Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་བགྲོ་གླེང་ནི་བསྐྱར་ཟློས་ཙམ་ལས་གནད་དོན་སྟེང་འབབ་ཐུབ་མ་སོང་།

Posted on 2016-02-292016-02-29 By ཁ་བརྡ 27 Comments on དེ་རིང་གི་བགྲོ་གླེང་ནི་བསྐྱར་ཟློས་ཙམ་ལས་གནད་དོན་སྟེང་འབབ་ཐུབ་མ་སོང་།

དབང་རྒྱལ།

 
འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་ནང་། སྲིད་སྐྱོང་འོས་མི་གཉིས་མཉམ་དུ་སྡིངས་ཆ་གཅིག་ཏུ་བགྲོ་གླེང་གནང་རྒྱུར་འགོར་བ་དང་། དེ་འབྲེལ་མི་མང་ལ་དབུ་བསྐོར་ཞུས་ཡོད་མེད་ཀྱི་གནད་དོན་གལ་ཆེ་མང་པོས་འོས་བསྡུའི་ཁོར་ཡུག་གི་གླེང་སློང་རྣོ་ངར་ཅན་དུ་གྱུར་ཡོད་པས། དེ་རིང་ཨ་རིའི་རླུང་འཕྲིན་ཁང་གིས་ངྷ་རམ་ཤཱ་ལར་གོ་སྒྲིག་ཞུས་པའི་བགྲོ་གླེང་ལ་མི་མང་གིས་དོ་སྣང་སྔ་ན་མེད་པ་བྱས་ཡོད། འོན་ཀྱང་། སྡིངས་ཆ་གཅིག་ཏུ་བགྲོ་གླེང་དངོས་སུ་བྱུང་བར་རང་ཉིད་དངོས་བཅར་ཞུས་པའི་ཉམས་མྱོང་ནས་བཤད་ན། མི་མང་ལ་གནས་ཚུལ་གསལ་བོ་ཆགས་དགོས་པ་གཅིག་ཀྱང་གསལ་བོ་བྱུང་མ་སོང་ལ། སྲིད་སྐྱོང་འོས་མི་སོ་སོས་ད་སྔ་ཡིག་ངག་གཉིས་ཐོག་བཏོན་ཟིན་པའི་མ་འོངས་ལས་འཛིན་སྐྱོང་དང་ཆབ་སྲིད་ལས་འཆར་ཁག་ལ་དབྱེ་ཞིབ་ཀྱི་དྲི་བ་རྣོན་པོ་གཅིག་ཀྱང་སླེབས་ཐུབ་མ་སོང་།

སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུར་མཚོན་ན་ཆབ་སྲིད་དང་འཛིན་སྐྱོང་གི་རིགས་ལམ་ཡིག་ཐོག་རང་དུ་གཏན་འབེབས་གྲུབ་ཟིན་པས། དངོས་གནས་བྱས་ན། མདོ་འཛིན་པས་དེ་དག་གཙོ་བོར་བཟུང་སྟེ་དྲི་བ་འདོན་པ་དང་། དེ་བཞིན། སྐུ་ངོ་བློ་བཟང་སེང་གེས་ ༢༠༡༡ ལོར་མི་མང་ལ་ཁས་ལེན་དམ་བཅའ་མང་པོ་ཕུལ་ཟིན་པ་རྣམས་ལ་བསྐྱར་ཞིབ་ཀྱིས། གྲུབ་འབྲས་ཐོན་ཡོད་མེད་ཐད་ནས་དྲི་བ་གཏོང་དགོས་ངེས་ཀྱང་། དེ་རིགས་གང་ཡང་བྱུང་མ་སོང་།

དྲི་བ་དག་ནི་བོད་ནང་གི་ཛ་དྲག་གནས་སྟངས་ལས་སྐྱོབ་ཐབས། བོད་རྒྱ་འབྲེལ་མོལ། སྐད་ཡིག་རིག་གནས་གཅེས་འཛིན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཡར་རྒྱས། གཞིས་ཆགས་ཡར་རྒྱས་སོགས་འཆར་ཅན་གྱི་བཙན་བྱོལ་བོད་མིའི་ཁ་ཏོན་ལྟ་བུའི་གནད་དོན་དེ་དག་ལས། སྤྱི་སྦོམ་ནས་བྱེ་བྲག བྱེ་བྲག་ནས་གནད་དོན་རེ་རེའི་སྟེང་མར་བབས་ཏེ་དྲི་བ་བཏང་བ་སོགས་རེ་གཉིས་ཙམ་ལས་གང་ཡང་བྱུང་མ་སོང་བས། མི་མང་ལ་གསལ་བོ་ཆགས་དགོས་པའི་གནད་དོན་ཁག་ཅིག་སྟེ། དུས་དབང་སྐོར། སྐུ་པར་སྐོར། བོད་ནང་ཁ་ཡོད་ལག་ཡོད། བོད་རྒྱ་འབྲེལ་མོལ་ཐད་ཁ་ཡོད་ལག་ཡོད་གང་ཡང་དྲི་བ་གཏོང་ཐུབ་མ་སོང་།

སྟབས་ཡག་ནས་མཇུག་ཏུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གནས་ཚུལ་དེ་རྣམས་ངས་མི་མང་ལ་གསལ་བོ་བཟོ་གི་ཡིན། དྲང་པོ་ཞུ་གི་ཡིན། ༧གོང་ས་མཆོག་ལ་མཛད་དཀའ་མི་ཡོང་ཆེད་ང་སྲིད་སྐྱོང་ལ་ལངས་པ་མ་གཏོགས། ལངས་དགོས་དོན་མེད་ཅེས། སྐུ་ངོ་བློ་བཟང་སེང་གེའི་བཟང་སྤྱོད་དང་འབྲེལ་བའི་གནད་དོན་མང་པོའི་སྟེང་ཉེན་བརྡ་ཧ་ལས་ཙམ་བཏང་བ་མ་གཏོགས་གནས་ཚུལ་གསར་པ་མི་འདུག

བསམ་ཚུལ།

Post navigation

Previous Post: གངས་ལྗོངས་གླུ་བ་ཁུ་བྱུག་སྔོན་མོ་བདུད་འདུལ་རྡོ་རྗེ་རྗེས་དྲན།
Next Post: རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གཙུག་ལག་སློབ་ཆེན་བལ་ཡུལ་དུ་དབུ་བརྙེས་པ།

Comments (27) on “དེ་རིང་གི་བགྲོ་གླེང་ནི་བསྐྱར་ཟློས་ཙམ་ལས་གནད་དོན་སྟེང་འབབ་ཐུབ་མ་སོང་།”

  1. པདྨ says:
    2016-02-29 at 2:08 pm

    བློ་སེང་གིས་མཉམ་དུ་འདྲ་དཔར་གནང་བ་དང་རྣམ་དཔྱོད་ལྡན་པའི་ཚིག་དེ་ཚོ་ལ་རིན་ཐང་འདུག དེ་མིན་རྡར་ཁྱི་ངུ་ཟུག་དེ་གོ་རིག་ཙམ་བྱུང་།

  2. མི་ཉག་སྐལ་བཟང་། says:
    2016-02-29 at 2:24 pm

    རྣ་ཅོག་འོན་པ་ཡིན་ན་གནས་ཚུལ་དག་ཅི་ཡང་ཐོས་ཐུབ་ཀྱིན་མ་རེད། མིག་ལོང་བ་ཡིན་ན་གནས་ཚུལ་དག་བལྟ་ཀློག་བྱེད་ཐུབ་ཀྱིན་མ་རེད། དུས་དབང་སྐོར་དང་འདྲ་པར་སྐོར་ལ་སྔ་ས་ནས་གསལ་བཤད་རིམ་པ་གནང་ཚར་བ་རེད། ཡང་བཤད་བསྐྱར་བཤད་བསྡད་པ་ཡིན་ན་སྨྱོན་པ་དང་གླེན་རྟགས་ཙམ་མ་ཟད། དུས་ཚོད་ཆུད་ཟོས་ཙམ་རེད། གལ་ཏེ་གནད་དོན་རེ་རེ་བཞིན་གསལ་པོ་བཟོ་དགོས་ན་དང་པོ་མི་གསོད་ལག་དམར་བ་མ་ཡིན་པའི་དཔང་རྟགས་དང་ཁུངས་བསྐྱལ་དགོས་པ་རེད།

  3. ཨ་ཁུ་འབྲོག་པ། says:
    2016-02-29 at 2:42 pm

    མིང་ཙམ་གྱི་དྲི་བ་རེད། ཆོ་ཞེ་དྲགས་བྱུང་མ་སོང།

  4. ཨ་ཁུ་འབྲོག་པ། says:
    2016-02-29 at 2:46 pm

    མིང་ཙམ་གྱི་དྲི་བ་ལས་ཆོ་ཡོད་པའི་དྲི་བ་བྲིས་མ་སོང་།

  5. རྡོ་དུ་འཐེན། says:
    2016-02-29 at 2:59 pm

    འདི་ནས་ཞུ་འདོད་པ་ཞིག་ལ་སྲིད་སྐྱོང་ལས་ཐོག་པ་དང་སྐུ་ངོ་ཚོགས་གཙོ་གཉིས་སྲིད་སྐྱོང་གི་འོས་མི་ཡིན་སྟབས་འདས་མ་ལྟ་གསུམ་གྱི་འཛིན་སྐྱོང་བཀའ་ཤག་དང་འབྲེལ་བ་ཡོད་པ་ཞིག་བཤད་པ་དང་གླེང་དགོས་པ་ལས། འབྲེལ་མེད་ཀྱི་མི་བསད་མིན་དང་དངུལ་ལྐོག་བཟའ་བྱས་ཡོད་མེད་མ་གླེང་ན་བསམ། གལ་ཏེ་ཁང་རིན་ལྐོག་བཟའ་བྱས་ཡོད་ཚེ་དེ་ནི་ཉིན་ཞིག་གི་ཚེ་ན་ཨ་རིའི་གཞུང་ངོས་ནས་གསལ་བོ་ཆགས་གི་རེད་བསམ། གལ་ཏེ་མི་བསད་ཡོད་པའི་དབང་དུ་བཏང་ནའང་རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་ནམ་ཞིག་གི་ཚེ་ན་གཙང་མ་ཆགས་གི་རེད་བསམ།

  6. ལུང་ཤོར། says:
    2016-02-29 at 3:51 pm

    མི་ཉག་སྐལ་བཟང་ཟེར་མཁན་དེས་ཁམས་ཞེན་གྱི་ཚིག་ཉོག་ཙམ་བཤད་པ་ལ་ཧོན་འཐོར་དགོས་དོན་མིན་འདུག་་་་ཤེས་པ་བྱ་དགོས་རྒྱུ་གཅིག་ལ། སྲིད་སྐྱོང་ཆོལ་ཁ་མདོ་སྟོད་ནས་ཡིན་པ་ཙམ་ལས་སྲིད་སྐྱོང་གི་རྐུབ་བཀྱག་དེ་མདོ་སྟོད་གཅིག་པུའི་མ་རེད། ཆོལ་ཁ་གཞན་གཉིས་ཀྱི་མི་མང་ལའང་འདྲི་བ་ཅི་འདྲ་ཞིག་གཏོང་རྒྱུའི་ཐོབ་ཐང་ཡོད་རེད། ཁྱོད་ཚོའི་ཁ་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དཀར་པོ་དང་སྤེན་ཚེར་རྒྱབ་སྐྱོར་བྱེད་མཁན་ནག་པོར་བརྩི་བའི་ཧམ་བཤད་དེ་མང་དྲགས་སོང་། གལ་ཏེ་ཆོལ་ཁ་གཞན་གཉིས་པོའི་མི་མང་གིས་མིག་བཙུམས་ཏེ་ཞེན་ཁོག་བྱས་ན་མདོ་སྟོད་ཀྱི་འོས་མི་གཅིག་སྲིད་སྐྱོང་ལ་སླེབས་སྲིད་ཐབས་མེད་པ་དེ་ཤེས་པ་བྱོས།

  7. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-29 at 5:05 pm

    ད་བྱས་ན་དབང་རྒྱལ་ལ་དགོས་རྒྱུ་དེ་སྲིད་སྐྱོང་དང་སྤྱི་གཙོ་གཉིས་འཁྲུག་རྩོད་བྱས་དགོས་པ་དེ་ཨེ་རེད་དམ། ཉ་ཉོག་ཚང་མ་ཁ་གསལ་གཏིང་གསལ་དེ་སྔོན་ནས་བཟོས་ཟིན་པར་ཅིག་ལ་ད་ག་རེ་དགོས་སམ། ཇོ་རིན་པོ་ཆེ་་་་་མྱི་འདི་ཚོ་སྐད་ཅིག་ཉིད་ལ་བདེ་ཅན་དུ་གཏོང་དགོས་ས་རེད་དྲན།

  8. གངས་ཕྲུག། says:
    2016-02-29 at 6:58 pm

    དུས་དབང་སྐོར་རྗེས་སུ་དྲི་ལན་གང་ཡང་བྱེད་ཀྱིན་མིན་ལབ་མཁན་དེ་སུ་རེད་དམ། ད་དུང་ཁོང་གི་བླ་དམར་རྗེན་མ་སྟོན་རྒྱུར་སྤྲོ་པོ་ཨ་ཡོང་ངམ། དེའི་སྐོར་སྤེན་ཚེ་ངོ་ཚ་ཁ་སྐྱེངས་མང་སོང་བ་ལས་ཉུང་མེད་པར་ཤེས་པ་གྱིས། མི་འདི་ཚོ་ཡ་མཚན་ལ།

  9. ཇུང་ཏོག་ says:
    2016-02-29 at 9:12 pm

    ཨ་རིའི་རླུང་འཕྲིན་ཁང་ནས་གོ་སྒྲིགས་ཞུས་པ་ཐུགས་རྗེ་འོན་ཀྱང་འདྲི་བ་དེ་ཚོར་བལྟས་མི་མང་ཉོབ་ནས་ཉན་མཁན་མི་འདུག་གསར་འགོད་ཚོར་ཟབ་སྦྱོངས་གང་མང་སྤྲོད་དགོས་པ་མཐོང་ད་ལམ་གྱི་འདྲི་བ་འདྲ་བོ་ཡིན་ན་དུས་ཚོད་འཕྲོ་རླགས་རེད་འདུག་།
    འདྲི་བ་དངོས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ཐོག་ལ་འདྲི་བ་ཕུལ་དངོས་པ་གལ་ཆེའོ་།

  10. ལྷ་སྡེ་གནམ་ལོ་ཡག says:
    2016-02-29 at 10:16 pm

    གོང་ས་མཆོག་ལ་མཛད་དཀའ་མི་ཡོང་བའི་ཆེད་སྲིད་སྐྱོང་ལ་ལངས་ཀྱི་ཡོད་ལབ་ན་ག་རེ་གསུང་གི་ཡོད་པ་རེད། སྲིད་སྐྱོང་ཟེར་བའི་འོས་འདེམས་འདི་རྒྱལ་བ་རིན་པོ་ཆེ་ཡི་སྟངས་འཛིན་འོག་ཡོད་པ་རེད་དམ།

  11. སེམས་གཙང་མ། says:
    2016-02-29 at 10:32 pm

    གོ་ཐོས་ལྟར་ན། བགྲོ་གླེང་སྟེང་རྒྱ་གར་ཉེན་རྟོག་པ་འཁྲིད་ཡོང་ནས་པར་རྒྱག་མཁན་དང་བརྙན་ལེན་མཁན་ཇུ་བཟུང་བྱེད་ཀྱིན་འདུག་ཟེར།
    འཆར་གཞི་འདི་སྲིད་སྐྱོང་བློ་སེང་དང་ཨ་རིའི་རླུང་འཕྲིན་ཁང་གི་ནང་གྲོས་རེད་ཟེར།
    ད་ག་རེ་བྱེད་ག བློ་སེང་གིས་བགྲོ་གླེང་བཀག ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགོད་པ་བཀག

  12. ཇ་མ་ says:
    2016-02-29 at 11:25 pm

    སྐུ་ཞབས་སྐལ་རྡོར་གཞུང་འབྲེལ་སྐོར་སྐྱོད་ཀྱིས་བློ་སེང་ལ་འོས་བསྒྲགས་གནང་བའིཁྲིམས་འགལ་གྱི་ལས་དོན་དེར་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་པའི་ཐག་གཅོད་གང་ཡོང་གི་སྐོར་དྲི་བ་དྲིས་ལན་མི་ཡོང་བའི་གནད་དོན་གང་ཡིན་ནམ།

  13. རྡོ་རྗེ། says:
    2016-02-29 at 11:40 pm

    འགོག་རྐྱེན་གསུམ་གྱི་བགྲོ་གླེང་།

    ༡ ༽ བློ་བཟང་སེང་གེ་ཡིས་བགྲོ་གླེང་བཀག
    ༢ ༽ ཨ་རིའི་རླུང་འཕྲིན་གྱིས་གསར་འགོད་པ་བཀག
    ༣ ༽ རྡ་རམ་ས་ལའི་གནམ་གཤིས་ཀྱིས་མང་ཚོགས་བཀག

    ད་ལོའི་སྲིད་སྐྱོང་འོས་བསྡུའི་བགྲོ་གླེང་འདིར་བགེགས་དང་བར་ཆད་ཆེན་པོ་འདུག ཁ་སང་རྡ་རམ་ས་ལའི་ཟློས་གར་ཁང་དུ་ཨ་རིའི་རླུང་འཕྲིན་ཁང་ཚང་གིས་སྲིད་སྐྱོང་འོས་མི་གཉིས་སྡིངས་ཆ་གཅིག་ལ་གདན་འདྲེན་ཞུས་ཏེ་ལྐོག་ལྐོག་སིལ་སིལ་གྱི་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་། དངོས་གནས་བྱས་ན་བགྲོ་གླེང་དེ་ཐད་ཀར་འཛམ་གླིང་ཡོང་ལ་ཐད་གཏོང་རྒྱང་སྲིང་གི་སྡིངས་ཆ་བསྐྲུན་དགོས་པ་མ་ཟད། མང་ཚོགས་ལ་ཐད་ཀར་དྲི་བ་དང་བསམ་ཚུལ་བཤད་པའི་གོ་སྐབས་ཀྱང་བསྐྲུན་དགོས་མོད། ཁ་སང་གི་བགྲོ་གླེང་སྟེང་བཞུགས་སྒར་རྡ་རམ་ས་ལ་ཁུལ་གྱི་མང་ཚོགས་མཉམ་ཞུགས་གནང་དུ་བཅུག་མེད་པ་དང་། གཞུང་གི་ལས་བྱེད་དང་ཚོགས་པ་ཁག་གི་སྐུ་ཚབ་རེ་མགྲོན་འབོད་གནང་ཡོད་པ་དག་ལའང་གསུང་ཆོས་ཞུ་བ་ནང་བཞིན་ཁ་སྡོམ་ནས་སྡོད་དགོས་པ་མ་ཟད་ལག་པ་ཡང་འགུལ་དཀྱོག་བཏང་མི་ཆོག་པ་བཟོས་སོང་།
    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལོའི་འོས་བསྡུ་མགོ་འཛུགས་གནང་བ་ནས་ད་བར་བགྲོ་གླེང་ལ་གཡོལ་ཅི་ཐུབ་བྱས་ཏེ་གོ་རྟོགས་བྱུང་བ་ལྟར་ན་རྡ་རམ་ས་ལའི་ཚོགས་པ་སྐྱིད་སྡུག་དང་གསར་འགྱུར་ཁང་ ༡༡ ཙམ་གྱིས་བགྲོ་གླེང་སྟེང་གདན་འདྲེན་ཞུས་ཀྱང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕེབས་རྐྱང་གནང་གི་ཡོད་ནའང་སྲིད་སྐྱོང་ལས་ཐོགས་བློ་བཟང་སེང་གེ་ཡིས་ངོས་ལེན་གནང་མེད་པའི་དབང་གིས་བློ་བཟང་སེང་གེ་ཁོ་རང་ས་གནས་ཁག་ཏུ་ཕེབས་ཏེ་བཀའ་སློབ་གནང་རྐྱང་བྱས་པར་མང་ཚོགས་ཀྱིས་ཉན་སྡོད་པ་ལས་གཞན་མང་ཚོགས་ནག་འཐོམ་མེར་བཞག་ཡོད་པ་རེད།
    མདོ་བསྡུས་ན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མང་ཚོགས་མདུན་དུ་འཐོན་རྒྱུར་གཡོལ་ཏེ་བགྲོ་གླེང་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། ཨ་རིའི་རླུང་འཕྲིན་ཁང་གིས་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ལ་དམ་དྲགས་གཏོང་གི་ཡོད་པ། ཁ་སང་བགྲོ་གླེང་དངོས་གཞི་སྐབས་འཆར་བ་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱིས་བཀའ་སློབ་མ་གོ་བར་ཆུ་ཚོད་ཕྱེད་རང་བར་མཚམས་གཅོད་དགོས་བྱུང་བ་མ་ཟད་གློག་ཀྱང་ཆད་པ་སོགས་ནི་ད་ལོའི་བགྲོ་གླེང་གི་བར་ཆད་གསུམ་རེད། འདི་ལ་གནས་ཆུང་སྦྱན་འདྲེན་ཞུས་ཏེ་བར་ཆད་ལམ་སེལ་གྱི་ཞབས་རིམ་ཞིག་མང་ཚོགས་ལ་བསྒྲགས་དགོས་པ་ཆགས་འདགུ

  14. ཀརྨ་བློ་གསལ་ says:
    2016-03-01 at 12:16 am

    ད་སྤེན་ཚེ་ཤོག་ཁག་གི་རྫུན་རྐུབ་བརྡོལ་ནས་སྐད་ངན་ཤོར་འདུག

    ༡ ཨ་རིའི་རླུང་འཕྲིན་ཁང་གིས་ཆེད་མངགས་གསར་འགོད་པ་ཨ་མདོ་བ་པདྨ་རྡོ་རྗེ་ཡིན་པས་ཁོང་ཡང་ནག་པོ་བཟོ་འཆར་རྩོམ་གྱི་འདུག ཨ་མདོ་བའི་ནང་འཁྲུག་གསར་བ་ཞིག་སློང་རྩིས་རེད།

    ༢ སྤེན་ཚེ་ནས་སྲིད་སྐྱོང་ལ་འོས་ཞུགས་གནང་དོན་གོང་སར་མཛད་དཀའ་མི་ཡོང་དོན་ཡིན་ཞེས་གོང་ས་མཆོག་གིས་ད་དུང་བཙན་བྱོལ་སྲིད་དོན་ལ་ཁ་ལོ་བསྒྱུར་བཞིན་པ་གསལ་འདུག་པས། རྒྱ་ནག་གཞུང་གིས་ནམ་རྒྱུན་གོང་ས་མཆོག་གི་སྲིད་འགན་རྩིས་སྤྲོད་རྫུན་མ་རེད་ཟེར་བ་དེར་བདེན་དཔང་དུ་གྱུར་ཡོད། འདི་ལས་མཚན་སྨོད་ཞུ་སྟངས་ཤིག་ཡོད་པ་མ་རེད།

  15. ཀརྡོ་གཉེར་ཕྱག་པ་ says:
    2016-03-01 at 12:27 am

    བགྲོ་གླེང་གསང་བའི་ཐོག་ནས་བྱས་པ་རེད་ཨེ། ལགས།

  16. གསེར་རིན་ཆེན་ says:
    2016-03-01 at 12:30 am

    གོ་ཐོས་ལ་ཨ་རིའི་རླུང་འཕྲིན་གྱི་འགོ་གཙོ་བརྒྱ་མཚོ་ཟེར་མཁན་དེ་ཁམས་ཞེན་ཅན་ཞིག་རེད་ཟེར་ ༢༠༡༡་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་མུས་དང་ཁོས་དབུས་གཙང་བ་དང་མདོ་སྨད་པ་ལ་སྡང་ཟུག་ཧ་ཅང་བྱེད་ཀྱི་ཡོད་འདུག་

    གནས་ཚུལ་ཤེས་གསལ་ལྟར་ན་ད་ལན་བློ་སེང་ནས་རྒྱ་དམར་གྱི་མགོ་གཙོ་ལྟར་དབང་ཤུགས་ཡོད་ཚད་བེད་སྤྱོད་བཏང་ཏེ་རྐུབ་སྟེགས་སྐྱོབ་ཐབས་བྱེད་བབས་འདི་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་རེད་འདུག་

    ཨ་རི་རླུང་འཕྲིན་ནང་ལས་ཀ་བྱེད་མཁན་ཤུགས་ཆེ་བ་ནི་གསར་འགོད་ཀྱི་ལྟ་གྲུབ་ལ་སྦྱངས་པ་མེད་ཅིང་དེ་དག་ལག་ལེན་བསྟར་རྒྱུའི་གདེངས་སྤོབས་དེ་བས་མེད་

    མང་པོ་ཞིག་ནི་ཉེ་རིང་དང་དབང་ཆ་བེད་སྤྱད་དེ་འཚོ་བ་སྐྱེལ་རྒྱུའི་ལས་ཀ་ཙམ་ལས་དེ་ལས་སྤྲོས་པའི་གསར་འགོད་རིགས་པའི་ཐོག་དེ་ཙམ་དངས་དོད་བྱེད་ཀྱི་མེད་འདུག་

    ལོ་ཤས་གོང་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་སྒོ་རྒྱག་གྲབས་བྱས་ཡོད་
    དེ་ནི་ཨ་རིའི་འགྲོ་གྲོན་ག་ཚོད་བཏང་ཀྱང་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོགས་དང་བག་ཆགས་དེ་སྐྱོ་རུ་མ་གཏོགས་འགྲོ་གི་མེད་པས་རེད་འདུག་

  17. རྣམ་རྒྱལ། says:
    2016-03-01 at 1:20 am

    ཡ་ཡ་ད་ཧ་གོ་གི་མི་འདུག ད་སྔར་ཡིན་ན་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་མང་ཤོས་སྤེན་ཚེ་ལ་གཉེན་པོ་ཡོད་རེད་ཅེས་གོ་རྒྱུ་འདུག ད་ཡང་བློ་སེང་གི་རྒྱབ་བསྐྱོར་རེད་ཟེར་ཧ་གོ་ཡ་མི་འདུག བོད་པ་འདི་ཚོ་ལ་ཕྱོགས་རིས་མ་གཏོགས་དྲང་བདེན་སྐྱོང་མཁན་དཀོན་པོ་ཆགས་ཡོང་དུས་སེམས་པ་སྐྱོ་གི ཨ་ཡོ་དྭ།

  18. ཀརྨ་བློ་གསལ་ says:
    2016-03-01 at 1:50 am

    ད་སྤེན་ཤོག་སྨྱོས་འདུག རྒྱ་མཚོ་ལགས་བསྟན་ཆོས་ཀྱི་ཁྱོ་ག་རེད། བསྟན་ཆོས་ནི་རྗེ་བཙུན་པདྨའི་བུ་མོ་རེད། ད་སོ་སོར་འོས་ཐོབ་ཡའི་རེ་བ་མེད་དུས་ཡབ་གཞིས་ཀྱང་ནག་པོ་བཟོས་ཡོང་གི་འདུག་ག

  19. བླ་མ། says:
    2016-03-01 at 1:51 am

    མི་ཉག་སྐལ་བཟང་མི་གསོད་ལག་དམར་ཡིན་པ་ཁུངས་སྐྱེལ་མི་དགོས། གང་ལགས་ཟེར་ན་ང་ཚོ་རྒྱ་གར་ཁྲིམས་ཀྱི་དབང་འགྱུར་ཡོད་པའི་རྒྱལ་ཁབ་ཞིག་ལ་སྡོད་ཀྱི་ཡོད། མི་གསོད་ལག་དམར་ཡིན་ན་རྒྱ་གར་གཞུང་གི་ལས་བསླ་བོ་ཞག་གི་རེད་པས། ཁྱེད་རྟ་བུའི་མི་རྣམས་ནི་མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོག་མཁན་དང་། སྤྱི་ཚོགས་དཀྲུག་ཤིང་གི་སྐད་ཆ་ཙམ་བཤད་པས་དོན་དངོས་ག་རེ་ཡིན་མིན། མི་ཚང་མ་ལྐུག་པ་མ་རེད། ཧ་གོ་གི་ཡོད་དཀྲུག་ཤིང་གི་སྐད་ཆ་མ་གཤོད།

  20. བླ་མ། says:
    2016-03-01 at 2:06 am

    རྒྱལ་བ་རིན་པོ་ཆེ་ལ་མཛད་དཀའ་མི་ཡོང་བའི་ཆེད་ཟེར་པ་དེ་༸གོང་ས་མཆོག་ནི་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་དབུ་འཁྲིད་ཡིན་པས། དེར་མཛད་དཀའ་བཟོ་མཁན་གཙོ་བོ་ནི་རྒྱ་དམར་དང་། དེའི་རྒྱུག་ཁྱི་དོལ་རྒྱལ་རྗེས་འབྲང་བ་རྣམས་ཡིན་པས། དེ་ཚེའི་ཐོག་ལངས་ཕྱོགས་བརྟན་པོ་དང་། དོལ་རྒྱལ་རྗེས་འབྲང་པར་གདོང་ལེན་མི་སློག་ན་༸གོང་ས་མཆོག་ལ་མཛད་དཀའ་བཟོ་གྱི་ཡོད། དེ་ལྟར་མི་ཡོང་བའི་ཆེད་སྲིད་སྐྱོང་ལ་ལངས་པ་ཡིན་གསུང་པས་སོ། སྲིད་སྐྱོང་གི་འོས་འདེམས་ནི། ༸གོང་ས་མཆོག་གི་སྟངས་འཛིན་འོག་མེད་པ་ཚང་པས་གསལ་པོ་ཧ་གོ་གི་ཡོད། ༸གོང་ས་མཆོག་ལ་ཆེ་མཐོང་གི་བརྩི་བཀུར་ཞུས་ནས་གསུངས་པ་ཡིན། གསལ་པོ་ཆགས་གསོང་ངས།

  21. ཇུང་ཏོག་ says:
    2016-03-01 at 4:29 am

    ཧ་ཧ་རྒད་མོ་ཤོར་སོང་ཨ་རིའི་རླུང་
    འཕྲིན་གྱི་བོད་སྐད་སྡེ་ཚན་གྱི་འགོ་འཛིན་བློ་བཟང་རྒྱ་མཚོ་རེད་།
    ཨ་བ་བསྟན་ཆོས་ཀྱི་ཁྱོ་ག་དེ་རྒྱ་མཚོ་ལགས་རེད་དེ་སྔོན་ལོ་རབས་བདུན་བཅུ་དོན་ལྔ་དེ་བར་ལྡི་ལི་དོན་གཅོད་ནང་ཡོད་མཁན་དེ་རེད་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་མ་ནོར་བ་གནང་རོགས་།

  22. མི་ཉག་སྐལ་བཟང་། says:
    2016-03-01 at 4:51 am

    རྒྱ་གར་ལུང་པར་སྒོར་མོ་འཇལ་རྒྱུ་བྱུང་ན་མི་གསོད་ལག་དམར་བ་བྱས་ཀྱང་ཁྲིམས་ཀྱི་མདུན་སར་དྲང་བདེན་བཤད་ས་མེད་པ་ང་ཚོ་མཁྱེན་གསལ་རེད། མི་གསོད་ལག་དམར་བ་ཟེར་བ་དེས་ངེས་པར་དུ་གྲི་དང་མེ་མདའ་འཁྱེར་ནི་མི་གསོད་པ་ལ་ཟེར་གྱིན་མ་རེད།

  23. ཀརྨ་བློ་གསལ་ says:
    2016-03-01 at 5:42 am

    སྤེན་ཤོག་དྲ་འབུ་བླ་མ་ཟེར་མཁན། སྤྱང་མདོག་ཁ་པོ་གནང་མ་ཡོང་། གལ་སྲིད་གོང་ས་མཆོག་ལ་མཛད་དཀའ་བཟོ་མཁན་དེ་རྒྱ་དམར་ཡིན་ན། དབུ་མའི་ལམ་ནང་རྒྱ་དམར་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ཟེར་ནས་ སོ་སོས་སོ་སོ་མཛད་དཀའ་གཏད་ཡོད་པས། རྒྱ་དམར་ལ་ཁ་གཏད་མ་བཅད་པའི་ཡར་སྔོན་དུ་དབུ་མའི་ལམ་ལ་ཁ་གཏད་གཅོག་དགོས་ཐུག་མེད་དམ། ཚ།

  24. ཨ་ཁུ་འབྲོག་པ། says:
    2016-03-01 at 6:36 am

    མཆན་ཚང་མ་བཀླགས་པར་གནད་དོན་ཡོད་པའི་སྐད་ཆ་ཚིག་གཅིག་མི་འདུག མཆན་འགོད་མཁན་རྣམས་ཐབས་སྐྱོ་ལ་བཨང་།

  25. ལྷ་སྲས་དར་མ། says:
    2016-03-01 at 8:36 am

    ཚོགས་གཙོ་མཆོག་ནས་གོང་ས་མཆོག་ཁ་ཞེ་མ་མཐུན་པ་ཞིག་ཡིན་པའི་སྒྲུབ་བྱེད་ཡང་དག་པ་གཉིས་རྒྱ་དམར་གུང་ཏང་རྒྱལ་ལ་ཁབ་བཏང་འདུག དང་པོ་ེད་དུས་དབང་སྐོར་ནས་ཁ་ཞེ་མ་མཐུན་པ་བཟོས། གཉིས་པ། མ་འོང་པ་ལ་གོང་ས་མཆོག་ལ་མཛད་དཀའ་མི་ཡོང་བའི་ཆེད་ཟེར་དུས་ད་དུང་ཡང་གོང་ས་མཆོག་ནས་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་ཚུལ་དེ་རེད། ད་ཡིན་ན་རྒྱ་དམར་གཞུང་གིས་རྒྱབ་ཤ་དཀར་པོ་ཞིག་འདོན་རྩིས་མེད་ན། གང་ལྟར་སྲིད་སྐྱོང་གི་འོས་མི་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་གི་བཀའ་མོལ་དཔང་རྟགས་ལ་བཞག་ཆོག་ཆོག་ཡོད་རེད། ཡིནའ་སྐབས་དེ་དུས་ང་ཚོའི་ལན་གང་འདྲ་ཞིག་བརྒྱབ་ན་དགའ། དྲ་འདྲེ་ཚོའི་སེམས་ལ་ཁྲ་ལམ་ལམ་ཨ་ཡོད།

  26. བློ་བཟང་། says:
    2016-03-01 at 10:25 am

    ཨ་རིའི་རླུང་འཕྲིན་ཁང་ཚང་གིས་མང་ཚོགས་བགྲོ་གླེང་སྟེང་ཡོང་གི་མ་བཅུག་སྟབས་རྡ་ས་ཟློས་གར་ཁང་གི་སྒོ་ཆེན་ཁ་ན་འཛིང་རེས་རྒྱག་གི་འདུག་ཟེར། ཚོགས་ཁང་ནང་དུ་རྒྱ་གར་ཉེན་རྟོག་པ་མངགས་ཏེ་གསར་འགོད་པ་དང་མང་ཚོགས་ཚོའི་ལག་ནས་པར་ཆས་དང་ཁ་པར་འཕྲོག་གི་འདུག་ཟེར། ཞབས་འདྲེན།

  27. རྣམ་རྒྱལ། says:
    2016-03-02 at 6:44 am

    སྤེན་ཚེའི་ཤོག་ཁག་གིས། བློ་སེང་གིས་དོལ་རྒྱལ་ལ་ཅིག་བྱས་མ་སོང་ཟེར་ནས་ཁ་རྡུང་གཏོང་གི་འདུག་ཀྱང་། བློ་སེང་གིས་གང་བྱེད་འོས་དང་མི་འོས་དབྱེ་ཞིབ་བྱས་ཏེ་བྱེད་འོས་པ་རྣམས་བྱས་སོང་། ད་དུང་ཅིག་བྱས་མ་སོང་ཟེར་ན། ཡང་ན་ཁོ་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་ནས་མར་ཕུད་དགོས་རེད་ཟེར་གྱིན་ཡོད་དམ། ཡང་ན་ཁོ་ཚོའི་ཁ་བཏད་དུ་ལོངས་ནས་གཡུལ་འགྱེད་བྱེད་དགོས་རེད་ཟེར་གྱིན་ཡོད། དེ་ལྟར་ཡིན་ན་ཟམ་གདོང་བླ་མས་ཀྱང་མ་བྱས་པ་ཞིག་བྱེད་ཀྱི་མི་འདུག་ཟེས་ཀྱིན་ཡོད་རེད། དེས་ན་དང་པོར་ཁྱོད་ཚོས་ཟམ་གདོང་བླ་མ་ལ་ཁྱེད་ཀྱིས་དོལ་རྒྱལ་ལ་བྱེད་དགོས་ཡ་ཞིག་བྱས་མ་སོང་ལབ་ནས་ངོ་རྒོལ་གྱིས། དེ་རྗེས་བློ་སེང་ལ་ཁྱོད་ཀྱིས་དོལ་རྒྱལ་ལ་སྔར་བྱེད་མ་མྱོང་བ་ཞིག་བྱེད་རོགས་ཞེས་རེ་བ་རྒྱོབ་དང་འདྲ་ཆགས་པོ་ཞིག་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme