Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚོ་བའི་སློབ་གསོ་བཅུ།

Posted on 2016-03-062016-03-06 By ཁ་བརྡ No Comments on འཚོ་བའི་སློབ་གསོ་བཅུ།

ཟླ་སྨུག་པོས་བསྒྱུར།
 

སྐུ་ཞབས་སི་ཊེབ་ཇོབ་སི་(Steve Jobs) ནས་བསླབ་བྱར་ལེན་འོས་པའི་འཚོ་བའི་སློབ་གསོ་བཅུ།

ཐུགས་དོགས་ཁྱོན་ནས་མེད་པ་ཞིག་ནི་སྐུ་ཞབས་སི་ཊེབ་ཇོབ་སི་ནང་བཞིན་གྱི་མི་ཞིག་ནམ་ཡང་མི་འབྱུང་བས། ང་ཚོས་ཁོང་ལ་རམ་འདེགས་བྱེད་པའི་ཡུལ་མེད་པ་ཞིག་རེད། འོན་ཀྱང་ཁོང་གིས་ང་ཚོར་ཆེས་ངོ་མཚར་ལྡན་པའི་ཀུ་ཤུ་རྟགས་ཅན་གྱི་ཐོན་སྐྱེད་གནངས་པའི་བཀའ་དྲིན་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། སྔོན་ཆད་སྐུ་ཞབས་སི་ཊེབ་འཛུལ་ཞུགས་བྱེད་སའི་ཁེ་ལས་མཉམ་འདུས་ཀྱི་ཚོགས་པ་དེ་མ་རྩ་རྡིབ་པའི་གནས་སྟངས་བྱུང་སྟེ་ཕྱིས་སུ་ཡང་བསྐྱར་ཁེ་སྤོབས་ཅན་ཏུ་གྱུར་སྟབས། སྔོན་མའི་ཀུ་ཤུ་སེ་ཨི་ཨོ(CEO)ལ་མཚོན་ན་དེ་ནི་འཚོ་བའི་ཁྲོད་ཀྱི་སློབ་གསོ་ཞིག་ཡིན་པ་མ་ཟད། ཁེ་ལས་མི་རྣ་ཚོར་མཚོན་ན་དེ་བས་ཀྱང་སློབ་གསོ་གལ་ཆེན་ཞིག་ཆགས་ཡོད།

ཁོང་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོང་གི་གཏམ་བཤད་དང་འཆར་སྣང་སོགས་ལ་མི་སུ་དང་མི་འདྲ་བའི་དམིགས་བསལ་ཡིད་འགུགས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། དེ་མཚུངས་ཁོང་གིས་སྣེ་ཁྲིད་པའི་ཚོགས་པ་དེས་གཞན་དང་མི་འདྲ་བའི་ཐོན་སྐྱེད་ཀྱི་དངོས་ཆས་མཁོ་བསྒྲུབས་བྱས་ཡོད། དཔེར་ན། ཨ་མེཀ་(iMac) ཨ་ཊོན་(iTunes) ཀུ་ཤུ་མཁོ་ཆས།(Apple Stores) ཨ་པོ་ཊི།(ipod) ཨ་ཊོན་མཁོ་ཆས།(iTunes Store) ཨ་སྤོན།(iPhone) མཉེན་ཆས།(App Store) ལྟ་བུ་རེད། དེ་རིང་ Lifehacker india ཡིས་དམ་པ་ཁོང་དགོངས་ལོ་རེ་གཅིག་ལོན་པའི་ལོ་འཁོར་དུས་དྲན་སྲུང་རྩི་ཞུས་པ་དང་བསྟུན། ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་འུ་ཅག་གིས་བསླབ་བྱར་ལེན་འོས་པའི་གནད་དོན་འགའ་གཤམ་དུ་ཐོ་འགོད་བྱས་ཡོད།

༡༽ ཚོང་འབྲེལ་ལ་འཆར་སྣང་གསལ་འདོན་གྱི་ནུས་པ་ལྡན་དགོས། གལ་སྲིད་ཁྱེད་ཀྱིས་རང་གི་ཐོན་སྐྱེད་འཚོང་འདོད་པ་དང་། མི་གཞན་ལ་ཞབས་ཞུ་སྒྲུབ་འདོད་ཚེ། གང་ཟག་གཞན་གྱི་བསམ་ཕྱོགས་ལ་རྒྱས་ལོན་དགོས་ལ། དེ་བཞིན་དུ་ཁྱེད་ཀྱི་ཐོན་སྐྱེད་དེ་ཁྱད་འཕགས་ཤིག་འཆགས་འདོད་ན་ཡང་། ཚོང་ཡུལ་གྱི་བསམ་ཕྱོགས་ལ་རྒྱས་ལོན་ཡོད་དགོས་པས། འདི་ལ་གཞན་གྱི་བསམ་ཕྱོགས་མངོན་འདོན་གྱི་འཆར་སྣང་ཞེས་ཀྱང་ཟེར།

༢ ༽ ལས་ཀ་དེ་རང་གིས་བྱེད་འདོད་པའི་བྱ་བ་དེ་ཡིན་དགོས། སྐུ་ཞབས་སི་ཊེབ་ཇོབ་སི་རང་གི་ལས་ཀ་དེར་ཧ་ཅིང་དགྱེས་པས། ཁོང་གིས་བྱ་བ་གཞན་མ་བརྩམས་པར་ཁེ་ལས་མཉམ་འདུས་ཀྱི་ཚོགས་པའི་སྣེ་ཁྲིད་བྱས་ནས་བསྡད་པ་རེད། མི་སུ་དང་སུ་ཡིན་ཡང་ལས་ཀ་ལ་ཡག་སྡུག་ཡོད་མོད། གཙོ་བོ་ལས་ཀ་དེ་རང་ལ་འོས་འཚམས་ཡོད་མེད་ཐད་རང་གིས་རང་ཉིད་ལ་འདྲི་རྩོད་བྱེད་དགོས་ལ། ལས་ཀ་དེ་བྱེད་པར་རང་ཉིད་སྤྲོ་བོ་ཡོད་མེད་ཀྱང་འདྲི་རྩོད་བྱེད་དགོས།

༣༽ སྤས་ཚད་བཟང་ཤོས་ཡིན་དགོས་ཀྱི་ཐམས་ཅད་ནས་ཁྱད་འཕགས་ཤིག་ཡིན་མི་དགོས། རིང་གི་ཐོན་སྐྱེད་དེ་རྒྱུ་ཆ་བཟང་ཤོས་ཤིག་ཡོང་ཐབས་གནང་དགོས་ཀྱང་། མང་ཕྱོགས་ཀྱི་བློ་ཡུལ་ ལ་འཆར་མི་བཏུབ་པའི་ཆེས་དམིགས་བསལ་བ་ཞིག་བྱེད་མི་དགོས། རིན་གོང་ལ་མཚོན་ན་ཡང་འགྲོ་གྲོན་གཏོང་ཐུབ་པ་ཞིག་སྟེ་གོང་ཚད་འཚམས་པའི་གསོག་དངུལ་གྱི་ལམ་ཁ་ཡོད་པ་ཞིག་ཆགས་པས་ཆོག

༤༽ གཡས་གཡོན་གྱི་གླེན་རྟགས་ཅན་ཚོ་ནམ་ཡང་བཏང་སྙོམས་སུ་འཇོག་མི་རུང་། སྐུ་ཞབས་སི་ཊེབ་ཇོབ་སི་ལགས་ཀྱིས་འདི་ལྟ་བུའི་མི་ཚོ་ཁོང་གི་ཚོགས་པར་ཁྱབ་སྤེལ་བྱེད་བཅུག་གི་མེད། རྒྱུ་མཚན་མི་དེ་འདྲའི་རིགས་ཀྱིས་གླེན་རྟགས་ཀྱི་ཐག་གཅོད་བྱེད་པས་མ་ཚད། མི་གཞན་གྱི་ནུས་པ་ཉམས་དམས་གཏང་བས། དེའི་རིགས་ལ་ཁྱེད་ཀྱི་ཚོགས་པའི་རྩ་བའི་འགན་ལེན་བྱེད་འཇུག་མི་རུང་།

༥༽ སྣེ་ཁྲིད་ཇི་ལྟར་བྱེད་མིན་ལ་སློབ་སྦྱོང་བྱེད་དགོས། གལ་སྲིད་རང་གི་ཁེ་ལས་མཉམ་མདུས་ཀྱི་ཚོགས་པ་ལམ་ལྷོང་ཡོང་འདོད་ན། ཁྱེད་རང་གཅིག་པོས་བྱ་བ་ཚང་མ་བསྒྲུབ་མི་ཐུབ་པས། ཁྱེད་ལ་འགན་ཁུར་ཅན་དང་རྣམ་དཔྱོད་ལྡན་པའི་ལས་ཀ་བ་དགོས་པ་མ་ཟད་རང་གི་བློ་རིག་དེ་མཐོང་འདོད་ན་དེ་བས་ཀྱང་རང་ཉིད་དབུ་ཁྲིད་དང་འགན་འཛིན་བཟང་པོ་ཞིག་ཆགས་ཐབས་བྱེད་དགོས།

༦༽ རང་གི་བདེ་ཐང་གིས་རྩེ་སྐྱེད་མ་བྱེད། ལས་ཀ་ཡག་པོ་རེད་དེ་སོ་སོའི་བདེ་ཐང་གི་རིན་ཐང་ དང་སྦྱར་ས་ཁྱོན་ནས་མེད། ལྷག་པར་དུ་སྨན་པས་ལམ་སྟོན་བྱེད་དུས་སོ་སོའི་བདེ་ཐང་གིས་རྩེ་ སྐྱེད་བྱེད་མི་ཉན། གལ་སྲིད་སྐུ་ཞབས་སི་ཊེབ་ཇོབ་སི་ལགས་ཀྱིས་སྨན་པའི་ལམ་སྟོན་ཅི་བཞིན་ཁོང་གི་སྐྲན་ནད་ལ་སྨན་བཅོས་བྱས་ཡོད་ཚེ། ཕལ་ཆར་ཁོང་ད་ལྟ་སྐུ་འཚོ་བཞེས་གནང་ཡོད་རྒྱུ་རེད།

༧༽ གཞི་རྩའི་ལས་ཀའི་གནས་བབ་ལ་ཐུགས་བཞེས་གནང་དགོས། རང་གིས་བྱེད་བཞིན་པའི་ལས་ཀའི་ཆེ་ཆུང་ལ་མ་ལྟོས་པར་ལས་ཀ་དེ་རང་ཉིད་ཀྱི་གཟི་བརྗིད་དུ་བརྩི་དགོས་ལ། རང་གི་ལས་མི་རྣམས་ནམ་ཡང་སོ་སོའི་འཕྲག་ཏུ་བབ་པའི་འགན་འཁུར་ལས་གཡོལ་ཏུ་འཇུག་མི་ཉན། དེ་བས་ཀྱང་ཚོང་དོན་གྱི་ཁྲོད་ནས་གཞི་རྩའི་ལས་ཀའི་གནས་བབ་ལ་གནད་དོན་ག་རེ་བྱུང་ནའང་འབྲེལ་མཚམས་རྩ་བ་ནས་གཅོད་མི་རུང་།

༨༽ འགྲན་རྩོད་ཀྱི་འཐབ་འཛིང་བྱེད་པ་ལས་རྩེད་མོ་དེར་གསལ་བཤད་བྱེད་དགོས། སྐབས་དེར་ཁྱབ་རྒྱ་ཆེ་བའི་རྩེད་འགྲན་པ་ཞིག་ཡོད་ཀྱང་། ཀུ་ཤུས་སྒྲེལ་(Dell)ལ་འགྲན་བསྡུར་ བྱེད་རྒྱུའི་ཚབ་ཏུ་ཀུ་ཤུའི་མཁོ་ཆས་མང་པོ་ཞིག་གསར་བཟོ་གནངས་པ་རེད། དེའི་ཕྱིར་ན་རང་གི་འགྲན་ཡུལ་ལ་གཞུས་ཐབས་བྱེད་རྒྱུས་ལས། ཕྱོགས་ཡོངས་ནས་མི་འདྲ་བའི་བྱ་དངོས་ཤིག་གསར་བཟོ་ཡོང་ཐབས་ལ་འབད་དགོས།

༩༽ དམིགས་ཡུལ་གཅིག་རྗེས་ཉིས་མཐུད་ཀྱིས་ཡོད་དགོས། དམིགས་ཡུལ་གཅིག་གྲུབ་རྗེས་དམིགས་ཡུལ་གསར་པ་དེ་འགྲུབ་ཐབས་ལ་འབད་དགོས། ནམ་རྒྱུན་སི་ཨི་ཨོའི་(CEO)་མཐོ་རིམ་འགན་འཛིན་རྣམས་ཀྱིས་ལས་ཀ་གཏིང་ཟབ་པོ་དང་དམིགས་ཡུལ་གསར་པ་སྒྲིག་པའི་ཚབ་ཏུ། སོ་སོའི་དངུལ་ཁུག་ནས་སྒོར་མོ་བཏོན་ཏེ་དུས་དེབ་ཀྱི་རྒྱབ་ཤ་དག་ཏུ་ཐོན་ཐབས་དེ་ཙམ་གནང་གི་མེད།

༡༠༽ཡིད་འགུགས་ཀྱི་ནུས་པ་ལྡན་རྒྱུ་ཆེས་གལ་ཆེ་བ་ཡིན། བྱ་བའི་བཟང་ངན་ལ་མ་ལྟོས་པར་གླང་ཤ་སྲེག་མ་ཡག་པོ་ཞིག་གིས་ཀྱང་ཚོང་དོན་གྱི་བྱ་བ་གཉེར་ཆོག་སྟེ། དེའི་ཚིར་སྒྲ་ཙམ་གྱིས་མི་རྣམས་ཀྱི་ཡིད་སེམས་གཏིང་ནས་རྒུལ་ནུས་པས་སོ།།

ཟུར་མཆན།
སྐུ་ཞབས་སི་ཊེབ་ཇོབ་སི་ལགས་ལ་མཚོན་ན་དང་ཐོག་ནས་ཕྱུག་བདག་ཅིག་དང་། བྱ་བའི་མགོ་རྩོམ་པ་དང་བཀྲ་ཤིས་ལོ་ལེགས་ཀྱི་ངང་ནས་ཐམས་ཅད་ལམ་ལྷོང་བྱུང་བསྡད་པའི་ཁེ་ལས་པ་ཞིག་ཡིན་རབས་མི་འདུག་མོད། འོན་ཀྱང་འགྱེལ་ས་ནས་བསྐྱར་དུ་ལངས་འདོད་པའི་འཚོལ་སྙེག་གི་བསམ་བློ་བརྟན་པོ་ཡོད་ཙང་། རེ་བའི་རྨི་ལམ་གྱི་ཉི་གཞོན་རེ་ཞིག་འཇིག་རྟེན་འདིར་ཡོངས་སུ་འཚེར་བར་སྐད། འདི་ནི་བོད་རྣམས་ལ་མཚོན་ན་བསམ་གཞིགས་བྱེད་རིན་ཡོད་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་འདུག་སྙམ་སྟེ། རྩོམ་ཐུང་འདི་བོད་བསྒྱུར་ཞུས་པ་ཡིན།

གོང་དུ་ཁ་པར་དང་འབྲེལ་བའི་བརྡ་ཆད་ཁག་གི་སྒྲ་སོར་བཞག་བྱས་ཏེ་བྲིས་ཡོད་པས། གལ་སྲིད་ཁྱེད་ཀྱིས་གོང་གི་བརྡ་ཆད་ཁག་ལ་སྔར་ནས་བཏགས་ཟིན་པའི་ཐ་སྙད་ཡོད་པ་གོ་ཐོས་བྱུང་བའམ། ཡང་ན་ཁྱེད་ཉིད་ལ་འོས་འཚམས་ཀྱི་མཚན་སྣེ་རེ་གསུང་རྒྱུ་ཡོད་ཚེ་སེམས་གཏིང་ནས་དགའ་བསུ་ཞུ།།

འགྱུར་རྩོམ།

Post navigation

Previous Post: ༧གོང་ས་མཆོག་མ་ཡོ་སྨན་ཁང་ནས་ཕྱིར་ཕེབས་སྐབས་ཀྱི་བཀའ་སློབ།
Next Post: ངའི་སྲིད་སྐྱོང་དེ། རོ་འགྲམ་གྱི་གླུ་བ་དེ་མིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme