Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་ཁམས་ཨོ་གླིང་གི་ཉིན་ཐོ་ལས། བྱང་ཆུབ་ཀྱི་ཤིང་།

Posted on 2016-03-072016-03-07 By ཁ་བརྡ 1 Comment on རྒྱལ་ཁམས་ཨོ་གླིང་གི་ཉིན་ཐོ་ལས། བྱང་ཆུབ་ཀྱི་ཤིང་།

eefc562d-ffcf-4921-b12c-dd7a5b5cd104རྫ་ཚེ་རིང་བཀྲ་ཤིས།
 
བདུན་ཕྲག་སྔ་མའི་རེས་གཟའ་སྤེན་པའི་ཉིན་གྲོགས་པོ་འགའ་དང་ལྷན་སིད་ནི་ནས་རྒྱང་ཐག་སྤྱི་ལེ་དྲུག་ཅུ་རེ་ལྔའི་མཚམས་སུ་ཡོད་པའི་སྐད་གྲགས་ཅན་གྱི་ཞིང་ཆེན་འདིའི་ཡུལ་སྐོར་ལྟེ་གནས་རི་སྔོན་པོར་ཕྱིན། ས་དེའི་བོད་པ་ངོ་ཤེས་གསར་རྙིང་དག་གི་ནང་ནས་ལྷོད་ལྷོད་བྱས། ཁོང་ཚོ་དང་མཉམ་དུ་རི་སྔོན་པོ་དང་བྲག་གི་བུ་མོ་མཆེད་གསུམ་སོགས་གདོད་མའི་ནགས་ཀྱི་ཀློང་ཆེན་མོའི་ཡིད་འཕྲོག་པའི་ལྟད་མོར་ཡང་བལྟས། འདི་ནི་འཛམ་གླིང་རིམ་པའི་རང་བྱུང་རྗེས་ཤུལ་གལ་ཆེན་དང་། ཨོ་གླིང་གདོད་མའི་མི་རིགས་ཀྱི་གནས་རི་གལ་ཆེན་དུ་རྩི།

མཚམས་འདིར།
ཧི་མ་ལ་ཡའི་སྤྲིན་རྒྱ་མཚོ་བརྟོལ། །
ཨོ་གླིང་ཡུལ་ནས་ནགས་ཀྱི་རྒྱ་མཚོ་ཉུལ། །
དགའ་སྐྱོའི་སྣང་བ་ཞི་བདེ་རྒྱ་མཚོར་བསྲེས། །
འདི་ནི་རྒྱལ་ཁམས་པ་ཡི་མི་ཚེ་ལགས། །ཞེས་ཀྱང་སྨྲ།

དེ་ཡང་། རི་སྔོན་པོ་ནི་ང་ཚོའི་བསམ་ངོགས་སུ་ཡོད་པའི་མཐོ་ལ་གཟར་བའི་རི་གཅིག་ཅིག་གི་མིང་ཁོ་ན་མིན། དེ་ནི་རི་རྒྱུད་དང་གྲོག་རོང་། གཡང་གཟར། བྲག་ངོས་སོགས་ཀྱིས་གྲུབ་ཅིང་། ཨན་ཤིང་(桉樹 eucalyptus)ཞེས་པའི་ནགས་ཀྱི་རྒྱ་མཚོའི་ཤིང་ལོ་ལས་ཕྱིར་གཏང་བའི་རླངས་པ་རིའི་བར་དུ་བསགས་པ་ལས་གྲུབ་པའི་ན་བུན་སྲབ་མོ་སྔོ་ཡམ་མེ་བ་ཞིག་གིས་རི་སྟེང་རི་སུལ་ཡོངས་རྫོགས་ཁེབས་པར་ཡོད་པས་རི་སྔོན་པོ་ཞེས་ཟེར།

ལམ་ཁ་ནས་རི་སྔོན་པོའི་ཨོ་གླིང་གི་ནང་བསྟན་ལྟེ་གནས་སྔ་ཤོས་སུ་གྲགས་པའི་རི་ཁྲོད་ལྟ་བུའི་ཆོས་ཚོགས་བྷུདྡྷའི་སི་ཀྲི་ཝི་ཧ་ར་(AUSTBUDDHIST VIHARA)ཞེས་པར་མཇལ་དུ་ཕྱིན། དཀོན་གཉེར་ཡིན་པ་འདྲ་བའི་ཕྱི་གླིང་9c13d547-d31e-47a8-9c18-a29f86c889b2པ་དགེ་བསྙེན་ཞིག་འདུག དེས་ཀྱང་ང་ཚོར་སེམས་ཐག་ཉེ་བོས་ཇ་དང་སིལ་ཟས་སོགས་ཀྱིས་སྣེ་ལེན་བྱས་བྱུང་། ཁྱད་པར་ཞི་བའི་ནགས་ཀྱི་གསེབ་ཏུ་ཕྱེད་ཙམ་མངོན་པར་སྦས་པའི་དྲང་སྲོང་གི་བསྟི་གནས་འདིའི་ལྷིང་འཇགས་དང་། སངས་རྒྱས་སྐུ་བརྙན་ཡིད་དུ་འོང་བ། ཤིང་གི་སྐྱིལ་པོ་དག་དང་བསམ་གཏན་གྱི་གདན་གོར་བུ། དགེ་འདུན་ཆོས་འཕེལ་གྱིས་སངྒ་ལའི་ནགས་ནས་མཐོང་བའི་མཆོད་རྟེན་ཕ་ཡུལ་དྲན་པའི་རྐྱེན་དུ་གྱུར་ཚུལ་གསུངས་པ་དེའང་འདི་འདྲ་བ་ཞིག་མིན་ནམ་སྙམ་པ་ལྟ་བུའི་མཆོད་རྟེན་དཀར་སེང་ངེ་བ་སོགས་མཇལ། སེམས་ལ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཆེན་པོ་བྱུང་། ཆོས་ཚོགས་འདི་ཤྲི་ལངྐ་པ་དག་གིས་བཙུགས་ཤིང་། མི་ལོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཡོད་པ་དང་། ཨོ་སི་ཐྲི་ལི་ཡའི་ནང་པའི་གནས་གཞི་རྙིང་ཤོས་དེ་ཡིན་ཟེར། རྩིག་ལྡེབས་གཞན་ཞིག་ཏུ་བོད་ལུགས་ཀྱི་སངས་རྒྱས་ཀྱི་བྲིས་སྐུ་དང་། དེའི་འོག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་བཀའ་སློབ་ཀྱང་སྦྱར་འདུག རང་རེ་ནང་པ་གཅིག་པ་དག་གིས་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་ལ་ལོ་ཙཱ་བརྒྱུད་གླེང་མོལ་ཡང་བྱས།

དེ་ནས་ཉིན་གཉིས་པར་སིད་ནའི་རྒྱལ་སྤྱིའི་གནམ་ཐང་དང་ཡེ་མི་རིང་བའི་སའི་ཆར་ཡོད་པའི་ཁམ་བྷིལ་ཁྲོའུ་་ཞེས་པའི་ས་ཆ་ཡིད་དུ་འོང་བ་གཞན་ཞིག་ཏུ་ཕྱིན། གཙུག་ལག་སློབ་གྲྭ་དང་། ཁྲོམ་ར། ཡུལ་མི་འདུས་སྡོད་ས་ཁུལ་སོགས་ཁག་ཅིག་ལ་ལྟད་མོ་ལྟས། ཁྱད་པར་དུ་ཐའེ་ལན་གྱི་ནང་པའི་དགོན་པ་ཝ་ཁྲི་བྷདྡྷ་རང་སི་Wet Buddharangseeཟེར་བ་ཞིག་ཏུ་ཕྱིན། གནས་གཞི་དེ་བཙུགས་ནས་ད་བར་ལོ་ངོ་བཅོ་བརྒྱད་ཙམ་ཕྱིན་འདུག གནས་བརྟན་བགྲེས་སོང་ཞིག་འདུག་པ་དེ་དང་དགེ་བསྙེན་དག་གིས་སྙིང་ཉེ་བའི་སྣེ་ལེན་དང་འཚམས་འདྲི་བྱས་བྱུང་། དགེ་འདུན་པ་བགྲེས་སོང་ཁོང་གིས་ཀྱང་། ཉེ་འཁོར་གྱི་ལའོ་སི་དང་རྒྱ་རིགས་སོགས་ཀྱི་ནང་པའི་ཆོས་ཚོགས་འགའ་ཡོད་ཚུལ་དང་། འབྲི་གུང་རྒྱལ་སྲས་རིན་པོ་ཆེ་ཞུ་བ་ཞིག་དང་ཡང་ངོ་ཤེས་ཡིན་ཟེར། ངས་ཁོང་ལ་ང་ནི་ས་ཆ་འདིར་འབྱོར་མ་ཐག་པའི་བོད་ཀྱི་བནྡེ་དཀྱུས་མ་ཞིག་ཡིན། གང་ཅིའི་ཐད་ལ་ནང་པ་གཅིག་པའི་དམ་ཚིག་དང་ལ་རྒྱར་བསམས་ཏེ་མུ་མཐུད་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་ཞུས། ཁོང་གིས་ཁོང་གི་བླ་གོས་ཀྱི་སྣེ་ལ་ལག་པས་འཆང་བཞིན་དྲིན་ཚོར་བའི་རྣམ་འགྱུར་དང་བཅས་ཧ་ཅང་ཚོར་སྣང་ཆེན་པོས། བོད་ཀྱི་༧སྐྱབས་མགོན་ཏ་ལའི་བླ་མ་མཆོག་ས་ཆ་འདིར་ཕེབས་ནས་མི་ཚོས་མཐོང་སྣང་ལ་ང་ཚོ་ཕྱི་ལ་ཐོན་སྐབས་ཀྱང་། ནང་པའི་གྲྭ་པ་ཞེས་ཧ་ཅང་མཐོང་ཆེན་དང་དགའ་སྣང་བྱེད་པ་ཞིག་ཆགས་སོང་། ཁོང་ཧ་ཅང་བཀའ་དྲིན་ཆེན་པོ་དང་ཡག་པོ་རེད། དེས་ན་ང་ཚོ་མུ་མཐུད་མཉམ་དུ་འབད་བརྩོད་བྱེད་དང་བྱེད་ཅེས་ལབ་བྱུང་།

ཁོང་གི་བཀའ་མོལ་འདིས་ང་ལ་ལོ་སྔོན་མར་ཁ་ན་ཏར་འཚོགས་པའི་རྒྱལ་སྤྱིའི་ནང་བསྟན་བརྒྱུད་པ་གསུམ་གྱི་ཚོགས་འདུ་ཞིག་ཏུ་ལྷོ་བརྒྱུད་ནང་བསྟན་གྱི་བཙུན་པ་ཞིག་གིས། ང་ཚོ་ནུབ་ཕྱོགས་སྤྱི་ཚོགས་སུ་རང་ཉིད་ནང་པ་སངས་རྒྱས་པ་ཡིན་ཞེས་ལབ་དུས་བྱམས་སྙིང་རྗེ་གཙིགས་སུ་འཛིན་ཅིང་ཕུལ་དུ་བྱུང་བའི་ཆོས་ལུགས་བཟང་པོ་ཞིག་ཡིན་པའི་མཐོང་དང་ཆ་འཇོག་བསླེབས་ཏེ་སྤོབས་པ་བྱེད་ཆོག་པ་འདི་བོད་ཀྱི་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དང་ཤུགས་རྐྱེན་རེད། ཅེས་ལབ་པ་དེ་ཡང་དྲན་དུ་བཅུགས་སོང་། ཡང་ཁོང་གིས། རྒྱ་རིགས་དེ་ཚོས་བོད་ཀྱི་ནང་ཆོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་པེ་ཅིན་ནས་ཡོང་བའི་རྒྱ་རིགས་དེ་འདྲར་ཐུག་སོང་། ཁོང་ཚོས་ཀྱང་བོད་བརྒྱུད་ནང་བསྟན་ཟེར་དུས་ཧ་ཅང་རྩ་ཚེན་དུ་འཛིན་གྱི་འདུག་ཅེས་སྐད་ཆ་མུ་མཐུད་བཤད་བྱུང་།

ད་དུང་ཇ་དང་ཆུ་གྲང་མོ་སོགས་ཀྱིས་སྣེ་ལེན་བྱས་པའང་གུས་པ་དང་བཅས་པའི་བློས་ལོངས་སུ་སྤྱད། རྒྱ་གར་ནས་གདན་དྲངས་པའི་བྱང་ཆུབ་ཀྱི་ཤིང་མི་ཚད་གཉིས་མ་ཟིན་ཙམ་སྐྱེས་ཟིན་པ་ལོ་མ་ཡངས་པོར་སྐྱེས་པ་དང་། མཆོད་རྟེན་དཀར་པོ་བཀའ་གདམས་མཆོད་རྟེན་དང་དབྱིབས་འདྲ་བ་ཅུང་ཆེ་བ་ཞིག་ཀྱང་འདུག མཆོད་རྟེན་གྱི་ནང་དུ་ཐའེ་ལན་གྱི་ལུགས་སུ་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་དང་བ་འདྲེན་པ་བཞུགས་སུ་གསོལ་བའི་མདུན་དུ་མི་རྣམས་ཀྱིས་སྨོན་ལམ་འདེབས་སའི་གདན་བཏང་ཞིང་། དཀོན་གཉེར་སོགས་ལ་ལྟོས་མེད་དུ་ནང་དུ་ཕྱིན་ཆོག་པ་འདུག ང་ཚོ་སླེབས་སྐབས་དེར་རྒྱ་གར་མི་རིགས་ཡིན་ནམ་སྙམ་པའི་མ་སྨད་གསུམ་ནང་དེར་སྨོན་ལམ་འདེབས་ཤིང་མཆིས། མ་རྒན་གྱི་འགྲམ་དེར་བྱད་གཞིན་མཛེས་པའི་གཞོན་ནུ་མ་གཉིས་ཀྱིས་སངས་རྒྱས་ཀྱི་ཞལ་ལ་ཤིན་ཏུ་གུས་པས་བལྟ་བཞིན་པ་དང་། གསེར་སྦྱང་འབྱུགས་པའི་སངས་རྒྱས་ཀྱི་སྐུ་བརྙན་རིན་པོ་ཆེའི་འོད་དང་ལྡན་པའི་ཞལ་ཁྱིམ་གྱིས་ཁོང་མོ་ཚོར་བྱིན་གྱིས་རློབས་བཞིན་པ་ནི་ཧ་ཅང་མཛེས།  སྐབས་འདིར་ངའི་སེམས་ངོགས་སུ་ཞི་བ་དང་སྲིད་པའི་མཛེས་པ་རྨད་དུ་བྱུང་བའི་འོད་རླབས་ཟུང་ཕན་ཚུན་འཕྲོ་འགྱེད་ཀྱིས་ཚ་གྲང་འཐབ་སྟེ་སྙན་ངག་གི་འཇའ་ཚོན་གཞན་ཞིག་ཏུ་གྲུབ་པར་གྱུར།

དུས་རབས་བར་མའི་སྐབས་ནས་འདས་པའི་ལོ་ངོ་བརྒྱ་ཕྲག་གཉིས་ཡས་མས་ལ་ཐུག་གི་བར་ནུབ་ཡོ་རོབ་པ་རྣམས་ཀྱི་ས་གཤིས་རིག་པའི་ཚིག་མཛོད་དུ། ཤེས་རྟོགས་མ་ཐུབ་པར་ལུས་པའི་ལྷོ་ཕྱོགས་ཀྱི་སྐམ་ས་“未知的南方大陸”(terra australis incognita)རྟོག་འཆར་གྱི་ཡུལ་ཙམ་དུ་བཞག་པའི་གླིང་ཞིག་ཏུ་སླེབས་པའི་ཉིན་མོ་འདིར་ཡང་། ལྷོ་བྱང་གི་བརྒྱུད་པ་མི་འདྲ་བའི་ཆོས་གྲོགས་དག་དངོས་སུ་བཞུགས་ཤིང་། སངས་རྒྱས་ཀྱི་སྐུ་བརྙན་དང་མཆོད་སྡོང་། བྱང་ཆུབ་ཀྱི་ཤིང་བཅས་ས་ཆ་དེ་ཀ་རང་ནས་མཇལ་དུ་ཡོད་པ་འདི་ལས་གློ་བ་དགའ་བ་ཞིག་གང་ཡོད། འདི་ནི་རང་ཉིད་མི་ཚེ་འདིར་སངས་རྒྱས་དང་དེའི་གསུངས་པའི་ཆོས་ཀྱི་སློབ་སྟོན་ལ་སེམས་གཏིང་ནས་ཞེན་ཁོག་བྱེད་མཁན་ཞིག་གི་ངོས་ནས་དེ་འདྲ་རང་རེད། ས་འདིའི་བོད་པ་ལས་ཀ་ནས་བགྲེས་ཡོལ་ཟིན་པ་དག་ཀྱང་དུས་ཚོད་ཡོད་སྐབས་ས་ཆ་འདི་འདྲ་དག་ལ་སོང་ནས་ཕྱག་བསྐོར་སྨོན་ལམ་རེ་བརྒྱབ་ནས་ལུས་སེམས་ལྷོད་ལ་འབབས་པའི་ངལ་གསོ་ཡག་པོ་རེ་གནང་ན་ཡག་པོ་ཡོད་ས་རེད་སྙམ་པ་བྱུང་།

༢༠༡༦/༣/༧ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས།

ལྷུག་རྩོམ།

Post navigation

Previous Post: ༧གོང་ས་མཆོག་ལ་ལོ་རྒྱུས་ཐོག་ “བླ་མ་དེ་” (The Lama)ཟེར་ནས་རྩོམ་འབྲི་མཁན་དང་པོ་དེ་བློ་བཟང་སེང་གེ་རེད།
Next Post: 2016 གསུམ་བཅུའི་དུས་དྲན་འབོད་ཚིག

Comment (1) on “རྒྱལ་ཁམས་ཨོ་གླིང་གི་ཉིན་ཐོ་ལས། བྱང་ཆུབ་ཀྱི་ཤིང་།”

  1. ཀླུ་སྨྱོན། says:
    2016-03-08 at 12:38 pm

    སེམས། ཚིག གློག ས། ཚོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme