Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱི་གཏམ་འཕྲིན།

Posted on 2016-03-07 By ཁ་བརྡ 44 Comments on བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱི་གཏམ་འཕྲིན།

Screen Shot 2016-03-07 at 1.16.55 PM

Screen Shot 2016-03-07 at 1.14.56 PM

གསར་འགྱུར།

Post navigation

Previous Post: དཔའ་བོ་གཉིས་ཀྱིས་ལུས་སྲོག་མཆོད་མེར་ཕུལ།། བློ་བཟང་སེང་གེས་རོ་ཐོག་ཞབས་བྲོ་འཁྲབ།།
Next Post: ནད།

Comments (44) on “བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱི་གཏམ་འཕྲིན།”

  1. ཇུང་ཏོག་ says:
    2016-03-07 at 4:02 am

    ཧ་ཧ་ཁྲིམས་འགལ་དང་སྒྲིག་འགལ་བྱེད་མཁན་གྱི་སྐད་ཆ་རང་རེད་གཟའ་ཉི་མ་ལ་རྩ་དགོང་ཞུས་རྩ་དགོང་བཏང་ཧ་ཧ་དགོང་ཞུ་དགོས་པའི་འབྲེལ་བཤད་ལ་གཅིག་ལྟོས་དང་གོ་བརྡ་འཕྲོད་ཀ་།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-03-07 at 4:09 am

    བློ་སེང་གིས། བདེ་སྐྱིད་ཆོས་དབྱངས་བེད་སྤྱོད་ལོག་པར་སྤྱད་པ་ཡིན་ནམ། ཡང་ན། བདེ་སྐྱིད་ཆོས་དབྱངས་ཀྱིས། དྲིན་ལན་ལོག་འཇལ་བྱས་པ་རེད། ང་ནི་མགོ་འཐོམས་སོང་ངོ་།།

  3. གངས་ཕྲུག། says:
    2016-03-07 at 4:28 am

    རྔ་སྐད་ལ་ལྟོས་ནས་འཆམ་རྒྱབ་རྒྱུ་ནི་ཟློས་གར་བའི་བྱ་བ་རེད། རྔ་སྒྲ་དང་རྡོག་སྒྲ་འགྲིག་མིན་ནི་ཟློས་གར་བའི་སྒྱུར་རྩལ་རེད། ལྟོས་ཨ་་་་་་་་་་་་་་

  4. གྲགས་པ། says:
    2016-03-07 at 4:29 am

    བདེ་སྐྱིད་ཆོས་དབྱངས་ལགས། ཁྱེད་ཀྱིས་བློ་ཕམས་ཡོད་གསུངས་ནས་དགོངས་པ་ཞུས་པ་དང་གསལ་བསྒྲགས་སྤེལ་སོང་་བ་དང་། དེ་རིང་༢༠༡༦ ལོའི་སྤྱི་ཟླ་ ༣ ཚེས་ ༢༠ ཉིན་འོས་བསྡུ་ཆེན་མོའི་བགྲོ་གླིང་ལ་ཞུགས་ཆེད་དགོངས་པ་ཞུས་པ་ཡིན་གསུངས་པ་གཉིས་གཏན་ནས་མི་མཐུན་པས་མགོ་ཇེ་འཐོམ་དུ་བཏང་སོང་། གསལ་བཤད་ཡག་སྡུག་ག་རེ་ཡོད་ན་ད་བཤད་དགོས་པ་རེད།

  5. ལས་བྱེད་ཀླུ་མ་ཞིག says:
    2016-03-07 at 4:40 am

    ཡིག་ཆ་འདི་འདྲ་ཞིག་འགྲེམ་སྤེལ་རྒྱུ་ཆེད་ཁྱེད་ཀྱི་བཀའ་བློན་ནས་དགོངས་པ་ཞུ་པ་ཧ་ལས་སོང་། ཡིག་ཆ་འདི་བཀའ་བློན་ཡིན་ན་ནང་དོན་རྣམས་བཀའ་བློན་ཙམ་མ་ཡིན་པར་མི་སུ་རུང་ཀྱང་གསུང་ཆོག བཀའ་ཟུར་མཆོག་ཁྱེད་ཤིན་ཏུ་ཡ་མཚན་ཞིག་རེད་འདུག རི་ཆེན་པོ་དོང་འབྲུ་ནས་ཅི་ཅི་མ་ཏོག་འདོན་མ་སོང་།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-07 at 4:55 am

    ངས་ནི་གནས་ཚུལ་གལ་གནད་ཅན་ཞིག་བཤད་རྒྱུ་ཡོད་རེད་དྲན་སོང་། ད་བྱས་དུས་འཆར་ཅན་བཤད་ཡ་ཐོག་ལག་ལེན་ལ་མེད་པ་དེ་འདྲ་དེང་སང་སྤྱི་ཚོགས་ནང་རྒྱུན་འབྱམས་རེད་ཡོད། མནོ་ཡག་པོ་མ་བྱས་ནས་ཁྱི་ཁར་ཁྱི་ཟུག་གིས་ཕྱི་འབྲེལ་བཀའ་བློན་རྐུབ་སྟེགས་དེ་གཡུག་ནས་རེ་བ་ཚང་མ་ཆུ་ནང་གཡུག་སོང་གདའ། དགྲ་དགའ་གཉེན་སྡུག་བྱས་སོང་གདའ། ཀླད་པ་དཀྲུག་མ་ཤེས་ན་ལས་ཀ་ཚང་མ་འདི་འདྲ་རེད། བོད་མིའི་ལ་རྒྱར་གནོད། རང་གི་མཐོང་ཡང་དམའ། རྗེས་མ་བོད་དོན་ཆེད་གང་ནུས་བྱས་ཀི་ཡིན་ཟེར་བ་རྫུན་མ་རང་རེད་དོ།།

  7. ནག་ཆུ་ཀུན་དགའ། says:
    2016-03-07 at 5:02 am

    བརྡ་ཆེན་པོ་གཉིས་བཏང་འདུག། དོན་དངོས་ཐོག་སྲིད་སྐྱོང་འོས་ཆོས་སྟེང་ནས་བློ་བཟང་སེང་ལ་མི་འོས་པར་བསྟན་པར་མ་ཟད་ཁོང་གི་མི་གཞི་ལ་ཟུར་ཟ་བྱས་འདུག། དགོངས་པ་ཞུ་དོན་ཡང་གཙོ་བོ་བརྡ་སྟོན་འདི་རང་ཡིན་པར་མངོན་འདུག། གཉིས་པ་དེ་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་མི་རུང་བསྟན་ཞོར་གོང་ས་མཆོག་ལ་གུས་བཀུར་དགོས་ཟེར།
    གང་ལྟར་ལས་ཐོག་སྲིད་སྐྱོང་ལ་ངོ་རྒོལ་རེད་འདུག། འོས་བསྡུས་ཚར་རྗེས་དངོས་སུ་མིང་འདོན་གྱིས་སྐྱོན་བརྗོད་བྱ་རྩིས་ཡིན་པ་འདྲ། དངོས་གནས་སྙིང་སྟོབས་ཡོད་ལ་མེད་ལ་གཅིག། ཡིན་ལ་མིན་ལ་གཅིག་གནང་འདུག།

  8. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2016-03-07 at 5:08 am

    བཀའ་ཟུར་ཁོང་གི་གསལ་བསྒྲགས་འདི་ལས་༼བ་དེའི་ཉལ་སྟངས་ལ་བལྟས་ན་བེའུ་འཇིང་སྐྱོག་ཞིག་སྐྱེས་རྒྱུ་ཡིན་པ་གཏན་འཁེལ་བཞག༽
    ཁོང་གིས་གོ་རྒྱུ་ཡོད་པའི་བརྡ་ཁ་ཤས་བཏང་སོང་ཡང་། བརྡ་འདི་ལས་རང་རང་སོ་སོའི་མཐུན་ཕྱོགས་ཀྱིས་རང་མཁོ་གང་དགོས་སྤྱོད་པར་བྱེད་པ་ལས། བཀའ་ཟུར་ཁོང་རང་ཉིད་ཀྱིས་ཐོག་མའི་དམིགས་ཡུལ་ཇི་བཞིན་མངོན་འགྱུར་ཡོང་བར་ད་དུང་ཡང་བར་ཐག་ཧ་ཅང་རིང་། དེ་ནི་གསལ་བསྒྲགས་འདི་ཁ་གསལ་མེད་པ་དང་། དོན་དག་གམ་གནད་དོན་ཁག་དམིགས་སུ་བཀར་ནས་མཁོ་འདོན་གནང་མེད་པས་རེད། ༼གཅིག་བྱས་ན་ཁོང་ལ་མི་སྣ་མང་པོས་གནད་དོན་ཁག་ཁ་གསལ་མི་འདོན་རྒྱུའི་ཁ་བརྡ་ཞུས་པ་ཡིན་སྲིད། ཡང་ན་རྒྱ་ནག་གིས་བདུན་ཕྲག་སྔོན་མར་ཁོང་གིས་བཀའ་བློན་ལས་རྩ་དགོངས་ཞུས་པའི་གནས་དོན་དེའི་སྐོར་གླེང་སློང་བྱས་ཙང་། མུ་མཐུད་རྒྱ་ནག་གིས་ལག་ཆར་བེད་སྤྱོད་མི་ཡོང་ཆེད་དམིགས་སུ་བཀར་ནས་གསུང་རྒྱུ་ཡོད་པ་རྣམས་མ་སོང་པ་ཡིན་ཤས་ཆེ། ཡང་ན་ལས་ཐོག་སྲིད་སྐྱོང་མཆོགབཀའ་མོལ་གྱི་རྩལ་ཡང་པར་རྟེན་བཀའ་ཟུར་མཆོག་གི་མདའ་དེ་རང་ཉིད་ལ་ཚུར་ཕོག་ཉེན་ཆེ་བར་གཟིགས་པ་ཡང་ཡིན་སྲིད། ༽
    གང་ལྟར་། ཁོང་གིས་བཀའ་བློན་ལས་རྩ་དགོངས་ཞུས་པའི་དུས་ཚོད་དེ་འགག་རྩ་ཞིག་གདམས་སོང་ལ། བཙན་བྱོལ་བོད་མིའི་མ་འོངས་ཆབ་སྲིད་ལ་ཕན་ཐོགས་ཡོང་བའི་ལམ་ཞིག་བསྟན་སོང་།
    འོན་ཡང་ཁོང་གིས་དགོངས་པ་ཞུ་བའི་ཉིན་དེ་དང་། ལས་ཐོག་སྲིད་སྐྱོང་ལ་དགོངས་ཞུ་ཕུལ་བའི་ས་ཆ་དེ་གདམས་སྟངས་ནོར་སོང་། ཉིན་དེ་ནི་རེས་གཟའ་ཉི་མ་རེད། གནས་དེ་ནི་སྲིད་སྐྱོང་གི་གཟིམས་ཤག་རེད།
    མཐའ་འཇུག་ཁོང་གི་དགོངས་པ་ཞུ་དགོངས་པའི་གསལ་བསྒྲགས་དེ་རྣམས་ཀྱི་ནང་དོན་རྣམས་ཁ་གསལ་བ་ཡོང་བའི་རེ་བ་ཞུ།།

  9. ཇུང་ཏོག་ says:
    2016-03-07 at 5:08 am

    རེ་བ་ཆེན་པོ་བྱས་ནས་བསྡད་ཡོད་ད་གཞི་ནས་ཧ་གོ་སོང་
    སྤྱི་འཐུས་གྲོས་ཚོགས་ནས་གོྈཆོད་མི་འདུག་འདི་འདྲ་བཀའ་བློན་ལ་ག་འདྲ་བྱས་ནས་བཏང་བ་རེད་གསལ་ལ་གཅིག་ཉོན་དང་མི་མང་དཀྱུས་མའི་སྐད་ཆ་རང་ལོ་བཞིའི་དུས་ཚོད་བསྐྱལ་ཐུབ་ཙམ་རེད་སྐབས་རྗེས་མའི་བཀའ་ཚོ་འདི་འདྲ་མི་ཡོང་ཆེད་སྤྱི་འཐུས་ནས་འགན་ངེས་པར་བཞེས་དགོས་རེ་གཟའ་ཉི་མ་ལ་རྩ་དགོང་ཞུས་རྩ་དགོང་བཏང་།
    ཁྲིམས་དང་སྒྲིག་གཞི་ངོ་མ་ཤེས་།
    ལམ་དང་ལུགས་སྲོལ་ངོས་མ་འཛིན་།
    ཡ་རབས་བཟང་སྤྱོད་དང་ཡོངས་སུ་འགལ་བའི་བཀའ་ཤག་
    མི་མང་མདུན་དུ་ངོ་ཡང་ཚ་།ཨ་ཁ་ཁ་ཁ་

  10. ཇུང་ཏོག་ says:
    2016-03-07 at 5:16 am

    ད་སྲིད་སྐྱོང་བློ་སེང་དང་བཀའ་བློན་ཚོ་བཅས་ཉལ་ཆས་གདམས་ཏེ་རང་ཁྱིམ་དུ་འཐོན་རྒྱུའི་སྒྲ་སྒྲིག་གནང་རོགས་ཐུགས་རྗེའི་གཟིགས་ཁ་བྲོ་།

  11. ཅོ་རི་ཉི་མ། says:
    2016-03-07 at 5:28 am

    རྩ་དགོངས་བཀའ་ཟུར་ལགས་ཀྱིས་་་ཟོལ་མེད། དོན་དངོས་རྗོད་མཁན་དང་། དྲི་ལན་དྲེང་པོར་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས།་་་་ཅེས་བཤད་འདུག དྲེང་པོར་ཞེས་ཚིག་འདི་ཚིག་མཛོད་ནང་དུ་མི་འདུག ཚོད་དཔག་བྱས་ན་དྲང་པོར་ཞེས་དོན་མིན་ནམ་སྙམ།

    རྩ་དགོངས་བཀའ་ཟུར་འདིས་གྲོས་ཚོགས་ནང་དུ་སྤྱི་འཐུས་རྣམས་ཀྱི་དྲི་བ་ལ་ལན་འདེབས་བྱས་སྐབས་སྤྱི་འཐུས་རྣམས་འུ་ཐུག་དགོས་པ་དང་། བོད་མི་དམངས་ངོ་ཚ་དགོས་པའི་ལན་འདེབས་ཤིག་མ་གཏོགས་ཐུབ་མེད།

    བཙན་བྱོལ་བའི་ལོ་རྒྱུས་ཀྱི་ཐོག་ཏུ་དྲི་ལན་ཡག་པོ་འདེབས་མི་ཐུབ་མཁན་གྱི་བཀའ་བློན་མོ་རང་འདྲ་བ་སུ་ཡང་བྱུང་མེད་པ་རེད། དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱི་དྲི་བ་བཏང་དུས་སྐད་ཆ་ག་འདྲ་བཤད་མ་སོང་ངམ། བོད་དོན་རྒྱབ་སྐྱོར་བ་རྒྱ་རིགས་གཅིག་སྟོང་མ་ཟིན་ཙམ་ཟེར་བ་མ་གཏོགས་་་ཁ་གསལ་པོའི་གྲངས་ཀ་ཏག་ཏག་མི་འདུག་ཟེར་ནས་བཤད་ཡོད་པ།

    འདི་ལ་་ https://www.youtube.com/watch?v=v_hh60zKwOI

    དེ་ནས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་གཙོ་པའི་སྤྱི་འཐུས་རྣམས་ཀྱིས་བཀའ་བློན་མོའི་ལན་ཁ་གསལ་གནང་གི་མི་འདུག་ཟེར་ནས་སྐད་ག་ཚོད་བརྒྱབ་མ་སོང་ངམ། དེ་རིང་ལན་ཕྱི་གསལ་ནང་གསལ་རྒྱབ་མཁན་དགོས་རེད་ཟེར་ནས་བཤད་ཀྱི་འདུག ་་་ཧཧ མོ་རང་གིས་ལན་ཁ་གསལ་པོ་དང་། ཕྱི་གསལ་ནང་གསལ་བརྒྱབ་མ་ཐུབ་ནས་སེང་གེའི་བཀའ་ཤག་གི་ཞབས་འདྲེན་བཞག་བཅུག་པ་རེད། ངོ་ཚ་མེད་པ་རང་རེད།

  12. བེ་རེ་གདོང་ནག says:
    2016-03-07 at 5:41 am

    ཅོ་རི་་ཆོ་མེད་རང་རེད། བཀའ་བློ་མཆོག་གི་བོད་དོན་རྒྱབ་སྐྱོར་བ་གྲངས་ཀ་ཁྱོད་ལ་ནང་མི་ག་ཚོད་ཡོད་པའི་དྲི་ལན་ནང་བཞིན་གསལ་པོ་གྲངས་ངེས་ཅན་ག་འདྲ་་རྒྱག་ཐུབ་ཀྱིན་རེད། རྒྱ་ནག་ནང་དུ་ས་ཡ་ཆིག་སྟོང་སུམ་བརྒྱ་དང་ཕྱི་ལོག་ཏུ་རྒྱ་མི་བྱེ་བ་གཉིས་ཡོད་རབས་འདུག་ན་བོད་ལ་ཤ་ཚ་མཁན་ག་ཚོད་དགོས་དགོས་ཡོད་རྒྱུ་རེད།

  13. ལྷ་མོ། says:
    2016-03-07 at 5:50 am

    ད་བདེ་སྐྱིད་ཆོས་དབྱངས་ཀྱིས་ཞབས་འདྲེན་ཞུས་འདུག སྙིང་རྗེ། ཀླད་པ་མེད་ན་མཐའ་མ་འདི་འདྲ་ཞིག་མ་གཏོགས་གཞན་ཡོང་རྒྱུ་ཅི་ཡོད། མོ་རང་གྱོང་རག་འདུག

  14. ཁྲག says:
    2016-03-07 at 6:08 am

    འོས་བསྡུ་རྗེས་ལ་བློ་སེང་གི་མགོ་བོ་ཚལ་བ་བརྒྱད་དུ་གོས་པའི་འགད་རྫས་ཤིག་བདེ་སྐྱིད་ཆོས་དབྱངས་གིས་གཡུགས་གི་རེད། སྐབས་དེར་གཞུང་སྒེར་གྱི་རྩིས་གསལ་པོ་ཞིག་རྒྱག་ཡ་ཡིན་པ་གཏན་ཁེལ་པ་རེད། མང་པོ་ཞིག་ཤེས་ཀྱི་མེད་པའི་བཟོ་སྟོན་གྱི་འདུག་ཀྱང་། དེ་དུས་བཀའ་ཤག་དང་བློ་སེང་གིས་རྔ་མ་ཇི་ལྟར་བདག་རྒྱག་གི་བལྟ་ཆོག་གི་རེད། བྲེལ་བ་མ་བྱེད། སྟོན་མོ་རྗེས་ནས་སྟོན་གི་རེད།

  15. ཅོ་རི་ཉི་མ། says:
    2016-03-07 at 6:16 am

    རྗེས་སུ་བློ་སེང་ལ་བརྩིས་རྒྱབ་ཀྱི་ཟེར་བའི་སྐད་ཆ་དེ་དག་སྙིང་པོ་མེད་པའི་ཆུའི་ནང་གི་དུག་དྲི་དང་གཅིག་པ་རེད་དོ། མོ་ལྟ་བུའི་ཀླད་མེད་ལྕེ་ལོང་ཞིག་གིས་བློ་སེང་ལ་ཟོལ་བལྟ་བཟོ་ཡི་ཡིན་ཟེར་བ་ནི་བོང་བུས་སེང་གེ་གསོད་ཀྱི་ཡིན་ཟེར་བ་དང་གཅིག་པ་འདྲ་པོ་རེད་གདའ།

  16. བདེན་པའི་རྒྱབ་ལངས། says:
    2016-03-07 at 6:16 am

    བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ནས་འགན་འཁུར་ཡོད་པའི་གསལ་བསྒྲགས་ཚིག་ཉུང་ལ་དོན་སྙིང་ལྡན་པའི་བདེན་གཏམ་གཤལ་གསལ་འགོ་བརྗོད་རྣམས་ལ་ཧ་ཅང་གི་གོ་རྒྱུ་ཆེན་པོ་འདུག་ག
     ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་པ།
     ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས།
     ཟོལ་མེད།
     ལས་དོན་མཉམ་རུབ་ཀྱིས་སྒྲུབ་མཁན།
     ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན།
     གཞན་པ་ལ་བརྩི་བཀུར་ཡོད་པ།
     ཁེངས་སྐྱུང་།
     གདེངས་ཚོད།
     ཆོལ་ཁའི་ཕྱོགས་ཞེན་ལས་བརྒལ་བ།

  17. ཅོ་རི་ཉི་མ། says:
    2016-03-07 at 6:21 am

    ཆོལ་ཁའི་ཕྱོགས་ཞེན་གྱིས་བཟི་ནས་མོ་རང་བཀའ་བློན་བསྐོས་མཁན་གྱི་སྲིད་སྐྱོང་སེང་གེ་ལ་རྐུབ་སྟོན་ནས་འགྲོ་མཁན་ཞིག་གིས་ངོས་ནས་ཆོལ་ཁའི་ཕྱོགས་ཞེན་མེད་མཁན་དགོས་མདོག་གིས་སྐད་ཆ་དེ་དག་ནི་འུག་པའི་རྫུན་དྲུག་དང་འདྲ་པོ་རེད་འདུག་ག

  18. ཅོ་རི་ཉི་མ། says:
    2016-03-07 at 6:27 am

    མོ་རང་གིས་ལོ་བཞི་དང་ཕྱེས་ཁའི་རིང་དུ་བཙན་བྱོལ་བོད་མིའི་སྐྱོབ་གསོ་ཡི་སྒོར་མོར་ལོངས་སྤྱོད་ནས་རྒྱ་རིགས་ཚོ་དང་མཉམ་དུ་གང་ཞིམ་གང་མངའ་ཟས་ནས་ཁ་ཇ་ཆང་ཤ་རེ་འཚོ་བ་བསྐྱེལ་གྱི་བྱུང་བ་དེའི་བུ་ལོན་འཇལ་གྱི་ལྷག་པ་ཤེས་ན་ཡག་པོ་འདུག་ག

  19. ཅོ་རི་ཉི་མ། says:
    2016-03-07 at 6:45 am

    སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་རྫུན་མང་པོ་བཤད་སོང་བ། ནང་སྲིད་བཀའ་བློན་གྱིས་ཀྱང་རྩ་དགོངས་ཞུ་ཡི་རེད་ཟེར་ནས་ག་ཚོད་བསྒྲགས་མ་སོང་ངམ། ཁྱོད་ཚོའི་རྫུན་རྐུབ་ནང་སྲིད་བཀའ་བློན་གྱིས་བཏོན་ཚར་སོང་བ། ད་ག་རེ་བཤད་ཡ་ཡོད་དམ།

    ཆོལ་ཁའི་ཕྱོགས་ཞེན་ནི་ཁྱོད་ཚོས་སྤེལ་སོང་།
    དད་པ་ལོག་སྤྱོད་ནི་ཁྱོད་ཚོས་བྱས་སོང་།
    སྤྱི་ཚོགས་དཀྲུགས་ཤིང་ནི་ཁྱོད་ཚོས་བརྒྱབ་སོང་།
    བཀའ་བློན་རྩ་དགོངས་ནི་ཁྱོད་ཚོས་ཞུས་སོང་།
    ཡ་རབས་བཟང་སྤྱོད་ནི་ཁྱོད་ཚོས་དོར་སོང་།
    རྫུན་དང་ཧམ་པ་ནི་ཁྱོད་ཚོས་བཤད་སོང་།་་་་ཧཧཧ སྲིད་སྐྱོང་རྐུབ་སྟེགས་ཆེད་དུ་མི་བྱས་དགུ་བྱས་བྱས་སོང་། ད་ག་རེ་བྱེད་ཡ་ཡོད་དམ། མི་གསོད་པ་དང་འོས་སྒམ་བཙན་འཕྲོག་འདྲ་བྱེད་ན་མ་གཏོགས་གཞན་ཅང་ལྷག་མ་སོང་བ།

  20. ཀརྨ་བློ་གསལ་ says:
    2016-03-07 at 6:50 am

    ༡བཀའ་ཟུར་འདིས་རང་བསྲེག་ངོ་རྒོལ་གཏོང་མཁན་གྱིས་བོད་རང་བཙན་ལབ་མ་མྱོང་ཞེས་རྒྱལ་སྤྱིའི་བོད་དོན་རྒྱབ་བསྐྱོར་གྱི་ཚོགས་ཆེན་སྟེང་ལབ་ཡོད་པས། ངན་རྐྱེན་འདག་ཐུབ་མེད་པ་ཞིག་བསྐྲུན་ཡོད། གཞན་སྐྱོན་གླེང་སྐབས། རང་སྐྱོན་ཡང་མཐོང་དགོས་ཀྱི་ཡོད།

    ༢གོང་ས་མཆོག་དང་ཟམ་གདོང་བླ་མའི་བསྟོད་པ་རང་ཉིད་ལ་བརྩི་བཀུར་ཐོབ་བྱེད་དུ་མི་བཀོལ་པ་ཟེར་བ་འདི་ཡག་པོ་འདུག དེང་སྐབས་བློ་སེང་དང་སྤེན་ཚེ་གཉིས་ནས་འགྲན་བསྡུུར་བྱེད་ཀྱིན་པའི་སྒང་ཡིན། སྒོས་སུ་སྤེན་ཚེ་ནས་གོང་ས་མཆོག་ནས་ཟམ་གདོང་། ཐ་ན་སྐུ་སྒེར་དྲུང་ཆེ་ཁག་ཀྱང་དྲུད་ཡོང་ནས་ཁོ་རང་ནི་དགའ་ལྡན་ཕོ་བྲང་འདོད་པ་ཡོད་མཁན་གཅིག་པུ་ཡིན་པའི་བཟོ་ལྟ་སྟོན་བཞིན་ཡོད། ཚད་ལས་བརྒལ་ནས་གོང་སས་ཞལ་རྫུན་གསུངས་ཚུལ་ཡང་ལབ་ཀྱིན་ཡོད།

  21. ཨ་ཁུ་འབྲོག་པ། says:
    2016-03-07 at 6:54 am

    བདེ་སྐྱིད་ཆོས་དབྱངས་ཀྱིས་བློ་བཟང་བསང་སྒྱེ་ལ་དོན་ཚན་དགུ་ཅན་གྱི་དགུ་གཏོར་ཞི་འཕངས་འདུག དགུ་གཏོར་འདིའི་དོན་དག་མདོར་བསྡུས་ན། སྲིད་སྐྱོང་ལ་ཚང་དགོས་པ་དོན་ཚན་དགུ་ཅན་འདི་བློ་བཟང་བསང་སྒྱེ་ལ་ཚང་གི་མི་འདུག འོས་ལྡུག་མཁན་ཚོས་ནོར་མི་ཉེན་ནོ། ཟེར་བ་རེད།

  22. རྒྱ་ཞིང་མྱི་དཀར། says:
    2016-03-07 at 8:04 am

    བདེ་སྐྱིད་ཆོས་དབྱངས་ལགས་ཐུགས་རྗེ་ཆེ་ངོ་མ་འགན་ཡོད་པའི་སྐད་ཆ་གོ་རྒྱུ་ཡོད་པའི་སྐད་ཆ་མང་པོ་གསུང་འདུག་མ་འོངས་བ་ཁྱོད་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

  23. རྫ་ཆུ་སྔོན་མོ says:
    2016-03-07 at 9:29 am

    གཏམ་འཕྲིན་གནད་བསྡུས་འདི་ནི། བཀུར་འོས་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ད་ལྟའི་སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེང་གེ་སྐབས་བཅོ་ལྔ་པ་སྟེ་འབྱུང་འགྱུར་གྱི་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཏེ་ཁོང་གི་སྐྱོན་དང་འཁྲུལ་མང་པོ་ཞིག་བོད་རྒྱ་ཆེའི་མང་ཚོཊ་ལ་ཤུཊ་བསྟན་བྱས་ཏེ། ཁྱེད་ཚོས་མ་བརྟག་མ་དཔྱད་པར་ཡང་བསྐྱར་བློ་བཟང་སེང་གེ་ལ་སྲིད་སྐྱོང་གི་ཞབས་སྟེགས་ཕུལ་བ་ཡིན་ན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་པོ་མཆོག་དང་རང་རེའི་མི་རབས་རྒན་པ་ཚོས་མི་ལོ་ཧྲིལ་པོ་དྲུག་ཅུ་ལྷག་ལ་ཤ་ཐང་ཐང་གིས་འཛུགས་བསྐྲུན་གནང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉམས་རྒུད་དང་། བོད་རྒྱ་ཆེའི་མང་ཚོཊ་ཁ་འཐོར་དུ་འགྲོ་ཉེན་ཆེ་བའི་ཉེན་བརྡ་བཏང་ཞིག་ཡིན་པས། གནད་དམ་འདི་བོད་མི་ཚང་མས་མཁྱེན་ཆུབ་ཡོད་པའི་ཐོག རང་ཉིད་ལ་བདག་པའི་རྩ་ཆེའི་འོས་ཤོག་གཅིག་པུ་དེ་འཕྲོ་བརླག་ཏུ་མི་གཏོང་བར་བོད་སྤྱི་བ་རང་ལ་བསམས་ནས་བླུག་གནང་ཡོང་བའི་རེ་བ་ཡོད། བོད་རྒྱལ་ལོ། ། བདེན་པ་རྒྱལ་ལོ། །

  24. འཇིགས་བྲལ། says:
    2016-03-07 at 9:32 am

    འདིའི་ནང་ལ་ཞིབ་ཏུ་བལྟས་པ་ཡིན། དྲང་པོ་བཤད་ན། སྐད་ཆ་འདི་ཙམ་ཞིག་བཤད་ཡག་གི་ཆེད་དུ་བཀའ་བློན་ནས་དགོངས་ཞུ་དགོས་པའི་གནད་འགག་གང་ཡང་མཐོང་མ་བྱུང་།

    འདིའི་ནང་སྲིད་སྐྱོང་ལ་གཅིག་དགོས། གཉིས་དགོས་ཟེར་བ་དག་ནི་སུ་ལ་ཚང་ཡོད་མེད་ནི་རང་རང་གི་སེམས་ན་ཡོད་པ་རེད་ལ། དེ་ལ་བརྟེན་ནས་རང་རང་གིས་ཐག་བཅད་ནས་དེ་སྔོན་ཡང་སྔོན་འགྲོའི་འོས་འཕངས་པ་རེད་ལ། དངོས་གཞི་ཡང་འཕེན་གྱི་རེད། རྩ་བའི་སྲིད་སྐྱོང་ལ་བཞེངས་མིར་འོས་ཆོས་གང་དགོས་བཅའ་ཁྲིམས་ཀྱིས་ཐག་བཅད་ཡོད་དུས་ཁྱོད་རང་གིས་གང་གསུངས་པ་བསམ་ཚུལ་རང་ཙམ་རེད། ཁྲིམས་ཐོག་ནས་ཆ་རྐྱེན་འདི་འདྲ་ནམ་ཡང་འཇོག་གི་མ་རེད།

    ཁྱོད་རང་གིས་རྩ་དོན་གཙོ་བོར་གླེང་དགོས་ཟེར་བ་དེ་གནད་འགག་རེད་མོད། ཡིན་ནའང་སྲིད་སྐྱོང་འོས་མི་གཉིས་ཀ་རྩ་དོན་ཐོག་ལྟ་བ་ལངས་ཕྱོགས་གཅིག་ཡིན་དུས་གླེང་རྒྱུ་ཞེ་དྲག་ལྷགས་ཡོད་མ་རེད་ལ། རྩ་དོན་ཐད་བསམ་ཕྱོགས་མི་འདྲ་བ་ཡོད་མཁན་ནི་བཀག་ཚར་བ་རེད་པཱ། དཱ་ད་ལྟ་ཁོང་གཉིས་ལ་ཉིན་ལྟར་བཤད་བཞིན་པ་དེ་ལྷགས་དམིགས་བསལ་བཤད་ཡག་ཅི་ཡོད་མ་རེད། མང་ཚོགས་ལ་འདྲི་ཡག་ཅང་ཡོད་མ་རེད།

  25. རླུང་ཐོག། says:
    2016-03-07 at 9:58 am

    ཧཧཧཧ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་གནམ་ལྕགས་ཐོ་བ་དེ་ཟླ་བ་ཚེ་རིང་དང་སྤེན་པ་ཚེ་རིང་གཉིས་ལ་ཞུས་འདུག་བ། ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་འཐེན་བྱེད་མི་རུང་གསུང་འདུག་བ།

  26. ཇུང་ཏོག་ says:
    2016-03-07 at 11:00 am

    སྲིད་སྐྱོང་གིྈཆ་རྐྱེན་དེ་བཅའ་སྒྲིག་ནང་བཀོད་ཡོད་པ་ཕྱི་དྲིལ་བཀའ་བློན་ནས་མ་མཁྱེན་པ་ཡིན་ས་རེད་། བཀའ་ཟུར་ལགས་བོད་ཡིག་སྦྱོང་རོགས་གནང་དེ་ནས་བཅའ་སྒྲིག་ལ་སློབ་སྦྱོང་ཡག་པོ་གནང་རོགས་ང་ཚོ་མི་མང་དཀྱུས་མ་ངོ་མའི་ངོ་ཚ་གི་།

  27. དྲུག་པ་ཚང་ says:
    2016-03-07 at 11:52 am

    ད་ང་འགོ་མཐོམས་སོང་། ད་ཅི་བྱེད་དགོས་ལེ་རེད།

  28. ལིང་ནག says:
    2016-03-07 at 11:57 am

    ཨ་མ་མ་་་་་ད་ཡིན་ན་བཀའ་ཟུར་ལགས་ཀྱིས་གཏམ་གནམ་ལྩག་ཐོགས་འདྲ་བ་ཞིག་གིས་བློ་སེང་དེར་ཕྱོགས་རེས་བ་རྣམས་ཚལ་བ་བརྒྱད་བཏང་འགུ་གདའ་་་་་་་་་་རིག་བཟང་མ་ཞིག་འགུ་ལེ་ཧཧཧཧཧ

  29. རླུང་ཐོག། says:
    2016-03-07 at 12:07 pm

    བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱི་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་དེ། མི་ལ་ལ་ཞིག་གིས་ཆོལ་ཁ་ལུ་ཚན་གྱིས་འཐེན་འཁྱེར་བྱེད་མི་ཡོང་ངམ་སྙམ་པའི་འཇིགས་སྣང་དང་། ལ་ལ་ཞིག་ཆོལ་ཁ་དང་ལུང་ཚན་གྱི་རྒྱབ་ཏུ་ཡོང་བའི་རེ་སྒུག་བྱས་ཡོད། ཡིན་ཡང་སྔོན་རྒྱ་ནག་གི་གཏམ་རྒྱུད་ཞིག་གི་ནང་དུ། ཕོ་རྒོད་ལུའུ་ཏྲི་ཧྲན་ཟེར་བ་དེས་དྲང་བདེན་གྱི་རྒྱབ་ཏུ་ལངས་ནས། ཚོང་རིའི་ཁྲམ་པ་བཤས་པ་ཏྲིང་ཞེས་པའི་མི་ངན་དེ་ལ་ལྕགས་ཀྱི་ལྒང་བུ་འདྲ་བའི་ཁུར་ཚུར་གསུམ་
    གཞུས་ནས་ཚར་གཅད་པ་བཞིན། དེ་རིང་བཀའ་བློན་བདེ་སྐྱིད་ཆོས་དབྱངས་དྲང་བདེན་གྱིས་རྒྱབ་ཏུ་ལངས་ནས། བདེན་གཏམ་གནམ་ལྕགས་ཐོ་བ་དེ། ཆོལ་ཁ་དང་ལུང་ཚན་གྱི་མིང་ཁུར་ནས་འཐེན་འཁྱེར་བྱེད་མཁན་སྤྱི་མཐུན་ཟླ་བ་ཚེ་རིང་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱི་མགོ་ལ་གཞུས་འདུག་པས། ཁྱེད་ནི་དུས་རབས་འདིས་དྲང་བདེན་དང་རྒྱལ་ཁབ་ལ་བསམ་བློ་གཏོང་མཁན་གྱི་མོ་རྒོད་ཞིག་ཡིན་པ་ར་སྤྲོད་བྱས་འདུག།།

  30. རླུང་ཐོག། says:
    2016-03-07 at 12:15 pm

    ལིང་ནག་་ལགས་ངས་བྲིས་པའི་རྩོམ་ཐུང་རྐུ་མ་བྱེད་པ་འགྲོ་རོགས།

  31. བོད་ཁམས་སྡེ་ says:
    2016-03-07 at 12:38 pm

    ༢༠༡༦ ལོར་བཀའ་སྤྱི་རྣམས་པས་དྲྭ་འབུ་ལས་མེད་ཚོ་ལ་ལས་ཀ་ཡག་པོ་སྤྲོད་སང་ ད་དུང་ཉིན་མཚན་མེད་པར་ཤུགས་མ་རྒྱག་ན་བདུན་ཕྲག་གཉིས་མ་ཟིན་ཙམ་ལས་ལྷག་མི་འདུག་པས་སྤྱི་ཚོགས་འདི་ཐུག་པ་ནང་བཞིན་དཀྲུག་ཐུབ་པ་མི་འདུག་གོ་ ཧཧཧཧཧཧ

  32. གངས་ཅན་པ།། says:
    2016-03-07 at 12:47 pm

    ་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱི་དུས་ཐོག་ཆར་པ་ཞིག་ཕབ་བྱུང་བས་ཤིན་ཏུ་ནས་བཀའ་དྲིན་ཆེ། ཁོང་དགོངས་པ་ཞུས་པའི་སྒྲ་ཐོས་མ་ཐག་ངའི་སེམས་ནང་ཁོང་ངོ་མ་རང་དོན་དོར་ནས་སྤྱི་སེམས་དོན་དུ་གཉེར་མཁན་ཞིག་པ་འཁོར་བྱུང་སྒྲ་ཐོས་མ་ཐག་ངའི་སེམས་ནང་ཁོང་ངོ་མ་རང་དོན་དོར་ནས་སྤྱི་སེམས་དོན་དུ་གཉེར་མཁན་ཞིག་པ་འཁོར་བྱུང་།།

  33. གངས་ཅན་པ། says:
    2016-03-07 at 12:49 pm

    ང་ཚོའི་སྤྱི་ཚོགས་ནང་མཁས་དབང་ཡོད་པས་ཕན་གྱིས་མེད་བོད་མི་རིགས་ལས་དོན་ཕུག་རྒྱང་གཉིས་ལ་ལྟ་ཐུབ་མཁན་ཞིག་དགོས་ཀྱི་ཡོད།།

  34. ཁྱུང་སེ། says:
    2016-03-07 at 1:18 pm

    ཨ་ཁ་བདེ་སྐྱིད་འདི་ངོ་མ་སྙིང་མ་རྗེ།། རང་གིས་ཐོག་མར་ཁས་ལེན་དམ་འབུལ་བྱས་པའི་ཁས་ལེན་དང་འགལ་དང་ནས་བཀའ་བློན་གྱི་ལས་ཡུན་མ་རྫོགས་སྔོན་དུ་ཕྱིར་ཐོན་བྱས་སོང། good by དང་ལེན་མ་བྱས་པར་བློ་ཕམ་གྱི་ངང་ནས་རང་ཉིད་ཀྱིས་རང་ཉིད་ས་ལ་བརྡབ་སོང། བློ་སེང་གིས་ཁྱོད་རང་གནམ་ལ་བསྐྱགས་པར་ཁྱོད་རང་གིས་ཁྱོད་རང་ས་ལ་བརྡབ་སོང། ངས་བདེ་སྐྱིད་ཆོས་དབྱངས་ཟེར་བ་ཁྱེད་རང་བཀའ་བློན་ཆགས་པའི་ཉིན་ནས་མ་གཏོགས་མིང་དེ་གོ་ཡང་མ་མྱོང་ལ་ངོ་ཡང་མི་ཤེས། བྱས་ཙང་ང་དང་འདྲ་བའི་མི་མང་པོ་ཞིག་གིས་ཁྱེད་རང་ངོ་ཤེས་པ་བློ་སེང་གིས་བཀའ་དྲིན་རེད། བྱས་ཙང་ཁྱེད་ཀྱིས་བློ་སེང་ལ་ཐུགས་རྗེ་ལེགས་འབུལ་མེད་པར་ཐལ་ལ་གཏོར་བ་འདི་ལས་འབྲས་ལ་རུང་ངམ། ད་ཚར་བ་རེད། ཁྱེད་ཀྱི་དགོངས་ཞུའི་སྐོར་གྱི་གཏམ་འཕྲིན་དེ་གཏམ་གསར་པ་གང་ཡང་མི་འདུག ནམ་རྒྱུན་བཙན་བྱོལ་བའི་སྲང་ལམ་ལ་བསྒྲགས་པ་དེ་ག་རང་རེད། ཆོས་ཁའི་འཐེན་འཁྱེར་མེད་ན་གང་རེད། ཁྱེད་ཀྱིས་བློ་སེང་དོར་ནས་སྤེན་ཚེ་དགའ་རུ་འཇུག་དོན་ཆོལ་ཁའི་འཐེན་ཁྱེར་མིན་ན་གང་རེད། ད་གཡུག་ཞོག གཏམ་གསར་པ་གང་ཡང་མི་འདུག་ལོ། དེ་ལས་ཁེ་ན་ཊར་ཕར་ལོག་ནས་སྔར་གྱི་ལས་འཕྲོ་དེ་ལས་རོགས། by by

  35. རྟ་བདུན་དབང་བོ says:
    2016-03-07 at 1:58 pm

    རླུང་རྟ་དར་དུས་གང་ཡང་ལེགས་ལམ་འགྲོ། རླུང་རྟ་རྒུད་དུས་ཚང་མ་མར་ལ་འགྲོ།
    སྤེན་ཚེ་སྲིད་སྐྱོང་ཐོབ་ན་ཅུང་ལེགས་ཀྱང་། ཉམས་ཐག་བོད་ཀྱི་རླུང་རྟ་རྒུད་པར་འདུག བློ་སེང་སྐྱར་དུ་ཐོབ་ན་མི་ལེགས་མོད། སླར་ཡང་ཟློས་གར་རིང་མོ་འཁྲབ་པར་ངེས། བོད་ཀྱི་ལས་དབང་འདི་ལ་བཟློག་ཐབས་བྲལ། །

  36. ཨ་ཁུ་འབྲོག་པ། says:
    2016-03-07 at 2:13 pm

    དྲྭ་ལམ་འདི་ཐོག་མི་ཚོས་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱི་གསུང་བཤད་དང་། གསལ་བསྒྲགས་འདི་གོ་ཁག་མདོག་དང་། འདིས་མི་རེ་ལ་གོ་བ་མི་འདྲ་བ་རེ་སྟེར་ཁུལ་བྱེད་པ་ནི་ཡ་མ་བརླ། འདིའི་ནང་དོན་ང་འབྲོག་པས་ཀྱང་གསལ་པོ་གོ་ཡི་འདུག། དེ་ཡང་ཉིན་ཤས་གོང་མི་ཚང་མས་ཁོང་མོས་བློ་བཟང་བསང་སྒྱེ་ཡི་སྐྱོན་འདོན་བྱེད་རྒྱུ་ཡིན་པར་ཚོད་དཔག་བྱེད་ཐུབ་ཡོད་ཀྱང་། ཤུགས་ཆེ་ཆུང་ཅི་ཙམ་བྱེད་མིན་ཚོད་དཔག་ཐུབ་མེད། ད་ལམ་ཁོང་མོས་ཆེ་མཐོང་ལྡན་པའི་ཐོག་ནས་ཚིག་འཇམ་ལ་དོན་གསལ་པོ་གོ་རྒྱུ་ཡོད་པའི་སྐྱོན་མཚང་དམར་རྗེན་དུ་འདོན་པའི་དོན་ཚན་དགུ་ཅན་འདི་གནད་ལ་འཁེལ་བ། དོན་ལ་གནས་པ། བབ་བརླིང་བརྟན་གསུམ་དང་ལྡན་པ་ཞིག་བྱུང་འདུག་པ་བློ་གཟུ་བོར་གནས་ཏེ་བལྟས་ན་ཤེས། དོན་ཚན་དགུ་པོ་འདིའི་དོན་མདོར་བསྡུས་ན། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགན་འཁུར་མི་སྣ་མཐོ་ཤོས་གྱི་སྲིད་སྐྱོང་ལ་མ་མཐར་ཡང་ཚང་དགོས་པ་དོན་ཚན་དགུ་ཅན་འདི་བློ་བཟང་བསང་སྒྱེ་ལ་ཚང་གི་མི་འདུག ཚང་མེད་པ་ངས་ལོ་ལྔ་མ་ཟིན་ཙམ་མཉམ་གཤིབ་བྱས་ནས་ཤེས་སོང། ཕྱི་ནས་བལྟས་པའི་ཡིན་མདོག་ཁ་བོ་འདི་ནང་ནས་བལྟས་ན་མི་འདུག། ཟིལ་བརྗིད་ཁོང་སྟོང་དུས་ཚོད་འཕྲོ་བརླག་གཏོང་མཁན་ཞིག་རེད་འདུག ད་དུས་ཚོད་འཕྲོ་བརླག་མ་གཏོང་། དང་པོ་ངས་ཀྱང་ཡིན་མདོག་ཁ་བོ་འདི་ལ་རྒྱབ་སྐྱོར་བྱས་པ་ཡིན། ང་རང་བོད་མི་མང་སྤྱི་འཐུས་བྱས་ཏེ་འཛིན་སྐྱོང་བཀའ་ཤག་ལ་བཏང་འཛིན་བྱེད་རྒྱུ་ཡོད་པའི་ལས་འགན་དེ་བཞག་སྟེ། ཁོང་གི་བསླུ་བྲིད་འོག་མིང་ཙམ་གྱི་ཕྱི་དྲིལ་བཀའ་བློན་བྱས་པ་དེར་ད་ལྟ་འགྱོད་པ་སྐྱེ་ཡི་འདུག འོས་ལྡུག་མཁན་ཚོས་ཀྱང་མགོ་འཁོར་མི་ཉེན། བསམ་བློ་ཡག་པོ་ཐོངས་མ་གཏོགས་འདིས་སྐྱེལ་ས་གཅིག་ལ་བསྐྱལ་ཡོང་ཟེར་བ་རེད། ད་དུང་ཁོང་མོས། གཞན་ཞིག་གསུང་འདོད་ཡོད་པ་ནི། ང་རང་གི་ཚེ་གང་གཏན་གྲོགས་ལ་གདེང་སྤོབས་ཆེན་པོས་འབུལ་རྒྱུའི་གཅེས་ནོར་ལང་ཚོའི་ཆུ་སྐྱེས་ཀྱི་མེ་ཏོག་གསར་པ་འདི་ཡང་ཏོག་ཙམ་མིན་ན་ཁོང་གིས་རྙིབ་ཏོ་བཟོ་གྲབས་བྱས་སོང་། ༼འདི་ཀུ་རེ་ཡིན།༽བཅས་ཟེར་བ་རེད།

  37. ཚེ་རིང་རྡོ་རྗེ། says:
    2016-03-07 at 4:04 pm

    དངོས་གནས་ཡག་པོ་འདུག ཡིན་ན་ཡང་། ཁ་ཇེ་གསལ་དུ་བཏང་ན་ཡག་ག

  38. ལྷ།བྱ་འཕུར་མ། says:
    2016-03-07 at 4:11 pm

    ཧ་ཧ་ཧ།ཁ་གསལ་གཏིང་གསལ་ཞིག་བཤད་ཡོད་ཀྱི་རེད་བསམ་སོང་། གང་ཡང་མི་འདུག གང་ལྟར་མགོ་འཐོམ་བཅུག་སོང་།

  39. ལྷ།བྱ་འཕུར་མ། says:
    2016-03-07 at 4:22 pm

    མགོ་འཐོམ་སོང་། བཤད་གསལ་རྒྱས་པ་འོས་བསྡུ་སྔོན་མ་བྱས་ན་ཕན་མེད་རེད་དོ་།

  40. གཡག་རྒན says:
    2016-03-07 at 9:38 pm

    སྤུན་ཟླ་རྣམ་པ། ད་རྙོག་དྲ་བཟོས་ན་སྲོང་བཙན་སྒམ་པོ་རོ་ལངས་རྒྱག་རྒྱུ་རེད།

  41. ཐོས་དགའ་རྒྱལ་མོ། says:
    2016-03-07 at 11:57 pm

    བདེ་ཆོས་ལགས། ཁྱེད་ཀྱོ་སྒོ་ང་དེ་པགས་པ་མ་བསུས་ན་ནང་སྙིང་ག་རེ་ཡིན་མིན་མགོ་ཚོས་ཀྱི་མི་གདའ། སྲིད་སྐྱོང་ལས་ཐོག་ལ་ཁྱོད་ཀྱིས་བཏོན་པའི་པའི་འོས་ཆོས་དེ་དག་ལས་གང་དང་གང་ཚང་གི་མེད་པ་རེད་དམ། གང་ཚང་མི་འདུག་གསུང་གི་ཡོད་དམ། ཡང་ན། སྲིད་སྐྱོང་འོས་མི་གཉིས་ཀར་འོས་ཆོས་བཏོན་པ་ཡིན་ནམ། གཞེན་སྐུལ་རེད་དམ། རེ་འདུན་ཡིན་ནམ། ཟུར་ཟ་ཡིན་ནམ། ཡང་ན་་་་་་

  42. དོན་འགྲུབ says:
    2016-03-08 at 12:55 am

    གསལ་བསྒྲགས་ཀྱི་ནང་དོན་དོན་ཚན་གཉིས་ལ་བསྡུ་ན།

    ༡ བཀའ་བློན་ནང་ཕན་ཚུན་དགོངས་པ་མ་མཐུན་པ་ཡོད་པ་ཙམ་དུ་མ་ཟད། གཡོ་ཁྲམ་དང་ཕྱོགས་རེས་ཅན། དྲང་བདེན་ལ་རྒྱབ་ཀྱིས་ཕྱོགས་པའི་བཀའ་བློན་གྲས་བཞུགས་འདོད་མེད་པའི་རྒྱུ་མཚན་གྱིས་རྩ་དགོངས་ཞུས་པ།

    ༢ ད་ལྟའི་སྲིད་སྐྱོང་ལས་ཐོགས་པ་བློ་སེང་ལ་སྲིད་སྐྱོང་གི་འོས་ཆོས་ཚང་གི་མེད་པ།

    དེ་གཉིས་རེད་འདུག

  43. ཅང་ཤེས་རྟ་མཆོག says:
    2016-03-08 at 1:32 am

    བདེ་ཆོས་ལགས། ད་ཁྱེད་ཀྱི་མི་ཚེའི་ཆབ་སྲིད་ཀྱི་རིན་ཐང་དང་ལེའུ་དེ་མཇུག་བསྡུ་སོང་། ཁ་བཙུམ་ནས་བཞུགས་ན་ཡག་ལེ་རེད། ཤ་ཚ།

  44. ལྷ་བྱ་དཀར་པོ says:
    2016-03-08 at 5:02 am

    རྩ་དགོང་ཞུས་དང་རྩ་དགོང་བཏང་།
    ཁྲིམས་དང་སྒྲིག་གཞི་ཡོང་ལ་འགལ་།
    ལམ་དང་ལུགས་སྲོལ་ངོས་མ་འཛིན་།
    ཡ་རབས་བཟང་སྤྱོད་དང་ཡོངས་འགལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme