Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ག་འདྲ་བྱས་ནས།

Posted on 2016-02-192016-02-20 By ཁ་བརྡ 4 Comments on ག་འདྲ་བྱས་ནས།

–མགར་ཐོག་མཁྱེན་རབ་འོད་གསལ།

 
ཁ་སང་དེ་རིང་བྱེས་འབྱོར་བོད་མིའི་སྤྱི་ཚོགས་སུ་སྲིད་སྐྱོང་འོས་མིར་ལངས་ཕྱོགས་ཀྱི་ཐད་ལ་དབུ་མ་དང་རང་བཙན་གྱི་རྩོད་པ་ཞིག་སྐྱ་སེར་གཉིས་ཀྱི་ཕྱོགས་ནས་དགག་སྒྲུབ་ཀྱི་གཏམ་བཤད་དང་རྩོམ་ཡིག་མང་དག་ཅིག་ཁྱབ་གདལ་དུ་འགྲོ་བགྱི་འདུག་ལ་དབུ་མ་ལ་མོས་མཁན་དག་གིས་བགྲོད་ལམ་ཡངས་པའི་གཉིས་སྨན་དབུ་མའི་ལམ་ནི་༧རྒྱལ་བ་རིན་པོ་ཆེས་རྒྱ་བོད་གཉིས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་གསར་གཏོད་མཛད་པ་ཡིན་པས་དེ་ལས་ལྡོག་སྟེ་རང་བཙན་ཁོ་ན་རེག་ཐུབ་ལ་འབད་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་རྦད་དེ་རྒྱབ་འགལ་ཡིན་ལུགས་དང་། རང་བཙན་ལ་མོས་མཁན་དག་གིས་བོད་ཀྱི་རྒྱལ་ཁབ་འདི་ཉིད་སྔོན་མ་ནས་རང་བཙན་གཙང་མ་ཡིན་པ་དང་ཕྱིས་སུ་ཁོང་ཚོ་ལྟ་བུའི་རླབས་ཆེན་དང་རྒྱལ་ཞེན་ཆེ་བའི་མི་སྣ་ཕལ་ཆེར་སྐྱེད་སྲིངས་མ་བྱས་པར་ཉམས་དམས་སུ་བཏང་བའི་རྐྱེན་གྱིས་བོད་རང་བཙན་ཤོར་སོང་བའི་བཟོ་འདྲ་བོས་ཁ་བརྐྱངས་སྣ་བརྐྱངས་ཀྱིས་འུད་སྒྲོག་བྱེད་རྐྱང་བྱས་ཏེ། རང་ཉིད་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་སུ་མཁས་བླུན་ཀུན་གྱིས་དོ་སྣང་བྱེད་ཡུལ་གྱི་ཕོ་རོག་དཀར་པོ་ཞིག་ཏུ་འགྱུར་ཐུབ་ལ་ཐབས་ཤེས་ཡོད་རྒུ་བཏོན་ནས་རང་ཉིད་དགེ་ཆོས་སམ་དོན་རྒྱལ་ལྟ་བུའི་བློ་གྲོས་དང་རྣམ་དཔྱོད་ཡངས་པའི་མི་སྣ་ཞིག་ཏུ་ཡིན་པར་རློམ་པ་ནི་ལྐུགས་པས་བླུན་རྟགས་སྟོན་པ་དང་ཁྱད་ཅི།

དེ་ལྟ་བུའི་མི་སྣ་དེ་རིགས་ཀྱིས་རང་བཙན་རྩོད་ལེན་བྱེད་ཁུལ་གྱིས་ལྟ་བ་མཁྲེགས་བཟུང་བྱས་པ་དང་། རྒྱལ་ཞེན་དང་ལ་རྒྱ་ཆེས་ཆེར་ཡོད་མདོག་གིས་རྫུ་འཕྲུལ་ཆུང་ཆུང་འགའ་ཙམ་རེ་སྟོན་ཏེ་སྲིད་སྐྱོང་༼བློ་བཟང་སེང་གེ་༽མཆོག་དང་དོ་ཟླ་ཡོང་བར་ཨུ་ཚུགས་ཀྱིས་ལད་ཟློས་དང་འབད་བརྩོན་ཤུགས་ཆེར་ཞུས་ཀྱང་གནའ་དེང་གི་ཤེས་ཡོན་དང་རིག་གཞུང་བདག་གཉེར། ལྷག་པར་དུ་དེང་དུས་ཀྱི་ཆབ་སྲིད་གོ་རྟོགས་སོགས་གང་ཅིའི་ཐད་ནས་རང་རྐྱ་འཕེར་བ་ཞིག་དང་རང་རྐང་རང་སྟེང་དུ་ལངས་མ་ཐུབ་བར་ཨུ་ཚུགས་ཇི་ལྟར་བྱས་ཀྱང་དོ་ཟླར་མི་ཡོང་བར་བསྙོན་དུ་མེད།
དེ་སྔར་བོད་རང་བཙན་རྩོད་ལེན་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བསྒྲགས་གཏམ་སྤེལ་བར་ང་ཚོས་བོད་རང་བཙན་ལེན་དགོས་པ་ནི་ལོ་རྒྱུས་ཀྱི་འོས་འགན་ཞིག་ཏུ་ཆགས་ཡོད་ཚུལ་དེ་བོད་སྔ་ས་ནས་རང་བཙན་རྒྱལ་ཁབ་ཅིག་ཏུ་ཡིན་པའི་རྒྱུ་མཚན་དུ་བྱས་ན་རྒྱུ་མཚན་དུ་འགྲོ་ཐབས་ག་ལ་ཡོད་དེ། བོད་རང་བཙན་ལེན་དགོས་མིན་གྱི་གནད་དོན་དེ་དུས་དང་སྐབས་ལ་བསྟུན་ཏེ་བོད་དེང་དུས་ཀྱི་ཚན་རྩལ་རིག་གནས་གཙོས་སློབ་སྦྱོང་གི་ཆུ་ཚད་འདང་ངེས་ཤིག་ཡོད་མེད་དང་ཡོད་ཀྱང་དེང་རབས་རྒྱལ་ཁབ་གཞན་དང་མཉམ་གཤིབ་བྱེད་ཐུབ་མིན་སོགས་འབྱུང་འགྱུར་བོད་མི་རིགས་རང་ཉིད་ལ་དགེ་མཚན་ཅི་ཡོད་ཀྱི་ཁེ་བཟང་ལ་ལྟོས་ནས་འཐབ་རྩོད་བྱེད་དགོས་པ་ལས་འབྱུང་འགྱུར་དང་འབྱུང་འགྱུར་མ་ཡིན་པའི་སྣེ་གང་རུང་གཅིག་ལའང་བྱང་ཆ་རྩ་ནས་མེད་པར་ལྷིང་འཇགས་ཀྱི་རི་གྲོང་ཐམས་ཅད་འུར་ཟིང་ཞིག་གིས་ཁད་ཀྱིས་དཀྲོགས་པ་ཙམ་གྱིས་ཅི་ལ་ཕན།

དེ་དང་དེ་འདྲ་བའི་མི་བུ་འགའ་ཤས་ཤིག་ཀྱང་རང་རེ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ཏུའང་དགུང་དུ་བཙུགས་པའི་དར་ལྕོག་བཞིན་རླུང་གར་གཡོ་ལ་ཁ་ལོ་བསྒྱུར་ཅིང་། གཞན་གྱིས་ཅི་ཟེར་ལ་བདེན་དུ་ཆུགས་རྐྱང་བྱས་ཏེ་མི་བུའི་སྒེར་ཚུགས་ཀྱང་ཤོར་ཟིན་པའི་མི་སྣ་དེ་རིགས་ཀྱིས་ག་འདྲ་བྱས་ནས་རང་བཙན་རྩོད་ལེན་གྱི་ལག་ལེན་དངོས་སུ་ཞུགས་ནས་འཐབ་རྩོད་བྱེད་ཕོད་དམ། མ་གཞི་མི་བུ་དེ་ཚོས་རང་མགོ་བོར་ནས་གཞན་མགོ་བཟུང་ཁུལ་བགྱིད་མཁན་གྱི་བྱིས་བློ་ཅན་ཤ་སྟག་རེད།
བྱིས་བློ་ཅན་དེ་དག་གིས་འུར་ལངས་པར་དགའ་ཐག་ཆོད་དེ་གསེར་ངོ་གསེར་དུ་མི་མཐོང་བར་ཕ་ངོ་དགྲར་མཐོང་གི་བླུན་རྟགས་རེ་སྟོན་ཏེ་དོན་དངོས་དང་མི་མཐུན་པའི་ཚད་ལས་བརྒལ་བའི་གདེང་སྤོབས་ཤིག་སླེབས་ཙ་ན། མང་གཙོ་ཞེས་པའི་ཁ་གཡང་སྒྲོགས་བཞིན་རང་དབང་ལོག་སྤྱོད་བྱས་པ་སོགས་ཀྱིས་རང་རེ་བྱེས་འབྱོར་བོད་མིའི་ནང་ཁུལ་དུ་ཟིང་སློང་བའི་ཉེར་བསྡོགས་བརྩམ་རྒྱུར་འགོ་ཚུགས་བས་ན། ནམ་རྒྱུན་ཡིན་མདོག་མདོག་གིས་བོད་བསྟན་སྲིད་ཀྱི་ཆེད་དུ་ཅི་ཡང་བྱ་ཐུབ་བོ་སྙམ་པའི་རང་རློམ་ཅན་བོད་རང་བཙན་རྩོད་ལེན་བྱེད་མཁན་དག་གིས་ད་ཡོད་བོད་མི་རིགས་འདི་ཉིད་ཀྱི་ཆིལ་སྒྲིལ་དང་མཛའ་མཐུན་གྱི་འབྲེལ་ཐག་དེ་བཅད་པ་མ་ཡིན་ནམ།

དེ་བས་ན་ཁོ་བོ་ཅག་དག་གིས་ངལ་སོས་པའི་རྨི་ལམ་སྐྱིད་པོ་ཞིག་བཏང་བ་ལས་དོན་གྱིས་བོད་མི་རིགས་འདི་ཉིད་ལ་ཕན་པ་ཅུང་ཟད་ཙམ་ཡང་མི་བྱུང་སྟབས། ཐོག་མ་ཉིད་ནས་འབྱུང་འགྱུར་གྱི་ཉེས་སྐྱོན་དག་ལ་འཛེམས་དོག་བྱེད་དགོས་པ་རེད་མ་གཏོགས། བླ་ལྷག་གིས་རྒྱལ་ཞེན་ཡོད་བཤད་པ་དང་རྒྱལ་ཞེན་ཡོད་པས་རང་བཙན་རྩོད་ཁུལ་བགྱིས་པ་ཙམ་གྱིས་སུ་ལའང་བརྩི་འཇོག་བྱེད་མི་དགོས་པར་རང་ཤེད་ཚ་བོས་ག་འདྲ་བྱས་ནས་བོད་ཀྱི་རང་བཙན་བསྐྱར་གསོ་བྱེད་ཐུབ་བམ། བོད་རྒྱ་འབྲེལ་མོལ་ཡོང་ཐབས་མེད་ལུགས་དང་མེད་ཚུལ་གྱིས་འུར་བརྒྱབ་ནས་འབད་བརྩོན་མ་ཞུས་པར་ཁ་བདེ་བོ་རྐྱང་རྐྱང་བྱས་བསྡད་ན། བོད་མི་རིགས་ཀྱི་རྩ་དོན་ལ་ཕམ་ཁ་སྟེར་བ་ལས་ཁེ་བཟང་ཏིལ་འབྲུ་ཙམ་སྟེར་མི་ཐུབ།
འོན་ཀྱང་དེ་འདྲ་བའི་མངོན་སུམ་ལ་བསྙོན་བའི་རྒོལ་བ་དག་གིས་ད་དུང་མུ་མཐུད་དུ་རང་ལྟ་མཆོག་འཛིན་གྱིས་སྤྱི་ཚོགས་ག་གེ་མོ་ཞིག་གི་སྡིངས་ཆའི་སྟེང་ལ་མ་འགྲིག་པ་དང་མ་རན་པ་འདི་དང་གན་རེད་ཅེས་མཛུབ་མོ་ཕྱིར་ཀེར་གྱི་སྙིང་སྟོབས་ཙམ་ལས་ནང་གུག་གི་སྤོབས་མེད་པའི་སྡར་མ་དེ་རྣམས་ག་འདྲ་བྱས་ནས་བོད་རང་དབང་རང་བཙན་གྱི་འཐབ་རྩོད་པ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་བམ། དེ་ཙམ་མ་ཟད་ཕ་ངོ་ཟིན་ཐུབ་པའི་བྱིས་པ་ལོ་གསུམ་ཅན་ཞིཧ་ཏུའང་ངོས་འཛིན་བྱེད་དཀའ་བར་སེམས། དེ་བས་ན་ཕྱི་ནང་དབྱེར་མེད་ཀྱི་བོད་རིགས་ཡོད་དོ་ཅོག་གིས་དེ་རིགས་ཀྱི་ལས་དང་རྒྱང་དུ་གྱེས་ཏེ་དབུ་མ་དང་རང་བཙན་གང་འོས་ཀྱིས་བདར་ཤ་དཔྱད་ནས་ད་གཟོད་འཆར་ལྡན་ངང་ལས་ལ་གཞོལ་བར་ཤིན་ཏུ་ནས་གལ་ཆེའོ།

རྩོམ་རིག

Post navigation

Previous Post: བློ་བཟང་སེང་གེ་ལ་བསྐྱར་དུ་རྒྱབ་སྐྱོར་བྱས་ན་འཐུས་ཤོར་ལས་མི་འདུག
Next Post: དུས་དབང་ནི་མ་གཞི་ནས་ཁྱོད་ཀྱི་ལག་རྟེན་བྱེད་རྩིས་ཡོད།

Comments (4) on “ག་འདྲ་བྱས་ནས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 1:05 am

    ་་་་་་་་་སྐྱ་སེར་གཉིས་ཀྱི་ཕྱོགས་ནས་དགག་སྒྲུབ་ཀྱི་གཏམ་བཤད་དང་རྩོམ་ཡིག་མང་དག་ཅིག་ཁྱབ་གདལ་དུ་འགྲོ་བགྱི་འདུག་ལ་་་་་་་་་་ འབྲི་སྟངས་འདི་ལ་རྒྱ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།

  2. རྣམ་རྒྱལ། says:
    2016-02-20 at 12:59 pm

    རང་བཙན་ཁོ་ན་དོན་དུ་གཉེར་བའི་གདོང་དམར་བའི་བོད་པའི་ཕོ་རྒོད་ཚོའི་དམིགས་ཡུལ་འགྲུབ་མིན་མི་ཤེས་ཀྱང་། བོད་ཡོངས་ཀྱིས་ལྟ་བ་རང་བཙན་ཡིན་དུས་བོད་དོན་ལ་ལས་འགུལ་སྤེལ་ན་ངར་ཤུགས་ཆེན་པོ་ཡོད། ད་ལྟའི་དུས་འདི་ཉོལ་ཏོ་རེད། དེ་ཅི་ཡིན་ནམ། ི

  3. གསེར་རིན་ཆེན་ says:
    2016-02-20 at 1:22 pm

    https://twitter.com/DorjeeGyalpo/status/701076947204382720

  4. མགར་ཐོག་མཁྱེན་རབ་འོད་གསལ says:
    2016-02-21 at 4:19 pm

    བོད་ཡོངས་ཀྱི་ལྟ་བ་རང་བཙན་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ། ད་དུང་ད་ལྟའི་དུས་འདིར་ཉོབ་ཏོ་ཡིན་མིན་ངས་མི་ཤེས་པས་ཁྱེད་ཀྱིས་ལྟོས་དང་ཤེས་ངེས་ཡིན། མཆན་གཉིས་པའི་དྲི་ལན་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme