Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་དྲི་བ་ཆེན་པོ་བཅུ་བཏང་བ།

Posted on 2016-02-292016-02-29 By ཁ་བརྡ 17 Comments on བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་དྲི་བ་ཆེན་པོ་བཅུ་བཏང་བ།

བསྟན་འཛིན་རང་གྲོལ།

 
༡༽ བཀའ་བློན་བདེ་སྐྱིད་ཆོས་གཡང་གིས་སྤྱི་བའི་ལས་དོན་ཆེད་རྩ་དགོངས་ཞུས་པ་ཞལ་ནས་གསུངས་སོང་བས། སྤྱི་བའི་རྩ་དོན་དང་འབྲེལ་ནས་རྩ་དགོངས་ཞུ་དགོས་པའི་གནས་བབ་ཅིག་ཏུ་སྲིད་སྐྱོང་གིས་བསྐྱལ་བ་ཡིན་ནམ།

༢༽ སྲིད་སྐྱོང་གིས་གནས་བབ་དེར་བསྐྱལ་བ་མིན་གསུངས་ན། བཀའ་བློན་བདེ་སྐྱིད་ཆོས་གཡང་རང་གིས་རྩ་དགོངས་ཞུ་དོན་བཀའ་ཤག་ལྷན་རྒྱས་དང་ཕྱི་དྲིལ་ལས་ཁུངས་གཉིས་ལ་འབྲེལ་བ་མེད་གསུངས་འདུག་པ་མ་ཟད། བཀའ་བློན་གཞན་རྣམས་ཀྱིས་ཁ་སང་ཛ་དྲག་བཀའ་ཤག་ལྷན་འཛོམས་གནང་རྗེས། ང་ཚོས་ཕྱི་དྲིལ་བཀའ་བློན་གྱིས་རྩ་དགོངས་ཞུ་དོན་ཧ་གོ་མ་སོང་གསུངས་འདུག ད་སྲིད་སྐྱོང་མཆོག་ལ་ཅི་གནང་རྩིས་ཡོད་དམ།

༣༽ བཀའ་བློན་གཞན་རྣམས་དང་འབྲེལ་བ་མེད་པས། བཀའ་བློན་གཞན་རྣམས་ལ་རྩ་དགོངས་ཞུ་དུས་སྙན་གསང་གང་ཡང་ཞུས་མི་འདུག་ལ། གནད་དོན་འདི་བཀའ་བློན་བདེ་སྐྱིད་ཆོས་གཡང་དང་སྲིད་སྐྱོང་སྐུ་ཉིད་བར་གྱི་འགལ་ཟླ་ཞིག་ལས་གཞན་གཡོལ་དུ་མེད་པ་བདེན་པ་མ་རེད་དམ། ད་འགྲེལ་བཤད་གསར་པ་ག་རེ་ཡོད་དམ།

༤༽ རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་གསུངས་པ་ལྟར། བཀའ་བློན་མཆོག་བློ་ཕམ་རྩ་དགོངས་ཞུ་དགོས་པའི་གནས་བབ་ཏུ་བསྐྱལ་དོན་ནང་། སྐུ་ཉིད་ནས། བཀའ་བློན་གྱི་འགན་བབ་དང་འབྲེལ་བའི་ལས་དོན་མང་པོར་སྒེར་གཅོད་བྱས་པས་ཡིན་པ་མི་མང་གིས་གསུངས་ཀྱི་ཡོད་པ། དཔེར་ན། ཨ་རིའི་དོན་གཅོད་བསྐོ་བཞག ཐའེ་ཝན་དོན་གཅོད་དུས་ཡུན་ཚང་ཡང་བསྐྱར་དུ་བསྐོ་བཞག་གནང་བ་དང་། དེའི་དྲུང་ཆེར་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱི་སྤུན་ཆུང་རྒྱ་ཡིག་མི་ཤེས་མཁན་དོན་གྲུབ་རྒྱལ་བོ་བསྐོས་པ་སོགས་གྲངས་ཀྱིས་མི་ལོན། དེ་བཞིན་ཀུན་དགའ་བཀྲ་ཤིས་བསྐྱར་བསྐོ་མ་གནང་དོན་ཅི་ཡིན། ཨ་རིར་རྒྱ་རིགས་འབྲེལ་མཐུད་པ་ཡིག་རྩལ་བཏང་བས་ཨ་མདོ་བ་ཞིག་གིས་ཡིག་རྩལ་འཕྲོད་ཀྱང་མ་བླངས་དོན་ཅི་ཡིན། ཕྱི་མ་གཉིས་ཁམས་པ་མིན་པས་རེད་དམ། ཡང་ན་འཇོན་ཐང་མེད་པ་རེད་དམ། ཤེས་ཚད་མེད་པ་རེད་དམ། ལྷག་བསམ་མེད་པ་རེད། ཉམས་མྱོང་མེད་པ་རེད་དམ།

༥༽ སྐུ་ཉིད་ནས་བཀའ་བློན་གྱིས་རྩ་དགོངས་ཞུས་མ་ཐག གཞུང་གི་གནད་དོན་གལ་ཆེའི་རིགས་བཀའ་ཤག་ལྷན་རྒྱས་དང་གྲོས་བསྡུར་མི་གནང་བར། དེ་མ་ཐག་སྐུ་ཉིད་ཀྱི་ཆོལ་ཁའི་ཕྱོགས་རིས་ཤོག་ཁག་དང་གྲོས་བསྡུར་གྱིས། གཞུང་དོན་སྒེར་དོན་དུ་སྤྱོད་དོན་ཅི་ཡིན་ནམ། བཀའ་ཤག་དང་སྲིད་སྐྱོང་གི་འགན་བབ་ཁྱེད་ཚོ་ཕ་ཡུལ་གཅིག་པ་ཁ་ཤས་ཤག་གི་ལྐོག་གྲོས་གནང་ས་རེད་དམ།

༦༽ དེ་མ་རེད་ཅེས་ཞལ་རྫུན་གསུངས་ངེས་པས། འོ་ན། བཀའ་ཤག་ལ་བཀའ་དྲུང་དང་སྲིད་སྐྱོང་ལ་དམིགས་བསལ་སྒེར་དྲུང་། དྲིལ་བསྒྲགས་ལས་ཁུངས་ནང་འབྲེལ་ཡོད་གསར་འགོད་འགན་འཛིན་དང་གཞུང་འབྲེལ་སྡིངས་ཆ་ཡོད་བཞིན་དུ། འབའ་བ་སྐལ་བཟང་རྒྱལ་མཚན་བཀའ་ཤག་གི་གསར་འགོད་འབྲེལ་མཐུད་པ་ཅིའི་ཕྱིར་ཆགས་པ་རེད་དམ། ཡ་མཚན་མ་རེད་དམ། འདི་ལ་བོད་མི་ཡོངས་ཀྱིས་བསམ་ཚུལ་ཤུགས་ཆེར་འདོན་བཞིན་པ་གསན་སོང་ངམ།

༧༽ བཀའ་བློན་མཆོག་གི་རྩ་དགོངས་ཞུ་དོན་ཡིག་ཐོག་སྙན་ཞུ་དང་། གསར་འགོད་པར་སྤྲད་པའི་ཡིག་ཆ། བཀའ་བློན་རང་གི་ཞལ་ནས་གསུངས་པ་དང་མི་མཐུན་པ་ཞིག་སྲིད་སྐྱོང་གིས་གསུངས་པ་དེ་བདེན་པ་ཡིན་ནམ། གལ་སྲིད་རྐུབ་བརྡོལ་ན་ག་རེ་གནང་ག

༨༽ སྲིད་སྐྱོང་མཆོག་གིས་བཀའ་བློན་བདེ་སྐྱིད་ཆོས་གཡང་གིས་རྩ་དགོངས་ཞུ་དོན། སྐུ་ཉིད་ཀྱི་འཐུས་ཤོར་དང་སྒེར་གཅོད། ཞལ་རྫུན་ཚད་ལས་བརྒལ་བ་གསུངས་པ་ལ་བརྟེན་ནས་བྱུང་བར་ངོས་བཞེས་གང་མགྱོགས་གནང་འདོད་ཡོད་དམ། མི་ལེན་རང་ལེན་ཆགས་ན་རྦད་དེ་མགོ་འགྱོགས་ས་མེད་པ་ཆགས་ཀྱི་མ་རེད་དམ།

༩༽ ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་སྲིད་སྐྱོང་གི་སྐུ་པར་ལས་རྩ་ཆེར་བཀལ་བ། ལས་ཁུངས་ཀྱི་ཁྱབ་ཁོངས་ནས་བཤད་དྲིལ་བསྒྲགས་བཀའ་བློན་གྱི་སྟངས་འཛིན་འོག་ཡོད་པའི་ལས་ཁུངས་ཤིག་ཡིན་པས། ཉིད་ནས་བཀའ་བློན་མཆོག་གིས་དགོངས་གཞི་ཅི་ཡིན་གྲོས་ཚོགས་ལ་གསུང་མ་བཅུགས་པར། མཐའ་གཅིག་ཏུ་དབུ་དཀར་ཚང་ཀེ་རྡོར་དང་སྐུ་ཉིད་ཀྱི་ལྐོག་གྲོས་འགེབས་སྲུང་ཁོ་ན་བྱས་པས། ༧གོང་ས་མཆོག་ལ་གུས་བརྩི་ཡོད་མེད་དང་འབྲེལ་བའི་གནད་དོན་དེས་བཀའ་བློན་བདེ་སྐྱིད་ཆོས་གཡང་མཆོག་ལ་ཐུགས་ཕམ་སྔ་ས་ནས་བཏང་ཟིན་པ་ད་ལྟ་ངོས་བཞེས་གནང་འདོད་ཡོད་དམ།

༡༠༽ དེ་བཞིན་དུས་འཁོར་དབང་ཆེན་དང་འབྲེལ་བའི་ཐད། བཀའ་བློན་རེ་འགའ་ཡང་ད་དུང་ནག་ཁུང་ནང་བཞག་ཡོད་པ་ངོས་བཞེས་གནང་འདོད་ཡོད་དམ། ༧གོང་ས་མཆོག་ལ་གུས་མེད་དང་འབྲེལ་བའི་ལས་དོན་གནང་ཚེ། འཇིག་རྟེན་འདིར་ཁྱེད་ཉིད་ཐར་བ་གཏོང་མཁན་ཞིག་མེད་པ་ད་དུང་གསལ་བོ་མཁྱེན་མ་སོང་ངམ། ད་ག་རེ་གནང་རྩིས་ཡོད་དམ། སྲིད་སྐྱོང་ལགས།

༢༠༡༦། ༢། ༢༩། །

བསམ་ཚུལ།

Post navigation

Previous Post: བློ་བཟང་སེང་གེ་དགོངས་དག ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་མི་ཐུབ།
Next Post: ༸རྒྱལ་བའི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་འཚོགས་པ།

Comments (17) on “བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་དྲི་བ་ཆེན་པོ་བཅུ་བཏང་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 12:39 am

    བདེ་སྐྱིད་ཆོས་གཡང་རེད་དམ། བདེ་སྐྱིད་ཆོས་དབྱངས་རེད། ལགས། གང་དག་གམ། ལགས།

  2. རླུང་ཐོག། says:
    2016-02-29 at 12:40 am

    སྤེན་པ་ཚེ་རིང་མཆོག་ལ་་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ༸རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་བའི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་སོགས་པར་ཐུག་ཡོང་དུས་སྲུང་སྐྱོབ་བྱེད་དགོས་པ་དེ་རིགས་སྲུང་སྐྱོབ་ཏག་ཏག་གནང་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། དོལ་རྒྱལ་གྱི་རྙོག་དྲ་ལ་གདོང་ལེན་བྱེད་རྒྱུ་དང་། དབུ་མའི་ལམ་ཀྱི་སྲིད་བྱུས་ལ་སྲུང་སྐྱོབ་བྱེད་ཡག ༸རྒྱལ་བ་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་བྱེད་སྐབས་འགན་ལེན་ཐུབ་ཀྱི་ཡོད་པ་མ་རེད། བཀའ་བློན་དང་ལས་བྱེད་ཉམས་མྱོང་ཅན་དེ་ཚོ་མཉམ་དུ་ཁྲིད་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་ལས་དོན་མང་པོ་ཞིག་མགོ་འཛུགས་མ་བྱས་སྔོན་ནས་གསལ་བསྒྲགས་གནང་གི་ཡོད་པ་དེ་རེད། དེས་ལས་དོན་མང་པོ་ཞིག་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་འཕྲད་ཀྱིན་འདུག དཔེར་ན། ཨ་རིར་མི་ལྔ་སྟོང་གཏོང་རྒྱུའི་སྐད་ཆ་དེ་ཡང་སྲིད་སྐྱོང་གིས་ས་གནས་རེ་ཟུང་ནང་གསུངས་འདུག་པ་དང་། བོད་སློབ་འཛིན་ཚོགས་རྩིས་ལེན་སྐོར་ཡང་གསུང་མ་རན་གོང་ནས་གསུངས་ཏེ་འགོག་རྐྱེན་མང་པོ་འཕྲད་བསྡད་པ་རེད། དེ་ནས་བྱས་རྗེས་བགྲང་རྒྱུ་ཐལ་དྲགས་ཀྱི་འདུག བཀའ་ཤག་སྔོན་མའི་ཕྱག་ལས་གནང་བཞག་པ་དང་། ཚོགས་གཙོ་ཚོགས་གཞོན་གྱིས་བྱས་བཞག་པ། ཐ་ན་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་སོགས་ཀྱང་ཁོ་རང་གི་བྱས་རྗེས་ནང་བགྲང་གི་འདུག

    བཟང་ཆའི་ཕྱོགས་ནས་བཤད་ནའང་མང་པོ་ཞིག་ཡོད་པ་རེད། གལ་ཆེ་བ་གཅིག་དཔལ་འབྱོར་འདུ་འགོད་ཐོག་དཀའ་ལས་བརྒྱབ་སོང་བསམ་ཡོད། གཉིས་པ་ཁོ་རང་ཐོག་མ་སྲིད་སྐྱོང་ཆགས་པའི་ཁ་ཐུག་ལ་བོད་ནང་གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཡོད་པ་སོགས་ལ་བརྟེན་ཏེ་ཕྱི་རྒྱལ་ཁག་ལ་སྐོར་སྐྱོད་མང་པོ་ཞིག་གནང་སོང་། དེ་བཞིན་ཁོང་གིས་དབྱིན་ཡིག་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཀྱི་རྩོམ་ཡིག་རེ་གཉིས་བྲིས་པ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ལ་སྤེལ་ཐུབ་པ་དེ་ཡག་པོ་རེད་བསམ་གྱི་འདུག

    སྲིད་སྐྱོང་མཆོག་ལ་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ཚོགས་གཙོ་མཆོག་གི་བཟང་ཆ་གཙོ་བོ་ཞིག་འདས་པའི་ལོ་ངོ་ ༢༠ ལྷག་རིང་སྤྱི་ཚོགས་ནང་ཞབས་ཞུ་ཞུས་པ་དང་། ཁོ་རང་སྤྱི་བར་བསམ་བློ་གཏོང་མཁན་ཞིག་ཡིན་པ། ཁོ་རང་གི་མི་ཚེའི་ཕྱེད་ཀ་ལྷག་སྤྱི་བའི་རྩ་དོན་ཐོག་བཏང་བཞག་པ་དེ་ཞེ་དྲགས་ཡག་པོ་རེད། གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་སྟེ་ཚོགས་འདུ་སྟངས་འཛིན་གནང་སྟངས་སོགས་ཡག་ཐག་ཆོད་འགྲོ་བཞིན་ཡོད་པ་ཞིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད། གསུམ་པ། ཚོགས་གཙོ་ཁོ་རང་མི་སྒེར་གྱི་གཤིས་ཀའི་ཐོག་ནས་ནམ་རྒྱུན་མི་སུ་འདྲ་ཞིག་ཡིན་ནའང་ཚང་མར་འཆམ་པོ་དང་ཕར་བསྟུན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་སྒེར་ངོས་ནས་ཡིན་ནའང་ཚོགས་གཙོར་ཆེ་མཐོང་ཞེ་དྲགས་ཞུ་བཞིན་ཡོད། མཚམས་ལ་རེར་ཚོགས་གཙོའི་གཤིས་ཀ་ཞིག་གི་དབང་གིས་ཧོབ་དེ་ཁ་ལ་བཀའ་མོལ་ལྕི་མོ་དེ་འདྲ་གསུང་གི་རེད་དེ། ང་རང་གིས་ཚོགས་གཙོའི་ཞབས་སྟེགས་དང་སྒྲིག་འཛུགས་དེ་གལ་ཆེན་པོར་ངོས་འཛིན་ཞུས་པའི་ཐོག་ནས་ད་བར་ལན་དེ་འདྲ་རྒྱག་མྱོང་མེད། ཡིན་ནའང་ད་ལྟ་འོས་བསྡུའི་ཐད་ནས་གསལ་བཤད་ལན་འདེབས་ཞུ་དགོས་པ་མང་པོ་ཞིག་ཆགས་སོང་། གཞན། ཞན་ཆའི་སྐོར་དེ་མ་བཤད་ན་དྲག་གི་རེད། ང་རང་གིས་ག་དུས་ཡིན་ནའང་སྐྱོན་བརྗོད་མི་བྱེད་རྒྱུ་གཙོར་འདོན་བྱེད་ཀྱིན་ཡོད།

  3. འཇིགས་བྲལ། says:
    2016-02-29 at 2:54 am

    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལགས་གློ་བུར་བཀའ་བློན་གྱི་ལས་སྣེ་ནས་དགོངས་ཞུ་བྱས་པ་རེད། བཀའ་ཟུར་མོ་རང་གིས་གོ་སྐབས་ཤིག་བརྒྱུད་ནས་བཀའ་བློན་ནས་དགོངས་པ་ཞུ་དོན་གསལ་བརྗོད་གནང་གི་ཡིན་གསུངས་ཡོད་དུས། ང་ཚོའི་མོ་རང་ལ་དགོངས་པ་ཞུ་དོན་ཞིབ་ཚགས་ཀྱི་རྒྱུ་མཚན་གང་གསུངས་ཡག་འདུག་ལྟ་ཆོག་གི་རེད། ད་ལྟ་ང་ཚོས་མོ་རང་གིས་དེ་ལྟར་གནང་དོན་གང་ཡིན་ལ་ཚོད་དཔག་ཙམ་ལས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཚོད་དཔག་དེས་སྤྱི་པའི་རྩ་དོན་ལ་ཕན་གནོད་གང་ཡོང་ཞུ་ཐུབ་ཀྱི་མ་རེད།

    དགོངས་པ་ཞུ་སྟངས་དེ་མོ་རང་གི་ངོས་ནས་ཐག་བཅད་དེ་གསར་འགོད་གསལ་བསྒྲགས་གནང་བ་ཞིག་ཏུ་མཐོང་སོང་ལ། བཀའ་ཤག་ལྷན་རྒྱས་ནས་མོ་རང་ལ་དགོངས་པ་གནང་གི་ཡིན་དང་མིན་གྱི་ཐད་བཀའ་བསྡུར་གནང་ཡག་གི་གོ་སྐབས་སྤྲད་མེད་པ་འདྲ་པོ་ཞིག་གསར་འགྱུར་ཡོང་སྟངས་ནས་མཐོང་བསྡད་ཀྱི་འདུག

    སྤྱིར་བཏང་རྒྱལ་ཁབ་མང་པོ་ཞིག་ཏུ་བཀའ་བློན་དགོངས་ཞུའི་གནས་སྟངས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པས་དམིགས་བསལ་ཧང་སངས་ཡག་གང་ཡང་མི་འདུག

  4. རྒྱ་ཞིང་མྱི་དཀར། says:
    2016-02-29 at 3:29 am

    གང་ལྟར་ཕྱོགས་གཉིས་ཆ་ལ་སྐྱོན་ཆ་དང་བཟང་ཆ་མང་ནི་རེད་ཡིན་ན་ཡང་བདེ་སྐྱིད་ལགས་དགོངས་པ་ཞུ་དགོས་བའི་གནད་དོན་འདིས་ང་ཚོ་ལ་སྐད་ཆ་གསོན་པོ་ཞིག་བཤད་ཡོད་པ་ཧ་ཅང་གསལ་བོ་རེད། གང་ལྟར་ཤས་མ་གཏོགས་མི་འདུག་ད་ཉོག་ཉོག་བཤད་བསྡད་ན་དགེ་མཚན་མཐོང་མ་སོང་།

  5. ཇུང་ཏོག་ says:
    2016-02-29 at 3:38 am

    གཟའ་ཉི་མ་ལ་སྲིད་སྐྱོང་ནང་ཕྱིན་ནས་དགོང་པ་ཞུས་པ་དང་སྲིད་སྐྱོང་ནས་དགོང་པ་བཏང་བ་དེ་ཚོ་ཚང་མ་ཁྲིམས་འགལ་ཤ་སྟག་རེད་འདུག་ན་བོད་མི་མང་ལ་དགོང་གསོལ་ཞུ་དགོས་།

  6. དྲང་སྲོང says:
    2016-02-29 at 5:27 am

    ༄།དགོངས་པ་ཞུ་ཆོག་ཆོག་དང་གནང་ཆོག་ཆོག་ང་ཚོ་ཆུ་ཚོད་ཁ་ཤེས་དགོན་པའི་ཕྱི་རུ་འགྲོ་བའི་དགོངས་ཞུ་ལས་བདེ་ཆོས་ལགས་ཕྱི་དྲིལ་བཀའ་བློན་རྩ་དགོངས་ཞུ་ཡ་ལས་སླ་བ་འདུག་ད་གང་ཤེས།

  7. ཀརྨ་བློ་གསལ་ says:
    2016-02-29 at 7:27 am

    དྲིས་ལན་སྤེན་པ་ཚེ་རིང་གིས་བརྒྱབ་འདུག་ག གོང་དུ་དྲ་གྲོགས་ཚོའི་དྲངས་པ་ལྟར་ན། སྤེན་ཚེ་ནས་་བློ་སེང་གི་སྐྱོན་བགྲང་སྐབས། བཀའ་བློན་དང་ལས་བྱེད་ཉམས་མྱོང་ཅན་དེ་ཚོ་མཉམ་དུ་ཁྲིད་ཐུབ་ཀྱི་ཡོད་པ་མ་རེད་ཅེས་ཁ་གསལ་འདུག་ག བདེ་སྐྱིད་ཆོས་དབྱིངས་ཁོ་རང་གི་ལག་ཆར་གྱུར་ཡོད་པ་གསལ་ཐག་ཆོད་རེད།

  8. ཚེ་རྡོར་ says:
    2016-02-29 at 9:28 am

    བཀའ་ལོན་ལགས་དགོང་པ་ཞུས་པའི་གནད་དོན་དེ་མ་ཤེས་པ་ག་ཡང་ཡོད་མ་རེད།
    གཅིག་ སྔོན་མ་ནས་སྲིད་སྐྱོང་མཆོག་གི་གནང་སྟང་ལ་མོས་འཐུན་མེད་པ།
    གཉིས་ བཀའ་ཤག་གི་ངོས་ནས་དུས་དབང་གི་སྐོར་གསར་འགོད་གསལ་སྒྲག་གནང་བ།
    གསུམ་ ཚོགས་གཙོས་བཀའ་ཤག་ལ། བཀའ་ལོན་ལྷན་རྒྱས་ནས་གསལ་སྒྲག་སྤེལ་ཏེ་གཟུགས་མེད་གྲིབ་བཟོ་བྱས་པ་རེད་ཟེར་ཡ་དེར་ལན་ཅིག་ངེས་པར་དུ་དགོས་པའི་ཕྱག་བྲིས་ཕུལ་བ་དེར། ཁ་སང་གཟའ་ཉི་མའི་གོང་དུ་བཀའ་སྡུར་གནང་སྐབས། སླར་ཡང་བཀའ་ལོན་ནང་ཁུལ་དུ་བློ་ཕམ་གྱི་རང་བཞིན་མུ་མཐུད་བྱུང་བ་བཅས་རེད།

  9. BONPO says:
    2016-02-29 at 9:42 am

    བདེ་སྐྱིད་ཆོས་གཡང་། བདེ་སྐྱིད་ཆོས་དབྱིངས། བདེ་སྐྱིད་ཆོས་དབྱངས།
    མིང་ཚིག་འདི་གསུམ་ལས་ཁོ་མོའི་མཚན་དངོས་གནས་དེ་གང་ཡིན་ནམ། སྐྱོན་ཡོན་གང་གི་ཆ་ནས་གླེང་བའི་ཐོག་མར་གང་ཟག་དེའི་དངོས་མིང་དེ་གཅིག་གྱུར་དུ་འབྲི་ཐུབ་ན་ལེགས་པར་སེམས་སོ། །

  10. ཚེ་རྡོར་ says:
    2016-02-29 at 12:15 pm

    བོད་ཀྱི་དུས་བབ་ཀྱི་དྲི་བ་དང་། ཚོགས་གཙོའི་ལན་་་་་་

    དྲི་བ། སྤྱི་ཚོགས་ནང་ཁྱེད་རང་ལ་སྐྱོན་བརྗོད་གཙོ་བོ་དེ་ཁྱེད་རང་གི་སྐྱེས་དམན་དང་འབྲེལ་ཏེ་ཀ་སྟག་སྤྲུལ་སྐུ་གྲོངས་རྐྱེན་སྐོར་རེད། དེའི་སྐོར་ལ་ཁྱོད་རང་ལ་གསལ་བཤད་འདྲ་ཡོད་དམ།

    ལན། འདིའི་སྐོར་ལ་ངས་གསལ་བཤད་ཐེངས་མ་མང་པོ་ཞུས་ཟིན་པ་ཡིན། མི་ཁ་ཤས་ཤིག་གིས་དམིགས་ཡུལ་ངེས་ཅན་ཡོད་པའི་སྒོ་ནས་ང་ལ་གཞི་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། སྐྱག་རྫུན་དེ་རིགས་སྐྱག་རྫུན་རང་རེད། འདིའི་ཐད་ང་ལ་གསལ་བཤད་ཞུ་ཡག་ཅིག་ཡོད། ན་ནིང་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་སྤྱི་འཐུས་ཤིག་གིས་ང་ལ་སྐྱོན་འཛུགས་དེ་བྱས་པའི་རྗེས་ལ་ཕྱི་ཚེས་ ༢༦ ཉིན་༧གོང་ས་མཆོག་ཨ་རི་ནས་ཕྱིར་ཕེབས་ཏེ་ང་ཚོ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས། སྲིད་སྐྱོང་མཆོག་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བཅས་ང་ཚོ་ཚང་མ་ཡོད་ས་ནས་༧གོང་ས་མཆོག་གིས་བཀའ་ཤག་ནས་གཙང་མ་བཟོས་ཞེས་གསུངས་སོང་། དེའི་རྗེས་ལ་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ངས་སྲིད་སྐྱོང་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་གནས་ཚུལ་དེ་འཕྲལ་དུ་གཙང་བཟོ་གནང་རོགས་ཞེས་ཡིག་ཐོག་ནས་སྙན་ཞུ་ཕུལ་ཡོད། དེའི་ངོ་བཤུས་དགའ་ལྡན་ཕོ་བྲང་ལའང་ཕུལ་ཡོད། ཡིན་ནའང་སྲིད་སྐྱོང་དང་བཀའ་ཤག་ནས་ད་བར་གནད་དོན་དེར་ལག་པ་མ་འཆང་བར་བཞག་ཡོད་པ་རེད། སྲིད་སྐྱོང་གིས་གནད་དོན་དེ་གཙང་མ་བཟོ་རྒྱུའི་ཚབ་ལ་ད་དུང་ཨ་རིར་དེའི་སྐོར་ལ་དོགས་སློང་ཁྱད་མཚར་དེ་འདྲ་བྱས་འདུག

  11. རིག་པའི་འོད་སྣང་། says:
    2016-02-29 at 1:15 pm

    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངསམཆོག་གིས་་དགོངས་པ་ཞུས་པ་དེ་གནད་དོན་གལ་ཆེན་ཞིག་ཡོད་པར་ཐག་ཆོད་རེད། མོ་རང་གིས་མགྱོགས་པོར་གསལ་བྱེད་་བྱ་རྒྱུ་ལས་གཞན་ཅང་ལྷག་མི་འདུག

  12. ཇུང་ཏོག་ says:
    2016-02-29 at 9:32 pm

    རྒྱལ་སྤྱིའི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སོགས་ལ་འགན་འཁུར་ནས་གཟའ་ཉི་མ་ཉིན་སྲིད་སྐྱོང་གི་ནང་ཕྱིན་ནས་རྩ་དགོང་ཞུས་པ་དང་སྲིད་སྐྱོང་ནས་དགོང་པ་གནང་བ་དེ་ཚོཁྲིམས་སྒྲིག་གང་གི་འོག་ཏུ་འགན་འཁུར་ནས་དགོང་པ་ཞུས་པ་དང་དགོང་པ་བཏང་བ་ཡིན་མི་མང་ལ་དུས་ཐོག་གསལ་བཤད་མ་གནང་ཚེ་བོད་མི་མང་མཐོང་ཆུང་བྱས་པར་ངོས་འཛིན་དང་བཀའ་ཤག་སྒོ་འགྲམ་ཏུ་ལྟོག་སྒོམ་ལས་འགུལ་མ་་སྤེལ་རང་སྤེལ་རེད་འདུག་།

  13. སྐལ་ཚེ། says:
    2016-02-29 at 9:42 pm

    བདེ་སྐྱིད་ཆོས་གཡང་ཟེར་བ་བུད་མེད་དེ་གཡོ་ཁྲམ་ཨའུ་ཙམ་འདུག བློ་སེང་སྐྱར་དུ་སྲིད་སྐྱོང་ལ་མ་ཐོབ་པར་ཤེས་ཏེ། སྤེན་ཚེ་ལ་མགོ་བོ་སྒུར་ཆེད་དམ་སྤྲེལ་ལད་ཀྱི་ཆེད་དུ་དགོངས་ཞུ་བྱས་པ་རེད།

  14. ཇ་མ་ says:
    2016-02-29 at 11:36 pm

    བདེ་སྐྱིད་ཆོས་དབྱངས་ལགས་ནས་རང་ལ་འཕྲད་པའི་གནོད་ཤུགས་ཡོད་ཅོག་མྱུར་ཏུ་གསལ་བཤད་དགོས་པའི་དུས་ལ་བབས་འདུག ཕྱི་དྲག་ན་རང་གཞན་གང་ལ་ཡང་མི་ཕན་ནོ།། མྱུར་བར་གསལ་བཤད་གནང་བའི་རེ་བ་ཡོད།

  15. ཇ་མ་ says:
    2016-02-29 at 11:42 pm

    སྐལ་ཚེ་རང་གི་བསམ་ཚུལ་ནོར་བ་རེད། བློ་སེང་གིས་མོ་ལ་དབང་ཆ་མ་སྤྲད་པས་མོ་འུ་ཐུག་ནས་དགོངས་པ་ཞུས་བ་གསལ་བོ་རེད།

  16. ཀརྨ་བློ་གསལ་ says:
    2016-03-01 at 12:22 am

    བདེ་སྐྱིད་ཆོས་དབྱིངས་ལ་གནོན་ཤུགས་སྤྲོད་མཁན་རྡ་སའི་ཨ་མདོའི་འགོ་བྱེད་ཚོ་རེད། བློ་བཟང་ཆོས་འཕེལ་མདུན་ལ་ཐོན་ནས་ག་ཚད་དམོད་མོ་བོར་ཡོད། དེ་ནས་མོ་རང་གིས་སྤེན་ཚེ་ལ་འོས་ཤོག་གང་མང་རེག་ཆེད་དགོངས་པ་ཞུས་པ་རེད། དེ་དོན་ཁ་སང་སྤེན་ཚེ་ཡིས་དུས་བབ་གསར་འགོད་པར་ལན་བཏབ་པའི་ནང་དུའང་གསལ་འདུག་ག མིག་དང་ཀླད་པ་ཡོད་མཁན་ཚོས་སྔ་མོ་ནས་དེ་དོན་ཧ་མ་གོ་ཡོད་པ་རེད།

  17. ཀརྡོ་གཉེར་ཕྱག་པ་ says:
    2016-03-01 at 12:32 am

    བདེ་སྐྱིད་ཆོས་དབྱངས་ལགས་ལ།
    ་
    བདེ་ནས་སྡུག་ལ་ཕྱིན་སོང་།
    སྐྱིད་ས་བཞག་ནས་ཕྱིན་སོང་།
    ཆོས་སྒྲ་ཐོས་ས་མེད་སར། །
    དབྱངས་སྙན་གོ་ས་མེ་སར།
    གངས་སྐྱིད་བཞག་ནས་ཕྱིན་སོང་།
    ་
    དེ་རིང་གི་དྷ་སའི་གཞས་གསར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme