Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་ལགས། ད་ག་པར་མགོ་འཁོར་ནས་བཞུགས་ཡོད།

Posted on 2010-04-192010-04-19 By tenzin 19 Comments on བཀའ་ཤག་ལགས། ད་ག་པར་མགོ་འཁོར་ནས་བཞུགས་ཡོད།

བཀའ་ཤག་ལགས།

ད་ག་པར་མགོ་འཁོར་ནས་བཞུགས་ཡོད། འཛམ་གླིང་སྤྱི་དང་ལྷག་པར་རྒྱའི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཝུན་ཅ་སྦའོ་ས་ཁུལ་དེར་ཕེབས་ནས། མི་དམངས་ལ་སེམས་གསོ་གཏོང་བ་དང་། སེམས་སྐྱོ་བའི་གདོང་པ་ཞིག་བསྟན་གྱི་འདུག ཡིན་ནའང་། རང་རེས་རེ་བ་ཆེན་པོ་བཅོལ་བའི་བཀའ་ཤག་དེས་ཡི་གེ་ཚིག་སྐམ་པོ་འགའ་ལས་དེ་མིན་གྱི་ངེད་ཚོ སེམས་འགུལ་བའི་ལས་འགུལ་དང་གཏམ་བཤད་གོ་ཡས་མིན་འདུག བརྙན་འཕྲིན་ནང་དམར་དམར་གྱོན་པའི་སྐུ་ཞབས་ཚོའི་ཁྲོད་ཟམ་སྟོང་བླ་མ་མཇལ་ཡས་མིན་འདུག རླུང་འཕྲིན་ནང་། དབྱིན་ཇི་དང་། ཧིན་རྡི་དང་བོད་སྐད་མཁྱེན་མཁན་པན་ཊི་ཏའི་ཁྲོད་ཟམ་སྟོང་བླ་མ་གོ་ཡས་མིན་འདུག

ཁྱེད་ཚོ་འཁོར་ཡུག་བཟང་པོ་དང་དབུ་མའི་ལྟ་བ་ལ་མགོ་འཁོར་དྲག་ནས་བོད་བརྗེད་ཡོད་ཀྱི་མ་རེད་པ། ཁྱེད་ཚོ་གཞུང་ལུགས་དང་གཏམ་བཤད་ཀྱི་ཡི་གེ་འབྲི་རྒྱུར་འབྲེལ་ནས་གཟུགས་མཐོང་བརྙན་འཕྲིན་ལྟ་ལོང་མེད་པ་མ་རེད་པ།

ཁྱེད་ཚོ་རྒྱ་བོད་འབྲེལ་མོལ་གྱི་གྲ་སྒྲིག་ལ་མགོ་བོ་འཁོར་ནས་ཡུལ་ཤུལ་གྱི་མང་ཚོགས་རྣམས་ལ་བསམ་བློ་གཏོང་འཁོམ་མེད་པ་མ་རེད་པ།

ད་གཉིད་སད་རོགས། གཞུང་འདི་བཀའ་གཏོང་མཁན་གྱི་གཟིམ་ཤག་ཆུང་ཆུང་ཞིག་ལ་་མ་བརྩིས་པར། དམངས་ཀྱི་ཁེ་ཕན་སྒྲུབ་མཁན་ཞིག་གི་སྤྱི་ཕན་ལས་ཁུངས་ཤིག་ལ་བསམ་བློ་བཏང་ནས་བོད་མི་དམངས་ཀྱི་སེམས་དང་མཐུན་པའི་བྱ་བ་གཅིག་གཉིས་ཤིག་སྤེལ་རོགས། བོད་ཀྱི་སྲིད་གཞུང་དེ་དམངས་ཀྱི་སྲི་ཞུ་སྒྲུབ་མཁན་གྱི་ལས་ཁུངས་གཙོ་བོ་ཞིག་ལ་སེམས་ན་ཕན་པ་མི་ཆེའམ། དེ་མིན་བོད་གཞུང་དེ་བོད་མི་དམངས་དང་འབྲེལ་ཐོག་མེད་པའི་ཚོགས་པ་གཅིག་ཆགས་པའི་ཉེན་ཁ་འདུག

དེ་མིན་བསམ་བློ་མང་པོ་འཁོར་གྱི་འདུག དུས་ཚོད་མིན་འདུག བོད་ནང་མི་མང་པོ་ཤི་འགྲོ་བ་དང་སྡུག་བསྔལ་གྱིས་ཁེངས་སྟབས། ད་ལྟ་བོད་སྤྱི་པའི་ཁེ་ཕན་ལ་བསམ་བློ་བཏང་ནས་མཐུན་སྒྲིལ་གཙོ་བོ་བྱེད་ཀྱི་ཡིན། བཀའ་ཤག་གི་ལམ་སྟོན་ལེགས་པ་འདྲ་སྟོན་ན་རྗེས་སུ་བྲངས་ཀྱི་ཡིན།

ད་རེས་ཀྱི་ཛ་དྲག་གནས་ཚུལ་དེ་ཡོལ་ནས་དུས་ཚོད་ཕྲན་བུ་བྱུང་ན། རྗེས་ལ་ལྷོད་ལྷོད་བྱས་བཀའ་མོལ་ཞུ་གི་ཡིན་ལགས།

གསར་འགྱུར།, གསལ་བསྒྲགས།, དཔྱད་རྩོམ།

Post navigation

Previous Post: རང་བྱུང་གནོད་འཚེ་ལས་མི་རིགས་ཀྱི་བརྩེ་སེམས་འཁྱིིལ་བ།
Next Post: ཧྥ་ཤཱན་ལམ་ཡིག

Comments (19) on “བཀའ་ཤག་ལགས། ད་ག་པར་མགོ་འཁོར་ནས་བཞུགས་ཡོད།”

  1. ཨ་མཆོག་ཆོས་དར། says:
    2010-04-19 at 1:34 pm

    བཀའ་བློན་ཁྲི་བ་ཕལ་ཆེར་གནམ་གྲུའི་ནང་ང་ཡོས་སའི་གྲོང་ཁྱེར་ཝེ་ཡ་ན་ལ་ཡོང་བཞིན་ཡོད་ས་རེད། ཕལ་ཆེར་ལམ་ཁ་ནས་གཉིད་མ་ཡོང་ན་སྐྱེ་རྒུ་མདོའི་ས་ཡོམ་གྱིས་མནར་བའི་བོད་འབང་ཆེད་མ་ཎི་རེ་འདོན་རྒྱུ་རེད། འདིར་ཁོང་སྐད་གཏོང་མཁན་ནི་སྔོན་བོད་ཀྱི་ཟ་ཁང་ཞིག་གི་བདག་མོ་ད་ལྟ་ལས་ཤོར་ལ་བསྡད་ཡོད་མཁན་ཞིག་རེད། ཁོ་ཚོས་བསྒྲགས་པའི་འཕྲིན་བརྡའི་ནང་ལ་ http://tibet-restaurant.at/events-zoechbauer/2010-04-20-Samdhong-Rinpoche/2010-04-20-Programm-Besuch-von-Samdhong-Rimpoche.pdf ཁོང་གི་འདི་ནས་གསུང་བཤད་ཐེང་གསུམ་ཡོད་པ་དེ་གཅིག་འགྲེམ་སྟོན་ཁང་ཞིག་དང་གཉིས་བ་དེ་ཡུལ་འདིའི་ནང་ཆོས་ཚོགས་ཁང་། གསུམ་པ་དེ་གྲོང་ཁྱེར་འདིའི་དགེ་ལུགས་ཚོགས་པ་ངསུམ་རེད་འདུག། གཞན་ཡུལ་འདིའི་ཆབ་སྲིད་པ་དང་གཞུང་ཞབས་པ་གཅིག་ལ་ཡང་ཐུག་འཕྲད་ཡོད་སྐོར་ད་སྔ་བཀོད་མི་འདུག།

  2. དཔལ་དགྱེས་པ་རྡོ་རྗེ says:
    2010-04-19 at 2:33 pm

    བཀའ་ཤག
    བཀའ་ཤག་དཀའ་ཤག དཀའ་ཤག་ཤག དཀའ་ངལ་འཕྲད་དུས་བཀའ་ཤག་ཤག །བཀའ་ཤོག་ཙམ་ལ་དཀའ་ཤག་ཤག །དཀའ་ལས་མི་དགོས་བཀའ་ཤག་བདེ། བཀའ་ཤག་དཀའ་ལས་མ་ཆེ་ན། བཀའ་དགོངས་ཅུང་ཟད་གནང་རོགས་མཁྱེན། །ཡུལ་ཤུལ་གཤིན་ཐང་སྐྱ་མོ་རུ། །ཕེབས་པའི་ནུས་པ་མ་ཡོད་ཀྱང་། །བདེན་གསུངས་མགྲིན་པའི་དབྱར་རྔ་ཞིག །སྒྲག་པའི་དུས་ཚོད་མ་ཡིན་ནམ། བཀའ་་་་་དཀའ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    སྙིང་ནད་པས

  3. ཚུལ་ཁྲིམས་མཐར་ཕྱིན། says:
    2010-04-19 at 2:46 pm

    ད་བཀའ་ཤག་ལ་ཡང་ཅིག་བྱེད་བཏང་རྒྱུ་དམིགས་བསལ་ཞིག་ཡོད་ནི་མ་རེད།  འགྲོ་ནི་མི་ཆོག  དེ་བས་ད་རེས་རྒྱ་ནག་གིས་ཕྱིར་སྡོད་བོད་རིགས་སྤུན་ཟླ་ཚོའི་གདུང་སེམས་མཉམ་བསྐྱེད་ལ་སྣེ་ལེན་བྱེད་རྒྱུ་ཡིན་སྐོར་བཤད་པའི་སྐབས་འདིར།   ད་རེས་ཀྱི་གཤིན་པོ་རྣམས་ལ་བསྔོ་སྨོན་དང་།   གསོན་པོ་རྣམས་ལ་སེམས་གསོའི་ཆེད་དུ་༧གོང་ས་ཡིད་བཞིན་ནོར་བུ་བོད་དུ་ལན་གཅིག་གདན་འདྲེན་ཆོག་པའི་རེ་བ་ཞུས་ན་ཡག་པོ་ཡོད་ས་རེད་དེ་་་་་་་་་་་་་་་།

  4. དཔལ་དགྱེས་པ་རྡོ་རྗེ says:
    2010-04-19 at 2:46 pm

    དངོས་གནས་ཡུལ་ཤུལ་བོད་རིགས་མི་དམངས་ཤི་བའི་གྲངས་ཀ་འདི་རྒྱ་ནག་གསར་འགོད་དང་བོད་རང་གིས་མཐོང་བ་འདི་དག་གཏན་ནས་མི་གཅིག་པས་ཕྱི་ཕྱོགས་ལ་བཞུགས་པའི་བོད་དོན་ལས་ཁག་བོད་དོན་རྒྱབ་སྐྱོར་ཚོས་འཛམ་གླིང་གསར་ཤོག་ཆེ་ཤོས་དང་ཆུང་ཤོས་གསར་ཤོག་ཐོག་ལ་ཡག་པོ་ཞིག་བཀོད་ཐབས་རེམ་རེམས། དཔེར་ན། །བླ་རུང་ཆོས་སྒར་ཁོ་ན་ཐོན་པའི་གཤིན་པོའི་མིང་བྱང་གཅིག་པུ་ལ་ཁྲི་ལྷག་བརྒལ་ཚར་འདུག
    ཕྱི་ཕྱོགས་བཞུགས་པ་ཚོ་ལགས། རྒྱ་ནག་བཤད་པ་དེ་ག་རང་བྱས་ནས་བོད་ཀྱི་བླ་ཆེན་དང་མི་ཆེན་ཚོས་རྗེས་ཟློས་མ་བྱས་ན་དགའ་ས་རེད། དེ་འདྲ་བྱས་ན་ང་ཚོ་བདེན་པ་འོང་བའི་དུས་གཅིག་མེད་པར་སྣང་ངོ་། །

  5. རིག་སྒྲོན། says:
    2010-04-19 at 3:52 pm

    དེང་གི་ཆར་ང་ཚོ་གཞིས་བྱེས་གཉིས་ཀྱི་གངས་ཅན་པ་ཚོར་བཀའ་ཤག་ནས་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་འགའ་ཞིག་ལས་གྲུབ་པའི་སྐྱ་སེར་མཉམ་བསྲེས་ཀྱི་ཐུགས་གསོའི་འཚམ་འདྲི་ཚོགས་པ་ཞིག་གང་མགྱོགས་གོ་སྒྲིག་གནང་དགོས། གལ་སྲིད་བཙན་བྱོལ་གཞུང་འདི་མིང་ཙམ་གྱི་གཞུང་ཞིག་མིན་པ་ར་སྤྲོད་བྱེད་འདོད་ཡོད་ཚེ། འགོག་རྐྱེན་གང་ལའང་མི་ཞུམ་པར་ཐེངས་འདིའི་ས་ཡོམ་གྱི་གནོད་འཚེ་འཕོག་ཡུལ་གྱི་བོད་མི་ཚོའི་ཆེད་དུ་ཕེབས་ཐུབ་ཐབས་བྱ་སྤྱོད་ངོ་མའི་ཐོག་ནས་བསྟན་དགོས། དེ་མིན་ནུས་མེད་ཀྱི་རྒྱ་བོད་ཞི་མོལ་གྱི་སྐུ་ཚབ་ཚོགས་པ་ཞིག་ང་ཚོར་གཏོང་དགོས་དོན་མེད།

  6. ཚུལ་ཁྲིམས་མཐར་ཕྱིན། says:
    2010-04-19 at 4:10 pm

    བཀའ་ཤག་ཁོམ་ནི་མ་རེད།  བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ནི་དགེ་ལུགས་ཚོགས་པ་ལ་བཀའ་སློབ་གནང་བར་ཕེབས་དགོས་པ་རེད།  

  7. རིག་སྒྲོན། says:
    2010-04-19 at 4:38 pm

    ཚུལ་ཁྲིམས་མཐར་ཕྱིན་ལགས། ཁྱེད་རང་ནས་རང་དབང་གི་གླེང་སྟེགས་འདི་བེད་སྤྱད་ནས་རང་རང་བོད་མི་སྒེར་ཞིག་གི་བསམ་ཚུལ་དང་རེ་འདུན་ག་དུས་ཡིན་རུང་། སྦས་གསང་མེད་པར་སྟོན་དགོས་རྒྱུ་གལ་ཆེན་པོ་རེད། ཡིན་ན་ཡང་། བཀའ་ཁྲི་ཟམ་གདོང་སྤྲུལ་སྐུ་མི་སྒེར་ལ་སྐྱོན་བརྗོད་བྱས་པ་དེས་གངས་ཅན་བོད་ཀྱི་རིས་མེད་ཆོས་ལུགས་དབར་མི་མཐུན་པའི་རྒྱུ་ཞིག་ཏུ་མ་འགྲོ་བ་མཁྱེན་ཡངས་ཅན་ཁྱེད་ཀྱི་ཤེས་རབ་ལ་རག་ལས་ཡིན་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།

  8. མདོ་ལྷ་ཁམས་པ། says:
    2010-04-19 at 6:22 pm

    ཨི་ཧུ་ལགས། བླ་མ་མཁྱེན།
    མྱ་ངན་གྱི་རྒྱ་མཚོ་འཁྱིལ་ས་ནས། སྨྲེ་ངག་གི་ཨོ་དོ་འབོད་ས་ན།
    འབྲེལ་མེད་ཀྱི་ཀི་ཅི་མི་འདོན་པར། དོན་ལྡན་གྱི་སྨོན་ལམ་རེ་འདེབས་རོགས།

  9. ཀརྨ་རྡོ་རྗེ་ says:
    2010-04-19 at 10:25 pm

    ༸གོང་ས་མཆོག་གིས། ་་་་་་་་་ངེད་གཉིས་སྐྱེས་སའི་ཕ་ཡུལ་ཡིན་སྟབས། ས་གནས་ས་ཐོག་གི་རེ་བ་ལྟར་འགྲོ་ཐུབ་ན་བསམ་པའི་རེ་བ་ཡོད་པ་དང་། མི་མང་གི་རེ་འདོད་ལྟར་འགྲོ་ཐུབ་པ་ཡིན་ན། ་་་་་གསུངས་པ་དང་།
    ཅ་ཆིན་ལེན་གྱིས། ་་་་་་་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་་་་་་་། ་་་་གསུངས་པ་འདི་གཉིས་ལག་ལེན་དུ་འཁེལ་པ་ཡིན་ན། བོད་རང་བཙན་ནམ་ཁ་བྲལ་བཞག་ནས་གཉིས་སྨན་དབུ་མའི་ལམ་ལ་ཤུགས་ལ་ངོས་ལེན་བྱེད་འགོ་འཚུགས་པ་ཞིག་ལ་ངོས་ལེན་བྱེད་མི་ཆོག་གམ།

  10. ཀརྨ་རྡོ་རྗེ་ says:
    2010-04-19 at 10:27 pm

    ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱ་མིས་སྔར་བྱས་ནག་ཉེས་ལ་འཁོན་འཛིན་བཞག་ནས། མ་འོངས་ཕུགས་རྒྱང་རིང་པོའི་བསམ་ཞིབ་ཀྱིས། བོད་རྒྱའི་དམ་ཚིག་སྔར་ལྷག་ཉམས་པ་སོར་ཆུད་ལ་འབད་དགོས་པ་ནི། ད་ལྟའི་ཁ་ཡོད་ལག་ཡོད་ཀྱི་ཆབ་སྲིད་ལ་ཕན་པའི་གཉིས་སྨན་དགོས་མཁོ་ཞིག་རེད་སྙམ་བགྱིད་འདུག བོད་རྒྱའི་དམ་ཚིག་འོ་ཆུ་འདྲེས་འགྱུར་ཅིག

  11. ཨ་མཆོག་ཆོས་དར། says:
    2010-04-20 at 5:01 am

    འདིར་སྦྱོར་བའི་གནས་ཚུལ་ལྟར་ན་བཀའ་བློན་ཁྲི་བ་བར་སྐབས་སུ་ཡུལ་འདིར་ཕེབས་རྒྱུ་ཆ་གཞི་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པའི་རྒྱུ་མཚན་དེ་ཡོ་རོབས་མེ་རིའི་དུད་མུག་དབང་གིས་ཡོ་རོབས་ལ་གནམ་གྲུའི་འགྲིལ་བསྐྱོད་བཀག་ཡོད་པ་དེ་རེད་འདུག།།

  12. ཌ་རུ་ངོ་གཉིས་ says:
    2010-04-20 at 8:34 am

    ད་ཚོད་བཟུང་ང་ཚོའི་ཁ་གཏད་བཅོག་ས་རྒྱ་མི་རེད་མ་གཏོགས་བཀའ་ཤག་མ་རེད།

  13. གཞོན་ནུ་ཟླ་མེད says:
    2010-04-20 at 8:54 am

    ཀརྨ་རྡོ་རྗེའི་གསུང་དེ་བདེ་པ་རེད། རྒྱ་བོད་དམ་ཚིག་བྱེད་དགོས་པ་རེད། འོན་ཀྱང་བོད་པའི་ངོས་ནས་རྒྱ་ལ་མགོ་འདོགས་དགོས་པ་ཆ་ཚང་བཏགས་ན་ཡང་། རྒྱ་ཡི་ངོས་ནས་ཉིན་མོ་ལྷ་ཡི་ལྷ་བཟོ་རོགས་དང་། མཚན་མོ་འདྲེ་ཡི་འཐག་འཐགས་རོགས་བྱས་ནས་བོད་པ་ཚོ་འཛམ་གླིང་ག་ས་གང་ལ་ཁ་འཐོར་དགུ་འཐོར་དུ་སོང་པ་འདི་རེད།
    ལོ་རྒྱུས་ལ་ཆ་བཞག་ནས་བཤད་ན། རྒྱལ་བོ་ཨུ་དུམ་བཙན་གྱི་རྗེས་ནས་བཟུང་རྒྱལ་དབང་བཅུ་གསུམ་པའི་བར་དུ་རྒྱ་བོད་གཉིས་ལ་རྩོད་པ་གང་ཡང་ཡོད་པ་མ་རེད། དང་པོ་དབྱིན་ཇིས་བོད་ལ་དམག་རྒྱགས་སྐབས་སུ་ཁོང་ཚོས་བོད་འདི་རྒྱ་ཡི་ཆ་ཤས་ཡིན་པར་ངོས་ལེན་མ་བྱས་པ་རེད། གཉིས་པ་གུང་ཁྲན་གྱིས་བོད་པ་བསད་ནས་བོད་འབངས་ཡོངས་སུ་རྡེབ་གསོད་བཏང་པ་དེ་རེད། གསུམ་པ་ཏྰ་ལེ་བླ་མའི་རྗེས་ལ་མེ་སྒྱོགས་རྒྱབ་ནས་བྲོས་བྱོལ་དུ་མ་འགྲོ་རང་འགྲོ་བཟོས་པ་དེ་རེད། བཞི་བ་ད་དུང་ཡང་ཏྰ་ལེ་བླ་མ་དགུང་ལོ་བདུན་ཅུར་སླེབས་ན་ཡང་རང་གི་ཕ་ཡུལ་ལ་འགྲོ་འཇུག་གི་མེད་པ་འདི་རེད། གལ་ཏེ་ཏྰ་ལེ་བླ་མ་བོད་ནང་དུ་གདན་འདྲེན་ཞུ་བ་ཡིན་ན་རྒྱ་བོད་གཉིས་ཀྱི་རྙོག་དྲ་མཇུག་རྫོགས་འགྲོ་གི་རེད།

  14. Tenzin Deshal says:
    2010-04-20 at 9:20 am

    http://woeser.middle-way.net/

  15. བཟོད་པ་ལྷ་རྩེ་ says:
    2010-04-20 at 10:35 am

    རེ་འབོད།
    སང་ཉིན་ཚེས་ 21 རེད་རྒྱ་གཞུང་ནས་ས་ཡོམ་འོག་འདས་གྲོང་བྱུང་བའི་ཡུལ་ཤུལ་མི་མང་ལ་མྱང་ངན་ཞུ་ཆེད་རྒྱ་ནང་དང་ཕྱི་རྒྱལ་གཞུང་ཚབ་དག་གི་རྒྱལ་དར་ཕབ་རྒྱུའི་ལས་རྒུལ་ཞིག་སྤེལ་བཞིན་ཡོད་པ་ནི་མི་སེམས་འགུལ་ཐུབ་པའི་བྱ་བ་བཟང་པོ་ཞིག་ཡིན། འོན་ཀྱང་བཙན་བྱོལ་སྲིད་གཞུང་གི་སེམས་ཚོར་ཅི་ཡང་མེད་པ་མ་ཟད་གོ་རྒྱུ་ཚོ་རྒྱུ་མིན་འདུག བཙན་བྱོལ་གྱི་དབུ་ཁྲིད་ཚོ་ཁྱོད་ཚོས་ནམ་ཀུན་མི་སེམས་འགུལ་བའི་བཀལ་མོལ་སྙན་མོ་བཤད་པ་ལྟར་ད་རེས་གཅིག་པུ་མི་སེམས་འགུལ་བའི་ཕྱག་ལས་ཕྲན་ཞིག་གནང་རོགས་སྐུ་མཁྱེན།

  16. ཚངས་དབྱངས། says:
    2010-04-20 at 12:50 pm

    ༦༽ བཟོད་པ་ལྷ་རྩེ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༠ གི་ཆུ་ཚོད་ ༡༡ སྐར་མ་ ༠༧
    རེ་འབོད།
    སང་ཉིན་ཚེས་ 21 རེད་རྒྱ་གཞུང་ནས་ས་ཡོམ་འོག་འདས་གྲོང་བྱུང་བའི་ཡུལ་ཤུལ་མི་མང་ལ་མྱང་ངན་ཞུ་ཆེད་རྒྱ་ནང་དང་ཕྱི་རྒྱལ་གཞུང་ཚབ་དག་གི་རྒྱལ་དར་ཕབ་རྒྱུའི་ལས་རྒུལ་ཞིག་སྤེལ་བཞིན་ཡོད་པ་ནི་མི་སེམས་འགུལ་ཐུབ་པའི་བྱ་བ་བཟང་པོ་ཞིག་ཡིན། འོན་ཀྱང་བཙན་བྱོལ་སྲིད་གཞུང་གི་སེམས་ཚོར་ཅི་ཡང་མེད་པ་མ་ཟད་གོ་རྒྱུ་ཚོ་རྒྱུ་མིན་འདུག བཙན་བྱོལ་གྱི་དབུ་ཁྲིད་ཚོ་ཁྱོད་ཚོས་ནམ་ཀུན་མི་སེམས་འགུལ་བའི་བཀལ་མོལ་སྙན་མོ་བཤད་པ་ལྟར་ད་རེས་གཅིག་པུ་མི་སེམས་འགུལ་བའི་ཕྱག་ལས་ཕྲན་ཞིག་གནང་རོགས་སྐུ་མཁྱེན།

  17. དཔལ་དགྱེས་པ་རྡོ་རྗེ says:
    2010-04-20 at 1:32 pm

    http://news.joy.cn/guonei/video/1175648.htm
    འདི་དག་ཚངས་དབྱངས་དྲ་བ་ལ་གཟིགས་དང་ཤིན་ཏུ་གསལ། །

  18. getse ngodup says:
    2010-05-16 at 5:05 pm

     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
       
                                     
                                  

  19. བློ་བཟང་དར་རྒྱས། says:
    2010-06-26 at 7:34 am

    ང་ཚོའི་བོད་པ་དེ་ཚོ་ཁྱད་མཚར་བ་ལ་ཨང། ཧ་ལམ་བཀའ་ཤག་གིས་འགྲིགས་མ་སོང་བསམ་གྱི་ཡོད་ས་རེད།
    རེད། གང་བྱས་ཀྱང་གང་ཟག་མཆན་བྲི་པ་པོ་ཁྱོད་ཚོར་བདེན་པ་ཡོད་ཀྱི་རེད།
    ཁྱོད་ཚོས་བཤད་པའི་སྐད་ཆ་དེ་ཚོ་བློ་གཟུ་བོར་གནས་པའི་སྐད་ཆ་རེད་དམ། ང་ཡིད་ཆེས་ཀྱི་མིན་འདུག།
    ད་རེས་ཀྱི་གནད་དོན་འདིར་ང་ཚོའི་བཀའ་ཁྲིས་བསམ་བློ་མ་འཁོར་བ་དང་མ་བཏང་བ་ཞིག་ཡོད་ཀྱི་མ་རེད། འོན་ཀྱང་བསམ་བཞིན་ཐམས་ཅད་གྲུབ་ཐུབ་ཀྱི་མེད་པའི་གནས་ལུགས་ཀྱང་མཁྱེན་དགོས་ངེས་འདུག།
    ཕྱིས་སུ་གནད་དོན་གང་ཡང་དཔྱད་དོན་ནམ་བློ་གཟུ་བོར་གནས་ཏེ་བྲིས་རོགས་གནང། སོ་སོས་བསམ་ཚད་མ་བྲིས་རོགས་གནང། གལ་སྲིད་དེ་འདྲ་གནང་བ་ཡིན་ན་ཕལ་ཆེར་ངས་རྒྱ་མི་ལས་འདུག་པ་མཐོང་གི་འདུག། གང་ཡིན་ཟེར་ན། དགྲ་ལ་ཕྱི་དགྲ་དང་ནང་དགྲ་གཉིས་ཡོད་པས་དེ་ཚོ་ཐམས་ཅད་ནང་དགྲར་འགྱུར་ངེས་པའི་དོགས་པ་ཡོད། ཕྱི་དགྲ་ལས་ནང་དགྲ་ཞེ་སྣང་ཚ་བ་ཡོད་རེད་དཱ། དེ་ལྟར་མི་འགྱུར་བར་མཆན་བྲི་བ་ཀུན་གྱིས་ཤེས་པར་མཛོད། ཚང་མར་བཀྲ་ཤིས་བདེ་ལེགས། བོད་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme