Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམ་ཆོས་འདུལ་བའི་བགྲོ་གླེང་།

Posted on 2016-03-012016-03-01 By ཁ་བརྡ 22 Comments on དམ་ཆོས་འདུལ་བའི་བགྲོ་གླེང་།

མཁོ་འདོན་པ། སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས།
 

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཤྲཱི་ལངྐའི་གནས་བརྟན་སྡེ་པ་དང་བོད་བརྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དབར་དམ་ཆོས་འདུལ་བའི་བགྲོ་གླེང་།

ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༦ ནས་༢༧ བར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། ཤྲཱི་ལངྐའི་གནས་བརྟན་སྡེ་པ་དང་། བོད་བརྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དབར་དམ་ཆོས་འདུལ་བའི་བགྲོ་གླེང་ཞིག་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཚུགས་ཡོད་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་ཤྲཱི་ལངྐའི་བླ་ཆེན་ཨི་ཏཱ་པཱ་ན་ངྷམ་ལངྐཱ་ར་མཱ་ཧ་ན་ཡེ་ཀེ་རྣམ་པ་གཉིས་ནས་མར་མེ་ཞལ་འབྱེད་དང་བསྟུན། བྱང་འདྲེན་མཆོག་ནས་དབུ་བསྐུལ་གྱིས་སྟོན་པའི་བསྟོད་པ་ཤླཽཀ་གསུམ་དང་བཀྲ་ཤིས་པའི་ཤླཽཀ་གསུམ་གསུང་འདོན་གནང་ཞིང་།

unnamed-2

ཤར་རྩེ་མཁན་པོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ངོ་སྤྲོད་དང་། ཤྲཱིལངྐའི་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོག་ཌར་ངྷ་མེན་དཱ་པོ་ར་ཀེ་ནས་གནས་བརྟན་སྡེ་བ་ངོ་སྤྲོད་ཞུས་གྲུབ་རྗེས། ཚོགས་ཐེངས་དང་པོར་དགའ་ལྡན་ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་གིས་གཙོ་སྐྱོང་འོག་ཤྲཱི་ལངྐའི་གནས་བརྟན་ Dr.Pallekande Rathanasara Thero དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་རབ་བྱུང་སྒྲུབ་ཚུལ་དང་བསྙེན་རྫོགས་སྒྲུབ་ཚུལ་གྱི་སྐོར་གསུང་བཤད་གནང་བ་དང་། ཤྲཱི་ལངྐའི་གནས་བརྟན་Dr.Medagama Nandavansa Thero དང་། དགའ་ལྡན་བྱང་རྩེ་བློ་གྲོས་བཟང་པོས་དགེ་སློང་གི་ལྟུང་བ་རྣམ་གཞག་སྐོར་གསུང་བཤད་དང་། སྟངས་འཛིན་པས་གཟིགས་ཚུལ་གསུངས།

unnamedཚོགས་ཐེངས་གཉིས་པར་བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་མཆོག་གིས་གཙོ་སྐྱོང་འོག་ཤྲཱི་ལངྐའི་གནས་བརྟན་Dr.Medagampitiye Wijithadhamma Thero དང་། སེར་སྨད་སྟོང་སྐོར་རིན་པོ་ཆེ་ནས་སྤང་ལྟུང་དང་། ལྟུང་བྱེད་འབའ་ཞིག་པ། སོར་བཤགས་དང་བསླབ་བྱའི་ཉེས་བྱས། རྩོད་པ་ཞི་བར་བྱ་བའི་ཆོས་བཅས་ཀྱི་སྐོར་དང་། ཤྲཱི་ལངྐའི་གནས་བརྟན་Dr. Medagampitiye Wijithadhamma Theroདང་། སྒོ་མང་མཁན་པོ་བློ་བཟང་རྒྱལ་མཚན་མཆོག་ནས་གསོ་སྦྱོང་དང་། དབྱར། དགག་དབྱེ་བཅས་ཀྱི་སྐོར་ལ་གསུང་བཤད་དང་།

unnamed-1ཕྱི་ཚེས་༢༧ ཉིན་ཚོགས་ཐེངས་གསུམ་པར་སྒོ་མང་མཁན་པོས་གཙོ་སྐྱོང་འོག་ཤྲཱི་ལངྐའི་གནས་བརྟན་Ven.Muruddeniye Dhammarathana Thero དང་། བློ་གླིང་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་ཀྱིས་སྤྱིར་བཏང་དགེ་སློང་གི་འཚོ་བའམ་ཀུན་སྤྱོད་ཀྱི་སྐོར་དང་། དེ་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་འདུལ་བ་ལ་སློབ་གཉེར་ཆེད་དམ་བཅའ་དང་རྩོད་པ་བྱེད་ཚུལ་གཟིགས་འབུལ་དང་།

མཇུག་བསྡོམས་སུ། ཤྲཱི་ལངྐའི་ནང་པའི་བློན་ཆེན་ཌོག་ཌར་ཝི་ཇེ་དཱ་ས་རཱ་ཇ་པག་མཆོག་ནས་གསུང་བཤད་བཀའ་དྲིན་སྩལ་ཡོད་པ་དང་། ཤྲཱིལངྐའི་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོག་ཌར་ངྷ་མེན་དཱ་པོ་ར་ཀེ་མཆོག་ནས་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཤྲཱི་ལངྐའི་ནང་པའི་བློན་ཆེན་ཌོག་ཌར་ཝི་ཇེ་དཱ་ས་རཱ་ཇ་པག་མཆོག་རྣམ་གཉིས་ལ་དམིགས་བསལ་ཆེ་མཐོང་ཕྱག་རྟགས་འབུལ་བཞེས་ཞུས་ཤིང་།

unnamed-3

གོ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་རྣམ་པར་ཕྱག་རྟགས་འབུལ་བཞེས་ཞུས་ཡོད་པར་མ་ཟད། ཤྲཱི་ལངྐའི་ནང་པའི་བློན་ཆེན་དང་། བླ་ཆེན་རྣམ་གཉིས་ཀྱི་སྐུ་འཁོར་བཅས་གདན་ས་གྲྭ་ཚང་ཁག་ཏུ་མཆོད་མཇལ་གཟིགས་སྐོར་དུ་འཁྲིད་ནས་ཕན་ཚུན་མཛའ་བཤེས་ཟབ་མོའི་བཀའ་མོལ་གནང་ཡོད་པར་མ་ཟད། མ་འོངས་པར་བོད་པའི་དགེ་འདུན་པ་ཤྲཱིལངྐའི་རྒྱལ་ཁབ་ནང་ཕེབས་ཏེ་ཕན་ཚུན་ཆོས་ཕྱོགས་ཀྱི་ཕྱག་ལས་མཉམ་རུབ་གནང་ན་དགེ་མཚན་ཆེ་སྐོར་གསུངས་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གཙུག་ལག་སློབ་ཆེན་བལ་ཡུལ་དུ་དབུ་བརྙེས་པ།
Next Post: མཆི་མའི་ཐིགས་ཕྲེང་། ( ཞར་བཀོད་གཅིག)

Comments (22) on “དམ་ཆོས་འདུལ་བའི་བགྲོ་གླེང་།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-03-01 at 12:36 am

    ་་་་་་་་་་་་་་་་དགེ་སློང་གི་འཚོ་བའམ་ཀུན་སྤྱོད་ཀྱི་སྐོར་་་་་་་་་་་་་

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-01 at 2:23 am

    པདྨ་ལགས། མཚན་མཐུན་ཆགས་སྤྱོད་དེ་དགེ་ལུགས་ནང་གཅིག་པོ་ཨེ་ཡིན་ནམ། རང་ཡང་ཕྱོགས་ཞེན་གྱིས་མཁྲིས་ནད་ཕོག་འདུག་གདའ། བཤད་འདོད་ན་དྲང་མོ་ཤོད་ཤོག་་་་་་་འདུལ་བ་གཞིར་བཞག་ནས་་་་་་་་

  3. བདེན་པའི་རྒྱབ་ལངས། says:
    2016-03-01 at 3:10 am

    #2 པདྨ ཁྱེད་ཀྱི་མཚན་མཐུན་གྱི་གོ་དོན་ངོ་མ་དེ་མ་ཤེས་པར་སྤྱི་ཚོགས་སྟེང་འགན་འཁུར་མེད་པའི་ཡིག་ཉོག་མ་བྲིས་ན་ལེགས་སཆ ལས པཉེལ ངཅི རའགཅེན བས །དི ཤཆ ཡིནཨ

  4. བདེན་པའི་རྒྱབ་ལངས། says:
    2016-03-01 at 3:12 am

    #2 པདྨ ཁྱེད་ཀྱི་མཚན་མཐུན་གྱི་གོ་དོན་ངོ་མ་དེ་མ་ཤེས་པར་སྤྱི་ཚོགས་སྟེང་འགན་འཁུར་མེད་པའི་ཡིག་ཉོག་མ་བྲིས་ན་ལེགས་སམ་ལས་བྲེལ་གྱི་རྐྱེན་པས་འདི་ཙམ་ཡིན།

  5. ཁུ་བྱུག says:
    2016-03-01 at 4:42 am

    ཆགས་བྲལ་སྔོན་སོང་ཡིན་ན་གང་ཤེས་མ་གཏོགས། ཕལ་ཆེར་ཁག་པོ་ཡིན་འགྲོ། ཡིན་ནའང་སྒྲུབ་རྒྱུད་ཡིན་མདོག་གིས་སྐྱེས་དམན་བསྟེན་ཏེ། མལ་འབྱར་རྒྱབ་འཁུར་གྱིས་རྡོར་གདན་དུ་སྨོན་ལམ་འགྲིམས་བཞིན་པ་ནི། སྤྲང་ཚོགས་སྤྲང་འགྱེད་ལ་རྔམས་པ་ལྟར་མཐོང་ངོ་། །རྟོགས་ལྡན་ལ་ནི་དམིགས་གསལ་ལོ། །

  6. Rinchen Dhondup says:
    2016-03-01 at 5:01 am

    ༧རྒྱལ་དབང་དགྱེས་པའི་མཆོད་སྤྲིན་བཟང་པོ་ཞིག་ཕུལ་འདུག་པ་ཧ་ཅང་བཟང་། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་ལྟར། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

  7. བླ་མ། says:
    2016-03-01 at 5:53 am

    ཕྱི་ཡིས་སྤྱོད་པ་དམ་ཆོས་འདུལ་བ་དང་། །ནང་སྤྱོད་པ་བྱང་ཆུབ་སེམས་དང་ལྡན། །གསང་བའི་སྤྱོད་པ་གསངས་སྔགས་དམ་ཚིག་ལྡན། །སྡོམ་གསུམ་པ་བོད་ཀྱི་ཁྱད་ཆོས་ཡིན།།

  8. བླ་མ། says:
    2016-03-01 at 5:56 am

    ཕྱི་ཡིས་སྤྱོད་པ་དམ་ཆོས་འདུལ་བ་དང་། །ནང་གི་སྤྱོད་པ་བྱང་ཆུབ་སེམས་དང་ལྡན། །གསང་བའི་སྤྱོད་པ་གསངས་སྔགས་དམ་ཚིག་ལྡན། །སྡོམ་གསུམ་པ་བོད་ཀྱི་ཁྱད་ཆོས་ཡིན།། དེས་ན་སོ་བྱང་སྔགས་གསུམ་གྱིས། །སླབས་པ་རྣམས་ལ་བརྩོན་པ་མཐར་ཕྱིན་བྱ།། དེ་གསུམ་ལྡན་ན་ཆོས་པ་ཚན་ཉིད་ཡིན།

  9. BONPO says:
    2016-03-01 at 7:04 am

    ཧ་ཅང་ལེགས་སོ་བྱ་བ་བཟང་ངོ་། འོན་ཀྱང་དྲི་བ་ཞིག་ཞུ་འདོད་པ་ཡིན།
    སྟོན་པ་བཅོམ་ལྡན་འདས་གང་ཟག་གཅིག་གི་སྐྱེ་བ་གཅིག་གི་ལུས་རྟེན་གཅིག་ལ། འདུལ་ལུགས་མི་འདྲ་བ་གཉིས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་ལུགས་དང་། གནས་བརྟན་སྡེ་བའི་འདུལ་ལུགས་གཉིས་ཆ་བསྲུངས་ནས་སྐུ་ཚེ་གང་པོ་ག་འདྲ་བྱས་ནས་བསྐྱལ་བ་ཡིན་ནམ། །

  10. ཀརྡོ་གཉེར་ཕྱག་པ་ says:
    2016-03-01 at 10:38 am

    ཐེག་དམན་འདུལ་བའི་བརྒྱུད་པ་ལ། སྡེ་པ་བཅོ་བརྒྱད་ཡོད་རེད། བོད་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་མ་གཏོགས་མེད་པ་ནི། སློབ་དཔོན་ཞི་བ་འཚོའི་བརྒྱུད་ལུགས་ཁོ་ནས་དབང་དུ་བྱས་ཙང་དེ་ལྟར་ལམ་ལུགས་སུ་ཆགས་པ་རེད། ཡང་། ཇོ་བོ་རྗེའི་སྡེ་པ་དེ་ནི། འདི་དང་མི་འདྲ་ཡང་། རྒྱལ་བ་འབྲོམ་སྟོན་པས། དགོས་པ་ཅིག་ལ་གཟིགས་ནས། སྡོམ་རྒྱུན་མ་སྤེལ་རོགས་ཞེས་ཞུ་འབུལ་གནང་སྐད་ཀྱང་འདུག་ལགས།།

  11. བློ་བཟང says:
    2016-03-01 at 11:54 am

    འདུལ་བའི་གཞུང་ལ་བགྲོ་གླེང་གནང་བ་བཟང་། །རྐུ་ཕམ་རྫུན་ཕམ་དོ་སྣང་མེད་དེ་སྐྱོ།།

  12. BONPO says:
    2016-03-01 at 1:20 pm

    ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་དུས་ལྟར་ཕྲན་གྱི་དྲི་བ་ཁག་ལ་ལན་སྐྱོན་པར་དགའ་ཡོད། བཀའ་དྲིན་ཆེ་ཞུ། །
    དྲི་བ་ཁ་གསལ་དུ་བཏང་ན་འདི་ལྟར་ཡིན།
    སྟོན་པ་བཅོམ་ལྡན་འདས་སྐུ་ངོ་མས་བསྟན་པའམ་བསྲུངས་བའི་འདུལ་ལུགས་ཉག་གཅིག་དེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་ལུགས་ཅེས་པ་དེ་རེད་དམ། ཡང་ན་གནས་བརྟན་སྡེ་བའི་འདུལ་ལུགས་ཅེས་པ་དེ་རེད། ཡང་ན་དེ་གཉིས་ཀ་མིན་པའི་འདུལ་ལུགས་ཤིག་རེད། དེ་ཁ་གསལ་པོ་གསུངས་རོགས། །

  13. ཨ་ཁུ་འབྲོག་པ། says:
    2016-03-01 at 1:31 pm

    འདུལ་བ་འཛིན་པ་ཚད་ལྡན་རྣམས་ཀྱིས་འདུལ་བའི་བགྲོ་གླེང་མཛད་པ་ནི། རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་པ་དེ་ལོས་ཡིན། འདུལ་བའི་ཚིག་ཙམ་ལས་ལག་ལེན་མི་བསྟར་མཁན་རྣམས་ཅང་མི་གསུང་བ་ཞུ། མི་དགེ་བཅུ་ལས་ངག་གི་མི་དགེ་བ་ཚིག་རྩུབ་དང་། འདུལ་འཛིན་པ་རྣམས་ལ་ཟུར་ཟ་བྱེད་པ་ནི་ལོག་བསྐུར་འདེབས་ལས་མ་འདས་སོ།།

  14. གཞོན་ནུ་ཟླ་མེད། says:
    2016-03-01 at 5:52 pm

    bonbo ལགས། བདག་ཅན་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོའི་སྐུ་དུས་སུ་ཡོད་པར་སྨྲ་བ་དང་གནས་བརྟན་སྡེ་བ་སོགས་ཀྱི་དབྱེ་བ་འབྱེད་ཀྱི་མེད་པ་འདྲ། དུས་ཕྱིས་སུ་དམ་ཆོས་འདུག་པའི་ཕྱག་ལེན་ཡུལ་མི་འདྲ་བ་དང་དུས་མི་འདྲ་བར་དར་བའི་དབང་གིས་སྡེ་བ་བཅོ་བརྒྱད་དུ་གྱེས་པ་ཡིན་ས་རེད། སྡེ་བ་བཅོ་བརྒྱད་དུ་གྱེས་རྒྱུ་ཡིན་པ་སྔར་རྒྱལ་བོ་ཀྲི་ཀྲིའི་རྨི་ལྟས་བཅུ་ཟེར་བའི་ལུང་བསྟན་གཅིག་ཡོད་རེད། འོན་ཀྱང་དེང་སྐབས་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སིང་ག་ལར་ཕེབས་ནས་འདི་ལྟར། སིང་ག་ལ་ཡི་གནས་བརྟེན་སྡེ་བ་དང་།། ཁ་བ་ཅན་གྱི་ཡོད་པར་སྨྲ་བ་གཉིས།། སྟོན་པ་གཅིག་གིས་བསྐྱངས་པའི་སློབ་མ་སྟེ།། བཅོ་བརྒྱད་སྡེ་བ་ནུབ་པའི་ལྷག་མ་ཙམ།། གསུངས་པ་ལྟར་རེད།

  15. གཞོན་ནུ་ཟླ་མེད། says:
    2016-03-01 at 5:58 pm

    རང་རེའི་བོད་དུ་ཐེག་ཆེན་གྱི་ལྟ་བའི་ཐད་བཞེད་ཚུལ་མི་འདྲ་བ་ཁ་ཤས་ཡོད་ན་ཡང་།དམ་པའི་ཆོས་འདུལ་བའི་ཐད་ནས་ས་དགེ་བཀའ་རྙིང་སུ་ཡིན་ན་ཡང་ཁྱད་མེད་དུ་ཡོད་པར་སྨྲ་བའི་ཕྱག་ལེན་ཁོ་ན་མཛད་པ་ནི་སྔར་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་བཀའ་དྲིན་ཡིན་པ་འདྲ། དེ་ཡང་ཁྲི་སྲོང་སྐབས་སུ་མི་བདུན་ལ་ཉམས་སད་ཀྱི་ཚུལ་དུ་རབ་བྱུང་གི་སྡོམ་པར་ལེན་བཅུག་པ་ལ་སད་མི་མི་བདུན་དུ་གྲགས། དེ་ནས་ཡོད་པར་སྨྲ་བའི་ཕྱག་ལེན་དེ་བོད་གངས་ཅན་ལ་འོས་མཚམ་དུ་གཟིགས་ནས་རབ་བྱུང་དང་རབ་བྱུང་མ་སུམ་བརྒྱ་ཙམ་ཡོད་སྒྲུབ་ཡོད་པ་རེད།།

  16. གཞོན་ནུ་ཟླ་མེད། says:
    2016-03-01 at 6:06 pm

    སིངྒ་ལར་ཡི་གནས་བརྟེན་སྡེ་བ་རྒྱུས་ལོན་བྱེད་མཁན་དེ་སྔ་འབྲས་ལྗོངས་ཀྱི་དགེ་སློང་ཞིག་སྐུ་ཚེ་གང་པོར་སིངྒ་ལ་ནས་བཞུགས་ཡོད་པར་མ་ཟད་སིངྒ་ལའི་ནང་དུ་བོད་ཀྱི་མཁས་པ་ཟེར་ནས་སྙན་གྲགས་ཡས་ཆེན་པོ་ཡོད་པ་འདྲ་འདུག དུས་ཕྱིས་སུ་དགེ་ཆོས་ཕེབས་ནས་ལོ་ཤས་བཞུགས་ཡོད་པར་མ་ཟད། ཆོས་ཀྱི་ཚིགས་སུ་བཅད་པ་ཡང་སིངྒ་ལ་ནས་བསྒྱུར་བ་འདྲ། ད་ལོ་སིངྒ་ལ་ཡི་གནས་བརྟན་སྡེ་བ་དང་བོད་གངས་ཅན་གྱི་ཡོད་སྨྲ་སྡེ་གཉིས་མི་རེ་རེ་སྒེར་ཙམ་མ་ཡིན་པར། ཚོགས་སྡེ་ཞིག་གི་ངོས་ནས་མཉམ་དུ་འདུལ་བའི་གཞུང་ལ་བགྲོ་གླེང་ཚོགས་ཐུབ་པ་ནི། དད་པ་དང་ཡིད་སྨོན་གྱི་གནས་སུ་ཆེ། འདི་ནི་༧ གོང་ས་མཆོག་གི་ཐུགས་བསྐྱེད་དང་མཛད་འཕྲིན་གྱི་ཆ་ཤས་གཅིག་ལོས་ཀྱང་ཡིན།།

  17. གཞོན་ནུ་ཟླ་མེད། says:
    2016-03-01 at 6:10 pm

    ད་ནི་སིང་ག་ལའི་ནང་བསྟན་བློན་ཆེན་ནས་བཀའ་སློབ་ཡག་པོ་གནང་ཡོད་པ་འདྲ་འདུག་པས། རིང་བོ་མ་ལོན་པར་སིང་ག་ལར་དགོན་པ་དག་ལ་སློབ་སྦྱོང་བྱེད་པར་འགྲོ ཞོར་ལ་སིངྒ་ལའི་གླིང་གི་ཟས་རིགས་མི་འདྲ་བ་དང་སིལ་ཏོག་མི་འདྲ་དེ་ཚོ་ཟ་གི་འགྲོ སིངྒ་ལ་བ་རྣམས་ཀྱི་ཁོ་ཚོའི་ཡུལ་ན་ངང་ལག་གཅིག་བུ་རིགས་མི་འདྲ་བ་བཅོ་བརྒྱད་དང་། ཀུ་ཤུ་རིགས་མི་འདྲ་བ་བཅུ་གཉིས། ཨ་བུ་ཁ་རྡོ་རིགས་མི་འདྲ་བ་དྲུག་ཙམ་ཡོད་ཟེར།།

  18. ཀརྡོ་གཉེར་ཕྱག་པ་ says:
    2016-03-02 at 12:20 am

    ་་་་་་་་་་་ སྡེ་བ་བཅོ་བརྒྱད་དུ་གྱེས་རྒྱུ་ཡིན་པ་སྔར་རྒྱལ་བོ་ཀྲི་ཀྲིའི་རྨི་ལྟས་བཅུ་ཟེར་བའི་ལུང་བསྟན་གཅིག་ཡོད་རེད། ་་་་་་་་་ གསུངས་པ་འདི་ནི།
    ཁུངས་ཤིནད་ཏུ་དག་པའི་སངས་རྒྱས་གསུམ་པ་འོད་སྲུངས་སྐབས་ལ། སངས་རྒྱས་བཞི་པ་ཤཀྱྰ་ཐུབ་པའི་སྐབས་སུ་གང་འབྱུང་བར་འགྱུར་བའི་ལུང་བསྟན་ཤིནད་ཏུ་མཐུན་པ་བྱུང་བ་སོགས་ལ་ནི། ང་ནི་བཅོམ་ལྡན་འདས་ལ། དད་པ་དབྱར་གྱི་ཆུ་བོ་ལྟར་རྒྱས་བཞིན་འདུག འོནད་ཀྱང་སངས་རྒྱས་འོད་སྲུངས་དང་། སེར་ཐུབ། འཁོར་བ་འཇིག་སོགས་ཀྱི་བྱུང་རབས་མཚན་རིག་གིས་ལམ་ནས། ར་འཕྲོད་མི་ཐུབ་པ་འདི་ལ་ཡིད་རྨུག་ནས་བསྡད་ཡོད་པས་་་་་་་ ཀུན་གྱིས་ཀྱང་། ཐུགས་འཇགས་འཚལ་ལོ།།

  19. ཀརྡོ་གཉེར་ཕྱག་པ་ says:
    2016-03-02 at 12:43 am

    སྔར་རྒྱ་གར་ནང་གི་སངས་རྒྱས་པ་ཚོར། གནས་བརྟན་པའི་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། མང་པོའ་བཀུར་བའི་སྡེ་པ། ཕལ་ཆེན་པའི་སྡེ་པ་སྟེ། དེ་དག་ལ་རྩ་བའི་སྡེ་པ་བཞི་ཞེས་ཡོངས་སུ་གྲགས་སོ།།

  20. BONPO says:
    2016-03-02 at 7:10 pm

    གཞོན་ནུ་ཟླ་མེད་ལགས། བཀའ་དྲིན་ཆེ་ཞུ།
    ཁ་བ་ཅན་གྱི་ངོས་ནས་གསུངས་ཚུལ་ཁག་ང་ཚོས་ཏོག་ཙམ་ཤེས་ལ། ད་ནས་སིང་ག་ལ་ཡི་ངོས་ནས་གསུངས་ཚུལ་ཁག་ལ་དོ་སྣང་བྱ་འདོད་པ་ཡིན།
    བྱུང་ན་ད་ཡོད་ཁ་བ་ཅན་གྱི་བོན་དང་བན་གཉིས་ཀྱི་རྣམ་དག་འདུལ་བའི་བསླབ་བྱའི་སྐོར་ལ་ཡང་བགྲོ་གླེང་དཔྱོད་ལྡན་དགྱེས་པའི་མཆོད་པར་གྱུར་བ་ཞིག་གནང་ཐུབ་ན་ག་འདྲ་ཡོང་ངམ། །

  21. སྤོབས་པ་མཐའ་ཡས། says:
    2016-03-02 at 7:42 pm

    སྟོན་པ་གཅིག་གི་སློབ་བརྒྱུད་རྣམས་ལྷན་དུ་འཛོམ་པ་ལས་གཟི་བརྗིད་ཆེ་བ་ཞིག་གང་ན་ཡོད། འཛམ་གླིང་གི་བྱང་ན་གནས་པའི་གངས་ཅན་པ་དང་འཛམ་གླིང་གི་ལྷོ་ན་གནས་པའི་སངྒ་ལའི་དགེ་འདུན་པ་རྣམས་ཀྱིས་སྟོན་པ་དང་བསྟན་པ་གཅིག་པའི་གཉེན་རྩིས་མ་དོར་བ་བྱ་དགོས་པ་དེ་སྟོན་པའི་བསྟན་པ་ལ་ཞབས་འདེགས་ཞུ་སྟངས་ཤིག་ཡིན། བཀའ་དྲིན་ཆེ།

  22. སྤོབས་པ་མཐའ་ཡས། says:
    2016-03-02 at 7:46 pm

    འདུལ་བ་ལ་བགྲོ་གླེང་བྱེད་ཐུབ་པ་དེ་ཧ་ཅང་བཟང་འདུག ད་གོམ་པ་གཉིས་པ་དེ་མངོན་པའི་སྟེང་ལ་བགྲོ་གླེང་བྱ་བའི་འབད་བརྩོན་བྱ་དགོས། མངོན་པ་མགྲོ་གླེང་ཐུབ་པ་ཡིན་ན་ཕྱོགས་གཉིས་ཀའི་དཔེ་ཆ་ལ་གོ་རྒྱུ་མང་པོ་ཡོད་ས་རེད། བློ་སྐྱེད་ཆེན་པོ་ཐོབ་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme