Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ཡོམ་གྱི་ཁྲོད་གནས་པའི་འདས་གསོན་གཉིས་ལ་ཕུལ།

Posted on 2010-04-18 By དབང་ཕྱུག་ 1 Comment on ས་ཡོམ་གྱི་ཁྲོད་གནས་པའི་འདས་གསོན་གཉིས་ལ་ཕུལ།

བོད ལྷ་ཀླུ་གཉན་གསུམ།

ཉེས་མེད་ཀྱི་སྐྱེ་བོ་ཁྲི་སྟོང་མང་བོ
སེམས་མེད་ཀྱི་འབྱུང་བའི་གནོད་པའི་ཁྲོད་དུ
རིན་ཆེན་གྱི་ཚེ་སྲོག་དབང་མེད་དུ་ཤོར་དུས
རྒྱང་རིང་གི་ཡུལ་ཕྱོགས་གང་ས་ནས
ཤ་ཁྲག་གི་འདྲིས་པ་ཟབ་པའི་རིགས་གཅིག་གི་སྤུན་ཟླ་མང་བོས
ཤ་གསེང་ལ་འདར་ཟུག་རྒྱག་ཞོར
ཡིག་དྲུག་གི་དབྱངས་རྟའི་སྐྱོམས་པའི་ངུ་ངག་དྲོན་མོས
འཛམ་གླིང་གི་ཡུལ་གྲུ་གང་ས་ནས
འདས་གསོན་གཉིས་ལ་གདུང་སེམས་མཉམ་བསྐྱེད་བྱས་དེ
ཡོད་མཁན་ཚོས་དངུལ་སྒོར་སྐུར
མེད་མཁན་ཚོས་གསོལ་བ་བཏབ་ནས
རིགས་ཞེན་གྱི་སྲོག་རྩ་སྲ་མོ
འཛམ་གླིང་གི་མཐོ་སར་གནས་པའི་འདས་གསོན་ཚོར་སྤྲིངས་ཡོད
ཤུལ་ལུས་ཀྱི་གསོན་པོ
ཉམ་ཐག་གི་ད་ཕྲུག གཉེན་བྲལ་གྱི་མི་དམངས
འདས་ཟིན་གྱི་སྤུན་ཟླ་དང་ཉེ་རིང་
ཕྱིར་ཡོང་བྲལ་བའི་ལོ་ཟླ་ཞིག་གིས་ཁྱེར་ཟིན་པས
བྱམས་བརྩེ་ཡི་མི་རིགས ལར་ཞེན་གྱི་དུངས་པ
ཁྲེལ་གཞུང་ཅན་གྱི་མི་རིགས་འདིས
ནམ་ཡང་ ཁྱེད་ཅག་གི་ཆེད་དུ
གསོལ་བ་འདེབས་པ་དང་ རོགས་སྐྱོར་གྱི་ཕྱག་ཟུང་
དྲི་མེད་ཀྱི་ཁ་བཏགས བརྩེ་ཞེན་གྱི་སེམས་པས
ཁྱེད་ཅག་ཁོ་ན་སྐྱོང་ངེས་ཡིན
སེམས་མ་སྐྱོ ང་ཚོ་སྐྱིད་སྡུག་མཉམ་མྱོང་ཡིན
སེམས་མ་ཕམ ང་ཚོ་མགོ་ནག་བོད་མི་ཡིན
སེམས་མ་སྡུག ང་ཚོ་ལ་མ་འོངས་པ་ཡོད
ང་ཚོས་ ཁྱེད་ཅག་གི་ཆེད་དུ་ཅི་འཇོན་བྱེད་ངེས་ཡིན
ང་ཚོས་ རིགས་ཞེན་གྱི་ཆེད་དུ
ནམ་ཡང་ ཁྱེད་ཅག་འདོར་མི་སྲིད

སྙན་ངག

Post navigation

Previous Post: རེ་ཐག་ཆད་སྟངས་དེ་འདི་རང་རེད།
Next Post: མུ་གེའི་སྒང་ལ་ཟླ་ལྷག ༼4/14 ས་ཡོམ་གོད་ཆག་བྱུང་རྗེས།༽

Comment (1) on “ས་ཡོམ་གྱི་ཁྲོད་གནས་པའི་འདས་གསོན་གཉིས་ལ་ཕུལ།”

  1. ཀུནབཟང་། says:
    2010-04-19 at 2:00 am

    བོད་པ་ཚང་ལ་ཆགས་སྒོ་གཅིག་རྗེས་གཉིས་འཐུད་འདི་འདྲ་ཞིག་ཡོང་དགོས་པ་ལས་ཅི་ཞིག་བྱས་པ༷འི་རྣམ་པར་
    སྨིན་པ་ཡིན་ན་་་་་ཨ་ཧ་བོ།་་་་རྒྟག་གཞུང་གིས་ཐེག་དང་དཔར་བརྒྱགས་པ་ཙམ་ལས་་རོགས་རམ་ཚད་ལྡན་ཞིག་ད་དུང་འབྱོར་མི་འདུག་ཟེར།་་་་ད་ནི་བོད་ཀྱི་གཏམ་དཔེ་ལ་མི་ཡི་མེ་ལས་རང་གི་ཐལ་བ་དྲོད་ཅེས་པ་ལྟར་ཆོལ་
    གསུམ་བོད་རིགས་སྤུན་ཟླ་རྣམས་དང་ལྷ་པར་དུ་གསེར་རྟ་བླ་རུང་གི་དགེ་འདུན་པ་རྣམས་དང་།་་་་རྫ་སེར་ཤུར་
    དགོན་གྱི་འདུན་པ་མང་པོ་ཞིག་ས་གནས་དངོས་སུ་ཕེབས་ཏེ་གང་ཅའི་ཐད་རོགས་རམ་ཚད་མེད་གནང་བཞིན་པ་ངས་སྙིང་ཐག་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme