Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་ཕྱི་འགྱངས་སྐོར་༧གོང་ས་མཆོག་མ་གཏོགས་གཞན་སུས་ཀྱང་གསལ་བཤད་བྱེད་མི་ཐུབ།

Posted on 2016-02-25 By ཁ་བརྡ 25 Comments on དུས་དབང་ཕྱི་འགྱངས་སྐོར་༧གོང་ས་མཆོག་མ་གཏོགས་གཞན་སུས་ཀྱང་གསལ་བཤད་བྱེད་མི་ཐུབ།

ཉག་རོང་དོན་གྲུབ་ནས།

 

ད་ཐེངས་དུས་དབང་ཕྱི་འགྱངས་ཐད། སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀས། སོ་སོའི་ངོས་རེ་ནས་གསལ་བཤད་དང་བསྐྱར་བཤད་སོགས་ཐེངས་མང་གནང་ཡོད་རེད།
བློ་སེང་ངོས་ནས་གསལ་འགོད་གསལ་བསྒྲགས་སྔ་ཕྱི་གཉིས་བསྐོངས་པ་དང་། དུས་དབང་ཕྱི་འགྱངས་ཀྱི་རྐྱེན་རྩ་ཐུག་ས་རྒྱལ་བ་སྨན་བཅོས་སྐོར་ཡིན་པར་བསྒྲགས་ཀྱང་། བསྒྲགས་སྟངས་སྔ་ཕྱི་ཏོག་ཙམ་མ་འདྲ་བ་བྱུང་བ། གསལ་བསྒྲགས་སྔ་མའི་ནང་བཀའ་ཤག་གིས་༧གོང་ས་མཆོག་ལ་ཡར་ཞུས་བྱས་ནས་ཕྱི་འགྱངས་བྱས་ཡིན་ཟེར་བ་དང་། ཕྱི་མའི་ནང་༧གོང་ས་མཆོག་གིས་ཐུགས་བརྟགས་གནང་བས། གནས་ཆུང་ལྷ་ལུང་ལྟར་རྒྱལ་བས་བཀའ་མར་གནང་ནས་ཕྱི་འགྱངས་བྱས་པ་ཡིན་ཞེས་གསལ་བསྒྲགས་སྔ་ཕྱི་གཉིས་མགོ་མཚུངས་མེད་པའི་གསལ་བསྒྲགས་བྱས་པ་རེད།

 

སྤེན་ཚེའི་ངོས་ནས་ཟུར་ཙམ་བསྟན་པ་དང་། ཕྱེད་ཙམ་བཤད་པ་ནས་ཆ་ཚང་ཤེས་མདོག་བཅས་སྐད་ཆ་སྔ་ཕྱི་གཉིས་ཆགས་པ་རེད། དུས་དབང་ཕྱི་འགྱངས་ཀྱི་རྐྱེན་རྩ་ཐུག་ས་རྒྱལ་བ་བློ་སེང་ལ་ཐུགས་དགོངས་འཚོམས་པས་ཡིན་སྐོར་བཤད་ཀྱང་བཤད་སྟངས་སྔ་ཕྱི་ཁ་གསལ་མ་བྱུང་བ། སྐད་ཆ་སྔ་མའི་ནང་དགོས་དབང་གིས་རྒྱལ་བས་སྨན་བཅོས་ཆེད་ཡིན་གསུང་པ་ལས། དངོས་ཡོད་གནས་སྟངས་དེ་མིན་པའི་གནས་ཚུལ་ཆ་ཚང་གསལ་བོར་ཤེས་ཀྱི་ཡོད་ཅེས་ལབ་པ་དང་། སྐད་ཆ་ཕྱི་མའི་ནང་བློ་སེང་གིས་ང་ལ་གསལ་བཤད་ཡག་པོ་མ་བྱས་རྐྱེན། ངས་གནས་ཚུལ་ཆ་ཚང་རྟོགས་མེད་པས་མགོ་རྙོག་འདི་ཐེབས་པ་རེད་ཅེས་སྐད་ཆ་སྔ་ཕྱི་གཉིས་འགལ་ཟླ་ཆགས་པའི་སྐད་ཆ་བཤད་པ་རེད།

 
གནས་ཚུལ་འདི་གསལ་པོ་བཟོ་དགོས་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་གཅིག་པོ་མ་གཏོགས་གཞན་སུ་ཞིག་གིས་ཀྱང་གསལ་ཁ་འདོན་མི་ཐུབ་པར་གྱུར་ཡོད། དེ་མིན་བློ་སེང་དང་སྤེན་ཚེ་རྣམ་གཉིས་དང་། རྗེས་འབྲངས་ཕྱོགས་གཏོགས་དང་བཅས་པས་རང་རང་ས་ནས་སྒྲུང་རེ་བཟོས་ཡོང་གི་ཡོད། སྨན་བཅོས་ཆེད་ཐེངས་བདུན་ལ་ཕྱག་མོ་གཟིགས་བརྟགས་གནང་ནས་བཀའ་ཕེབས་ཡོད་རབས་དང་། ཆུ་སྒང་བརྟན་བཞུགས་དང་འབྲེལ་བའི་སྐོར་བཀའ་མ་བརྩིས་པས་ཐུགས་དགོངས་འཚོམས་ཡོད་རབས་དང་། བློ་སེང་གིས་སྨན་བཅོས་ཆེད་དུས་དབང་ཕྱི་འགྱངས་བྱས་པ་ཡིན་པས། ཐག་གཅོད་དེའི་ཕུགས་ན་བླ་སློབ་བར་ལ་འགལ་ཟླ་ཅི་ཡང་བྱུང་མེད་རབས་དང་། རྒྱལ་བས་སྨན་བཅོས་ཆེད་དུས་འགྱངས་བཀའ་བསྩལ་གནང་བ་ཇི་བཞིན་ལྷ་ལུང་གཟིགས་བརྟགས་དང་འབྲེལ་ནས་མཐའ་གཅིག་ཏུ་ངེས་དོན་དུ་འདྲེན་པ་དང་། སྤེན་ཚེས་སྨན་བཅོས་ཆེད་དུས་དབང་ཕྱི་འགྱངས་བྱས་པ་ཞིག་མིན་པར། གནས་ཚུལ་དེའི་ཕུགས་ན་བླ་སློབ་བར་བཀའ་གསུང་སྒྲུབ་མིན་གྱི་མགོ་རྙོག་མང་པོ་ཡོད་ཅིང་། རྒྱལ་བས་སྨན་བཅོས་ཆེད་དུས་འགྱངས་གནང་བ་ཡིན་ཚུལ་བཀའ་གསུང་ཕེབས་པ་དེ་ཇི་བཞིན་མ་ཡིན་པར། དགོས་དབང་གིས་གདུལ་བྱ་ཁ་དྲང་བའི་དོན་དུ་འགྲེལ་བ་སོགས་སུས་ཀྱང་བར་འདུམས་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ལ་སླེབས་ཡོད། དྲང་ངེས་རྣམ་འབྱེད་ཀྱི་བློ་མིག་ལྡོངས་པའི་བར་མ་དོ་ཡི་མི་བུ་ཅག་རྣམས་ནི། བློ་སེང་གི་ཝ་མོའི་གསལ་བསྒྲགས་དང་སྤེན་ཚེའི་འུག་པའི་རྫུན་དྲུག་གྱི་བར་ན་མགོ་བོ་མཁར་མེ་ལྟར་འཁོར་བ་ལས། ཁུངས་ལྡན་ཡིད་འཁེལ་གྱི་གནས་ཚུལ་ཅི་ཡང་མི་ཤེས་པར་གྱུར་ཡོད། སྐབས་འདིར། ༧གོང་ས་མཆོག་ཨ་རིའི་སྨན་ཁང་ནང་ཐུགས་དགོངས་ལྷོད་ལྷོད་གནང་ནས་བཞུགས་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཚང་ནི་རྡ་སར་བློ་སེང་དང་སྤེན་ཚེའི་བར་ན་ངག་མཚམས་བཅད་ནས་བསྡད་ཡོད་པས། ཕྱོགས་གཏོགས་པ་གཉིས་ཀས་ཕན་ཚུན་ལ་འབར་ཤ་བྱེད་ཀྱིན་གནས་པ་ཡིན་ན། མཐར་བཙན་བྱོལ་བཀའ་སྤྱི་གཉིས་ལ་བོད་གཞིས་བྱེས་གཉིས་ཀྱི་ཡིད་ཆེས་བརླག་པའི་རྒྱུ་རུ་འགྱུར་མི་སྲིད་པ་ཞིག་མིན།

བསམ་ཚུལ།

Post navigation

Previous Post: པར་ཕབ་པའི་གསང་བ་ཤོར་བ།
Next Post: སྲིད་སྐྱོང་བློ་བཟང་སེང་གེ་ལ་བཅར་འདྲི།

Comments (25) on “དུས་དབང་ཕྱི་འགྱངས་སྐོར་༧གོང་ས་མཆོག་མ་གཏོགས་གཞན་སུས་ཀྱང་གསལ་བཤད་བྱེད་མི་ཐུབ།”

  1. པདྨ says:
    2016-02-26 at 3:20 am

    ད་ཡིན་ན་ཀླུ་མཁར་བྱམས་ལ་བདེན་པ་གསལ་ཐག་ཆོད་སོང་། ཁ་དབུ་མ་དང་ཁོག་རུལ་མ་དེ་ཚོས་གཉིས་སྨན་དབུ་མ་ཟེར་བ་ཚོགས་གཙོ་དང་སྲིད་འཛིན་བར་མེད་ན་དགྲ་རྒྱ་ནག་ཇི་ལྟར་དབུ་མའི་ལམ་ལག་སྟེར་བྱེད་དམ།
    མདོར་ན་དབུ་མ་ནང་འཁྲུགས་རྒྱག་སོང་།
    འོས་འདེམས་མ་རེད། དབུ་མའི་དམག་འཁྲུག་རྒྱབ་སོང་།
    འཇིགས་བྲལ་ཁྱོད་ལ་བདེན་པ་ཡོད།
    ༧གོང་མཆོག་གིས་དུས་དབང་ཕྱི་འགྱངས་དགོས་པར་གསལ་བོ་གསུང་ཡོད་ཡོད། སྨན་པའི་ངག་ལ་ཉན་ནས་སོག་ཡུལ་དང་རྡོ་རྗེ་གདན་པ་དུས་འཁོར་དབང་བསྐུར་བ་མཚམས་འཇོགས་བྱས་ནས་ལྷོད་ལྷོད་དུ་ལྷོ་ཕྱོགས་ལ་ལམ་རིམ་ཁྲིད་དགོས་བསམ་ཡོད་ཅེས་གསལ་བཤད་གནང་བཞིན་དུ་དོལ་ཚོགས་དང་སྤེན་ཚོགས་ཀྱིས་དགོངས་པ་ལོག་འགྲེལ་དང་ནང་ཁུར་གོ་སྐབས་བཟུང་ནས་ཁྲག་བཞིན་དཀྲུག་པའི་དད་པ་ལོག་སྤྱོད་པ་སྤེན་ཚེ་རེད།
    ༧གོང་ས་མཆོག་གིས་ལྷག་གིས་༧གོང་ས་མཆོག་གི་ཐུགས་དགོངས་མཁན་དང་ཞེ་སྡང་ཅན་དུ་མཐོང་མཁན་སྤེན་ཚེ་རེད།
    ཡིད་མ་ཆེས་ན་འདིར་གཟིགས
    https://m.youtube.com/watch?v=WzMe5O9Pge0

  2. ཇུང་ཏོག་ says:
    2016-02-26 at 3:32 am

    སྲིད་སྐྱོང་འོས་བསྡུའི་ཆབ་སྲེད་དྲི་ངན་ཕྱོགས་གཏོགས་ནང་གོང་ས་མ་
    གྲུད་རོགས་ཐུགས་རྗེའི་གཟིགས་ཁྱེད་ཚོར་བདེན་དཔང་ཡོད་ན་ཁྲིམས་ལ་གཏུགས་རོགས་ཕོ་ཁྱོ་ག་རེད་རྟ་མགྱོགས་པ་རེད་བུ་དཔའ་བོ་་རེད་དམན་མཛེས་མ་རེད་།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-26 at 3:34 am

    རྒྱལ་བས་སྨན་བཅོས་ཆེད་དུ་ཡིན་གསུངས་མ་སོང་ངམ། ད་དུང་གསལ་བཤད་ཅིག་དགོས་རེད་དམ།

  4. ཚེ་རིང་ says:
    2016-02-26 at 4:12 am

    ཐུག་པ་དཀྲུགས་མཁན་ཚང་མ་ལྡི་ལི་ཆུ་སྒང་ཟེར་བའི་མིང་འཁུར་མཁན་གྱི་མི་ངན་ཁག་གཅིག་དང་དེ་དང་འབྲེལ་ཡོད་ད་ལྟའི་གཞུང་ཞབས་ཁག་ཅིག་གིས་ཆོས་ཆབ་སྲིད་ལ་བེད་སྤྱོད་བྱས་པས་དུས་དབང་གནང་མ་ཐུབ་པ་རེད་་་་་་་དེ་ལས་མང་བ་མཁྱེན་འདོད་ཡོད་ན་ལྡི་ལི་ཆུ་སྒང་རྒྱུན་ལས་དང་དེ་དང་འབྲེལ་ཡོད་ད་ལྟའི་མདོ་སྟོད་སྤྱི་འཐུས་མིང་འཁུར་བ་ཁག་གཅིག་དེའི་རྒྱབ་ལ་ཆོས་རིག་བཀའ་བློན་དཔལ་མ་ཆོས་འབྱོར་སོགས་ཡོད་མ་གསལ་པོ་ཡིན་པས་ཁོང་ཚོར་སྐད་ཆ་དྲིས་དགོས་

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-26 at 4:24 am

    ཚེ་རིང་ལགས།
    རང་གིས་སྐད་ཅ་ཚང་མ་ཚད་དཔག་རེད་འདུག་གདའ། ཞོ་ནང་བཞིན་ཆགས་ཀྱི་ཡོད་པར་ཁྲག་བཞིན་དཀྲུག་ན་རང་ལ་ཁེ་ཕན་ཅི་འདུག་གམ། ལར་ནས་རང་གིས་ཞིབ་དཔྱད་ཆ་ཚང་ཞིག་གྱིས་ནས་ཐག་ཆོད་པར་གྱིས་དང་ཨ།

  6. ཐུབ་བསྟན་དཔལ་བཟང་། says:
    2016-02-26 at 4:38 am

    བོད་པ་ཡར་རྒྱས་ཕྱིན་འདུག་དངོས་གནས་ལོ་ཤས་ནས་བོད་དོན་ངོ་མར་འཛུལ་ཐུབ་ས་རེད་གཞན་ད་བར་ཆོས་མིན་སྲིད་མིན་གྱི་ལས་དོན་ཕལ་ཆེ་ལ་གཉེར་སོང་།
    བྱ་བ་ཐམས་ཅད་༧གོང་ས་མཆོག་དང་འབྲེལ་བའི་ཐོག་ཏུ་གཞག་གང་ཐུབ་བྱས་ཏེ་སྤྱང་པོ་རྣམས་ཀྱིས་རང་དོན་དང་སྤྱི་ཚོགས་ཁྱོན་ཡོངས་ལ་རང་རྐྱ་འཕེར་བའི་ལམ་བུ་མེད་པར་༧གོང་ས་མཆོག་སྐུ་མ་བཞུགས་ན་ཚང་མ་མེད་ཅིག་བྱེད་རྒྱུ་རེད་འདུག།
    བོད་ཀྱིས་སྲིད་དོན་ནི་ད་བར་ཆོས་མིན་སྲིད་མིན་ཡིན་པས་ཉེན་ཁའང་ཆེ།

  7. ཚེ་རིང་ says:
    2016-02-26 at 4:52 am

    རྒན་ཏྲེ་ཧོར་ལགས་ངས་གནས་ཚུལ་གང་བྱུང་བ་འདི་ཞུས་པ་ལས་དཀྲུག་རྒྱུའི་དམིགས་ཡུལ་དང་ཁེ་ཕན་སོགས་གང་ཡང་མེད།་་་་་ད་ཁྱེད་རང་གི་ཞིབ་དཔྱད་བྱེད་དགོས་ཟེར་ན་ཁྱེད་རང་གསན་ཨང་རྡ་ས་མདོ་སྟོད་ཆུ་སྒང་ནས་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནས་བཀའ་བཟང་ཐོབ་སྟེ་དུས་དབང་སྐབས་བརྟན་བཞུགས་འབུལ་རྒྱུ་ཡིན་ནའང་ཆབ་སྲིད་དང་གཡོ་རྒྱུ་ཁྲམ་གསུམ་གྱི་ཡོངས་སུ་གཟི་བའི་གོང་གི་མི་ངན་དེ་ཚོས་དྲེ་ལག་དང་སྐད་ཆ་རིང་འཐུང་འདྲ་མིན་བཤད་པ་ལས་ད་ཆ་གནས་ཚུལ་འདི་བྱུང་བ་རེད་་པད་མ་བདེ་ལེགས་ཟེར་བ་དང་འཇུ་ཆེན་བུ་མོ་དཀོན་མཆོག་ཟེར་བ་དེ་བཞིན་ཁོའི་ཨབ་ཕྲུག་སྤྱི་འཐུས་ཁག་གཅིག་་ཆོས་རིགས་བཀའ་བློན་པད་མ་ཆོས་འབྱོར་ཟེར་བ་དེ་ཚོ་ཚང་མ་ངན་པ་ལག་འབྲེལ་ཤ་སྟག་རེད་ད་་ངས་བཤད་པ་ལ་ཡིད་ཆེས་དགོས་དོན་མེད་སྔ་ཕྱིའི་བརྒྱུད་རིམ་དང་སྤྱི་ཚོགས་མཁྱོན་ཡོངས་ལ་ལེགས་པར་གསན་གཟིགས་གནང་དང་གསལ་པོ་མཁྱེན་འདོག་ཁ་པོ་རེད་

  8. མི་འཁྱམ། says:
    2016-02-26 at 5:03 am

    རྐུན་མ་དང་ཇག་པ་འདི་ཚོ་དེང་སང་སྨྱོས་འདུག་པ་མ་ཟད། སོ་སོའི་ངོ་གདོང་ཡང་གསལ་པོ་མཐོང་ཐུབ་ཀྱི་མི་འདུག་ལ་ཁ་ལག་ཇི་ལྟར་རག་མིན་ཡང་ཤེས་ཀི་མེད། ཨ མདོ་ཁ་དཔེར། ཉལ་ས་རག་ན་རྐྱོང་ས་དྲན་ཟེར་བའི་དཔེ་ལྟར། 1959་ནས་ད་ལྟའི་བར་རྐུན་མ་དང་ཇག་པས་༸གོང་ས་མཆོག་ལ་ཐུགས་ཕམ་ག་ཚད་བཟོས་སོང་།

  9. གངས་ཕྲུག། says:
    2016-02-26 at 5:47 am

    སྤྱིར་དུས་དབང་ཕྱི་འགྱངས་བྱས་པ་དེ་གོང་ས་མཆོག་གི་སྐུའི་འཕྲོད་གཞེས་དང་དངོས་སུ་འབྲེལ་ནས་ད་ལྟ་ཨ་རིའི་སྨན་ཁང་ཞིག་ནང་བཞུགས་པ་དེས་ང་ལ་དོགས་པ་དང་ཐེམ་ཚོམ་གང་ཡང་མེད་པར་གསལ་པོ་ཆགས་སོང་། འོན་ཀྱང་དུས་དབང་ཕྱི་འགྱངས་སྐོར་ད་དུང་གླེང་རྩོད་དགོས་ན་གོང་ས་མཆོག་ལ་ཁ་གསལ་སྟེང་གསལ་བྱེད་ནས་གཙང་མ་དང་གསལ་པོ་བཟོ་དགོས་རྒྱུ་དེ་ལས་གཞན་མེད།

  10. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-26 at 5:56 am

    ལགས་སོ། རྒན་ཚེ་རིང་ལགས།
    ངས་བལྟས་ན་སྲང་ལམ་སྐད་ཅ་རེད་དྲན་ཏེ་ཁྱོད་ལ་ཚང་མ་ཁུངས་དང་བདེན་རྟགས་ཡོད་ཤས་ཆེ་བས་ངོ་མ་དགའ་སོང་། བྱུང་ན་ཁྱོད་ཀྱིས་མི་སྣ་དེ་ཚོ་དང་གདོང་གཏུགས་ནས་ལེགས་ཉེས་གསལ་བཤད་ཅིག་བཟོ་ན་དེང་སྐབས་དགོས་གལ་ཆེན་པོ་རེད་འདུག་ཨ། ཡཡཡཡཡ་་་་་་

  11. ཇུང་ཏོག་ says:
    2016-02-26 at 7:40 am

    དུས་དབང་ཕྱི་འགྱང་གནང་བ་ལ་དགའ་བསུ་ཡོད་རྒྱབ་སྐྱོར་ཡོད་།
    ང་ཚོ་མི་་མང་ལ་དུས་དབང་ལས་གོང་ས་མཆོག་གི་སྐུ་ཆ་གལ་ཆེ་བ་
    བརྩི་གི་ཡོད་།
    བཙན་བྱོལ་སྤྱི་ཚོགས་དཀྲུགས་མཁན་ཚོར་དུས་དབང་གལ་ཆེ་ནས་ཕུ་
    དཀྲུགས་མདའ་དཀྲུགས་བྱས་ནས་འོས་རག་ཐབས་བྱེད་པ་ནི་རང་ཚང་རང་གི་གཏོལ་བ་མ་རེད་།
    མི་མང་ལྐུག་པ་མ་རེད་དངོས་གཞིའི་འོས་ཀྱི་སྒྲུབ་འབྲས་ནས་ཧ་གོ་གི་རེད་།

  12. ཇུང་ཏོག་ says:
    2016-02-26 at 7:42 am

    ནོར་བཅོས་ རང་ཚང་རང་གི་གཏོལ་བ་མ་རེད་དམ་།

  13. ལྷ་སྲས་དར་མ། says:
    2016-02-26 at 8:11 am

    ང་ལྟ་བུ་ཞིག་ལ་ཆ་བཞག་ན་ཀར་མ་ཆོས་འཕེལ་ཟེར་བའི་འདས་པོ་དེ་དང་སྤེན་ཚེ་ཟེར་བ་གཉིས་ལ་འདྲ་མཚུངས་མང་པོ་ཞིག་ཡོད་པའི་འཆར་སྣང་འདུག དང་པོ་ཀར་ཆོས་གཏན་སློབ་ཞིག་ལ་ལས་ཀ་བྱེད་རིང་ལྐོག་ཟ་དང་བུད་མེད་ཐོག་ལ་གནས་ཚུལ་ལྷག་པ་གོ་མྱོང་ཡོད་དེ་ཡང་དངོས་བདེན་རེད། གཉིས་པ་དེ་ཁོ་གཉིས་ཀ་ཚོགས་གཙོའི་གོ་བབས་དེ་བགོ་བཤའ་བརྒྱབ་དགོས་པ་ཆག་ཡོད། གསུམ་པ་དེ་གོང་ས་མཆོག་གི་བཀའ་གི་བཀའ་ལ་ལོག་འབྲེལ་བྱེད་མཁན་དོལ་རྒྱལ་བ་ཕར་ཕུད་པས་ཁོང་གཉིས་ལས་བྱུང་མྱོང་མེད། བཞི་པ་དེ་བོད་དབྱིན་གཉིས་ཐད་ལ་ཀར་ཆོས་དྲག་ག་མེད་ན་སྐྱོ་བ་མེད་དེ་ཡང་འདྲ་མཉམ་ཟེར་ན་ཆོག ལྔ་པ་དེ་ཀར་ཆོས་ལ་འཇུ་ཆེན་ཁོག་ནང་འཛུལ་བ་རེད། སྤེན་ཚེ་ལ་ཟླ་བ་ཚེ་རིང་ཁོག་ལ་འཛུལ་བ་རེད། ཡིནའང་གདོང་འདྲེ་དེ་གཉིས་ལ་ཁྱད་པར་ཡོད། འཇུ་ཆེན་གྱིས་བེད་སྤྱོད་ཙམ་རེད། ཟླ་ཚེས་འབུད་རྒྱག་གཏོང་གི་ཡོད་རེད་གང་ལ་ཟེར་ན་ཟླ་ཚེས་ད་ཡོད་ཀྱི་སྤེན་ཚེས་གོ་གནས་དེ་ལ་སྡིག་པ་མིག་བཙུམ་བྱེད་ཀྱི་ཡོད་རེད་དེ་ཁོ་ན་མ་འདྲ་ས་རེད་སྙམས།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-26 at 8:16 am

    ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་ཞབས་རྨི་ལམ་དུ་མཇལ། རྣམ་རྒྱུན་རྗེ་བླ་མ་མཆོག་གིས་གཟིགས་སྐབས་སུ ལ་དྭགས་འཇམ་དཔལ། ཞེས་གསུང་བ་ཡོད་ཀྱང་། ད་ལན་གང་ཡང་མ་གསུངས་པར་ཕེབས་འཁོར་རྗེ་བཙུན་བླ་མ་ཞབས་རང་གིས་གཏོང་ནས་གཞོན་པ་བཞིན་ས་གནས་ཤིག་ལ་ཕེབས་པ་མཇལ། མགོན་པོ་གང་གི་བཞེད་དོན་རྣམས་གྲུབ་ནས་བོད་མི་མངས་ལ་བླ་མའི་བྱིན་རླབས་འཇུག་པའི་རྟགས་མཚན་དུ་གོའོ།

  15. ཀརྨ་བློ་གསལ་ says:
    2016-02-26 at 9:09 am

    སྤེན་ཚོགས་འདི་དོལ་ཚོགས་ལས་སྡུག་པ་ད་རེས་བོད་ཕྱི་ནང་གཉིས་སུ་ངོ་འཕྲོད་པ་ཡག་བྱུང་། xxxxxx དེ་མིན་ན་གོང་ས་མཆོག་ནས་ཐེངས་གཉིས་གསལ་བཤད་གནང་ཡང་ཉན་འཇོག་བྱེད་ཀྱི་མི་འདུག་ག འདི་ལས་བློ་སེང་དྲག་ག་མི་འདུག་གམ། གོང་ས་མཆོག་ནས་སྐུ་ངལ་གསོ་དགོས་པ་ཤེས་འདུག་ག

  16. གཞོན་ནུ་ཟླ་མེད། says:
    2016-02-26 at 10:35 am

    དེང་སང་གི་གསར་བུ་འདི་ཚོས་བོད་ཀྱི་བླ་མ་ཚོས་སྲིད་དབང་སྒེར་འཛིན་བྱས་ཡ་མང་དྲག་འདུག གཞོན་ནུ་ཚོའི་ལག་ལ་འཇོག་དགོས་སོགས་སྐད་ངན་ས་འཁོར་གནམ་འཁོར་བོད་ཕྱི་ནང་གཉིས་ནས་རྒྱབ་པ་རེད། ༧གོང་ས་མཆོག་ནས་ཀྱང་རྒན་ཡོལ་གནང་ཟིན་པ་རེད། སྲིད་དབང་གསར་བུ་ཚོའི་ལག་ཏུ་རྩིས་སྤྲད་ཟིན་པ་རེད། ད་ནི་གསར་བུ་ཚོའི་ནུས་ཤུགས་འདོན་པའི་སྐབས་རེད། འོན་ཀྱང་གསར་བུ་ཚོས་རང་རང་གི་ནུས་ཤུགས་མི་འདོན་པར། གོང་ས་མཆོག་འུར་རྡོ་ནང་བཞིན་གཞན་མགོ་ལ་རྒྱགས་བྱེད་དང་། ཡང་གོང་ས་མཆོག་ཐག་པ་ནང་བཞིན་རང་ཉིད་ཡར་འཐེན་བྱེད་དུ་བེད་སྤྱོད་བྱེད་ཀྱི་འདུག
    ༡༷༽ བློ་སེང་གིས་སྲིད་སྐྱོང་ལ་ལངས་མ་ཐག་ནེའུ་ཡོག་གི་བོད་པའི་ལས་ཁུངས་ཨ་མའི་ནང་ནས་གོང་ས་མཆོག་གི་སྐུ་པར་མར་ཞུས། རང་ཉིད་ཀྱི་པར་ཀོབ་ཏོ་དེ་ཡར་བཀལ་བའི་སྐབས་སུ་ང་རང་གི་ཚོར་བ་ལ། འོ་ད་ཡིན་ན་འཇོན་པོ་ཞེ་བོ་ཅིག་སྲིད་སྐྱོང་ལ་ལངས་ཚར་འདུག་བསམ་སོང་། རྗེས་ནས་རིམ་གྱིས་བཟོ་ལྟ་ཤོར་ཚར་ནས་གོང་ས་མཆོག་ཨ་རི་དང་ཡོ་རོབ་སོགས་གར་ཕེབས་ཀྱི་སྔ་རྗེས་ལ་རྒྱུགས་ནས། གོང་ས་མཆོག་གི་གཡས་གཡོན་ན་མི་ཚོགས་ལ་འཁོར་ནས། འཛུམ་ཙམ་དང་ལག་བརྡ་མིག་བརྡ། རྣམ་འགྱུར་ཡོད་ཚད་བསྟན་ནས། རང་ཉིད་ཀྱི་ཆེས་མཐོང་བཟོ་ཐབས་ཁོ་ན་ལ་འབད་ཀྱི་འདུག དེ་བཞིན་དུ་ད་ལམ་གྱི་དུས་དབང་གི་རྙོག་དྲ་འདི་ཡང་། རྩོད་པ་འདི་ཡང་དང་པོ་བསླངས་མཁན་དེ་བློ་སེང་གི་བརྟན་བརླིང་མེད་པའི་ཐག་གཅོད་དང་། བསམ་བློ་མེད་པའི་ཕོ་ཚོད་དེས་བྱས་སོང་།
    ༢༽སྤེན་ཚེ་ལ་མཚོན་ན་གཞུང་གི་ལས་ཀ་བྱས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་རེད་མོད། ད་ལམ་ཨ་རི་ནང་གི་དུས་དབང་ཕྱིར་འགྱངས་སྐོར་གྱི་ལན་འདེབས་དེ་ཐལ་ཆེ་སོང་བ་རེད། བདེན་པ་ཡིན་པའི་དབང་དུ་བཏང་ན་ཡང་སྤྱི་ཚོགས་ནང་བཤད་མི་རུང་བ་དང་བཤད་མི་འོས་པ་ཤིན་ཏུ་མང་པོ་ཡོད་ཀྱི་རེད། མི་སྒེར་སྤེན་ཚེ་ཁོ་རང་གི་གནས་ཚུལ་ཐོག་གི་བདེན་པ་ཡིན་ཚད་དྲི་བ་བཀོད་ན་སྤྱི་ཚོགས་ཐོག་བཤད་སྲིད་དམ། དེ་བཞིན་རེད། མི་སྒེར་ལ་གསང་བ་ཡོད་ན་བོད་སྤྱི་བ་ལ་ཡང་གསང་བ་ཡོད་ཀྱི་རེད། བོད་སྤྱི་བའི་གསང་བ་གནད་ཡོད་ཚོས་ཡར་བསྐྱལ་མར་སྐྱེལ་བྱེད་པ་འདིས་བོད་དོན་ལ་རྫོགས་ཚིགས་འབྲི་བཞིན་པ་རེད། དེ་བཞིན་དུ་སྔར་འཇམ་ནོར་གྱིས་བྲིས་པ་ལྟར་ན། བློ་སང་གིས་ཀྱང་སྲིད་བློན་རྫོགས་མཚམས་བོད་གཞུང་གི་ཡོད་ཚད། ཧར་བ་ཏྲི་སློབ་ཆེན་ལ་རྩིས་སྤྲོད་རྒྱུར་ཁས་ལེན་བྱས་ཡོད་རེད་ཟེར། འདི་ལྟར་རེད། ད་བྱས་ཡ་མི་འདུག འདི་ལྟར་འགྲོ་དགོས་ས་རེད།
    ༣༽ ཁྭ་ཏ་དང་ཕག་པ་གཉིས་དཀར་ནག་གི་ཁྱད་པར་མི་འདུག་མོད། འོས་ཤོག་བླུག་དགོས་པ་རེད། མི་མང་པོ་ཞིག་གིས་འོས་ལྡུག་གི་མིན་ཟེར་ནས་བཤད་བཞིན་པ་ནི་མ་འོས་པ་ཞིག་རེད་བསམ། ༡གོང་ས་མཆོག་གིས་བཙུགས་གནང་བའི་བཙན་བྱོལ་སྤྱི་ཚོགས་འདི་སྣང་མེད་བཞག་ན་འགྲིག་གི་མ་རེད་བསམ། ༢ རང་རང་གིས་ལོ་རེའི་དཔྱ་དངུལ་ལག་དེབ་ཕུལ་པ་འདི་འདྲ་ལ་བེད་སྤྱོད་མ་བཏང་ན་གང་ལ་གཏོང་། ༣ སྲིད་སྐྱོང་འོས་མི་རྣམ་གཉིས་ཡང་མི་ཕལ་བ་ཞིག་རེད། སྐྱོན་གྱི་ཕྱོགས་ཁོ་ན་ནས་མ་བལྟས་པར། བཟང་ཕྱོགས་ནས་བལྟས་ནས་ཀྱང་ད་ལམ་འོས་ཤོག་འཕེན་དགོས་པ་རེད། དྲ་ལམ་ན་སྐྱོན་གྱི་ཆ་མང་པོ་ནས་གླེང་བཞིན་པ་ཡག་པོ་རེད། འོན་ཀྱང་ཚད་ལས་བརྒལ་ནས་༧གོང་ས་མཆོག་རྙོག་དྲའི་བར་དུ་བརྫངས་ནས་གླེང་བཞིན་པ་འདི་དག་ལ་སུན་སྣང་སྐྱེས་ཡོང་གི

  17. ནུབ་ཕྱོགས་གངས་ཕྲུག says:
    2016-02-26 at 12:31 pm

    དུས་ཕྱིས་དོལ་རྒྱལ་བ་མ་གཏོགས་བོད་པའི་ནང་རྙོག་ཁྲ་དཀོན། ཡིན་ནའང་བློ་སེང་སླེབས་ནས་བཟུང་བཙན་བྱོལ་ནང་རྙོག་ཁྲ་མང་དུ་ཕྱིན་སོང་།

  18. ནུབ་ཕྱོགས་གངས་ཕྲུག says:
    2016-02-26 at 12:32 pm

    གྲུབ་འབྲས་ལྷིང་འཇགས་ཡིན་ཟེར། ལྷིང་འཇགས་ཡིན་པ་ངས་ནས་མཐོང་མ་བྱུང་།

  19. བསྟན་འཛིན། says:
    2016-02-26 at 12:37 pm

    གོང་ས་མཆོག་གི་སྐུ་པར་དང་དུས་དབང་གི་རྙོག་གླེང་དེས་སྤེན་པ་ཚེ་རིང་ནག་པོ་ནག་རྐྱང་བུད་སོང་། མ་གཞི་ནི་སྤེན་པ་ཚེ་རིང་གི་མི་རྒྱུ་བཟང་ངན་ཇི་ཡིན་ཀ་རྟག་བླ་མ་དང་འབྲེལ་བའི་སྤྱོད་ངན་དེས་གསལ་གསལ་དག་དག་རེད། ད་ལམ་ཁོས་སྲིད་སྐྱོང་ལ་གཞི་མེད་སྐྱོན་འཛུགས་ཚོད་ལས་རྒལ་བ་མང་དག་ཞིག་བཟོས་ནས་མཐའ་མར་རང་ཉིད་ཕག་པ་ནག་པོ་དངོན་སུམ་དུ་གྱུར་སོང་། དོན་དངོས་སུ་ཁོ་བོ་ནི་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས་གང་ཅི་ཐད་ལ་ཀླད་སྟོང་ཡིན་པར་དངོས་སུ་ར་སྤྲོད་བྱུང་སོང་། ཁོ་པ་སྲིད་སྐྱོང་ཡོང་རྒྱུ་ཕར་ཟད་རེད། མིའི་གྲལ་མཐར་ལས་གནས་བབ་མི་འདུག་གོ།།

  20. ནུབ་ཕྱོགས་གངས་ཕྲུག says:
    2016-02-26 at 12:44 pm

    བསྟན་འཛིན་ལ། སྤེན་ཚེས་ཀ་རྟག་བླ་མ་བསད་པའི་ཁུངས་བསྐྱེལ་དཔང་རྟགས་ཅི་ཡོད། མི་བསད་མིན་དེ་ཁྲིམས་ཐོག་ནས་ཁུངས་བསྐྱེལ་དགོས། དྲ་ལམ་དུ་གསར་འབྱོར་བ་ཀླད་མེད་འགས་སྤེན་ཚེས་མི་བསད་པ་རེད་ཟེར་ན་མི་བསད་པས་མ་ཁྱབ། དེ་བཞིན་དུ། སྐད་འཕྲིན་ནང་དུ་ཐག་ར་ཚང་གི བློ་སེང་གི་རྡོ་རྗེ་གླིང་དུ་ལི་ཨ་ཐར་གྱི་སྤུན་མཆེད་ལི་ཐང་བློ་བཟང་བསད་པ་རེད་ཟེར་བ་དེ་ཚོ་ཡང་ཁུངས་མེད་ཅིག་ལ་ངོས་འཛིན་ཞུ་གི་ཡོད།

  21. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-26 at 12:54 pm

    ནུབ་ཕྱོགས་གངས་ཕྲུག་ལ་གསལ་འདེབས།
    ཀ་སྟག་སྤྲུལ་སྐུའི་ཁྱིམ་གཞིས་འཐོར་གཤིབ་གང་འདྲ་སོང་འདུག་ཁྱོད་ཀྱིས་གསལ་པོ་ཤེས་ཀྱི་མེད་ཚོད། ཞིབ་དཔྱད་ཐོངས། སྤེན་ཚེའི་ད་ལྟའི་ཆུང་མ་དེ་གང་ནས་འཁྲིད་འདུག་ཅིག་ལྟོས་དང་བདེན་དཔངས་ཅིག་རྙེད་རེ་ཡོད། ད་མང་པོ་མི་བཤད་ཉན་མ་ཤེས་ན་ཅི་བཟོ་ཨ།

  22. ནུབ་ཕྱོགས་གངས་ཕྲུག says:
    2016-02-26 at 1:02 pm

    ཏྲེ་ཧོར་བྱམས་པ་རིན་ཆེན། ཀ་རྟག་སྤྲུལ་སྐུ་སྙིང་ནད་ཀྱིས་རྐྱེན་བྱས་ནས་གྲོངས་པ་རེད། དེ་སྤེན་ཚེ་ལ་ཁག་དཀྲི་རྒྱུ་མེད། བླ་མ་གྲོངས་ནས་ཆུང་མ་སྤེན་ཚེས་ཉར་ན་རེད་མ་ཉར་ན་རེད། ཁོ་རང་གཉིས་ཀྱི་འདོད་མོས་རེད། གང་ལྟར་སྤེན་ཚེས་བཙན་གཡེམ་ནི་བཏང་ཡོད་ཀྱི་མ་རེད། སྤྱིར་བཏང་སྐྱེ་དམན་གཅིག་ལ་ཁྱོ་ག་གཉིས་གསུམ་ཡོད་མཁན་བོད་པའི་ལུགས་སྲོལ་རེད།

  23. གངས་ཕྲུག། says:
    2016-02-26 at 1:38 pm

    སྙིང་ནད་ཅན་གྱི་ཆུ་མར་ལོག་གཡེངས་བཟོས་པས་ཀ་སྟག་སྤྲུ་སྐུའི་འདས་རྐྱེན་གཅིག་རེད། ཀ་སྟག་བླ་མར་འདས་རྐྱེན་བཟོས་པ་མ་ཚོད་ཁོང་གི་གསོགས་པའི་གོ་མོ་ཡོངས་རྫོགས་སྤེན་ཚེས་འཁྱེར་སོང་བ་རེད།

  24. ཇ་མ་ says:
    2016-02-26 at 2:39 pm

    བློ་སེང་ཨུ་ཐུག་ན་༧གོང་ས་མཆོག་ལ་སྐྱོན་འཛུག་མི་བྱེད་པའི་ངེས་པ་མི་འདུག

  25. གངས་ཕྲུག། says:
    2016-02-26 at 5:26 pm

    གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་མཁན་ནི་སྤེན་ཚེ་རེད། སྤེན་ཚེས་གོང་ས་མཆོག་ལ་སྐྱོན་འཛུགས་ཆོག་ས་ལ་གལ་སྲིད་བློ་སེང་གི་བྱེད་ན་མི་ཆོག་རྒྱུ་ཅི་ཡོད། འོན་ཀྱང་བློ་སེང་ནི་ཁ་ཁོག་མཚུངས་པའི་ཕོ་རབ་ཞིག་ཡིན་པས་དེ་ལྟ་གནང་དོག་མེད། སྤེན་ཚེ་ནང་བཞིན་ཁ་བཤད་མི་མཚུངས་པའི་ཕོ་མཐར་ཞིག་མ་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme