Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་ཉེན་བརྡ་བཏང་བ།

Posted on 2016-02-282016-02-28 By ཁ་བརྡ 18 Comments on བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་ཉེན་བརྡ་བཏང་བ།

བསྟན་འཛིན་རང་གྲོལ།

 
དེ་རིང་ཞོགས་ཀར་བཀའ་བློན་བདེ་སྐྱིད་ཆོས་གཡང་གིས་གློ་བུར་སྲིད་སྐྱོང་བློ་སེང་གི་ཞལ་རྫུན་བཟོ་གྲྭ་ནས་ཕྱིར་འབུད་གནང་བའི་གསལ་བསྒྲགས་བསྐྱངས། དེ་ལ་བརྟེན་ནས་གངས་ཅན་སྐྱིད་གཤོངས་ལ་ས་ཡོམ་ཆེན་པོ་ཞིག་བརྒྱབས། དེ་མ་ཐག སྲིད་སྐྱོང་བློ་བཟང་སེང་གེས་འབའ་བ་སྐལ་བཟང་རྒྱལ་མཚན་བརྒྱུད་གསར་འགོད་པ་ཚོར་སྐད་བཏང་སྟེ་གསལ་བསྒྲགས་སྤེལ་སྐབས། ”བཀའ་བློན་མཆོག་གིས་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་ཆེད་རྩ་དགོངས་ཞུས་སོང་”ཟེར།
བཀའ་བློན་བདེ་གཡང་གིས་”བློ་ཕམ་”ངང་དགོངས་པ་ཞུས་པའི་རྒྱུ་མཚན་ཡིག་ཐོག་ཏུ་བཀོད་ཡོད་ཅིང་། བཀའ་དྲུང་ཡིག་ཚང་གིས་སྤེལ་བའི་གསལ་བསྒྲགས་ནང་བཀའ་བློན་མཆོག་གི་ཡིག་ཐོག་དགོངས་ཞུའི་ནང་”ང་ཚོའི་མདུན་དུ་ལྷག་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་ཚུལ་’’ཡོད་སྐོར་གསལ་འདུག

བཀའ་བློན་མཆོག་བློ་ཕམ་གནང་དགོས་དོན་ཅི་ཡིན་ཞེ་ན། བཀའ་བློན་སྒེར་གྱི་གནད་དོན་ནས་བློ་ཕམ་གྱིས་རྩ་དགོངས་ཞུ་དགོས་དོན་ཁྱོན་ནས་མེད་ལ། ཞུ་ཡང་མི་སྲིད། སྒེར་གྱི་ནང་མིའི་དཀའ་ངལ་ཐད་ནས་ཀྱང་ཞུ་མི་སྲིད། གང་ཡིན་ཞེ་ན། ན་ནིང་བཀའ་བློན་མཆོག་གི་ཕ་ཡབ་བསྙུན་གཞིས་མནར་ཏེ་མཐར་སྐུ་གྲོངས་སྐབས་ཀྱང་རྩ་དགོངས་ཞུས་མེད་པས། དེ་རིང་བཀའ་བློན་མཆོག་ལ་སྒེར་དོན་ནས་རྩ་དགོངས་ཞུ་དགོས་པའི་གནས་ཚུལ་གང་ཡང་མེད། དེ་བཞིན། བཀའ་བློན་མཆོག་གིས་གཞུང་གི་ལས་འགན་མ་འགྲུབ་ནས་བློ་ཕམ་བྱུང་སྟེ་རྩ་དགོངས་ཞུས་པའང་མིན་ཏེ། རང་གི་ལས་ཁུངས་ཀྱི་འགན་བབ་གཙང་བསྒྲུབས་བྱས་པ་བཀའ་བློན་གཞན་རྣམས་དང་བསྡུར་ཆོག་ཆོག་ལས། ཞན་པ་དང་འཐུས་ཤོར་བཏང་བཞག་པ་གང་ཡང་མེད། ཡང་རེ་འགས། བཀའ་བློན་མཆོག་སྐབས་རྗེས་མར་སྲིད་སྐྱོང་དུ་ལངས་ཆེད་རེད་ཅེས་བློ་སེང་གི་གཡོ་ཇུས་འོག་རྫུན་གཏམ་ཁྱབ་བསྒྲགས་གང་ཐུབ་བྱེད་ཀྱི་འདུག དེ་ཡིན་ན། ད་ལྟའི་འོས་བསྡུའི་སྐེད་མཚམས་འདིར་དགོངས་པ་ཞུ་དགོས་དོན་གང་ཡང་མེད། བཀའ་བློན་ལས་འཁུར་འཁྱུར་མཚམས་དགོངས་པ་ཞུས་ན་དེ་བས་ཀྱང་གཟི་བརྗིད་ཆེ་སྟབས། སྐྱག་རྫུན་དེས་ཁུངས་མི་འཁྱོལ་བའང་གསལ་བོ་རེད།

ད་འོ་ན། བཀའ་བློན་མཆོག་བློ་ཕམ་བྱུང་དགོས་དོན་ཅི་རེད་ཟེར་ན། གཙོ་བོ་སྲིད་སྐྱོང་མཆོག་གིས་འགྲོ་བཞིན་པའི་འོས་བསྡུའི་ཁྱབ་བསྒྲགས་ནང་། ༧གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཅི་མི་སྙམ་པར་བེད་སྤྱོད་གཏོང་རྐྱང་དང་། དུས་འཁོར་དབང་ཆེན་གྱི་རང་གི་ནག་ཉེས་ཡོད་ཚད་ཕར་ལ་འགེལ་ཅི་ཐུབ་ཀྱིས་ཧམ་རྫུན་རི་ལས་ཆེ་བ་མུ་མཐུད་གསུང་བ་མ་ཟད། བཀའ་བློན་བདེ་གཡང་དང་། བདེ་སྲུང་བཀའ་བློན་སོགས་ལ་དོན་དངོས་གནས་ཚུལ་གསང་སྟེ་དབུ་བསྐོར་བཏང་བ། དེ་བཞིན་བཀའ་ཤག་དང་ཕྱི་འབྲེལ་གྱི་ལས་དོན་མང་པོར་སྒེར་གཅོད་བྱས་པ། མི་མང་གི་བསམ་ཚུལ་ལ་མ་གསན་པ། དཔེར་ན། དོན་གཅོད་བསྐོ་འཇོག་ཞུ་ཕྱོགས་ཐད་ཕྱི་དྲིལ་བཀའ་བློན་གྱི་དགོངས་ཚུལ་ལ་མ་གསན་པར། རང་གི་གྲོགས་པོ་དང་ཕ་ཡུལ་གཅིག་པ་ཨ་རིའི་དོན་གཅོད་དང་བསྐོས་པ། གཞན་དུས་ཡུན་ཚང་ཡང་བེ་རི་ཟླ་བ་ཚེ་རིང་ཐའེ་ཝན་དུ་དོན་གཅོད་དུ་བསྐྱར་བསྐོ་བྱས་པ། ཐའེ་ཝན་དོན་གཅོད་ཀྱི་དྲུང་ཆེར་ཡོ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱི་སྤུན་ཆུང་རྒྱ་ཡིག་མི་ཤེས་མཁན་ཞིག་བསྐོ་བཞག་བྱས་པ། དེ་བཞིན་ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པར་ཨ་རིར་གནས་སྡོད་ཨ་མདོ་བ་ཞིག་གིས་ཡིག་རྩལ་འཕྲོད་ཀྱང་མ་བླངས་པ་སོགས་བཀའ་བློན་བདེ་གཡང་གི་འོས་འགན་དང་འབྲེལ་བའི་ལས་དོན་མང་པོའི་ཐད་སྲིད་སྐྱོང་གིས་ཁྱད་གསོད་མང་པོ་བྱས་ཡོད་པ་ཧ་ཅང་གསལ་བོ་རེད།

བགྲང་ན་མི་ཚར་བའི་ཉེས་པ་འདི་དག་ལ་བཀའ་བློན་བདེ་གཡང་གིས་ད་བར་སྡུག་སྒོམ་བརྒྱབས་ནས་བསྡད་ཀྱང་། འོས་བསྡུའི་སྐབས་མཚམས་དུས་འཁོར་དབང་ཆེན་དང་ཨ་རིའི་དོན་ཁང་ནང་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་པར་སྲིད་སྐྱོང་གི་སྐུ་པར་ལས་གལ་ཆུང་དུ་བརྩིས་པ་སོགས་ལ་མུ་མཐུད་ཞལ་རྫུན་གྱིས་འགྲེལ་བཤད་གནང་བ། དུས་དབང་གི་ཞལ་རྫུན་འགེབས་སྲུང་ཆེད་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་བེད་སྤྱོད་བཏང་བ་སོགས་ལ་བརྟེན། བཀའ་བློན་བདེ་གཡང་གིས་རྩ་དགོངས་མི་ཞུ་ཐབས་མེད་ཆགས་པ་རེད་ལ། མ་འོངས་པར་བཀའ་བློན་བདེ་གཡང་གིས་གསུང་བ་བཞིན། ”མདུན་དུ་ལྷག་པའི་དཀའ་ངལ་དག་གདོང་ལེན་’’ཆེད། འོས་བསྡུའི་ལས་རིམ་ནང་རང་དབང་ལྡན་པའི་ངང་ཆ་ཤས་བླངས་ཏེ། སྲིད་སྐྱོང་མཆོག་གི་ཞལ་རྫུན་གྱིས་བོད་མིའི་སྤྱི་ཚོགས་ལ་བརྡབ་གསིག་བཏང་བ་ཡོད་ཚད་ཐེར་འདོན་ཆེད་དྭང་བླངས་ཀྱིས་ཆ་ཤས་ལེན་འདོད་ཡོད་པ་གསལ་བོ་རེད་འདུག་ན།

རང་གི་དཔོན་གནས་དང་མིང་གྲགས་ལས་༧གོང་ས་ཆེན་པོ་དང་མི་མང་གི་མངོན་འདོད་རྩ་ཆེར་བརྩི་བའི་བུད་མེད་འདི་འདྲ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཉུང་ཉུང་ཡིན་སྟབས། བཀའ་བློན་ཟུར་པ་བདེ་གཡང་མཆོག་གི་བླ་ན་མེད་པའི་སྙིང་སྟོབས་དང་ཐུགས་འདུན་ལ་ཡི་རངས་ཞུ་ལ། མ་འོངས་པར་མི་མང་ལ་དྲང་པོ་དང་བདེན་པས་སྲི་ཞུ་བསྒྲུབ་རྒྱུའི་ཆོད་སེམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་གི་ཡོད།

༢༠༡༦། ༢། ༢༨།

བསམ་ཚུལ།

Post navigation

Previous Post: བདུད་བྷེ་ཡལ་བ།
Next Post: ད་ནི་ལས་བྱེད་མང་པོས་སྡེབ་གཅིག་ལ་རྩ་དགོངས་ཞུ་བའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མ་རེད།

Comments (18) on “བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་ཉེན་བརྡ་བཏང་བ།”

  1. མི་འཁྱམ། says:
    2016-02-28 at 12:01 pm

    བློ་བཟང་སེང་གེའི་རྐུབ་བརྡོལ་བཞིན་པ་ནི་སྙིང་རེ་རྗེ།

  2. མི་འཁྱམ། says:
    2016-02-28 at 12:02 pm

    བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་སྲིད་སྐྱོང་མཆོག་ལ་ཡིད་མོས་ཡོད་ན། ལོ་བཞི་དང་ཕྱེད་ཀར་སྲིད་སྐྱོང་ལ་ཡིད་ཆེས་སླེབས་ཡོད་ན། ཉུང་མཐར་འོས་བསྡུ་གྲུབ་མཚམས་བར། ཉི་མ་བཅོ་ལྔ་ཉི་ཤུར་སྒུག་མི་ཐུབ་པའི་གནས་སྟངས་གང་ཡང་ཡོད་པ་མ་རེད། ན་ནིང་བཀའ་བློན་མཆོག་གི་ཨ་ཕ་ན་ནས་གྲོངས་སོང་། སྐབས་དེར་གནས་སྐབས་དགོངས་པ་ཞུས་པ་མ་གཏོགས་རྩ་དགོངས་ཞུས་ཡོད་པ་མ་རེད། སྒེར་དོན་མིན་པ་གསལ་བོ་རེད། སྒེར་དོན་ཡིན་ན་རྒྱུ་མཚན་དེ་རིང་གསུང་གི་རེད། གཙོ་བོ་ད་ལྟ་སྲིད་སྐྱོང་གིས་མི་མང་ལ་བཀའ་ཤག་གི་འགན་མཉམ་འཁུར་དང་འཆམ་པོ་ཞེ་དྲག་ཡོད་གསུང་བཞིན་པའི་འོས་བསྡུའི་སྐབས་མཚམས་ཀྱི་གནད་འགག་ཅན་གྱི་དུས་ཚོད་ཅིག་ལ། སྲིད་སྐྱོང་གིས་མི་མང་ལ་གསུང་བ་རྣམས་བདེན་པ་ཡིན་ན་དགོངས་པ་ཞུ་དགོས་པའི་གནས་སྟངས་གང་ཡང་ཡོད་པ་མ་རེད། སོང་ཙང་སྲིད་སྐྱོང་མཆོག་གིས་འགྲིག་གི་མེད་པའི་བརྡ་ལན་གསལ་བོ་མི་མང་ལ་བསྟན་པ་རེད། དེ་མིན་དགོངས་པ་ཞུ་ན་དགོངས་པ་ཞུས་ཏེ་བཀའ་འཁྲོལ་གནང་རྗེས་གསལ་བསྒྲགས་གནང་གི་རེད་བ། བཀའ་བློན་མཆོག་གིས་ཡར་སྲིད་སྐྱོང་ལ་སྙན་ཞུ་ཕུལ་མ་ཐག་གསལ་བསྒྲགས་གནང་བ་རེད། སོང་ཙང་སྲིད་སྐྱོང་གིས་བཀའ་བློན་ལགས་ལ་བློ་ཕམ་ཧ་ལས་པའི་ཆེན་པོ་ཞིག་བྱུང་དུ་བཅུགས་ཡོད་པ་གསལ་བོ་རེད།

  3. ལྷ་སའི་བུ་ says:
    2016-02-28 at 12:22 pm

    བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཕྱི་རྒྱལ་ནང་ཚར་ལོང་བྱུང་པ་ཡིན་ཙང་བོད་མི་ཞིག་ཡིན་པའི་འདུ་ཤེས་ཀྱིས་སྤྱི་དོན་ཞབས་འདེགས་ཞུ་མཁན་ཞིག་ཡོང་རྒྱུའི་རེ་བ་བྱུང་ཡང་ཁོང་གི་བཀའ་མོལ་གསུངས་སྟངས་དང་། ད་རེས་འོས་བསྡུའི་སྐབས་དགོངས་པ་ཞུ་སྟངས་་ལ་བལྟས་ན་ཆོལ་ཞེན་གཏོགས་ཙམ་ཡོད་བཟོ་འདུག། བློ་ཕམ་པོ་རེད།

  4. མི་འཁྱམ། says:
    2016-02-28 at 12:33 pm

    ལྷ་སའི་མིང་འཁུར་ཏེ་ཁམས་པ་ཀླད་སྟོང་རེ་འགའ་ཡོད་པ་དེ་ཚོའི་ཟློས་གར་བསྐྱར་དུ་མ་འཁྲབ། བདེ་སྐྱིད་ཆོས་དབྱངས་ཀྱིས་ད་བར་བློ་བཟང་སེང་གེར་བསྟུན་ཡ་མང་དྲག་ནས། ཁུ་སིམ་མེར་མོ་རང་ཤག་ཏུ་སླེབས་མཚམས་ཐེངས་མང་ངུས་པ་གྲངས་མེད་ཡིན་འདུག བློ་བཟང་སེང་གེས་ལྟོས་ལྟོས་རིག་རིག་ལ་༧གོང་ས་མཆོག་ལྟོས་མེད་ཀྱིས་སྐྱག་རྫུན་ཚད་ལས་བརྒལ་བ་གསུངས་ན། བདེ་སྐྱིད་ཆོས་དབྱངས་མི་ཡིན་ཙང་འུ་ཐུག་ཡ་ཡོད་པ་རེད་ཝ། བྱུང་ན། བོད་ཆོལ་ཁ་གསུམ་གྱི་སྤྱི་མི། བོད་ཕྱི་ནང་གཉིས་ན་ཆེ་མཐོང་ལྡན་པའི་བདེ་སྲུང་བཀའ་བློན་མཆོག་གིས་ཀྱང་འདི་བཞིན། བློ་བཟང་སེང་གེས་མངོན་སུམ་འཛེམ་མེད། མི་མང་ལ་དབུ་བསྐོར་ཞུ་བཞིན་པ་འདི་དག་ལ་ཐེར་འདོན་གྱིས་མི་མང་ལ་འགན་འཁུར་གནང་ན་ཅི་མ་རུང་།

  5. བོད་ཁམས་སྡེ་ says:
    2016-02-28 at 12:57 pm

    དྲང་པོ་ཞུས་ན་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ནས་ང་ཚོ་མི་རིགས་འདི་ལ་ཞབས་འདེགས་མི་དམན་པ་རེ་ཞུས་ཡོད་པ་མོ་ཡི་མི་ཚེའི་ལོ་རྒྱུས་ཐོག་ནས་ལྟས་ན་ཤེས་ཐུབ་ ཡིནའང་ད་ལེན་གནང་སྟངས་དེ་རྟོགས་ཙམ་མ་འགྲིགས་པ་ཞིག་ཐོང་སོང་ རྒྱུ་མཚན་ནི་བཀའ་བློན་གྱི་ཞབས་ཀྱག་དེའི་ཐོགས་ལ་བསྡོད་བསམ་ན་བསྡོད་ཆོག་ཆོག་ཅིག་དང་བསྡོད་མ་བསམ་ན་འགྲོ་ཆོག་ཆོག་གཅིག་ག་ནས་ཡིན་ མི་མཇོན་བསམ་ན་དང་པོ་ནས་ཁས་ལེན་རྒྱུ་ཡོད་མ་རེད་

  6. རེ་བ་ says:
    2016-02-28 at 1:09 pm

    སྲིད་སྐྱོང་བློ་སེང་ནས་ག་རེ་གནང་དགོས་ཀྱི་རེད་ཅེ་ན་སླར་ཡང་ཕྱི་འབྲེལ་དྲུང་ཆེ་བཀྲིས་ཕུན་ཚོགས་དང་བཀའ་དྲུང་ཀརྨ་དགེ་ལེགས་ དག་པོ་བསོད་ནམས་ནོར་བུ་གསུམ་མདུན་ལ་ཐོན་བཅུག་ནས་ཕྱི་འབྲེལ་བཀའ་བློན་ནག་པོ་བཟོས་དགོས་།

    བློ་སེང་གིས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མདོག་ཉེས་པོ་བཟོ་གང་ཐུབ་དང་ཁོ་རང་རླབས་ཆེན་ཡིན་པ་བཟོ་ཐབས་བྱས་། སྤྱི་འཐུས་ཚོགས་གཙོ་སྤེ་ཚེ་རྫུན་མ་བཟོ་ཐབས་།
    བློ་སེང་གིས་བོད་མིའི་ཆབ་སྲིད་ལ་ཕན་ཐོགས་ཤིག་བྱས་ཡོད་པ་དེ་ནི་འགོ་ཁྲིད་ཁོང་འདྲ་བ་དངོས་ཡོད་ལ་ཟོག་སྟོངས་ཡིན་པ་གསལ་གསལ་གཏིང་གཏིང་བཟོས་ཡོད་།
    ཁོང་འདྲ་བའི་ཟོགས་སྟོངས་ཤིག་དེ་སྔ་ཡང་བྱུང་མེད་ལ་་ཕྱིས་འབྱུང་ཡང་ཡོང་གི་མ་རེད་། ཁོ་པས་མ་འོངས་མི་མང་ལ་བློ་སེང་གིས་མགོ་བསྐོར་བཏང་བ་ནང་བཞིན་ མགོ་བསྐོར་བཏང་ཡོང་ངོ་ཅེས་པའི་སྐད་ཆ་བཤད་སྲོལ་ཞིག་གི་བག་ཆགས་ཞིག་སླེབས་པ་བཟོས་ཡོད་། དེ ཁོ་པས་བྱས་རྗེས་གཅིག་པོ་དེ་ཡིན་ནོ་།

  7. རེ་བ་ says:
    2016-02-28 at 1:51 pm

    ” བློ་སེང་ལྟ་བུ་བོད་ལ་སྲིད་སྐྱོང་མེད།། ”
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།

    མགོ་བླ་མར་དབུ་བསྐོར་ཞུས་། བར་གྲོས་ཚོགས་ལ་ཕྲམ་པ་བཤད་། འོག་མི་མང་ལ་མགོ་བསྐོར་བཏང་། དོན་དུ་དོགས་གཞི་ཡོད་པའི་ཚར་ནས་ཁང་པའི་བུ་ལོན་སྒྲུབ་འཇལ་གྱི་ལྐོག་དངུལ་ལེན་། གྲོགས་དང་གཉེན་ཚན་ཡོངས་རྫོགས་གོ་གནས་ལ་བཀོད་། མང་ཚོགས་ལ་རང་ཁ་རང་གསོ་དགོས་པའི་ལྟ་གྲུབ་བཤད་། ཁ་ནས་ཆིག་སྒྲིལ་བཤད་དོན་དུ་སྤྱི་ཚོགས་ནང་འགལ་ཟླ་དང་དཀྲུགས་ཤིང་བཟོས་། ལྟས་མོ་འདུག་།

  8. བྱང་ཆུབ་ལོ་མ། says:
    2016-02-28 at 1:57 pm

    ད་ལྟ་མང་ཚོགས་ཀྱིས་གླེང་བཞིན་པ་ནི། བདེ་སྲུང་བཀའ་བློན་དང་ནང་སྲིད་བཀའ་བློན་གཉིས་ཀྱིས་ཀྱང་བོད་ཀྱི་རྩ་དོན་དང་མང་ཚོགས་ལ་འགན་ཁུར་ནས་འདམ་ག་མ་ནོར་བ་ཞིག་གནང་གི་རེད་ཟེར་བ་འདི་རེད།

    བཀའ་བློན་ཚོས་སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་ལ་བློ་ཕམ་བྱེད་དགོས་པ་ཆགས་པ་འདི་ལ་བལྟས་ན། ད་ནི་བློ་བཟང་སེང་གེས་རྫིན་བཤད་པ་མང་དྲགས་རྟགས་རེད།

    སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་ལ་བལྟས་ན། གཞུང་ཞབས་མང་པོས་དགོངས་པ་སྡེབ་ཞུ་བྱེད་པ་སོགས་ཀྱང་ཡོང་སྲིད་པ་རེད། དེང་སྐབས་གངས་སྐྱིད་ན་སྲིད་སྐྱོང་གླེང་སྟངས་དེ་ཛ་དྲག་དང་། ཞེད་སྣང་ཚ་བོ་རེད།

  9. ནུབ་ཕྱོགས་གངས་ཕྲུག says:
    2016-02-28 at 1:58 pm

    ༢༠༡༡ སྲིད་སྐྱོང་བློ་སེང་ལ་རྒྱབ་བསྐྱོར་བྱེད་་མཁན་འགའ་ཤས་ནང་ནས་གཅིག་བཀའ་ཟུར་བདེ་སྐྱིད་ཆོས་་དབྱངས་རེད། བློ་སེང་གི་མོ་རང་ཕྱི་དྲིལ་བཀའ་བློན་ལ་བཞག་ཡོད་རེད། ཡིན་ནའང་ད་ཆ་སྲིད་སྐྱོང་གི་ཕྱག་ལས་ལ་འདོད་པ་མ་ཁེངས་ནས་དགོངས་པ་ཞུས་ཡིན་ས་རེད། བློ་སེང་ལ་ཕམ་ཉེས་ཆེན་པོ་རེད། ཚོགས་གཙོ་སྤེན་པ་ཚེ་རིང་ལ་སྲིད་སྐྱོང་འཐོབ་རྒྱུའི་རེ་བ་ཆེན་པོ་འདུག སྤེན་པ་ཚེ་རིང་རྒྱལ་གྱུར་ཅིག

  10. ལྷ།བྱ་འཕུར་མ། says:
    2016-02-28 at 2:02 pm

    སེང་གེས་སྒེར་གཅོད་བྱས་མཐར།།
    ཆོས་དབྱངས་ངུ་དགོས་བྱུང་འདུག།
    སེང་གེས་ཞལ་རྫུན་གསུང་པས།།
    ཆོས་དབྱངས་དགོངས་པ་ཞུས་འདུག།

    ད་ནི་གངས་སྐྱིད་གཞུང་དུ།།
    སེང་གེའི་ཧམ་བཤད་ཞལ་རྫུན།།
    གང་ཡིན་ཚང་མས་བཤད་ཀྱང་།།
    སེང་གེ་ལྕགས་པགས་བསྣམས་འདུག།

    འབུམ་རམས་སེང་གེ་ལགས་ལགས།།
    གདོང་གི་ལྕགས་པགས་ཕྱིས་ནས།།
    གདོང་པ་ངོ་མ་སྟོན་རོགས།།

  11. བྱང་ཆུབ་ལོ་མ། says:
    2016-02-28 at 2:04 pm

    བཀའ་བློན་ཞིག་གིས། ད་ལྟའི་བཀའ་ཤག་ནང་ནས་མུ་མཐུད་ཕྱག་ལས་གནང་རྒྱུ་དང་། རྩ་དགོངས་ཞུ་རྒྱུ་གཉིས་ལས། བོད་སྤྱི་བ་ལ་རྩ་དགོངས་ཞུས་པ་འདིས་ཕན་གྱི་ཡོད་པའི་ངོས་འཛིན་དང་་འདམ་ག་གནང་བ་འདི་ལ་བལྟས་ན། བློ་བཟང་སེང་གེས་འོས་ཤོག་ཁོ་ནའི་ཆེད་མང་ཚོགས་ལ་བཤད་ཀྱིན་པའི་སྲིད་སྐྱོང་དང་། བཀའ་ཤག་གི་ལས་ཀའི་སྐོར་གླེང་སྟངས་དེར། བཀའ་བློན་ཚོའི་ནང་ལ་ཡིད་ཆེས་དང་ངོས་ལེན་ཡོང་ཐུབ་ཀྱི་མེད་པའི་རྟགས་གསལ་ཤོས་བྱུང་བ་རེད། སྲིད་སྐྱོང་གི་ལས་ཀས་བློ་ཕམ་བཅུག་ནས་བཀའ་བློན་ཚོས་དགོངས་པ་ཞུ་མགོ་ཚུགས་པ་རེད།

  12. ལུང་ཤོར། says:
    2016-02-28 at 4:03 pm

    དངོས་གནས་ཀླད་སྟོང་འགས་རང་ཉིད་དབུས་གཙང་མ་ཡིན་བཞིན་དུ་དབུས་གཙང་དང་ལྷ་སའི་མིང་འཁུར་ནས་དབུས་གཙང་ནང་ཁུལ་གྱི་ཆིག་སྒྲིལ་ལ་ཕམ་ཉེས་གཏོང་གི་ཡོད་པ་གསལ་པོ་རེད། གང་ལྟར་དབུས་གཙང་མི་མང་གི་རྒྱབ་སྐྱོར་ལ་མ་བརྟེན་པར་སུ་ཞིག་སྲིད་སྐྱོང་གི་རྐུབ་སྟེགས་ལ་སླེབས་ཐུབ་ཐབས་མེད་པ་དེ་ཁྱེད་ཚོས་ཤེས་པ་བྱོས། དབུས་གཙང་མི་མང་གི་འོས་ཤོག་ལ་བརྟེན་དགོས་རྒྱུ་དང་དབུས་གཙང་མི་མང་ལ་ག་དུས་ཡིན་ཀྱང་དམའ་འབེབས་གཏོང་ཤག་ཤག་བྱ་རྒྱུ་དེ་མང་དྲགས་སོང་།

  13. རླུང་ཐོག། says:
    2016-02-28 at 4:44 pm

    སྲིད་སྐྱོང་འོས་མི་བློ་བཟང་སེངྒེ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲི། ང་ཚོའི་སེམས་ནང་གི་བོད་གཞུང་འམ་བཙན་བྱོལ་སྒྲིག་འཛུགས་འདི་༧གོང་ས་མཆོག་གི་བཀའ་དགོངས་ལྟ་མིང་དོན་མཚུང་པའི་བོད་ཆོལ་ཁ་གསུམ་གྱི་མིང་ཐོག་ལ་ཚུལ་བསྒྱུར་ཐབས་གནང་བཞིན་པ།
    February 11, 2016https://www.facebook.com/rfa.tibetan/videos/884135405039033/ གོང་གི་དྲ་ཐག་འདི་ལ་གཟིགས་ནས་རྣམས་པ་ཚོའི་བསམ་བློ་གཏོང་དགོས། དེང་སང་སྲིད་དབང་སྒེར་སྤྱོད་པ་དང་སྤྱི་རྒྱ་སྒེད་བདག་པ་དེ་ཚོས། རང་ཉིད་ཀྱི་ཁེ་ཕན་ཤོར་འགྲོ་དོག་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་འདྲ་མིན་མང་པོ་འཁྲབ་བཞིན་པ་ལ་ཡིད་ཆེས་བྱེད་མི་རུང་། བཙན་བྱོལ་སྒྲིག་འཛུགས་འམ་བོད་གཞུང་འདི་མིང་དོན་མཚུང་པའི་ཆོལ་ཁ་གསུམ་གྱི་མིང་ཐོག་ཚུར་བསྒྱུར་བར་བར་ཆད་མང་པོ་བཟོ་བཞིན་པ་དག་ཚང་མས་ཧ་གོ་ཐུབ་ན་བཟང་།

  14. ཇུང་ཏོག་ says:
    2016-02-28 at 9:27 pm

    ཕྱི་དྲིལ་བཀའ་བློན་ལྷག་བསམ་དང་རྒྱལ་ཞེན་ཅན་ཞིག་ཡིན་ན་དགེ་སྐྱོན་གླེང་ས་གྲོས་ཚོགས་ནང་མ་གླེང་བར་འོས་བསྡུའི་སྐབས་མཚམས་སུ་རྩ་དགོང་ཞུས་པ་དེ་ནི་བཙན་བྱོལ་སྤྱི་ཚོགས་
    དཀྲུགས་འདོད་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་དགྲ་དགའ་གཉེན་སྡུག་ལ་སོང་མ་འོངས་བཙན་བྱོལ་སྤྱི་ཚོགས་ལས་ཀའི་རེ་བ་མེད་པ་གསལ་པོ་རེད་།

  15. བློ་གྲོས་རབ་བརྟན་ says:
    2016-02-28 at 10:30 pm

    བུད་མེད་རེ་བ་ཅན་ཞིག་བློ་སེང་གི་ལག་ནས་ཤོར།

  16. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 11:08 pm

    ཕྱིར་ཐོན་འགྲོ་མཁན་འགྲོ་རུ་ཆུགས། །
    ནད་ཀྱིས་ན་མཁན་ན་རུ་ཆུགས། །
    འཆི་བས་ཤི་མཁན་འཆི་རུ་ཆུགས། །
    བོད་མིའི་སྒྲིག་འཛུགས་སྲ་རུ་ཆུགས། །
    ་
    སྤེན་ཚེ་ཤོར་ན་ཤོར་དུ་ཆུགས། །
    བློ་སེང་ཐོབ་ན་ཐོབ་ཏུ་ཆུགས། །
    ཤར་ཁུག་ངུ་ན་ངུ་རུ་ཆུགས། །
    བོད་མིའི་སྒྲིག་འཛུགས་བརྟན་དུ་ཆུགས། །

  17. བདེན་པའི་རྒྱབ་ལངས། says:
    2016-02-29 at 5:37 am

    #17 ཀརྡོ་གཉེར་ཕྱག་པ་
    གཉིད་ལམ་སྐྱིད་པོ་ཞིག་སྒུག་སྡོད་ཨ།

  18. ཀརྡོ་གཉེར་ཕྱག་པ་ says:
    2016-03-01 at 12:40 am

    བློ་སེང་གིས།
    ང་སྲིད་སྐྱོང་གི་མིང་ལྟར། བློ་བཟང་པོ་བརྒྱ་ཆ་དགུ་བཅུ་བེད་གཏོང་བགྱིད་ཡོད། བརྒྱ་ཆ་བཅུ་སེང་གེ་ཐོན་བགྱིད་ཡོད། གསུངས་པ་འདི། བདེན་པ་མིན་ནམ། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme