Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་འོས་བསྡུའི་ནང་དུ་བཟང་སྤྱོད་དགོས་པའི་འབོད་སྐུལ།

Posted on 2016-02-202016-02-20 By ཁ་བརྡ 5 Comments on བཙན་བྱོལ་བོད་མིའི་འོས་བསྡུའི་ནང་དུ་བཟང་སྤྱོད་དགོས་པའི་འབོད་སྐུལ།

བུ་ཆུང་ ཀེ་ ཚེ་རིང་གིས་བརྩམས། (རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ།)
གཞིས་ཆགས་བུས་བོད་སྒྱུར་ཞུས།

 
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་སླེབས་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་རྣམས་གསལ་བསྒྲགས་ཟིན་ནས་འོས་མི་རྣམས་ཀྱི་དྲིལ་བསྒྲགས་ནི། སྔར་དང་མི་འདྲ་བར་(བཙན་བྱོལ་བོད་མིའི་འོས་བསྡུའི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་བའི་) ཧ་ཅང་དྲག་ཤུལ་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་འདུག
འདི་ནི་བོད་མིའི་མང་གཙོ་ལམ་སྲོལ་དེ་སྲ་བརྟན་ཡོང་བ་ལ་དགེ་མཚན་ཞིག་རེད། ང་ཚོ་འོས་བླུག་མཁན་རྣམས་ལ་མཚོན་ནའང་། འོས་མི་སུ་ཞིག་ལ་(སྲིད་སྐྱོང་དང་སྤྱི་འཐུས་) འོས་བླུག་དགོས་མེད་དེ་ངེས་པར་དུ་ཤེས་དགོས། འོས་མི་རྣམས་ལ་མཚོན་ནའང་སོ་སོའི་རྩ་དོན་དང་མ་འོངས་པའི་(སྲིད་སྐྱོང་དང་སྤྱི་འཐུས་འཐོབ་རྗེས་ཀྱི་) ལས་འཆར་རྣམས་མི་མང་ལ་གོ་རྟོགས་གསལ་པོ་སྤེལ་དགོས། དེས་ན་ (སྲིད་སྐྱོང་དང་སྤྱི་འཐུས་) འཐོབ་པ་ལ་དྲིལ་བསྒྲགས་ནི་བརྒྱུད་ལམ་གཙོ་བོ་ཞིག་ཆགས་ཡོད།

གང་ལྟར་ཡང་། མང་གཙོའི་ལམ་སྲོལ་ཡག་པོ་ཞིག་ཏུ་ངོས་འཛིན་པ་ལ་བཟང་སྤྱོད་དང་(དོན་ལྡན་གྱི་)དྲིལ་བསྒྲགས་ཤིག་ཡོད་དགོས། འོན་ཏང་སྟབས་མི་ལེགས་པར་ད་ལྟ་ང་ཚོས་མིག་ལམ་དུ་མཐོང་བཞིན་ཡོད་པའི་ (སྲིད་སྐྱོང་དང་སྤྱི་འཐུས་ཀྱི་) འོས་མིའི་དྲིལ་བསྒྲགས་ཀྱི་ཁ་ཕྱོགས་དེ་ནི་རྒྱབ་སྐྱོར་བ་ (ལས་ཚབ་) རྣམས་ཀྱི་ཐད་ཀར་རམ་བརྒྱུད་པའི་སྒོ་ནས་ངན་ཕྱོགས་སུ་འགྲོ་བཞིན་འདུག ཆེས་ཡིད་གཟབ་དགོས་པ་ནི་རྒྱབ་སྐྱོར་བ་ (མང་ཆེ་བས་མིང་རྫུན་སྤྱད་) རྣམས་ཀྱིས་འོས་མི་གང་རུང་ལ་གཞི་མེད་ཀྱི་སྐྱོན་བརྗོད་དྲག་པོ་དང་ངན་སྨོད་བྱེད་བཞིན་འདུག་པ་དེ་རེད།

(ངོ་དེབ་ལ་སོགས་) སྤྱི་ཚོགས་དྲ་ལམ་དང་(རླུང་འཕྲིན་དང་བརྙན་འཕྲིན། ཚགས་ཤོག་) གསར་འགྱུར་བརྒྱུད་ལམ་གྱི་སྡེ་ཚན་བྱེ་བྲག་པ་འགས་སྣང་ཚུལ་ལ་བདེན་པའི་(དོན་དངོས་སུ་བདེན་པ་མིན་པ་) གནས་ཚུལ་སྤེལ་བཞིན་ཡོད་པ་དག་གིས་གསལ་པོ་བཟོ་རྒྱུའི་ཚབ་ཏུ་། མི་མང་ནང་ཐེ་ཚོམ་དང་བརྡབ་གསིག་བཟོ་བ་ལ་འབུད་རྫས་ལྟ་བུ་ཆགས་ཀྱི་འདུག

འདི་ལྟ་བུའི་འཇིགས་སྣང་ཅན་གྱི་གནས་ཚུལ་(ལམ་བྱུང་བ་) གྱིས་ང་རང་ཚོ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་འགལ་ཟླའི་རྨ་ཁ་བཟོ་བ་ལ་རྐྱེན་བྱེད་ནས་། འོས་བསྡུའི་ལས་རིམ་ཚར་བའི་རྗེས་སུའང་གསོ་ཐབས་དཀའ་བ་ཞིག་ཏུ་འགྱུར་བར་ཉེན། ཉེ་བའི་ཆར་ང་རང་མི་སུ་ཞིག་ལ་ཁ་བརྡ་བྱེད་སྐབས། ཁོང་ཚོའི་སེམས་སུ་ད་ལྟའི་འོས་བསྡུའི་རྙོག་གླེང་དང་ཟང་ཟིང་ལ་བསུན་བཙེར་སྐྱེས་ཤིང། གནས་སྟངས་འདི་ཡིས་ང་ཚོ་གང་ཞིག་ཏུ་སླེབས་ཀྱི་ཡོད་མེད་ལ་སེམས་ཁྲེལ་བྱེད་མཁན་ཤ་སྟག་རེད་འདུག

(བཙན་བྱོལ་)བོད་མིའི་སྤྱི་ཚོགས་དེ་སོ་སི་མི་སྒེར་གཅིག་གིས་ཁེ་ཕན་ལ་བསམ་ནས་། (སྲིད་སྐྱོང་དང་སྤྱི་འཐུས་)འོས་མིའི་ཁྱད་ཆོས་དང་ཡོན་ཏན་རྣམས་ཆོལ་ཁ་དང་ཡུལ་ལུང་གི་འཐེན་འཁྱེར་གྱི་སྒོ་ནས་ཚད་འཇལ་བའི་གནས་སྟངས་གསར་པ་ཞིག་ཏུ་སླེབས་བཞིན་འདུག སྤྱི་འཐུས་ཀྱི་འོས་མི་ནང་དུ་བཞེངས་མཁན་ཁྲོད་ནས་། དཔེར་ན་མང་པོ་ཞིག་ནི་ (འགའ་ཞིག་ནི་ང་རང་གིས་ངོ་ཤེས་ཀྱི་ཡོད་) ད་བར་བོད་པའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་ནང་དུ་ནུས་པ་འདྲ་མིན་གྱི་ཐོག་ནས་ཞབས་ཞུ་བསྒྲུབས་མྱོང་མཁན་དང་སྤྱི་འཐུས་ལ་འོས་ཤིང་འཚམས་པ་རེད་འདུག

འོས་བསྡུའི་རང་གཤིས་ནི་། འོས་མི་ཡོད་དོ་ཅོག་ལ་འོས་ཤོག་འཐོབ་དགོས་ཀྱི་མེད། དེར་བརྟེན་མིག་རྒྱང་འཐུང་ཞིང་། ངན་སེམས་ཅན་གྱི་གཏམ་བརྗོད་དག་གིས་མ་འོངས་པར་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་བློ་ཡོད་པའི་སྐྱེ་བུ་རྣམས་སེམས་ཤུགས་གཅོག་པ་དང་བློ་སྤོབས་ཉམས་པའི་རྒྱུ་རུ་འགྲོ་སྲིད། སྤྱིར་ན་སྲིད་སྐྱོང་གི་གོ་གནས་དེར་ (གླ་ཕོགས་ཆུང་ངུ་ཞིག་ཡོད་མེད་ལ་མ་ལྟོས་པར་) སྤོབས་ཉམས་བྱེད་རྒྱུ་ཞིག་ཡོད་ནའང། སྤྱི་འཐུས་རྣམ་པ་ནི་ནམ་རྒྱུན་སོ་སོའི་འཚོ་གནས་ཆེད་ཀྱི་ལས་ཀའི་ཐོག་ལ་ལས་འགན་གསར་པ་ཞིག་དང། དེ་ལ་སོ་སོའི་སྒེར་གྱི་དུས་ཚོད་དང་ནུས་པ། རྒྱུ་དངོས་གཏོང་དགོས་ཀྱི་ཡོད།
དེར་བརྟེན་འོས་མི་དང་འོས་ཤོག་བླུག་མཁན་གཉིས་ཀར་ད་ལྟའི་གནས་སྟངས་དེ་འགྱུར་བ་གཏོང་ནས་ཚོད་འཛིན་བྱེད་མི་ཐུབ་པའི་གནས་སྟངས་སུ་མི་འགྱུར་བ་ཞིག་ཡོང་བ་ལ་འགན་འཁྲི་ཡོད།

མིའི་གཤིས་ཀ་དེ་གནད་དོན་ལས་ལོགས་སུ་དགར་དགོས།

(སྲིད་སྐྱོང་དང་སྤྱི་འཐུས་ཀྱི་) འོས་མི་དང་འོས་ཤོག་བླུག་མཁན་་ཉིས་ཀའི་སེམས་སུ་འཇོག་དགོས་པ་ཞིག་ནི། ང་ཚོའི་དོ་སྣང་ (གཙོ་བོ་) དེ་ངེས་པར་དུ་གནད་དོན་ལས་མི་གཤིས་ཀྱི་ཐོག་མིན་པ་དེ་རེད། ང་ཚོར་འོས་མི་རྣམས་ཀྱིས་བོད་དོན་དཀའ་རྙོག་སེལ་ཕྱོགས་སམ་། སྤྱི་ཚོགས་གོང་འཕེལ་གྱི་ལས་འཆར་ལྟ་བུའི་ཉིན་རེའི་ལས་དོན་བཅས་ཀྱི་གནད་དོན་འདྲ་མིན་གྱི་ཐོག་ཏུ་བསམ་བློ་གཏོང་སྟངས་སམ་ལྟ་བ་འཁྱེར་ཆོག་གི་ཐད་ལ་ཁ་གསལ་པོའི་ཐོག་ནས་བགྲོ་གླེང་བྱེད་དགོས་། ཡིན་ནའང་ང་ཚོས་གང་ཟག་སྒེར་གྱི་ཐོག་ལ་གཞི་མེད་སྐྱོན་བརྗོད་ཀྱི་འཆལ་གཏམ་སྤེལ་རྒྱུའི་བྱ་སྤྱོད་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས། ང་ཚོར་འོས་མི་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་། འོས་བླུག་མཁན་ཞིག་གི་ཐོབ་ཐང་ཡིན་ནའང། འོས་མི་གཞན་ (རྒྱབ་སྐྱོར་མི་བྱེད་ས་) རྣམས་ལ་ངན་སྨྲོས་བྱེད་རྒྱུའི་ཐོབ་ཐང་མེད་པ་རེད། ང་ཚོས་འོས་མི་རྣམས་ “ཕན་ཚུན་ངན་སྨོད་བྱེད་པ་ལ་” བརྟེན་ནས་གཅིག་འགྲིག་གཅིག་ནོར་ཡོང་རེ་བསམས་ནས་སེམས་སྐུལ་ནམ་ཡང་བྱེད་རྒྱུ་མེད།

བདེན་པ་སྨྲ་དགོས།

ང་ཚོ་འོས་བླུག་མཁན་ཡིན་ནའང་འདྲ་གསར་འགོད་པ་སུ་ཡིན་རུང་(མ་འོངས་ལས་འཆར་དང་རྩ་དོན་གྱི་ཐོག་ལ་) དྲི་བ་ཁག་པོ་གཏོང་དགོས་ཀྱི་རེད། འོན་ཏང་དཀྲོག་གཏམ་མམ་ཕྱེད་བདེན་པ་ལྟ་བུ་མིན་པར་ངེས་པར་དུ་ཆ་ཚང་དངོས་ཡོད་གནས་ཚུལ་གཞིར་བཞག་ཡིན་དགོས། ང་རང་སྒེར་ངོས་ནས་ཀྱང་གལ་ཆེའི་གནང་དོན་ཅི་ཡང་མི་ལྡན་ཅིང། ལོག་རྟོག་ཅན་གྱི་ཡིག་འཁྱམ་འགའ་ཞིག་མཐོང་བྱུང། མ་ཟད་ང་ལ་གཞན་གྱིས་སྐད་འཕྲིན་དང་ངོ་དེབ་ནང་དུའང་འོས་མི་བྱེ་བྲག་པར་གཞི་མེད་ཀྱི་སྐྱོན་བརྗོད་ཚད་ལས་བརྒལ་ཞིང། དྲིལ་བསྒྲགས་ངན་པ་ཁྱབ་གདལ་འགྲོ་བཞིག་ཡོད་པ་བརྗོད་བྱུང།

བསླུ་ཐབས་བྱེད་མི་རུང།

ང་རང་ངོས་ནས་འོས་མི་རྣམས་ཀྱིས་སོ་སོར་འོས་འཐོབ་ཆེད་དང་རྒྱ་ཆེ་ས་ནས་སྤྱི་ཚོགས་གནོད་པའི་མགོ་སྐོར་བསླུ་བྲིད་མ་བྱེད་རོགས་ཅེས་དམིགས་བསལ་གྱིས་རེ་སྐུལ་ཞུ་རྒྱུ་ཡིན། བརྗོད་ཚུལ་གཞན་དུ། འོས་མི་རྣམས་ཀྱིས་སོ་སོའི་དམིགས་ཡུལ་ལམ་རྩ་དོན་དེ་བོར་རྒྱུ་མེད།
“བཟང་སྤྱོད་ཀྱི་གོ་དོན་” ཅེས་པའི་རྩོམ་ཡིག་གི་ནང་དུ་། (ཨ་རིའི་)ཁོ་ལོ་རེ་ཌོའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་གཉིས་ནས་ “ཚབས་ཆེ་བའམ་དྲག་པོའི་བྱ་སྤྱོད་དུ་འགྱུར་བཞིན་པའི་རྒྱུད་རིམ་ནང་དུ་སྟེས་དབང་ངམ། ཡང་ན་བསམ་བཞིན་དུ་འཁྲུག་རྐྱེན་སློང་བ་དེས་འཁྲུག་རྐྱེན་གྱི་ཡ་ལན་དྲག་པོ་ཞིག་བྱུང་བར་རྐྱེན་བྱས་ནས་དངོས་ཡོད་དཀའ་ངལ་སེལ་རྒྱུའི་ཁྱད་ཆོས་ལྡན་པའི་བགྲོ་གླེང་དོན་སྙིང་ཅན་དེ་ཕན་ཚུན་སྡང་འཛིན་བྱེད་རྒྱུ་དེ་(བགྲོ་གླེང་གི་) ཀུན་སློང་གཙོ་བོར་འགྱུར་སྐབས་སུ་། ཧ་ཅང་གདུག་རྩུབ་ཅན་གྱི་(འགལ་ཟླའི་)འཁྲུག་རྩོད་ཀྱི་བརྒྱུད་རིམ་དེ་གཞི་ལྗིད་དུ་འགྲོ་ཡི་ཡོད། འདི་ལྟ་བུའི་དཀའ་ངལ་དེ་གཞི་ལྗིད་པོར་མི་འགྱུར་བ་དང་། འགྱུར་བ་ལ་གཡོལ་ཐབས་བཅས་ཀྱི་ཐབས་བྱུས་ངེས་པར་དགོས་” བཅས་བརྗོད་དགོས་བྱུང་ཡོད།

ངའི་བསམ་པར་འོས་མི་རྣམས་ཀྱིས་ཀྱང་(སྤྱི་ཚོགས་ནང་འཁྲུགས་འཛིང་མི་ཡོང་བའི་ལས་དོན་) དེའི་ཐོག་ལ་ངེས་པར་དུ་འབད་བརྩོན་བྱེད་དགོས། ཁོང་ཚོ་(སྲིད་སྐྱོང་དང་སྤྱི་འཐུས་ཀྱི་) འོས་མི་རྣམས་ནས་སོ་སོ་ལ་འོས་ཐོབ་པའི་ཆེད་དུ་། མང་གཙོའི་རླངས་འཁོར་(མོ་ཊ་) དེ་ཆག་སྐྱོན་མི་ཉེན་ལ། (ཆག་སྐྱོན་གཏོང་བའི་)བརྒྱུད་རིམ་འདིའི་ནང་དུ་(མང་གཙོའི་ལམ་སྲོལ་གྱི་)རླངས་འཁོར་ནང་དུ་བཞུགས་པའི་འོས་བླུག་མཁན་རྣམས་བེད་མེད་བཟོ་མི་རུང།

གལ་ཏེ་ངས་ཤོད་སྟངས་གཞན་ཞིག་བྱས་ན། འོས་བསྡུ་ནི་མཚན་གཅིག་གི་ལས་དོན་ཞིག་མ་རེད། ང་ཚོ་ནི་འོས་བསྡུའི་རྗེས་ཀྱི་སང་ཉིན་ནམ་མ་འོངས་པའི་ལོ་ཟླའི་ནང་དུ་གནས་དགོས་ཤིང། མ་འོངས་པའི་ལོ་ཟླའི་ནང་ང་ཚོས་གདོང་ལེན་ཐུབ་པར་དཀའ་བའི་འགལ་ཟླའི་རྙོག་ཟིང་གི་དཀའ་ངལ་ཞིག་བཟོ་མི་ཉེན།

(གསལ་བཤད། གོང་གི་རྩོམ་ཡིག་དེ་དབྱིན་ཡིག་ལས་བོད་སྒྱུར་ཞུས་པ་ཞིག་ཡིན་པས། ནང་དོན་གྱི་ཆ་ནས་གོ་བ་ལོན་དཀའ་བ་དང་ནོར་འཛོལ་རིགས་བྱུང་ཚེ་མ་རྩོམ་ལ་གཟིགས་པར་ཞུ། )

མ་རྩོམ་གྱི་དྲ་ཐག
https://tibetreport.wordpress.com/2016/02/14/an-appeal-for-civility-in-tibetan-elections/

འགྱུར་རྩོམ།

Post navigation

Previous Post: དུས་དབང་ནི་མ་གཞི་ནས་ཁྱོད་ཀྱི་ལག་རྟེན་བྱེད་རྩིས་ཡོད།
Next Post: ཟམ་གདོང་རིན་པོ་ཆེ་དང་འབྲེལ་ཏེ་སྲིད་སྐྱོང་ལགས་ལ་གསལ་བཤད། 

Comments (5) on “བཙན་བྱོལ་བོད་མིའི་འོས་བསྡུའི་ནང་དུ་བཟང་སྤྱོད་དགོས་པའི་འབོད་སྐུལ།”

  1. གངས་ཕྲུག། says:
    2016-02-20 at 4:47 am

    བཀའ་ཁྲི་དང་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ནང་སྔ་བྱུང་མྱོང་མེད་པའི་སྤྱོད་ངན་གྱིས་མི་གཞི་དང་སྒེར་བདག་ས་ཁང་སོགས་ཀྱི་མཚོན་པའི་སྐྱོན་འདོགས་བྱེད་མཁན་དང་པོ་དེ་སྤེན་ཚེ་དང་ཁོའོ་རྒྱབ་སྐྱོར་བ་ཚོ་རེད། དེ་ཡང་རྫུན་གཏམ་དང་ཧམ་བཤད་བཅས་ཀྱིས་རང་ཉིད་ནག་པོ་མ་ཆགས་བར་དུ་འཁྲབ་བསྡོད་པ་རེད། མ་གཞི་ནས་སྤེན་ཚེ་ལགས་ནི་ཁོང་རང་གིས་དབུ་ཁྲིད་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམ་ཞིབ་ཁང་ཆུང་ཆུང་དེ་ཡང་འཛིན་སྐྱོང་མ་ཐུབ་པ་དང་གྲོས་ཚོགས་སྒོ་ཐེམ་གཉིས་རྒྱབ་ནས་སྤྱི་ཚོགས་སུ་ལབ་རྒྱུ་གླེང་རྒྱུ་འཛམ་བུ་གླིང་དུ་ཁྱབ་པའི་མི་ཞིག་རེད། ད་དུང་ཁོ་པ་ནི་མི་བསོད་དང་ལོག་གཡེམ། མི་རྒྱུ་རང་བདག་སོགས་ཀྱི་བྱ་ངན་དང་སྤྱོད་ངན་གྱི་འཚང་བའི་མི་བུ་ཞིག་བོད་ཀྱི་སྲིད་སྐྱོང་གི་ཁྲི་ལ་ཚང་བ་ནི་མ་བབ་པ་དང་མ་འོས་པ་ཞིག་མིན་ན་ཅི་རེད།

  2. ༄།།སྟར་བུ་དམར་བོ། says:
    2016-02-20 at 11:51 am

    ཧ་ཅང་ཡག་པོ་སྤེལ་འདུག བཙལ་བྱོལ་བོད་མིའི་འོས་བསྡུའི་འགྲོ་རིམ་དེ་ཚད་ལྡན་ཞིག་ཏུ་ཡོང་བར། མང་ཚོགས་ལ་གོང་དུ་བཤད་པ་ལྟར་གྱི་ཀུན་སྤྱོད་ཅིག་ངེས་པར་དགོས་མོད། ད་དུང་། དུས་ཚོད་གང་འཚམས་སུ་ཕྱོགས་འཐེན་གྱིས་བསྒྲིབས་ཏེ་མང་ཚོགས་ལ་གོ་རྟོགས་སད་ཁག་པོ་ཞེ་དྲག་རེད། དེ་ནི། གོ་རྟོགས་དང་བསམ་བློ། ཤེས་ཡོན་དང་མདུན་མཐོང་སོགས་ཀྱིས་དབེན་པའི་ཆབ་སྲིད་འཁྲབ་སྟོན་པ་དང་སྨྱུག་ཐོགས་པས་རྙོག་དཀྲུགས་པ་མང་དྲགས་པས་རེད། སྔོན་ཆད་བོད་ཀྱི་ལོ་རྒྱུས་ཐོག་གྱོང་གུད་དང་འཐུས་ཤོར་སོང་བ་རྣམས། ཤེས་ཡོན་གྱིས་མ་འདངས་ཤིང་རྒྱུད་ལུག་གིས་གཡེང་སྟེ་བསྡད་པས་རེད་ལ། ད་ལྟའི་འཐུས་ཤོར་དང་གྱོང་གུད་རྣམས་ནི། ཧམ་ཤེད་ཆེ་བའི་སྲིད་རྫུ་བ་དང་འགན་འཁུར་དང་གོ་རྟོགས་མེད་པའི་སྨྱུག་འཛིན་པ་དག་ལས་བྱུང་དང་འབྱུང་བཞིན་པ་འདི་རེད། དུས་ཚོད་ཅིག་བྱུང་ན། ངས་དེ་དག་རེ་རེ་ནས་མིང་གཟུང་ཐོ་བཏགས་བྱས་ཏེ། དྲ་ཐོག་སོ་སོ་དང་ལོ་རྒྱུས་དེབ་ཐེར་ལ་བཀོད་ནས་མི་རབས་རྗེས་མ་ཚོ། ལོག་ལམ་ལ་མི་འགྲོ་བའི་དྲན་ཤིང་དུ་འཇོག་རྩིས་ཡོད། འོན་ཏེ། རྨོངས་འཐོམས་པ་ཚོ་གཉིད་ལས་སད་པ་ལ་ངེས་པར་དུ་ཆག་སྒོ་ཆེན་པོ་ཞིག་མྱོང་དགོས་པ་འདི། འདས་པའི་སྤྱི་ཚོགས་གང་དུའང་ཟུར་བལྟས་ལེབ་མཐོང་དུ་ཡོད་དོ།།

  3. ཀརྨ་བློ་གསལ་ says:
    2016-02-20 at 8:33 pm

    མདོར་བསྡུས་ཏེ་བཤད་ན། འདི་ནི་དབུ་མ་པ་ཚོའི་བྱ་སྤྱོད་བོད་ཕྱི་ནང་གཉིས་སུ་འགྲེམས་སྟོན་གནང་པ་ཡིན་པས། དབུ་མ་པ་ལ་གནས་ལུགས་དང་བཟང་སྤྱོད་མེད་པ་ངོ་འཕྲོད་ཡོད་ལ། དུས་སུ་བབས་པ་ཞིག་ཀྱང་རེད།

  4. ༄།།སྟར་བུ་དམར་བོ། says:
    2016-02-21 at 5:08 am

    ཀརྨ་བློ་གསལ་ཟེར་བའི་དྲ་འབུ་ཁྱོད།། ཆབ་སྲིད་མ་ཤེས་འཇིག་རྟེན་མ་རྟོགས་ཤིང་།། གནས་ལུགས་མ་མཐོང་གླེན་མགོ་འཐོམས་གྱུར་ཀྱང་།། ངོ་ཚ་བྲལ་ཏེ་བཤད་ལ་དགའ་བ་འདི།། ཅི་ཡིས་ཕོངས་སོང་གང་གིས་མནར་སོང་ལགས།། ཀྱེ་མ་སྙིང་རྗེའི་ཡུལ་གྱུར་ཁྱོད་འདྲ་བ།། མཐོང་ན་མིག་ཆུ་མི་ཤོར་སུ་ཡོད་དམ།། ཨ་ཁ་ཁ་ཁྱོད་མི་ལུས་བླངས་གྱུར་རུང་།། མི་ཡི་བསམ་བློ་མ་ཐོགས་ཅི་འདྲའི་སྐྱོ།། སྨྱུག་ཐོགས་རྣམ་དཔྱོད་རབ་ཏུ་དར་བ་ངས།། ཉིད་ཀྱི་མིང་ཙམ་སྨྲོས་པར་གུས་ཕྱག་འཚོལ།།

  5. སྲོང་བཙན། says:
    2016-02-21 at 1:27 pm

    རྩོམ་ཡིག་ཡག་པོ་འདི་སྤེན་ཚེ་ལ་འཕྲོད་པར་བྱས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme