Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ལྡན་སྲིད་སྐྱོང་གི་ཞབས་བྲོ།

Posted on 2016-03-032016-03-03 By ཁ་བརྡ 30 Comments on དཔལ་ལྡན་སྲིད་སྐྱོང་གི་ཞབས་བྲོ།

ཅོག་མྱི།

 
དེ་རིང་སྐད་ཕྲན་སོགས་ན་འོ་སྐོལ་གྱི་སྲིད་སྐྱོང་གིས་ཞབས་བྲོ་འཁྲབ་པའི་པར་ཞིག་གི་སྒང་ལ་ཉི་མ་གཉིས་སྔོན་རང་ལུས་མེ་བསྲེགས་གནང་བའི་བོད་གཞོན་གཉིས་ཀྱི་པར་བཀོད་འདུག དེས་དངོས་གནས་སེམས་པ་སྐྱོ་བར་བྱས་སོང་། ང་ཚོས་བཙན་བྱོལ་ནས་རང་དབང་མང་གཙོའི་ཡི་ནོར་བུ་ལྟར་སྣང་དེ་བཙལ་ཟེར་ནས། འོ་སྐོལ་གྱི་ཁྲག་རྒྱུན་ན་ཡ་ཐོག་ནས་གནས་ཡོད་པའི་རིན་ཆེན་གསེར་ལས་དཀོན་པའི་ཡ་རབ་སྲོལ་བཟང་དང་འདོད་ཆུང་ཆོག་ཤེས་ཀྱི་གོམས་གཤིས་དེ་སྙིགས་རོ་ལྟར་དོར་དང་འདོར་བཞིན་པ་ནི་ཉིན་འདི་དག་གི་འོས་བསྡུ་སོགས་ལས་རྗེན་པར་མཚོན་ཡོད། ང་ཚོས་ཆབ་སྲིད་ཀྱི་འཕྲལ་ཡུན་གྱི་ཁེ་ཕན་ཞིག་གི་ཆེད་དུ་རྫུན་དང་ཚིག་རྩུབ། ཕྲ་མ་ཁ་གསག་སོགས་སྦ་གསང་མེད་ཅིང་ངོ་ཚ་བྲལ་བར་བླ་མས་ཆོས་གསུང་བ་དང་དཔོན་པོས་བཀའ་གསུང་བ་ནང་བཞིན་བཤད་ཡོང་དུས། དམ་ཆོས་རིན་པོ་ཆེས་ལོ་ངོ་སྟོང་ཕྲག་རིང་ལ་བརླན་པའི་གཤིས་བརྒྱུད་དང་བཟང་སྤྱོད་དེ་ག་བ་བུད་སོང་། 

ཨ་རི་དང་ནུབ་གླིང་གི་དཔོན་ངན་ཚོའི་ལམ་ལ་མཆིས་ན་སྟག་མཆོངས་སར་ཝ་མོ་མཆོངས་བའི་དཔེ་ལས་མ་འདས་པས་ང་ཚོར་ཡག་པོ་ཞིག་ཡོང་གིན་མ་རེད། གང་ཟག་སུ་དང་སུ་ཡིན་རུང་བྱ་བ་ཅི་དང་གང་བྱེད་དུས་ལུས་ངག་ཡིད་གསུམ་འདི་དགེ་སྒྲུབ་སྡིག་སྤོངས་ཀྱི་ཕྱོགས་ལ་གནས་ཡོད་མེད་ཐོག་མར་བརྟག་དགོས་ལ། དེ་ལྟར་བགྱིད་ན་ད་གཟོད་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གི་ཐུགས་མི་དཕྱུངས་བས་ཀུན་གྱིས་མགོ་བའི་ལྷ་ལྟར་བཀུར། དེ་ནི་བོད་ཀྱི་སྲོལ་རྒྱུན་རེད། 
ནུབ་ཕྱོགས་རིག་གནས་ལ་རྫུན་ངག་འཆལ་སྨྲ་བའི་ལོ་རྒྱུས་སྟོན་པ་བཅོམ་ལྡན་འདས་ཀྱི་སྔོན་རོལ་ནས་དར་ཡོད་པས་ང་ཚོས་རྫུན་དང་ཚིག་རྩུབ་བཤད་ནས་ཁོ་ཚོའི་ཚད་ལ་ཐོན་གི་མ་རེད། དེའི་ཕྱིར་རང་གི་སྲོལ་རྒྱུན་དང་ཡ་རབས་བཟང་སྤྱོད་དེར་གནས་ན་ཛ་བར་མཐོང་། ༼སྐད་རིགས་མང་བོ་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།༽ཕ་སྐད་འདུས་བའི་རང་རིགས་ཀྱི་སྲོལ་རྒྱུན་དེ་མུ་མཐུད་ནས་སོ་སོའི་རྒྱུད་ལ་གནས་ཐུབ་པ་བྱ་དགོས།

ཚེ་འདས་རྣམས་བདེ་བ་ཅན་དུ་སྐྱེས་བར་ཤོག
དུག་གསུམ་མེ་ལྕེ་ཡི་སྐྱེ་མཆེད་ཆུང་བར་ཤོག
ཁྱོད་ཤི་ང་གསོན་གྱི་རྩེད་མོར་གཡེང་བ་ཉུང་བར་ཤོག

གཤམ་ནས་བོད་ནང་གི་དྲ་ཚིགས་ཞིག་ན་མྱ་ངན་བྱེད་སྟངས་དང་བྱེད་ཡུན་གྱི་སྐོར་མདོར་བསྡུས་ཙམ་རང་གི་སྲོལ་རྒྱུན་བརྗེད་ལ་ཉེ་བའི་མི་བུ་དག་ལ་དྲན་འཛིན་གྱི་ཆེད་དུ་སྦྱར་ཡོད།

༼བོད་མིས་སྐྱེ་བོ་གང་ཞིག་ཚེ་ལས་འདས་རྗེས་དམ་པ་དེའི་བཀའ་དྲིན་དང་ཕྱག་རྗེས་ལ་དྲན་གསོ་བྱེད་པའི་ཆེད།   འདས་མཆོད་ཞུ་སྒོའི་ཐོག་ནས་མྱ་ངན་གྱི་རྣམ་པ་མཚོན་པ་བྱེད་རྒྱུ་དེ།   ཆོས་ལུགས་ནས་ཞུས་ན།   འདས་པོས་སྔ་ཕྱིར་བསགས་པའི་སྡིག་སྒྲིབ་སྦྱོང་བའི་ཆེད། འཚོ་ཞུགས་ནང་མི་ཚོས་སྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ལ་བརྩི་སྲོལ་ཡོད།   དེ་ཡང་གང་ཞིག་ཚེ་ལས་འདས་རྗེས་དམ་པ་དེའི་དགའ་ཉེ་སྤུན་མཆེད་དང་།   གྲོང་པ་ཁྱིམ་མཚེས་བཅས་ཀྱིས་འདས་པོའི་ཁྱིམ་དུ་སོང་ནས་སྡུག་ཆང་བླུགས་པ་ཞེས་ཇ་ཆང་དང་མཆོད་མེ་ཞལ་འདེབས་འཁུར་ནས་གཤིན་པོའི་ནང་མིར་སེམས་གསོ་གཏོང་བ་དང་།   སྐུ་ཕུང་ཐོན་ཚར་རྗེས་བདུན་ཚིགས་བཞི་པ་མ་ཟིན་བར་དགེ་སྦྱོར་གྱི་ལས་བསྒྲུབས་ཏེ།   དཀོན་མཆོག་ལ་མཆོད་པ་དང་།   ངན་སློང་ལ་སྦྱིན་པ་བཏང་ནས། གཤིས་པོའི་འདས་མཆོད་བྱེད་ཀྱི་ཡོད་པས།   བདུན་ཚིགས་དང་པོ་དང་།   བཞི་པ་གཉིས་ལ་གལ་ཆེ་ཙམ་བྱས་ཏེ།   དེའི་ཉིན་དགའ་ཉེ་བློ་དཀར་དང་།   གྲོང་པ་ཁྱིམ་མཚེས་སོགས་ཀྱི་གཤིན་པོའི་ཁྱིམ་དུ་ཇ་ཆང་ཁ་བཏགས་དང་མཆོད་མེའི་ཞལ་འདེགས་སོགས་འབུལ་བར་འགྲོ་སྲོལ་ཡོད།   དེའི་རིང་མྱ་ངན་འཁུར་ཏེ་སྡོད་དགོས་པ་དང་།   བདུན་ཚིགས་བདུན་པ་སྟེ།   གཤིན་པོ་འདས་ནས་ཞག་པོ་བཞི་བཅུ་ཞེ་དགུ་སོང་བའི་ཉིན་དེར་ཞེ་དགུ་ཞེས་འབོད་དེ་གཤིན་པོའི་རྗེས་འཇུག་ལ་དམིགས་པའི་འདས་མཆོད་ཀྱི་བྱེད་སྒོ་བྱེད་པ་ཡིན་པས།   དེ་ཉིན་ཡང་དགའ་ཉེ་བློ་དཀར་ཚོས་གོང་མཚུངས་ལྟར་ཇ་ཆང་དང་ཞལ་འདེབས་འབུལ་བར་བྱེད།   ཞེ་དགུ་རྫོགས་མཚམས་སུ་འདས་པོའི་ཁྱིམ་ཚང་གི་བྱེད་སྒོ་ཐམས་ཅད་སྔར་རྒྱུན་བཞིན་སླར་གསོ་བྱེད་པ་ཡིན།   དེ་ནས་ལོ་གཅིག་འཁོར་མཚམས་སུ་ལོ་མཆོད་ཅེས་མཆོད་པ་རྒྱ་ཆེར་བསྒྲུབས་པ་དང་སྦྲགས་དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་སོགས་སྐུ་མགྲོན་དུ་བོས་ནས།   གསོལ་ཚིགས་ཅུང་རྒྱ་ཆེ་བ་ཞིག་བཏང་སྟེ།   དུས་ཚོད་དེ་ཁྱིམ་མིའི་སྡུག་བསྔལ་ཡོངས་སུ་སངས་པའི་མཚོན་རྟགས་དང་།   ཕེབས་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བའི་མཚོན་རྟགས་སུ་བརྩི་སྲོལ་ཡོད།༽

བསམ་ཚུལ།

Post navigation

Previous Post: ༢༠༡༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་མིའི་བགྲོ་གླེང་།
Next Post: སྲིད་སྐྱོང་བློ་བཟང་སེང་གེའི་བཀའ་ཤག་གི་དངོས་ཡོད་ཀྱི་འཐུས་ཤོར་ལྔ།

Comments (30) on “དཔལ་ལྡན་སྲིད་སྐྱོང་གི་ཞབས་བྲོ།”

  1. ༄།།སྟར་བུ་དམར་བོ། says:
    2016-03-03 at 5:43 am

    ད་ཡིན་ན། ཁ་བརྡ་དྲ་བའི་ཐོག་ལ་སྒེར་གྱི་སྐད་འཕྲིན་རྒྱབ་ངོས་སུ་འགོད་པ་ཇི་བཞིན་བྱས་ཏེ། སྤུས་ཀ་དག་མིན་དང་ཡིག་ནོར་ཡོད་མིན། བརྗོད་བྱ་བདེ་མིན། རྗོད་བྱེད་འགྲིག་མིན་གང་ཡང་མེད་པར་གང་བྱུང་ཅི་བྱུང་དུ་ཡིག་བཏགས་རྣམས་སྤེལ་ཡོང་གི་འདུག་དཱ། མཆན་གྱི་ངོས་ནས་བཤད་ན། སྐལ་རྡོ་གཉེར་ཕྱག་དང་གཅིག ཇུང་ཏོག་དང་གཉིས། གངས་ཕྲུག་།དང་གསུམ། ད་རུང་མིང་སྨྲས་མེད་པ་མང་བོ་ཡོད། བྱ་བཙོག་གི། ལྟ་སྲོལ་མེད་པ་ཏག་ཏག་རེད། ཁོང་ཚོས། བྲི་ནི་མི་ཤེས། བརྗོད་བྱ་ནི་མེད། གོ་རྟོགས་ཞན།

  2. བེ་རེ་གདོང་ནག says:
    2016-03-03 at 5:55 am

    ད་བཤད་རྒྱུ་རྫོགས་པ་འདྲ། ཉིན་གཅིག་བློ་སེང་་གད་མོ་དགད་ཀྱིན་འདུག བོད་ནང་རང་ལུས་མེ་བསྲེག་དེ་འདྲ་མང་པོ་བཏང་སོང་། བོད་ཀྱི་སྲིད་སྐྱོང་ཚད་ལྡན་ཞིག་ཡིན་ན་ག་དུས་ཡིན་ན་ངུས་ནས་བཞུགས་དགོས་རེད་པ། གང་ཡིན་ཟེར་ན་བོད་ནང་སྡུག་བསྔལ་དེ་འདྲ་ཡོད་རེད། བྱས་ཙང་བློ་སེང་ལ་འོས་བླུག་མི་ཉན་ཟེར་ས་རེད། རྒྱལ་སྤྱའི་སྟེང་དཔུང་པ་མཉམ་ཤིབ་བྱས་ནས་དེང་རབས་དབུ་འཁྲིད་ཤིག་གི་ཁྱད་ཆོས་མངོན་ཏེ་འགྲོ་ཐུབ་པ་ང་ཚོའི་གཟི་བརྗིད་རེད། རྫ་དཔལ་སྤྲུལ་ལྟ་བུ་ཤིག་གི་ངང་ཚུལ་བྱས་ནས་འགྲོ་དགོས་མདོག་མདོག་བཤད་མཁན་བཤད་དག་ནི་ཨུས་ཐུག་ནས་ཅི་བཤད་འདི་བཤད་མེད་པ་རེད་མ་གཏོགས་དཔོན་པོ་དང་བྱ་བཏང་རྣལ་འབྱོར་བ་གཉིས་ལ་འདྲ་ཆོས་ག་བ་སྦྱར་རྒྱུ་ཡོད། ངོ་མ་ཁ་ནང་གི་བཤད་ཤེས་ཚད་ཀྱི་སྐྱོན་ཚིག་རྫོགས་པ་འདྲ། འོན་ཀྱང་ང་ནི་ལྷག་བསམ་དང་འབྱོན་ཐང་ཅན་གྱི་ཚོགས་གཙོ་མཆོག་ལ་འང་གུས་བསྐུལ་ཞུ་མཁན་ཞིག་ཡིན། གང་ཡིན་ཟེར་ན་ང་བོད་པ་ཞིག་ཡིན། ཤེས་པ་རྣལ་དུ་གནས་མཁན་ཞིག་ཡིན། ༧ བླ་མ་སྤྱན་རས་གཟིགས་ལ་དད་པ་གཡོ་མེད། བོད་མིའི་ཡོངས་ནས་ཁོང་གི་བཀའ་ཅུང་སྒྲུབ་རོགས་བྱས་ན་ཅི་མ་རུང་བསམ་མཁན་ཞིག་ཡིན་པས་སོ།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-03 at 6:35 am

    འདིར་ཆེད་དུ་གཉེར་ནས་སྲིད་སྐྱོང་བློ་སེང་ལ་ནག་པོ་བཟོ་ཀི་ཡོད། དྲང་མོ་བཤད་ན་སྤེན་ཚེར་རྒྱབ་སྐྱོར་བ་ཚོས་བྱས་སྟངས་ལ་གཟིགས་དང་། ཚོགས་པ་ཆོ་ལེ་དེ་འདྲ་མང་པོ་འདུག་ཨ་་་་་་་

  4. དྲང་ཐིག says:
    2016-03-03 at 8:10 am

    སྲིད་སྐྱོང་ཞབས་བྲོ་འཁྲབ་པ་བཟང་གི། སྐབས་རེ་སྣང་བ་སྐྱིད་མོ་དགོས་ཀྱི། སྲིད་སྐྱོང་གི་ལས་ཀ་དེ་ལས་སླ་པོ་ཞིག་རེད་ཡ།

  5. འཇིགས་བྲལ། says:
    2016-03-03 at 8:14 am

    བོད་ཕྱི་ནང་གཉིས་ནས་བོད་མི་ན་གཞོན་གཉིས་ཀྱིས་བོད་རང་བཙན་གཙང་མའི་ཆེད་རང་སྲོག་མེར་བསྲེག་གནང་སོང་། འདི་ན་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་ཀྱི་ཡིན་ཟེར་མཁན་ཚོས་འོས་བསྡུའི་རྒྱལ་ཕམ་གྱི་ཆེད་དུ་ཁོང་རྣམ་གཉིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་འདུག ངོ་མ་ངོ་ཚ་ཟེར་བ་མི་འདུག ལས་འབྲས་ཟེར་བ་མི་འདུག

    དངོས་འབྲེལ་ཁོང་རྣམ་གཉིས་ལ་དེ་ལྟར་གཅེས་ན་བོད་རང་བཙན་རྩོད་མཁན་ཚོ་དགྲ་བོ་རྒྱ་ནག་གཞུང་ལས་སྡུག་པ་ཡིན་པའི་ལྟ་ཚུལ་སྤེལ་མཚམས་ཞོགས་དང་།

    དངོས་འབྲེལ་ཁོང་རྣམ་གཉིས་ལ་དེ་ལྟར་གཅེས་ན་བོད་རང་བཙན་རྩོད་དགོས་པའི་ཚེ་སྲོག་གི་རེ་སྐུལ་ལ་བདག་གཅེས་བྱོས་དང་།

    ངོ་མ་ངོ་ཚ་ཟེར་བ་མི་འདུག འོས་ཤོག་གཅིག་གི་ཆེད་དུ་སྐུ་སྲོག་ཤོར་ཟིན་པའི་དཔའ་བོ་གཅིག་དང་། སྨན་ཁང་ན་ཤི་གསོན་གྱི་མཚམས་ན་ཡོད་པ་གཉིས་བེད་སྤྱོད་པ་འདི་ངོ་མ་དཔེ་མེད་ཀྱི་བྱ་བ་རྫབ་ཆེན་རེད་བསམ་གྱི་འདུག

    དཱ་ད་ལོ་འོས་ཤོག་གི་ཆེད་དུ་གཏམ་འདྲ་མིན་བཟོས་སོང་། ཁ་སང་ཁོང་རྣམ་གཉིས་ནས་སྐུ་ལུས་མེར་བསྲེག་གནང་བ་དང་། རྒྱ་གཞུང་གིས་བཙན་བྱོལ་བོད་མིས་འོས་ཤོག་གི་ཆེད་དུ་བཟོས་པའི་གཏམ་འདྲ་མིན་དེ་ཚོ་ཧ་ཅང་ཁ་གསལ་པོའི་སྒོ་ནས་གཞིས་ལུས་མི་མང་ལ་བསྒྲགས་སོང་། རྒྱ་ནག་མི་མང་ལ་བསྒྲགས་སོང་། འགོ་གང་ནས་བཙུགས་སོང་། གནས་སྟངས་གང་འདྲ་ཆགས་སོང་། ད་དུང་རང་ཚོད་བཟུང་ཤེས་ཀྱི་མི་འདུག ངོ་མ་ངོ་ཚ་མེད་པ་རང་རེད།

  6. རེ་བ་ says:
    2016-03-03 at 8:30 am

    འཇིགས་བྲལ་འམ་རྫུན་སྤྲེལ་།
    ཁྱེད་ཀྱིས་ལས་འབྲས་སྐོར་མ་བཤད་ན་ཡག་གི་རེད་། ལས་འབྲས་ལ་ཡིད་ཆེས་ཡོད་ན་ཁྱེད་ཀྱི་གདན་ས་བཞག་ནས་སྤྲང་འཆམ་རྒྱབ་ཀྱི་མ་རེད་།
    ཨ་རོག་ཁམས་པ་ཁྱེད་ཀྱིས་དཔུང་ཁྲིད་དེ་ལྷོ་ཕྱོགས་གཞིས་ཆགས་ཀྱི་གཞིས་སྒོར་འཇིགས་སྐུལ་ཉེན་བརྡ་རྡུང་རྡེག་བཏང་བར་འགྲོ་མཁན་ཞིག་གིས་དམངས་གཙོ་དང་ལས་འབྲས་སྐོར་གླེང་སྐབས་ངོ་མི་ཤེས་མཁན་ཞིག་ལ་མཛེས་པོ་མཐོང་སྲིད་ཀྱང་ ཆེ་སའི་སྤྱི་ཚོགས་ནང་རྨ་བྱ་འདྲ་བའི་དུག་བཟའ་མཁན་མི་ངན་ཁྱེད་ཚོ་ང་ཚོས་ནམ་ཡང་བརྗེད་ཀྱི་མ་རེད་།
    ངོས་ལ་ཆ་མཚོན་ན་ལྟ་བ་རང་བཙན་ཡིན་ཡང་ཁྱེད་འདྲ་བའི་མི་ངན་ཞིག་གི་མཉམ་དཔུང་པ་མཉམ་ཞིབ་ནམ་ཡང་བྱེད་ཀྱི་མ་རེད་།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 8:37 am

    ་་་་་་་་་་ སྐལ་རྡོ་གཉེར་ཕྱག་དང་གཅིག ཇུང་ཏོག་དང་གཉིས། གངས་ཕྲུག་།དང་གསུམ། ད་རུང་མིང་སྨྲས་མེད་པ་མང་བོ་ཡོད། བྱ་བཙོག་གི། ལྟ་སྲོལ་མེད་པ་ཏག་ཏག་རེད། ཁོང་ཚོས། བྲི་ནི་མི་ཤེས། བརྗོད་བྱ་ནི་མེད། གོ་རྟོགས་ཞན། ་་་་་་་་ ཟེར་ན།
    ཁྱོད་ཀྱིས་བྲིས་པ་ག་རེ་སྟོན་རྒྱུ་ཡོད། ལགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 8:42 am

    #6 རེ་བ་ ་ལགས་ཀྱིས་སྤེལ་དོན།:
    March 3rd, 2016 at 8:30 am

    ་་་་་་་་་་་་་ ངོས་ལ་ཆ་མཚོན་ན་ལྟ་བ་རང་བཙན་ཡིན་ཡང་་་་་་་་་་་་་ ཟེར།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 8:51 am

    ད་ལོ་སླར་ཡང་བློ་སེང་ཐོབ་འགྱུར་ཅིག །

  10. ཁུ་བྱུག says:
    2016-03-03 at 8:51 am

    རྒྱ་གར་གྱི་བརྒྱུད་ལམ་གཅིག་གིས་སྲིད་བློན་རྒྱའུ་ལ་བཅར་འདྲི་ཞིག་བྱས་པའི་ལན་དུ། ང་ཤིང་ཏོག་ཡིན་ན་ཀུ་ཤུ་ལ་དགའ་བོ་ཡོད་ཅེས་པར་དྲྭ་ལམ་དང་བརྒྱུད་ལམ་རེ་རེ་དང་ཆབ་སྲིད་དཔྱད་བརྗོད་པ་རེ་རེས་རང་དགར་འགྲེལ་འདི་ལྟར་བྱས་ཡོད། ལ་ལས་་་རྒྱའུ་དམར་ལུགས་ལ་དགའ་བོ་ཡོད་ཙང་། ཤིང་ཏོག་དམར་རིགས་ལ་དགའ་བ་ཡིན་ཟེར། ཁ་ཅིག་གིས་་་་རྒྱའུ་རྒྱས་སྤྲོས་ལ་ཧ་ཅང་མོས་པ་ཅན་ཡིན་ཏེ། རིན་གོང་ཆེ་བའི་དངོས་པོར་དགའ། དཔེ་ན་ཀུ་ཤུ་ཟེར། ལ་ལས་་་་རྒྱའུའི་ཆབས་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་བརྟན་ཏེ། ཀུ་ཤུ་ལྟར་སྲོབ་སྲོབ་ཡིན་ཟེར། གང་ལྟར་རྒྱའུས་རང་གི་དགའ་སའི་ཤིང་ཏོག་འདི་ཡིན་ཟེར་བར་འགྲེལ་བརྗོད་སྣ་ཚོགས་ཀྱིས་འབངས་མི་གླེན་རིགས་མགོ་རྨོངས་སུ་བཅུག་ཀྱང་། ཤེས་ལྡན་དག་གིས་ཅིའང་མི་སྨྲའོ། །

  11. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 8:53 am

    མྱ་ངན་གུས་དུད་ཞུས་པའི་པར།
    https://www.facebook.com/fan.page.of.dr.lobsangsangay/posts/971358829624339

  12. palden says:
    2016-03-03 at 9:11 am

    བེ་རེ་གདོང་ནག་ཟེར་བ་འདི་ཡང་བློ་སེང་ལྟར་མིག་སྔར་ལྷག་པའི་སྐད་ཆ་མི་བཤད་པར་དེ་ལས་འཕྲོས་ཏེ་རྒྱང་སྐོར་རྒྱག་རྒྱུ་དགའ་བའི་མི་ཞིག་རེད། སྐད་ཆ་དང་རྩོམ་ཡིག་སོགས་སྤེལ་འབྲི་སྐབས་དོན་དངོས་ལ་དཔྱད་ཞིབ་སྔོན་དུ་བཏང་ནས་ལས་བརྩམ་དགོས། བློ་སེང་གི་གཞས་ཞབས་དང་དགད་མོ་ཤོར་བའི་བར་འབྲེལ་བ་ཅི་ཡང་མེད། རྒྱལ་གཅེས་པ་གཅིག་གི་བསྲེག་དྲི་ཡལ་མེད་པ་དང་། གཅིག་གི་འཆི་གསོན་གང་ཡིན་ཐག་མ་ཆོད་པའི་སྡུག་བསྔལ་གྱི་དུང་དུ་ལྷུང་བའི་གནས་སྐབས་འདིར་བློ་སེང་གིས་སྐྱིད་པའི་གཞས་བཏང་ཞིང་། དགའ་བའི་སྨྱོ་བྲོ་འཁྲབ་པ་འདི་དང་། སྤྱིར་བོད་ཡུལ་ལ་སྡུག་བསྔལ་ཡོད་རུང་བློ་སེང་དགད་མོ་ཤོར་བ་འདི་གཉིས་ལ་མཚུངས་བསྡུར་བྱེད་རིན་ཞིག་འདུག་གམ། ཁྱེད་རང་ཁམས་ཞེན་གྱི་དབང་གིས་སམ། ཡང་མིན་ན། རྒྱུ་མཚན་གཞན་གྱིས་བློ་སེང་ལ་རྒྱབ་སྐྱོར་གནང་གི་ཡོད་ན་གནང་ལེ་ཆོག འོན་ཏེ། ཁྱེད་ཀྱིས་སྡིག་པ་མིག་བཙུམ་གྱིས་རྩོམ་འཆལ་འདི་འདྲ་བྲིས་པ་འདིས་ཁྱེད་ཀྱི་རང་གཤིས་དམར་རྗེན་དུ་བཏོན་འདུག ལས་འབྲས་ཀྱིས་ཁྱེད་ལ་ཐར་བ་མི་གཏོང་བ་ཐག་གིས་ཆོད།

  13. ཟླ་བ། says:
    2016-03-03 at 10:27 am

    སྲིད་སྐྱོན་བྱོན་པར་མི་དམངས་ཀྱིས་དགའ་བསུ་ཞུས་པ་དང་། ལྷན་དུ་༸གོང་ས་མཆོག་ལ་བསྟོད་པའི་གཞས་ཏེ། ལྷ་ས་ནོར་བུའི་གླིང་ལ།། ནོར་བུ་མི་འདུག་མ་གསུངས།། ཇོ་ཤག་ཡིད་བཞིན་ནོར་བུ།། ནོར་བུ་མིན་ན་གང་རེད།། ཅེས་པ་གཏོང་མི་ཆོག་པ་ཅི་ཡོད། ལར་ནས་བོད་འདི་ས་ཤོར་བ་ནས་སྡུག་ཅི་ཐོག་གཉིས་ཐོག་ཡིན་པས་འགོ་ཁྲིད་རྣམས་ཉིན་རྟག་པར་ངུ་བཞིན་འདུག་དགོས་སམ། ངས་ཀྱང་དྲྭ་ལམ་བཙོག་པ་ཁག་ཏུ་འདི་ལྟའི་འཆལ་གཏམ་སྤེལ་ཞིང་། གླེན་པ་རི་བོང་ཅལ་སྒྲོག་ཅན་ཧ་ཅང་མང་པོས་ལྷན་གཅིག་ཏུ་ངུ་རྒྱངས་བྱེད་ཀྱིན་པ་དག་མཐོང་དུས་ཞེ་མེར་གྱིན་འདུག ཚོགས་གཙོ་མཆོག་ལ་རྒྱབ་སྐྱོར་བྱེད་པར་འདོད་ན་དེ་ལྟར་ཞིག་རྩ་བ་ནས་མ་རེད། འདི་ལྟའི་བྱ་སྤྱོད་འདིས་ཚོགས་གཙོའི་ཞལ་ལ་གདམ་རྙོག་བྱུག་གིན་འདུག དེ་བཞིན་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་མིག་ཡ་གཅིག་ཞར་བའི་ཆོལ་ཞེན་ཅན་སྐོར་ཞིག་གིས་ཀྱང་དྲྭ་ལམ་ཁག་ཏུ་ཁྱི་སྨྱོན་བཞིན་གང་སར་ཟུག་གིན་འདུག མདོར་ན་ད་ལྟའི་བཙན་བྱོལ་བའི་སྤྱི་ཚོགས་འདིར་བཟང་སྤྱོད་བོར་ཞིང་། ཞེ་ཁྲེལ་མེད་པ། ལ་རྒྱ་དང་རྒྱལ་ཞེན་བྲལ་བའི་སྤྱང་ཀི་གཉའ་རེངས་ཅན་མང་དྲག་ནས། སྤྱི་ཚོགས་ཆུང་ཆུང་འདི་འཆི་ལམ་ལ་དེད་གིན་འདུག ངོ་མ་ད་ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བའི་ཚིག་འདི་སྐྱོར་ཞིང་། ཞེ་གཏིང་ནས་ཆིལ་སྒྲིལ་གྱི་རིན་ཐང་འཚོར་མཁན་ཅི་ཙམ་ཡོད་ཨང་།

  14. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 10:45 am

    ལྷ་ས་ནོར་བུའི་གླིང་ལ།།
    ནོར་བུ་མི་འདུག་མ་གསུངས།།
    ཇོ་ཤག་ཡིད་བཞིན་ནོར་བུ།།
    ནོར་བུ་མིན་ན་གང་རེད།། ཅེས་པ་གཏོང་མི་ཆོག་པ་ཅི་ཡོད། ་་་་ཟེར་བ་ཅིས་མི་བདེན།

  15. འཇིགས་མེད་ says:
    2016-03-03 at 11:23 am

    ད་ལྟའི་དུས་འདིར་སྲིད་སྐྱོང་མ་ངུས་ཀྱང་གཞས་ཁྲབ་དགོས་དོན་རང་ད་ཨ་ཡོད་ན་ ཡམ་མཚན་པོ་དངོས་བྱུང་

  16. ༄།།སྟར་བུ་དམར་བོ། says:
    2016-03-03 at 11:29 am

    Pal den དང་རེ་བ་གཉིས་ཀྱིས་མདའ་འཕངས་འདུག འབེན་ལ་ཕོག་འདུག ན་ཡོད་རྒྱུ་རེད་ཡ། སྐལ་རྡོ་གཉེར་ཕྱག་གི་མཆན་ཉོག་ནང་བཞིན་རེད་མི་འདུག བཟང་གི།

  17. བསྟན་འཛིན says:
    2016-03-03 at 11:45 am

    ནང་ནས་བུ་གཉིས་རང་བསྲེགས་གནང་པ་བ་ཕྱི་ནས་ཞབས་བྲོ་འདི

  18. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 11:57 am

    ་་་་་་་་་་ #16 ༄།།སྟར་བུ་དམར་བོ། ་ལགས་ཀྱིས་སྤེལ་དོན།:
    March 3rd, 2016 at 11:29 am
    Pal den དང་རེ་བ་གཉིས་ཀྱིས་མདའ་འཕངས་འདུག འབེན་ལ་ཕོག་འདུག ན་ཡོད་རྒྱུ་རེད་ཡ། སྐལ་རྡོ་གཉེར་ཕྱག་གི་མཆན་ཉོག་ནང་བཞིན་རེད་མི་འདུག བཟང་གི། ་་་་་་་་་་་ ཟེར། ཧཧཧཧཧཧཧ།། །།

  19. འཇིགས་མེད་ says:
    2016-03-03 at 12:00 pm

    ད་རེད་སྲིད་སྐྱོང་རྣམ་གཉིས་ཀྱི་འགྲོ་གླེང་འདི་ལ་བཟང་སྤྱོད་རྣམ་པ་རྩ་བ་ནས་མཐོང་མ་སོང་ བློ་སེང་མཆོག་ནས་ཁ་ནས་བཟང་སྤྱོད་ཞེས་མ
    ཎི་གྲང་གྲང་བཤད་ཀྱང་ཁ་བཤད་ལགས་ལྟར་རྩ་བ་ནས་མཐུན་མ་སོང་ དེས་མ་ཚད་བློ་སེང་གྱི་སྦོརཤོག་དང་རྫིག་པོ་ཀྱང་ཀྱང་བཤད་ནས་སྲིད་སྐྱོང་འོས་མི་ང་ལས་ལྷག་མི་མེད་ཚུལ་དང་ང་ལ་འོས་བླུག་ཤོག་ཅེས་ངོ་ཚ་འཁྲེལ་མེད་འབའ་ཞིག་བཤད་སོང་ འོས་སློང་ཡས་ཀྱི་ཉམ་སྨྱོང་ཆ་ཚང་ཁྱེད་ལ་འདུག་ ད་དུང་བཤད་ཤོག་ཨ་

  20. བེ་རེ་གདོང་ནག says:
    2016-03-03 at 12:10 pm

    ཆབ་སྲིད་ཞབས་སྟེགས་འགྲན་རྩོད་བྱེད་དུས་ངས་འབྱོན། ངས་ཐུབ་ཟེར་ནས་འོས་ཤོག་ཐོབ་ཐབས་བྱེད་དགོས་པ་ལས་་་ངས་མི་འབྱོན་དེ་ཡིན་ནའང་ང་ལ་འོས་བླུག་རོགས་གང་ཡིན་ཟེར་ན་་ང་གོ་གནས་དགའ་ཡི་འདུག་ཟེར་དགོས་རེད་པས། དམངས་གཙོ་གོ་རྟོགས་མེད་པའི་ཞེན་ཁོག་ཅན་ཚོས་ཅི་བཤད་འདི་བཤད་མེད་པར་ཨུས་ཐུག་་པའི་བཟོ་འདྲ་འདུག

  21. ཀརྡོ་གཉེར་ཕྱག་པ་ says:
    2016-03-03 at 12:23 pm

    རེ་བ་དང་། སྟར་བུ་གཉིས་པོ། ཚོགས་གཙོ་དང་། སྲིད་སྐྱོང་སུ་ལ་ཡང་རྒྱབ་སྒྱོར་མི་བྱེད་མཁན་ཡིན་ན། ཁ་བརྡར་གནད་དོན་འདི་ལ། ང་ལ་བྱུས་གཏོགས་མ་གནང་ན། ཡག་བགྱིད་རེད། དེ་མིན་དྲ་གྲོགས་གཞན་པ་ཚོ་ལ་ངོ་ཚ་རོགས་རེད་དོ།།

  22. palden says:
    2016-03-03 at 1:39 pm

    སྐུ་ཞབས་ཟླ་བ་ལགས། ངས་ཀ་ཁའི་ཡིག་ངོ་ཤེས་ཤིང་སུམ་རྟགས་ཀྱི་གཞུང་ལུགས་ཏོག་ཙམ་ཤེས་པ་བཟུང་དོན་དངོས་དང་མཐུན་མིན་ལ་དཔྱད་ཞིབ་བྱས་དང་བྱེད་བཞིན་པའི་མི་བུ་ཐ་ཤལ་བ་ཞིག་ཡིན། ངས་སྲིད་སྐྱོང་འོས་མི་གཉིས་ལས་གཅིག་ཡག་གཅིག་ངན་གྱི་གཞི་མེད་སྐྱོན་འཛུགས་གང་ཡང་བྱས་མེད། སྲིད་སྐྱོང་འོས་མི་སུ་ཞིག་ཡིན་ཡང་དོན་དངོས་དང་མི་མཐུན་ཞིང་། སྐབས་བབ་དང་མི་འཚམས་པའི་ལས་བརྩམས་ན་དེ་འགྲིག་མི་འདུག་ཅེས་གླེང་དགོས་པ་འབངས་མི་ཚད་ལྡན་ཞིག་གི་འགན་འཁྲི་རེད། ཐེངས་འདིར་སྲིད་སྐྱོང་འོས་མི་བློ་སེང་གིས་སྐབས་བབ་དང་མི་འཚམས་པའི་དུས་འདི་འདྲ་ཞིག་ལ་སྐྱིད་པའི་གཞས་བཏང་། དགའ་བའི་བྲོ་འཁྲབ་ན་བོད་མི་རིགས་ཀྱི་མཚན་མཐོང་ལ་གནོད་པ་མ་ཟད། དོལ་ཚོགས་དང་རྒྱ་ནག་ལ་དགོས་པའང་འདིའི་རིགས་རེད། སྐབས་འདིར་སྤེན་ཚེས་དེ་འདྲ་གནང་ན་དེ་མཚུངས་སུ་ཐེར་འདོན་བྱེད་དགོས་གཅིག་མཚུངས་རེད། ལར་ནས་ཁྱེད་ཀྱིས་གཞས་དེ་ནི་༧གོང་ས་མཆོག་ལ་ཕུལ་བའི་བསྟོད་པ་རེད། དེ་གཏོང་མི་ཆོག་དོན་ཅི་ཡིན་ཟེར། འོ་ན། གོང་ས་མཆོག་གི་བསྟོད་གཞས་རེད་ཟེར་ནས་སྐབས་བབ་ལ་བལྟ་མི་དགོས་ན་ཕྱི་ལོ་༢༠༠༨ དང་ ༢༠༠༩ སྐབས་སུ་མེར་བསྲེག་ཕོན་ཆེན་བྱུང་བ་རྣམས་ཀྱི་ཆེད་བློ་སེང་བཀའ་ཤག་ནས་བསྔོ་སྨོན་མི་གསུང་བར་ད་རེས་གཞས་འདི་བཏང་ནས་མི་འདུག་དོན་ཅི་ཡིན་ནམ།

  23. ཁྱུང་དཀར says:
    2016-03-03 at 9:16 pm

    ད་ཡིན་ན་དྲ་འབུ་ཁ་ཤས་སྙིང་རྗེ། བདེན་རྫུན་གྱི་དབྱེ་བ་བསྐྱུར་ནས་ཡི་གེ་སྣ་རེ་བྲིས་ཀྱང་ཆོལ་ཞེན་གྱི་སྐྱག་དྲི་འཐུལ་ལེ་ལྡི་ལིའི་པན་ཇ་སྤ་སའི་སྲང་ལམ་གྱི་རྫོབ་དྲི་དང་འདྲ་སེ་འདུག་ག ཧ་ཧ་ཧ་་་་
    རྒྱལ་ཞེན་ལྷག་བསམ་མཐོ་བའི་སློབ་ཕྲུག་གིས། །
    རང་ལུས་བསྲེགས་ནས་ཞི་རྒོལ་འཐབ་པའི་སྐབས། །
    ཕོ་རྫིག་རིག་ཞེན་སྟོང་བའི་སེང་གེ་ཡིས། །
    དམངས་སེམས་གཡོ་ལ་བསྐོར་བ་སྐྱོ་བའི་གཞི། །
    བློ་སེང་ཕམ་པར་ཤོག ཀརྡོ་ལགས་ཀ་རྡོའི་རིགས། ག་འདྲ་འདུག

  24. གངས་ཕྲུག། says:
    2016-03-03 at 10:52 pm

    བློ་སེང་ནམ་ཡང་རྒྱལ། སྤེན་ཚེ་འཁོར་བཅས་ངུ་རྒྱུ་ལས་མེད། མང་པོ་མི་བཤད། དེ་ཙམ་ཡིན། མ་དགའ་མཁན་སུ་བྱུང་ན་མཉམ་ངུ་གནང་རོགས།

  25. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 12:10 am

    #23 ཁྱུང་དཀར ་ལགས་ཀྱིས་སྤེལ་དོན།:

    ་་་་་་་་་་ བློ་སེང་ཕམ་པར་ཤོག ཀརྡོ་ལགས་ཀ་རྡོའི་རིགས། ག་འདྲ་འདུག ་་་་་་་་་ ཟེར།

  26. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 12:13 am

    བློ་སེང་སེན་ཆེན་དཀར་མོ་རེད། །
    དེ་ནི་རྒྱལ་དར་ཕྲ་རྒྱན་རེད། །
    ནོར་འབར་འོས་རྟགས་དར་རྒྱན་རེད། །
    དེ་ཡང་བོད་དར་མཚོན་རྟགས་རེད། །
    ་
    འཁྱུང་དཀར་ངུས་པས་ཅི་ལ་ཅན། །
    སྤེན་ཚེར་འོས་མང་བླུགས་ནས་ཤོག །
    དེ་ནས་རིང་པོར་མི་ཐོགས་པར། །
    ང་གཉིས་སུ་རྒྱལ་ལྟ་ཆོག་གོ །
    ་
    ཧ་ཧ། རྩེད་མོ་དང་བཅས།།

  27. ཁྱུང་དཀར says:
    2016-03-04 at 3:16 am

    རེ་བཅོལ་སེམས་ཀྱི་དོན་ཆེན། །
    བློ་སེང་ཕྱག་ལ་བཅོལ་སོང་། །
    གཞུང་གི་ལས་དོན་ཆེ་ཆུང་། །
    ཤར་ནུབ་གཡེང་ནས་བསྐྱུར་སོང་། །

    བློ་སེང་སེང་གེ་མ་རེད། །
    དར་གྱི་ཕྲ་རྒྱན་མ་རེད། །
    ནོར་འཁྱིལ་འོད་འབར་མ་རེད། །
    འཁྱམས་ཁྱི་ཅིག་ལས་སྡུག་རེད། །

    ཀརྡོ་གཉེར་ཕྱག་ཁོ་རེད། །
    སེང་གེ་འོག་གི་ཁྱི་རེད། །
    དངོས་དོན་དྲང་པོ་སྤས་པ། །
    ཁྱི་གཟུགས་ཡིན་པའི་རྟགས་རེད།
    ཧ་ཧ་ཧ་་་་་་

  28. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 6:51 am

    ་་་་་་་་་ ཀརྡོ་གཉེར་ཕྱག་ཁོ་རེད། །
    སེང་གེ་འོག་གི་ཁྱི་རེད། །
    དངོས་དོན་དྲང་པོ་སྤས་པ། །
    ཁྱི་གཟུགས་ཡིན་པའི་རྟགས་རེད།
    ཧ་ཧ་ཧ་་་་་་
    ་་་་་་་་་་་་་་་་ ཟེར། ཧ་ཧ་ཧ་་་་་

  29. གངས་ཅན་པ།། says:
    2016-03-05 at 6:03 am

    བོད་གངས་ཅན་པའི་ལྷ་སྲུང་རྣམས་ཀྱིས་གཟིགས་རོགས་དཔའ་བོ་མེར་སྲེག་གནང་དུས་སྲིད་སྐྱོང་ཞབས་གཞས་སྐྱོན་གྱིས་ལྷ་སྲུང་རྣམས་ཀྱི་བཀའ་བཅད་ཞིག་ངེས་པར་དུ་མཛད་རོགས།།

  30. གདོང་དམར says:
    2016-03-06 at 5:50 am

    སྒྱུ་མ་མཁན་བློ་སེང་གིས་་མང་ཚོགས་ལ་གཞས་འདི་༸གོང་ས་མཆོག་གི་ཆེད་དུ་བཏང་བ་ཡིན་ཚུལ་བརྗོད་དེ་རང་ཉིད་ཀྱི་ནག་ཉེས་དག་ཐབས་བྱེད་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme