Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གསལ་བསྒྲགས།

Posted on 2016-02-262016-02-26 By ཁ་བརྡ 27 Comments on ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གསལ་བསྒྲགས།

བསྟན་འཛིན་འཇམ་དཔལ་གྱིས་འོས་སྦྱོར་ཞུས།
 

གལ་ཆེ་གསལ་བསྒྲགས།

༄༅།། དཔལ་ལྡན་བཀའ་ཤག་སྐབས་ ༡༥ དང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དངོས་གཞིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བར་བརྟེན། བོད་མི་རྒན་གཞོན་ཚང་མས་དོ་འཁུར་ཆེ་བཞེས་ཀྱིས་འོས་བསྡུ་དང་འོས་མིའི་སྐོར་གོ་བསྡུར་དང་སྦྱང་ཤེས། བགྲོ་གླེང་། བྲིས་རྩོམ་སོགས་སྤེལ་བཞིན་པར་ཡིད་རངས་ཞུ་རྒྱུ་ཡང་། བར་ལམ་བློ་ཆུང་འགའི་འོས་མིའི་ཕྱོགས་གཏོགས་དང་འོས་ཤོག་གི་འགྲན་སེམས་ཁོ་ནར་དམིགས་ཏེ་སྤྱི་ཚོགས་ཀྱི་སྐད་འཕྲིན་དང་དྲ་གནས་གང་སར་མང་ཚོགས་དབུ་སྐོར་ཐེབས་གཞིའི་གནས་ཚུལ་ཉག་ཉོག་གང་བྱུང་སྤེལ་རྒྱུའི་ཐ་ཤལ་གྱི་བྱ་སྤྱོད་ཀྱང་མཐོང་ཐོས་ཡོང་འདུག་པར་ཚང་མས་དཔྱད་ཞིབ་ནན་པོས་གཟབ་པར་འཚལ།

དེ་ལྟའི་ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༦ འཁོད་ས་གནས་འོས་བསྡུ་འགན་འཛིན་རྣམ་པར་དབུས་སའི་འོས་བསྡུའི་ལས་ཀྱི་སྣེ་མོ་བ་ཡོངས་ལ་མཛད་དཀའ་མི་འབྱུང་ཆེད་རྟིང་སྐུལ་དུ་བསྩལ་བའི་བཀོད་ཁྱབ་ཀྱི་ངོ་བཤུས་ཀྱང་བློ་དམན་འགའི་བསམ་ཤེས་མེད་པར་སྤྱི་ཚོགས་ཀྱི་དྲ་གནས་གང་སར་ཁྱབ་སྤེལ་བྱེད་བཞིན་པ་མ་ཟད། ནང་གསལ་འདི་གའི་ལས་ཁུངས་བྱེ་བྲག་པ་ཆེད་མིང་འདོན་གྱིས་འོས་བསྡུའི་ཆབ་སྲིད་ཀྱི་ལག་ཆར་སྙེག་སྟེ་མང་ཚོགས་ཁྲོད་འགྲེལ་ལོག་དུ་མ་སྐྱོན་བཞིན་པར་མཐོང་དུས་འབྲེལ་ཆགས་སྐུ་ཚབ་དོན་གཅོད་ཀྱི་ངོ་བོའི་ཐོག་གསལ་འགྲེལ་མ་ཞུས་ཀ་མེད་བྱུང་བ་ལགས་ན། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༦ ཉིན་དབུས་འོས་བསྡུ་ལས་ཁང་དུ་དོན་ཚན་བཞི་ཅན་ཀྱི་གསལ་བཤད་ཀྱི་ཞུ་སྙན་ཞིག་ཕུལ་ཡོད་པས་དབུས་འོས་བསྡུ་ལས་ཁང་ནས་ཀྱང་ཕྱི་ཟླ་ ༢ ཚེས་ ༡༩ འཁོད་འདི་གའི་གསལ་བཤད་ལ་བཀའ་ལན་བཀྲིན་བསྩལ་སོན་བྱུང་བའི་ནང་དོན་།

“་་་ཨ་རིའི་ས་གནས་ཁག་ཅིག་ནས་འདི་གར་ཡིག་ངག་གཉིས་ཐོག་ནས་སྙན་གསན་རིམ་འབྱོར་བྱུང་བའི་གནས་ཚུལ་ཞིག་དྲངས་པ་ཙམ་ལས་ད་ལྟའི་ཆར་འདི་ནས་ཉིད་ཀྱི་ཁོང་ཚོས་བཤད་དོན་ལྟར་འགལ་འཛོལ་བྱས་པར་ངོས་འཛིན་གྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་མིན་་་”

12743659_963395543744488_6585878867026074205_n

ཞེས་གསལ་འཁོད་ཡོད་པའི་བཀའ་ཡིག་གི་ངོ་བཤུས་འདི་མཉམ་ཟུར་སྦྱར་ཡོད་པར་ཚང་མས་གཟིགས་ཞིབ་ངེས་པར་ཡོང་བ་དང་། ད་ལྟ་ཚ་ཚ་འུར་འུར་གྱི་འགྲོ་བཞིན་པའི་འོས་བསྡུའི་ལས་རིམ་གྱི་དུས་སྐབས་དེར་ཕྱོགས་གང་ནས་ཀྱང་ཕན་ཚུན་འོས་ཤོག་འགྲན་སེམས་ཀྱི་ངན་དམིགས་ཁོག་ཏུ་བཅངས་ཏེ་ཉག་ཉོག་གི་བྲིས་རྩོམ་མམ་སྐད་འཕྲིན་རིང་ཐུང་གང་ཡང་གོ་སྐད་སྲིད་ན་ཡང་། གནས་ལུགས་ཞིབ་དཔྱད་མེད་པ་ཚང་མར་ཡིད་ཆེས་གནང་ཚེ་སྤྱི་ཡོངས་ཀྱི་སྒྲིག་འཛུགས་ལ་དོ་ཕོག་ཡིན་པར་བརྟེན། ཚང་མས་སྲེག་བཅད་བརྡར་བའི་གནས་ལུགས་ལ་ཅུང་ཟད་འབད་འབུང་ཡོང་བ་དེ་དོན་དགོངས་འཇགས་ཞུ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༥ ལ།། །།

༼བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲ་ཚིགས་ནས་དྲངས།༽

གསལ་བསྒྲགས།

Post navigation

Previous Post: སྲིད་སྐྱོང་བློ་བཟང་སེང་གེ་ལ་བཅར་འདྲི།
Next Post: བོད་ཀྱི་རྩ་དོན་དང་གཞོན་སྐྱེས་ཀྱི་འགན་འཁུར།

Comments (27) on “ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གསལ་བསྒྲགས།”

  1. ཀརྨ་བློ་གསལ་ says:
    2016-02-26 at 9:21 am

    དབུས་འོས་བསྡུ་ལས་ཁུངས་ནས་བློ་ཆུང་སྤེན་ཚེ་ལ་འགྲམ་ལྕག་ཅིག་བཞུས་འདུག ད་ཆབ་སྲིད་པ་ལ་ཡིད་ཆེས་ཡ་ཞིག་འདུག་གམ། རྒྱབ་བསྐྱོར་ཡོད་མདོག་གིས་བློ་ཆུང་སྤེན་ཚེ་ངར་བཅུག དེ་ནས་རྡོག་ཐོ་ཞིག་བཞུས་འདུག་ག ད་རེས་ཨ་ཚོགས་ཀླུ་མཁར་དང་ཕ་ཡུལ་གཅིག་པའི་འོས་བསྡུའི་འགན་འཕར་དེས་ལས་ཀ་ཡག་པོ་གནང་ཤག

  2. རེ་བ་ says:
    2016-02-26 at 9:26 am

    སྐྱག་རྫུན་རི་ཙམ་བཤད་ན་བདེན་པ་ཡག་ཙམ་ཐོབ་ཅེས་པ་ཡོང་ཐབས་ཀྱི་ཆབ་སྲིད་བསྒྲགས་གཏམ་ཞིག་ལས་གཞན་གང་ཡང་མ་རེད་།

    ཁ་ནས་༧ གོང་ས་མཆོག་ལ་དད་པ་ཡོད་ཚུལ་དང་ཡིན་ནའི་ལག་ལེན་སྐབས་༧གོང་ས་མཆོག་གི་སྐུ་དཔར་ལའང་གདང་ཟུག་གིས་རྒྱ་དམར་གྱི་བྱེད་སྟངས་དང་འདྲ་བ་༧གོང་ས་མཆོག་གི་སྐུ་དཔར་མར་ཕབས་ཏེ་རང་གི་གྲོགས་པོ་བློ་སེང་གི་དཔར་དོན་གཅོད་ལས་ཁུངས་ནང་ཡར་བཤམ་མཁན་གྱི་མི་ངན་ཞིག་གིས་༧གོང་ས་མཆོག་ལ་བློ་གཏས་ཡིད་ཆེ་ཞུ་མཁན་སེམས་འཚོ་འཁོལ་བའི་བོད་མི་ཚོར་བློ་ཆུང་དང་འགྲན་སེམས་ཀྱི་ངན་དམིགས་བཅངས་མཁན་སོགས་ཀྱི་སྐྱོན་བརྗོད་བྱེད་བཞིན་པ་དེ་ནི་་བློ་སེང་གི་རྒྱབ་སྐྱོར་བ་དོན་གཅོད་དེ་མི་གང་འདྲ་ཞིག་ཡིན་པའི་དཔང་ར་གསལ་པོ་ཞིག་ཡིན་པ་རེད་། མགོ་བསྐོར་གཏོང་ཐུབ་ཀྱི་མ་རེད་།

  3. ཀརྨ་བློ་གསལ་ says:
    2016-02-26 at 10:17 am

    རེ་བ་ཟེར་མཁན། གོང་ས་མཆོག་གིས་སྲིད་འགན་མི་འཁུར། འཁོར་བ་མི་སྐྱོང་། ངེས་འབྱུང་བརྙེད་སོང་ཟེར་ནས་སྲིད་དོན་གཉེར་གྱིས། འགོ་ཁྲིད་གནང་གིས་ཟེར་བའི་བློ་སེང་ལ་སྲིད་འགན་ཐོབ་པ་མིན་ནམ། ཁྱོད་ལྟར་ན་གོང་ས་མཆོག་ལ་འོས་འཕེན་དགོས་ཐུག་པ་མ་རེད་དམ། སྤེན་ཚོགས་ཀྱིས་འགྲོ་སྟངས་མི་ཤེས་དོན་ཅི། ཤཀྱྸ་ཐུབ་པས་རྒྱལ་སྲིད་དོར་ནས་ཆོས་སྒོར་འགྲིམས་པ་དང་ཏཱ་ལའི་བླ་མས་སྲིད་འགན་རྩིས་སྤྲད་ནས་མང་ཚོགས་དཀྱུས་མ་གནང་པ་ཅིག་མ་རེད་དམ། སྐུ་པར་ཅིག་ཡར་འགེལ་མིན་ལ་བསམ་བློ་གཏོང་སྲིད་དམ། ངོ་ཚ་ཡ་མེད་པ་སྐོར་ཞིག་གིས་གོང་ས་མཆོག་ལ་འདི་ལྟར་དམའ་འབེབས་བྱེད་དོན་ཅི།

  4. ལུང་རྟོགས། says:
    2016-02-26 at 10:20 am

    གསལ་བཤད་ཡག་པོ་གནང་འདུག འདིས་སྟེང་ནས་འོས་བསྡུ་ལས་ཁུང་གི་བྱབ་ཆུང་གི་རང་བཞིན་དེ་གསལ་སྟོན་བྱས་སོང་།

  5. གངས་ཕྲུག། says:
    2016-02-26 at 10:41 am

    རེ་བའི་མིང་ཅན་ལགས། གནས་སྟངས་གང་ཡང་མི་ཤེས་པའི་ཁྱེད་ལྟ་བུ་སྐོར་ཞིག་ནི་སྤུ་མེད་པའི་ཕག་པའི་རྣམ་དཔྱོད་ཙམ་ཡང་མེད་པ་ཤེས་སོང་། གོང་ས་མཆོག་གི་སྐུ་པར་དེར་མེད་པ་ལ་མར་ཕབས་རྒྱུ་གོང་སའི་སྐུ་པར་རི་བོང་གི་དང་ནམ་མཁའི་མེ་ཏོག་རེད། དེས་ན་ཁྱེད་ཚོས་སྨྱོ་བཤད་ལ་ཡིད་ཆེས་མེད་པར་འགྱུར་བ་རེད།

  6. སྲོང་བཙན། says:
    2016-02-26 at 11:59 am

    ཁང་གསར་རྡོ་རྗེས་དོགས་སློང་བྱས་པ།
    ༄༅།། ང་སྤྱི་འཐུས་སམ་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་སུ། ཕྱག་སྦྲེལ་སྤྱི་འཐུས་ཤིག་གིས་མི་གསོད་ལག་དམར་བ་རེད་ཟེར་ན། ཅི་བྱེད་དགོས་སམ། ངའི་བསམས་པར། ཨང་དང་པོ་ནི། བཟང་སྤྱོད་ཀྱི་ཐོག་ནས་གནས་ཚུལ་གཙང་མ་མ་ཆགས་བར་ང་རང་སྤྱི་འཐུས་སམ་ཚོགས་གཙོ་ནས་དགོངས་པ་ཞུ་རྒྱུ་དེ་རེད། གཉིས་པ་ནི་དབྱིན་བོད་ཀྱི་ཚགས་ཤོག་ཁག་ཏུ། རང་ཉིད་ལ་དོན་གནད་དེའི་ཐད་སྐྱོན་འཛུགས་བྱེད་མཁན་ཡོད་ན། ཟླ་ཚེས་འདིའི་གོང་དུ། ཁྲིམས་སར་སྐྱོན་འཛུགས་བྱེད་དགོས། དེ་མིན་ནུས་མེད་དཀྲོག་གཏམ་དུ་ངོས་འཛིན་བྱ་རྒྱུ་ཞེས་གསལ་བསྒྲགས་བྱེད་དགོས། དེ་མིན་ངས་ཚོགས་གཙོ་ནས་དགོངས་པ་ཞུས་པའི་སྐད་ཆའི་དྲོད་མ་ཡལ་གོང་ནས། ཡང་བསྐྱར་ཚོགས་གཙོར་ཡོང་ཆོག་ཆོག་གི་ལམ་ཡོད་པ་དང་། ལམ་དེ་ལ་འགྲོ་ཤག་ཤག་བྱས་བཞག་ན། རྙོག་གྲའི་གཞི་རྩ་མུ་མཐུད་གནས་ཡོད་པས། མ་འོངས་པར་སྐབས་དུས་གང་ལའང་རྐྱེན་དང་འཕྲད་ན་ངའི་གནད་དོན་དེ་བསྐྱར་གླེང་ཡོང་གི་རེད། མདོར་ན། དེ་འདྲའི་གླེང་རྙོག་གཙང་མ་མ་ཆགས་གོང་། ངས་ཆོལ་ཁ་གཅིག་གི་སྤྱི་འཐུས་དང་། གྲོས་ཚོགས་ཤིག་གི་ཚོགས་གཙོའི་མིང་ཁུར་ན། དེས་སྒྲིག་འཛུགས་ཡོངས་ལ་མིང་ཤས་ཆགས་ངེས་རེད། མ་རེད་དམ།
    https://www.facebook.com/dorje.kangsar/posts/861007140624664

  7. བསྟན་འཛིན། says:
    2016-02-26 at 12:12 pm

    ད་ལམ་དབུས་འོས་བསྡུ་ལས་ཁང་གིས་རང་ཚུགས་རྩ་ནས་མེད་པའི་ཐོག་ནས་འོས་བསྡུ་དང་འབྲེལ་བའི་རྙོག་གླེང་མང་དག་ཞིག་བཟོས་སོང་། རྣམ་དཔྱོད་དང་རང་ཚུགས་མེད་པའི་མི་དེ་ཚོའི་བྱེད་སྟངས་ལས་སྟངས་ལ་ཡིད་ཐངས་ཆེད་སོང་། རང་དབང་ཅན་གྱི་སྡེ་ཚན་དུ་མི་བུ་འདི་དག་གི་རིགས་རྣམས་རྗེས་སོར་མི་ཡོང་བའི་རེ་དང་སྨོན་ལམ་ཡོད། སྤྱི་ཚོགས་རྙོག་གླེང་བཟོ་རྒྱུ་ལས་མི་འདུག།

  8. གངས་ཕྲུག་ says:
    2016-02-26 at 12:33 pm

    ཨ་རའི་དོན་གཅོད་ལྟས་ངན་ཁྱོད་ཚོ་ངོ་མ་ཁྱོད་ཚོས་ཚད་ལས་འགལ་བའི་ལས་ཀ་བྱས་འདུག་་་་དེ་འདྲ་དཔེ་རེད་ རྒྱ་གར་གཞུང་ཚབ་པ་ག་ཚོད་རྗེ་པོ་བྱས་ཀྱང་གཞུང་ལས་ཁང་ནང་གི་གྷ་རྡི་ཇའི་པར་ནམ་ཡང་རྗེ་པོ་བྱེད་ཀྱི་མེད་ འོན་ཀྱང་ལྟས་ངན་ཨ་རའི་དོན་གཅོད་ཁང་ནས་གྷ་རྡི་ལས་ལྷག་པའི་སོ་སོའི་རྩ་བའི་བླ་མའི་པར་ཕབ་ནས་བོད་ཀྱི་ལོ་རྒྱུས་ནང་བྱས་རྗེས་གང་ཡང་མེད་པའི་བློ་བཟང་གི་པར་ཞག་པ་དེ་ལྟས་ངན་མིན་ན་ཅི་ཡིན།།

  9. གངས་ཕྲུག་ says:
    2016-02-26 at 12:39 pm

    སྐུ་ཀྱེ་ཐུགས་རྗེ་གཟིགས་དགའ་ལྡན་ཕོ་བྲང་ནས་བོད་མའི་སྒྲིགས་རྫུགས་ཚག་ཚུད་པོ་ཞིག་བཟོས་ཞག་ཡོད་ལྷག་པར་དུ་སློབ་དཔོན་ཟབ་གདོང་རིན་པོ་ཆེའི་སྐབས་སུ་ཟ་མཆོག་དང་འཐུང་མཆོག་ཞིག་ཟོས་ཞག་ཡོད་པས་དེ་བློ་བཟང་ཁྱོད་ཚོས་ཆུད་ཟོས་སུ་མ་གཏོང་རོགས།།

  10. ཐོས་པ་དགའ། says:
    2016-02-26 at 1:17 pm

    འོས་བསྡུ་ལས་ཁུངས་འདི་ཁྱད་མཚར་རང་ཉིད་རྫུན་རྐུབ་བརྡོལ་ནས་ག་རེ་བྱེད་རྩིས་ཡིན་ན། མི་མང་གི་ཡིག་ངག་གཉིས་ཐོག་ནས་སྙན་གསེང་རིམ་འབྱོར་བྱུང་བ་ཡིན་ན་དེ་ལ་ཞིབ་འཇུག་གནང་ནས་འགལ་འཛོལ་གྱི་མཇུག་བསྡོམས་ཤིག་རྒྱབ་དགོས་པ་ལས། གོ་རྒྱུ་ཚོས་རྒྱུ་མེད་པའི་ཕྱོགས་གཉིས་ཀའི་ངོ་སྲུང་ནས་བསྡད་པ་ད་ེནི་རང་གི་རྐུབ་སྟེགས་བ་མི་ཤོར་སླད་མིན་ནམ་བསམ། འོས་བསྡུ་ལས་ཁུངས་དེ་ལ་དངོས་གནས་གསར་བསྟོད་གཅིག་དགོས་ས་རེད།

  11. གངས་ཕྲུག། says:
    2016-02-26 at 1:30 pm

    ཨ་རིའི་སྐུ་ཚབ་དོན་གཅོད་ལགས། ཐུགས་རྗེ་ཆེ། བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་ཡག་པོ་གནང་སོང་། ཁྱེད་ལ་ངོ་སོ་སྟོད། དེང་སྐབས་སྐབས་འཚོལ་དངགཡོ་སྒྱུར་ཅན་གྱི་སྡིག་མོལ་དང་གཞི་མེད་སྐྱོན་འཛུགས་ལ་རྣ་བའི་རྒྱབ་ཏུ་གཏོང་དགོས། ཁོ་ཚོས་ཅི་ཡང་བཤད་སྲིད་ལ་གང་ཡང་འཇོན་གྱི་མ་རེད།

  12. ཁུ་བྱུག says:
    2016-02-26 at 2:04 pm

    དཔོན་ལ་མི་སྐྲག དབང་ལ་སྐྲག་ཅེས་པའི་ཁ་དཔེ་དེ་ད་ཐེངས་གཞི་གྲུབ་འདུག ཨ་རིའི་དོན་གཅོད་ཀྱི་རྒྱབ་རྩར་དབུས་འོས་བསྡུ་ལྷན་ཁང་སྐྲག་པ་མིན་འགྲོ། དེ་མིན་བཀའ་ཤོག་དང་པོ་བཀའ་རང་བྱས། གཉིས་པ་དེ་གསལ་བཤད་དམ་དགོངས་སེལ་ལྟ་བུ་ཞིག་མཐོང་སོང་། གང་ལྟར་ད་ཐེངས་ཀྱི་འོས་བསྡུ་དེ་དྲང་པོ་ཞིག་ཡོང་བ་མིན་འདུག་ཀྱང་། བཟང་སའམ་རྒྱན་ས་ནས་བསམ་ན། རང་དབང་མང་གཙོར་འབངས་མི་སེར་ཚོས་དོ་སྣང་ཤུགས་ཆེན་བྱེད་སྟངས་དེ། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བོད་མིས་རང་དབང་མང་གཙོའི་གོ་རྟོགས་གཞི་ནས་སད་འགོ་ཚུགས་པ་འདྲ། བཟང་གི ཧྲ་གི སྤྲེལ་ཕྲུག་ཚོ།

  13. ཇ་མ་ says:
    2016-02-26 at 2:41 pm

    བློ་སེང་གི་ཆེད་དུ་ཨ་དོན་སྐལ་རྡོར་ཤི་ཡང་ཐུབ་པ་རེད། དབུས་བོད་མིའི་གཞུང་གི་ཁྲིམས་ལུགས་ནི་བློ་སེང་དང་སྐལ་རྡོར་གཉིས་ལ་སྣང་མེད་རེད། བློ་སེང་ཤོག་ཁའི་ང་རྒྱལ་གྱིས་འགོ་མ་ནོན་པར་ཆོལ་ཁའི་ནང་ནང་དམེ་མི་བྱེད་པའི་ངེས་པ་མི་འདུག

  14. ལྷ།བྱ་འཕུར་མ། says:
    2016-02-26 at 4:21 pm

    ཐོས་པ་དགའ་ཡིས་ཡག་པོ་བཤད་འདུག རང་ཚུགས་ཅི་ཡང་མེད་པར་མར་ཡར་ངོ་སྲུང་མཁན་དབུས་འོས་བསྡུ་ལས་ཁུང་གི་ཕྱག་ལས་གནང་སྟངས་ཁྱོན་ཡོངས་ནས་ཐེངས་འདིའི་འོས་བསྡུ་ཡག་པོ་བྱུང་མ་སོང་།

  15. ཀུན་གསལ། says:
    2016-02-26 at 10:29 pm

    དཔལ་ལྡན་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་རོགས་རྣམས།
    དང་པོ་སྒྲིག་གཞི་མང་པོ་ཞིག་མར་བསྒྲགས། བར་དུ་སྒྲིག་གཞི་བསྒྲགས་པ་དག་ཁྱེད་རྣམས་ཀྱིས་བཤིགས། ད་འདི་ཅི་རེད། བཙན་བྱོལ་གྱི་འོས་བསྡུའི་ཕམ་ཉེས་ཆེ་ཤོས་དང་འོས་བསྡུའི་ཉེས་ཅན་པ་ཚབས་ཆེ་ཤོས་ཁྱེད་རྣམས་རེད་འདུག
    དངོས་གཞིའི་སྐབས་སུ་ཨོ་ཙམ་ཡོང་བའི་རེ་བ་ཡོད། ཡིན་ནའང་། ཁྱེད་ཚོར་རེ་བ་མེད།

  16. ཇུང་ཏོག་ says:
    2016-02-26 at 10:58 pm

    རང་སྡུག་མྱོང་མཁན་རང་སེམས་རེད་།
    འོས་ཤོར་འཇུག་མཁན་ཕྱོགས་གཏོགས་རེད་།

  17. ཇུང་ཏོག་ says:
    2016-02-26 at 11:03 pm

    ཨ་རི་དོན་ལས་ནས་མི་མང་ལ་གསལ་བསྒྲགས་ག་རེ་གནང་རྒྱུ་ཡོད་རེད་། དེ་ལས་ཌོ་ལར་བསགས་ནས་སྐྱིད་པོ་གཏོང་དཐུབ་ན་ཁྱེད་རང་ཚོ་སྐྱིད་པོ་རེད་།

  18. རེབ་གླེན་པ། says:
    2016-02-27 at 12:21 am

    ཨ་རི་དོན་གཅོད་རྐལ་རྡོར་གིས་དབུས་འོས་བསྡུད་ལྷན་ཁང་ལ་དགོས་སེལ་ཞུ་རྒྱུའི་ཚབ་ལ་བཀའ་བཏང་སྟེ་འོས་བསྡུད་ལྷན་ཁང་གི་ཚོགས་མི་ཚོ་ཤེས་འགྲོ་འདུག་ཤེས་བྱས་ན་ཡག་གི་རེད་རེད་མདོག་མདོག་བྱེད་ཀི་འདུག་གཱ འཚེར་སྣང་ཞེ་སྣང་ཟེར་རྒྱུ་ཡོད་ས་མ་རེད།

  19. ཇུང་ཏོག་ says:
    2016-02-27 at 12:55 am

    མང་གཙོ་ཁ་ལ་ཁྱེར་བཅའ་ཁྲིམས་རྐུབ་འོག་ཏུ་བཅུག་མཁན་གྱི་ལས་བྱེད་དང་སྤྱི་འཐུས་ཚོ་རྟ་ལམ་བོང་བུའི་མ་བཀག་ན་ཡག་ལེ་རེད་དོ་།

  20. ༄།།སྟར་བུ་དམར་བོ། says:
    2016-02-27 at 5:11 am

    སྤྱིར་ཡིན་ན། བོད་པའི་དོན་གཅོད་ཁང་རྣམས་བོད་མིའི་སྒྲིགས་འཛུགས་རང་གི་མིང་ཐོག་ལ་འཇོག་ཨེ་ཐུབ་བལྟས་ཏེ། དོན་གཅོད་ཁང་དག་ཏུ་༧ གོང་ས་མཆོག་གི་སྐུ་པར་གཙོ་བའི་སྐབས་དེ་ཤེད་ཀྱི་སྲིད་སྐྱོང་རྣམ་པའི་སྐུ་པར་ཀྱང་བསྒྲིག་གཤོམ་བྱས་ན་འགྲིག་པར་འདོད་མོད། ད་རེས་སྲིད་སྐྱོང་ལགས་དང་སྐལ་རྡོ་གཉིས་ཀྱིས། སྐུ་པར་ཡར་འཇོག་མར་ལེན་གྱི་ཚུལ་དེ་བྱི་ལ་ཡིས་སྐྱག་པ་སྐུང་བའི་བཟོ་འདྲ་ཞིག་བྱས་འདུག་པས། ངོ་མ་བྱབ་ཆུང་འདྲ་བོ་མཐོང་སོང་། ཡང་ན་དོན་གཅོད་ཁག་ཚང་མའི་ནང་དུ་སྲིད་སྐྱོང་གི་སྐུ་པར་འཇོག་དགོས་པ་རེད། དང་པོ་སྐུ་པར་ཡར་བཞག་་་དེ་ནས་ཡང་མར་བླངས་ཧ་ཧ་ཧ། ཨ་ཧ་ཧ། སྐལ་རྡོ་ཡ་སྐལ་རྡོ་ཡ།

  21. ལྷ་སྒང་ཆོས་གྲགས། says:
    2016-02-27 at 6:34 am

    གསལ་བསྒྲགས་སོགས་ཡིག་ཆ་སྔ་ཕྱི་མི་འདྲ་བ་གཉིས་དང་གསུམ་རེ་གཏོང་བའི་ལམ་ལུགས་དེ། འགོ་བཀའ་ཤག་ནས་སྲོལ་གཏོད་སོང་། འོས་བསྡུའི་ལྷན་ཁང་ཟེར་བ་དེས་རང་འཚང་རང་གིས་བསྟན་པ་རང་རེད།

  22. རེ་བ་ says:
    2016-02-27 at 7:54 am

    མི་ངན་ཁྱུ་ཚོགས་དེ་ཚོས་བོད་ཀྱི་དེ་བཙོང་གི་རེད་།
    དེ་ཚོ་ཕ་བརྒྱུད་བུ་བརྒྱུད་ནས་སྒྲ་མ་རུ་རེད་།

  23. ཚེ་རིང་བསམ་གྲུབ། says:
    2016-02-28 at 1:29 am

    རེད། རེད། གནས་ཚུལ་སྦྲང་སྐད་ཙམ་ཡང་གོ་རྒྱུ་མེད་ན། རྟིང་སྐུལ་གྱི་ཡི་གེ་ཞིག་གཏོང་དགོས་དོན་མེད། ཡང་ན་ས་གནས་འོས་བསྡུ་ཁང་ཚང་མར་བཏང་ཡོད་ན། གནས་ཚུལ་ཐ་དད་རེད།

  24. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 1:36 am

    སྐྱག་རྫུན་རི་ཙམ་བཤད་ན་བདེན་པ་ཡག་ཙམ་ཐོབ་
    འདི་
    སྐྱག་རྫུན་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་

  25. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 1:37 am

    བྱས་ན་ཡག་གི་རེད་རེད་མདོག་མདོག་བྱེད་ཀི་འདུག་གཱ
    འདི།
    བྱས་ན་ཡག་བགྱིད་རེད་རེད་མདོག་མདོག་བྱེད་བགྱིད་འདུག་ག

  26. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 1:41 am

    སྐུ་ཀྱེ་ཐུགས་རྗེ་གཟིགས་་་་་
    འདི།
    སྐུ་སྐྱིད། ཐུགས་རྗེས་གཟིགས་་་་་་

  27. ཇ་མ་ says:
    2016-02-28 at 8:48 am

    ཨ་དོན་སྐལ་རྡོར་ཡང་། རྒྱལ་པོའི་རྒྱལ་ས་མ་བརྟན་ན།།སྤྲང་བོའི་ཉལ་ས་མིབདེའི་དཔེ་བཞིན།།རྩ་དགོངས་ཞུ་གྲབ་མེད་དམ། ངོ་མ་བཤད་ན་སྲིད་སྐྱོང་ནས་སྐལ་རྡོར་རྐེ་བཙུར་བཞིན་ཡོད་རྒྱུ་རེད་བསམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme