་ལམ་ཆེན་པོ་ཞིག་འཚོགས་རྒྱུར་གཏན་ཁེལ་ནས་ས་གནས་ཚོགས་པས་མིང་ཐོགས་དུ་ཚོགས་ཁང་སོགས་གཡར་ཟིན་། ད་ལྟ་རིང་ལ་་ཤེས་གསལ་ལ་འདིར་ཡོད་པས་བོད་ཡིག་མི་ཤེས་བས་བོད་པ་དབྱིན་ཡིག་མགོ་ཆད་ར་ཆད་ཀྱི་མཁས་་བར་རློམ་པ་་སྐོར་ཞིག་བཙུག་པས་རྒྱ་བོད་མཉན་འབྲེལ་ཚོགས་པ་ཞེས་བ་དེས་གཟའ་སྤེན་པས་ཉིན་བརྒྱ་བོད་མཉན་འབྲེལ་གྱི་ཚོགས་འདུ་གཏན་ཁེལ་བས་ངའི་ཤི་བའི་ཤི་སྐལ་ཡང་བཅད་སོང་། འདི་དག་ཚང་མ་བོད་ཡིག་དང་བོད་སྐད་མ་ཤེས་བས་དབང་གི་མི་རིགས་དེ་དང་སེམས་པ་གཏིང་འབྲེལ་དུ་སོང་མེད་པ་རེད་། ཉ་ཡིན་ན་ཆུ་ནང་ལ་འདུག་དགོས་བ་རེད་། བོད་ཡིན་ན་བོད་སྐད་དང་བོད་ཡིག་ཤེས་དགོས་བ་རེད་། འདི་ཆོས་ཉིད་། མི་འཐད་ན་སྡུག་ཀྱང་། མ་ཤེས་ན་སྐལ་ཆད་སོང་བ་རེད། གོང་དེར་ལོ་བརྒྱ་ཕྲག་དང་སྟོང་ཕྲག་གོང་གི་གནས་ཚུལ་ཆོ་ཅན་དུ་ཁྱེར་ཡོང་མཁན་དག་དགོང་པ་མ་ཚོམས་འདི་ལྟར་བཤད་ན་འདོད་། ཐག་ཉེ་སའི་རི་མི་མཐོང་དུས་། ཐག་རིང་སའི་ཤིག་མཐོང་གི་མ་རེད།
    ད་སྐབས་འདི་སྐོར་བཤད་ཁོམས་མེད་། ཤི་བོའི་ཞེ་དགུ་ཚང་བས་རྗེས་སུ་། ང་ཚོའི་གནས་ཚུལ་་འདི་སྐྱར་བཤད་བྱས་ཆོག་། དེ་དུས་སུ་གོང་གི་རྩོམས་མིང་དེ་བོད་མིས་མཚན་ཉིད་དུ་གཏན་འབེབ་རྒྱ་ཡིན། དེ་དུས་སུ་། བོད་སྐད་དང་བོད་ཡིག་མི་ཤེས་བཞིན་དུ། བོད་མིས་མིང་ཐོག་ནས་ཐོབ་ཐང་ཁེ་དབང་ཟ་མཁན་དག་གིས་ཀྱང་། བོད་མི་བྱེད་པརགའདོད་ན་་སྐད་བསྒྱུར་རེ་ཁྲིད་ནས་ཤོག་།
    ད་ཐེང་ངེད་ཚོའི་བདུན་ཚིག་དང་པོའི་སྨིན་ལམ་དེ་གཟའ་པ་སང་གི་དགོང་མོར་ཚུགས་ཐུབ་རྒྱུ་རེ་བ་བྱེད་གིན་ཡོད་། ངའི་སེམས་པ་ཞེ་སྔང་ལ་སོང་ཚར་འདུག། ཁོག་ནག་ཁོག་ན་བོད་ཀྱི་དྲི་མ་ཙམ་ཡང་མེད་མཁན་དེ་དག་གིས་ངའི་སྨོན་ལམ་དེས་ནང་ཡང་ཞེ་བསྡང་གི་སླད་ཅིག་ཐེབ་སོང་བ་།

  10. ལོ་ལོན says:
    2010-04-20 at 6:13 pm

    དོན་དག་དེ་་

  11. མདོ་ལྷ་ཁམས་པ། says:
    2010-04-20 at 6:52 pm

    ལྷ་ཀླུ་གཉན་གསུམ་པས་རང་གི་སེམས་ནང་གི་བསམ་ཚུལ་བཟང་བོ་ཙམ་ཞིག་བརྗོད་པ་དེར་བསྔགས་པའི་ཡུལ་ལས་དགག་བྱ་གང་མི་འདུག
    ཡིན་ན་ཡང་། བོད་མི་ཞིག་ཡིན་ན་དེ་འདྲ་ཞིག་ཡིན་དགོས་པའི་མཚན་ཉིད་འཇོག་གིན་ཡོད་ན་ནི་ཧ་ཅང་གི་མ་ཁྱབ་པ་ཞིག་རེད།
    དེར། བོད་མི་ཡིན་ལ་བོད་སྐད་མི་ཤེས་པ་ཡོད་ལ། བོད་མི་ཡིན་ལ་བོད་ཡིག་མི་ཤེས་པའང་ཧ་ཅང་མང་པོ་ཡོད། ཡང་། བོད་མི་མིན་ལ་བོད་སྐད་ཤེས་མཁན་ཡོད་ལ། བོད་མི་མིན་ལ་བོད་ཡིག་ཤེས་མཁན་ཡང་མང་། སོང་ཙང་། ལྷ་ཀླུའི་སེམས་ནང་གི་བོད་མི་དེ་ལྟ་བུ་ཞིག་ད་ལྟའི་ཆར་་བོད་མི་སྤྱིའི་རྒྱ་ཆ་ལྔ་བཅུ་ཙམ་ཞིག་ཡོད་མེད་ཡིན།
    དེས་ན། བོད་མི་རྒྱ་ཆ་ལྔ་བཅུའི་ལྷག་མ་རྒྱ་ཆ་ལྔ་བཅུ་བོ་ནི་བོད་མི་མ་ཡིན་པར་ཐལ་འགྲོ་བས་བོད་མི་ས་ཡ་དྲུག་ཡོད་པ་ནས་ས་ཡ་གསུམ་གྱིས་ཇེ་ཉུང་ལ་ཕྱིན་པ་མ་ཡིན་ནམ།

  12. རྩམ་དགའ། says:
    2010-04-21 at 1:50 am

    བློ་མཐུན་་་་བོད་་ལྷ་ཀླུ་གཉན་གསུམ་ལགས་ལ་བསམ་ཚུལ་ཐུང་ཐུང་ཞིག་ཞུ་གིན་ཡིན།
    བོད་མི་ཞིག་ཡིན་ན་བོད་སྐད་བཤད་ཤེས་དགོས་པ་མ་ཟད་བོད་ཡིག་ཀྱང་བསླབ་དགོས་པ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་བོད་སྐད་ཡིག་མི་ཤེས་པའི་བོད་མི་འདི་དག་བོད་མི་གཏན་ནས་མིན་ཟེར་ན་ཅུང་བཙན་དྲག་འདུག་འདོད་ཀིན། རྒྱུན་མཚན་་་་ད་སྐབས་བོད་ཕྱི་ནང་གཉིས་ཀ་ན་བོད་ཡིག་ཕར་ཞོག་བོད་སྐད་ཙམ་མི་ཤེས་པའི་ན་གཞོན་བོད་ཕྲུག་མང་དག་ཅིག་ཡོད་པས་འདི་དག་ཚང་མ་བོད་པ་མ་རེད་ཟེར་ག་ལ་རུང་། འདི་དག་ཚང་མ་རང་རིགས་ཤ་ཁྲག་རུས་བརྒྱུད་གཅིག་པའི་སྤུན་ཟླ་རེད་མོད། ང་ཚོས་འདི་ནས་འདི་འདྲ་བཤད་ན་ཁོང་ཚོར་ཕོག་ཐུག་བཏང་མི་སྲིད་པའི་བདེན་ཚོད་ཅི་ཙམ་ཡོད་མེད་ལ་དགོངས་བཞེས་གནང་དགོས་པ་རེད་ལགས། གཞན་ཞིག་ནས་ཞུས་ན་་་་་མི་རིགས་གང་ཞིག་ལ་གཏོགས་མིན་དེ་ནི་སྐད་ཡིག་རྐྱང་བའི་ཐོག་ནས་འཇོག་ན་ཅུང་ཁྱབ་ཆུང་དྲག་མི་འགྲོ་འདོད། འདི་ནི་ངའི་བསམ་ཚུལ་ཙམ་ཡིན་ལགས༎

  13. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 3:47 am

    རྒྱ་ནག་ཉམས་ཞིབ་པ་ལགས། ཉིད་ནས་དོན་དངོས་ཤིག་གསུངས་འདུག དེས་བདེན་པ་རེད། བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ལོ་རྒྱུས་ལྟར་ན་བོད་མི་ཞིག་མ་རེད།

  14. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 3:51 am

    ལོ་ལོན་ལགས། ཉིད་ནས་ཞེ་དགུ་ཚང་ན་གླེང་ཟེར་གྱི་འདུག འདས་པོ་དག་གི་འདས་མཆོད་སྒྲུབ་རྗེས་སུ་སླར་ཡང་གླེང་ངེས་ཡིན། དེ་དུས་བསམ་ཚུལ་ཤུགས་ཆེན་གསུང་རོགས་ཞུ།

  15. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 3:56 am

    མདོ་ལྷ་ཁམས་པ་ལགས། ཉིད་ནས་དེ་ལྟར་གསུངས་པ་ཡིན་ན་ཏག་ཏག་བསྡད་ཡོད་པ་མ་རེད། རྒྱ་གྲོང་དང་གྲོང་བརྡལ་ཁག་དུ་བསྡོད་པའི་བོད་མི་དག་གི་ཁྲོད་དུ་ཁྱེད་རང་གི་གསུངས་མ་ཐག་པའི་གནས་ཚུལ་དེ་བྱུང་བཞིན་ཡོད་ལ། གནས་ཚུལ་དེ་དག་བྱུང་བ་་ནི་དོན་དངོས་ལ་འགན་མ་འཁུར་བའི་གནད་དོན་ཞིག་ཡིན་ལ། མི་རིགས་ཤིག་འཆི་གསོན་ལ་འགན་མ་འཁུར་བའི་མི་བུ་སྐོར་ཞིག་གི་ནག་ཉེས་ཡིན། བོད་སྐད་དང་བོད་ཡིག་མི་ཤེས་པ་དེ་དག་ནི་བོད་མི་ཡིན་སྟངས་ཤིག་མེད། དེ་ནི་ང་རང་གི་བསམ་ཚུལ་ཡིན། ཉིད་ནས་བོད་མིའི་བརྒྱ་ཆའི་ལྔ་བཅུའི་བོད་སྐད་མི་ཤེས་པར་འདོད་ན་ནི་ཁྱེད་རང་ནོར་བ་རེད། ཡིན་ཡང་། བོད་ཡིག་འབྲི་ཀློག་མི་ཤེས་པར་གླེང་བ་ཡིན་ན་དེ་ལ་བདེན་པ་ཡོད་ངེས་ཡིན། དེ་ལྟར་དབྱེ་བ་གསལ་བོ་ཞིག་ཕྱེ་ནས་གསུང་རོགས་ཞུ།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 4:00 am

    རྩམ་དགའ་ལགས། ཉིད་ཀྱིས་བསམ་ཚུལ་དེར་བདག་གི་གཏན་ནས་རྒྱབ་སྐྱོར་གནང་ཐུབ་མ་སོང་ལགས། གང་ཡིན་ཟེར་ན་ངེད་ཀྱིས་བོད་སྐད་དང་བོད་ཡིག་མི་ཤེས་པའི་མི་དེ་དག་ནི་གང་ནས་སྐྱེ་ན་ཡང་བོད་མི་གཏན་ནས་མིན་ཟེར་གྱི་ཡིན། དེ་ལ་རྒྱུ་མཚན་མང་བོ་ཞིག་ཡོད། རྒྱུ་མཚན་དེ་དག་གི་ཆེད་དུ་ངས་བོད་སྐད་དང་བོད་ཡིག་མི་ཤེས་པའི་མི་དེ་ཚོ་བོད་མི་མིན་ཟེར་གྱི་ཡོད། ལྷག་པར་དུ་ཉིན་ཞིག་ང་རང་གི་བུ་མོས་ཀྱང་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། ང་རང་ཁོ་མོའི་ཕ་རྒན་ཡིན་པ་ཙམ་ལས་ཁོ་མོ་བོད་ཀྱི་མི་མིན། དེ་ལྟར་ངས་་ཚིག་ཐག་ཆོད་པོས་སྒོ་ནང་རང་གི་བསམ་ཚུལ་བཤད་ཀྱི་ཡོད། ཉིད་ལ་་དེ་ཡི་སྐོར་ལ་གསུང་རྒྱུ་འདྲ་ཡོད་ན་འཛེམ་སོན་མ་གནང་རོགས་ཞུ།

  17. མདོ་ལྷ་ཁམས་པ། says:
    2010-04-21 at 6:10 am

    ལྷ་ཀླུ་ལགས། ཁྱེད་ཀྱིས་འབྲི་ཀློག་མི་ཤེས་པའི་བོད་མི་དག་བོད་པ་མིན་ཟེར་བའི་བསམ་ཚུལ་སྤྱི་ལྡོག་མ་དེར་དབྱེ་མཚམས་གསལ་བོ་ཞིག་ཕྱེས་ན་མ་གཏོགས་ང་ཚོ་མགོ་འཐོམས་ཏེ་ཁོང་ཚོར་ག་རེ་ཟེར་དགོས་གི་རེད།
    མ་ཟད། སྐད་དང་ཡི་གེའི་་ཤེས་ཚད་་ག་འདྲ་ཞིག་འཛོམས་ན་ད་གཟོ་གཞི་ནས་བོད་པ་ཞེས་པའི་མིང་དེ་བཏགས་ཆོག་གི་རེད་ལགས།

  18. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 5:53 pm

    མདོ་ལྷ་ཁམས་པ་ལགས། བོད་སྐད་དང་བོད་ཡིག་གི་ཤེས་ཚད་ཇི་ལྟར་འཇོག་དགོས་ཀྱི་ཡོད་དམ་ཟེར་ནས་ལན་ཞིག་འདེབས་དགོས་བྱུང་ན། མདོར་བསྡུས་ཤིག་ཞུས་ན། བོད་སྐད་བཤད་པ་དེ་ཡང་ཕ་ཡུལ་གང་ནས་ཡིན་ན་ཕ་སྐད་ཐོག་མར་ཡག་པོ་ཤེས་དགོས་པ་དང་། བོད་ཡིག་ཤེས་མཁན་ཞིག་ཡིན་ན་མ་མཐའ་ཡང་ཚགས་པར་ཀློག་ཐུབ་པ་དང་སྐུར་ཡིག་འབྲི་བ་ལ་དཀའ་ངལ་མེད་པ་ཞིག་ནས་འགོ་བཙུགས་པ་ཡིན་ན་མ་འགྲིག་པ་མི་འདུག དེ་ལས་ཀྱང་རྒྱས་པོ་ཞིག་འགྲེལ་བཤད་རྒྱག་དགོས་བྱུང་ན་ཉིད་ནས་རེ་རེ་བཞིན་དྲིས་ན་འགྲིག་གི་རེད་ལ། ངས་ཀྱང་གང་ཤེས་པ་དེ་དག་ལན་འདེབས་བྱེད་ངེས་ཡིན་ལགས།

  19. རྩམ་དགའ། says:
    2010-04-22 at 12:28 am

    བློ་མཐུན་་་་་ལྷ་ཀླུ་གཉན་གསུམ་ལགས་ལ་་་་དེ་རིང་ངས་དྲི་བ་ཁ་ཤས་ཤིག་འདྲི་གིན་ཡིན།
    ༡་་་་བོད་ཀྱི་མི་རིགས་ཤིག་ཡིན་མིན་དེ་བོད་སྐད་ཡིག་ཤེས་མིན་རྐྱང་བའི་ཐོག་ནས་འཇོག་དགོས་སམ།
    ༢་་་བོད་ཡིག་ཕར་ཞོག་བོད་སྐད་ཙམ་བཤད་མི་ཤེས་པའི་བོད་མི་ཁ་ལྐུགས་པ་དེ་ཚོ་བོད་རིགས་མ་ཡིན་ནམ།
    ༣་་་བོད་ཡིག་མ་དར་བའི་ཡར་སྔོན་གྱི་བོད་མི་དེ་ཚོ་བོད་མི་རེད་དམ།
    ༤་་་སྐྱེས་མ་ཐག་པའི་སྐུ་ཉིད་་་་་་དེ་དེས་བོད་མི་མིན་ཟེར་རྒྱུ་ཡིན་ནམ།
    ༥་་་རིམ་གྱིས་བོད་ཡིག་དང་བོད་སྐད་ཤེས་པར་བྱས་ནས་བོད་མིར་འགྱུར་དགོས་སམ།
    མ་མཐོང་སེམས་ཀྱི་གྲོགས་པོ་ལགས་ལ་བསམ་ཚུལ་དྲང་བོར་ཞུས་པ་ཡིན་ལགས།

  20. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-22 at 3:37 am

    རྩམ་དགའ་ལགས།
    དང་བོའི་ལན་དུ། རེད་མི་རིགས་ནི་སྐད་དང་ཡི་གེ་སྟེང་ནས་འཇོག་དགོས་ཀྱི་ཡོད།
    གཉིས་པའི་ལན་དུ། སྐྱེ་ནས་འཆི་བའི་བར་དུ་ལྐུགས་པའི་སྐྱེ་བ་བླངས་པ་དེ་ཚོར་ལས་དབང་གིས་དམིགས་བསལ་སྤྲད་ཡོད་པ་ཡིན།
    གསུམ་པའི་ལན་དུ། དེ་དུས་བོད་ལ་བོད་ཀྱི་སྐད་ཡོད་པའི་བོད་པ་ལོས་ཡིན།
    བཞི་བའི་ལན་དུ། སྐྱེ་མ་ཐག་པའི་མི་དེ་ནི་བོད་མི་ཡིན་མིན་ག་ལེར་བལྟ་དགོས་ཀྱི་ཡོད། བོད་སྐད་དང་བོད་ཡིག་མི་ཤེས་པའི་མི་དེར་གྱུར་ཉིན་བོད་མི་མིན།
    ལྔ་བའི་ལན་དུ། དེ་ལྟར་ངེས་འཛིན་བྱས་པ་ཡིན་ན་འགྲིག་གི་ཡོད།

    དེ་ཙམ་གྱིས་འདོད་པ་མ་ཚིམས་ན་ག་ལེར་དྲིས་ཤིག་དང་ལན་འདེབས་བྱེད་ཆོག་ལགས།

  21. རྩམ་དགའ། says:
    2010-04-22 at 6:38 am

    གྲོགས་ལྷ་ཀླུ་གཉན་གསུམ་ལགས་་་་ཐུགས་རྗེ་ཆེ་ལན་གནང་བ།
    རེད་་་་མི་སོ་སོར་བསམ་བློ་མི་འདྲ་བ་རེ་ཡོད་དུས་ངེད་གཉིས་འདིའི་ཐད་ལ་ཁ་མཐུན་རང་མི་ཡོང་གི
    ཡིན་ནའང་སྐྱོན་མི་འདུག་་་་སྐུ་ཉིད་ནི་བོད་མི་རིགས་དང་སྐད་ཡིག་ལ་དུང་དྲག་པས་བསམ་ཚུལ་འདི་བཏོན་གནང་བར་ངེད་ཀྱིས་སྔར་ས་ནས་ཤེས་ཡོད། དེ་ཡིན་ཙང་མི་ཆུང་ཁོ་བོས་ད་ནས་གྲོགས་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་བཏང་གིན་མིན། བདེ་མོར་བྱོས།

  22. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-22 at 5:10 pm

    རྩམ་དགའ་ལགས། ང་ཚོའི་སྐད་ཆ་འདི་འདྲ་ཞིག་གླེང་བཞིན་པའི་སྐབས་སུ་ཆེ་ཆུང་ཞིག་གཏན་ནས་མེད་པ་ཐུགས་སུ་བཟུང་དེ་རྗེས་ཕྱོགས་ག་རེ་འདྲི་འདོད་ཡོན་འདྲི་རྐྱང་བྱོས། གང་ཤེས་པ་ལྟར་ལན་འདེབས་ཀྱང་བྱེད་ཁོ་ཐག་ཡིན་ལགས།

  23. མདོ་ལྷ་ཁམས་པ། says:
    2010-04-22 at 7:57 pm

    ལྷ་ཀླུ་ལགས། ཡང་བསྐྱར་བཀའ་འདྲི་ཐེངས་གཅིག་ཞུ་ཆོག་པ་བྱས། ཁྱེད་ཀྱིས་བདག་གི་དྲི་བའི་ལན་དུ་བོད་མི་ཡིན་ན་རང་གི་ཕ་སྐད་ཡག་པོ་ཤེས་དགོས་པ་དང་། བསྐུར་ཡིག་འབྲི་བ་ལ་དཀའ་ངལ་མེད་པ་ཞིག་ཡིན་དགོས། དེ་མིན་ན་བོད་པ་མིན་ཟེར་གྱིན་ཡོད་པ་འདྲ།
    ངས་ཁྱོད་ཅིག་འདྲི། ཕ་སྐད་ཡག་པོ་ཤེས་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་གི་རེད། ཤོད་ཤེས་་བ་ལ་གོ་དགོས་གི་རེད་དམ། ཉན་ཤེས་པ་ལ་གོ་དགོས་གི་རེད་དམ། དེ་ཡང་ལུང་ཆུང་ནང་གི་རང་གི་གྲོང་སྐད་ལ་གོ་ན་འགྲིག་གི་ཡོད་དམ།
    དེ་བཞིན་དུ་བསྐུར་ཡིག་འབྲི་བ་ལ་དཀའ་ངལ་མེད་པ་ཟེར་བ་དེ་གང་འདྲ་ཞིག་ཡིན་དགོས་གི་རེད།
    སུམ་རྟགས་དག་གསུམ་གྱི་འགྲོས་དང་ཡོངས་སུ་མ་འགལ་བའི་ཐོག་ནས་ཡིག་བསྐུར་རྣམ་བཞག་དང་ཡང་མ་ནོར་བར་བབྲི་ཤེས་མཁན་ཞིག་ཡིན་དགོས་སམ།
    དེས་ན། དེ་ལྟ་བུའི་བོད་སྐད་་ལ་ཐོགས་པ་མེད་པ་དང་ཡིག་བསྐུར་་ལ་བྱང་ཆུབ་པའི་བོད་མི་ཡིན་པ་ཞིག་དེང་གི་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་སུ་ཚོད་དཔག་ཅིག་བྱས་ན་ག་ཚོད་ཅིག་ཡོད་དམ། མཛུབ་མོ་ནང་དུ་བཀུག་ནས་་གྲངས་ཀ་ཞིག་རྒྱོབས་དང་། ལྷ་ཀླུ་གཉན་གསུམ།།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme