Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ་ལ་བསྐྱར་དུ་རྒྱབ་སྐྱོར་བྱས་ན་འཐུས་ཤོར་ལས་མི་འདུག

Posted on 2016-02-192016-02-19 By ཁ་བརྡ 9 Comments on བློ་བཟང་སེང་གེ་ལ་བསྐྱར་དུ་རྒྱབ་སྐྱོར་བྱས་ན་འཐུས་ཤོར་ལས་མི་འདུག

འོད * སྐལ་བཟང་རྡོ་རྗེ།
 
བོད་མིའི་རྩ་དོན་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན་ན་ངེས་པར་དབྱེ་ཞིབ་ནན་མོ་གནང་དགོས་པ་ལས། ཕྱོགས་འཐེན་བྱས་ན་མི་ལེགས། ལྷག་དོན་བོད་ནང་གི་གནས་སྟངས་འདི་འདྲའི་སྐབས་སུ་ཕྱི་སྡོད་བོད་མི་ཚོས་སྲིད་སྐྱོང་འདེམས་ནོར་བྱུང་ན་ངོ་ཚ་དགོས་པ་ཞིག་ཡིན། གཙོ་བོ་ཕྱི་སྡོད་བོད་མི་ཚོས་རང་འགན་ཐེག་དགོས། བོད་ནང་རང་དབང་མེད་ཁར་ཕྱི་ཕྱོགས་ནས་སྲིད་དོན་འཐུས་ཤོར་སོང་ཚེ་གྱོང་གུད་ནི་བོད་མི་ཡོངས་ལ་ཐེབས་ཀྱི་ཡོད།

1. མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་ཙམ་དང་། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་བཙུགས་ཡོད། འོན་ཀྱང་། བློ་བཟང་སེང་གེའི་སྐབས་སུ་དེ་ཚོ་མེད་པ་ཆགས་ནས་ད་ལྟ་ཀླད་གོར་0 ཡིན།

2. ཁ་ནས་རང་ཁ་རང་གསོ་ཞེས་འཆད་ཀྱི་ཡོད་མོད། སྤུན་སྲིང་གཞིས་ཆགས་ཀྱི་ལས་འགུལ་སོགས་རང་ཁ་རང་གསོའི་ལས་གཞི་གང་ཡང་ལམ་ལྷོང་མེད་པ་མ་ཟད་2014-2015 སྔོན་རྩིས་སོང་སྒོར་ས་ཡ་2212 དང་ཡོང་འཆར་སྒོར་ས་ཡ་2045 ལྟར་ན། ཡོང་སོང་ཁ་མ་འདུམ་པ་སྒོར་ས་ཡ་167 ཡིན་པས། དཔལ་འབྱོར་གྱི་གནས་སྟངས་གང་འདྲ་ཡིན་མིན་ཤེས་ཐུབ།

3. སྲིད་སྐྱོང་གིས་གཏན་འཇགས་སློབ་གྲྭ་ཁག་བོད་གཞུང་གི་མངའ་ཁོངས་སུ་རྩིས་ལེན་འཐུས་ཤོར་བྱུང་སྟེ་ད་ལྟ་རྒྱ་གར་ལྷོ་ཕྱོགས་དང་། བྱང་ཤར་གཞིས་ཆགས་ཁག་སོགས་སློབ་གྲྭ་མང་པོའི་ནང་དབྱིན་རྩིས་ཀྱི་དགེ་རྒན་མེད་པར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། སྔར་ཡོད་ཤེས་ཡོན་སྲིད་ཇུས་དེའང་འཐུས་ཤོར་དུ་བཏང་ཡོད།

4. ཕྱི་དྲིལ་བཀའ་བློན་གྱི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་སྐུ་ཚབ་དོན་གཅོད་ཁང་ཁག་གི་སྟངས་འཛིན་དབང་ཆ་ཕྱི་དྲིལ་བཀའ་བློན་ལ་ཡོད་མོད། བློ་སེང་གིས་དེ་དག་གི་དབང་ཆ་སྒེར་འཛིན་གྱིས་རང་འདོད་ལྟར་ལས་བྱེད་མི་སྣ་བསྐོ་བཞག་བྱས་ཤིང་། ༸གོང་ས་མཆོག་སྐུ་པར་མར་བླངས་ནས་ཁོའི་པར་ཡར་ལ་བཞག་པ་སོགས་མི་འོས་པའི་བྱ་སྤྱོད་གང་མང་ཐོན།

5. གཞུང་དངུལ་ལྐོག་ཟ་བྱས་ནས་ཨ་རིའི་ཁང་རིན་ལ་སྤྲད་པའི་དོགས་གནས་ཡོད་པས་ཁྲིམས་མཐུན་མིན་པ་ཆགས་ཡོད།

6. བློ་སེང་གི་སྒྲུབ་སྟངས་དེས་བོད་གཞུང་གི་ལས་བྱེད་མི་སྣ་མང་བོ་ཞིག་གི་འདོད་བློ་མ་ཁེངས་པ་དང་ཡིད་ཆད་པའི་གནས་ཚུལ་བྱུང་ཡོད་པ་དང་། ལོ་བཞིའི་རིང་ལས་བྱེད་88 ཀྱིས་རྩ་དགོངས་ཞུས། དེའི་ནང་བློ་སེང་ལ་ཡིད་ཆད་ནས་མིག་ཆུ་འདོན་མཁན་ཡང་བྱུང་ཡོད། (འདི་ནི་སྐར་རྟགས་ཅན་གྱི་དྲི་བའི་ནང་གསལ།)

7. 2016 ལོའི་དུས་འཁོར་དབང་ཆེན་ཡང་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་རྙོག་དྲ་བསླངས་ཏེ་མེད་པར་བཟོས། མི་མང་ལ་ནང་འགལ་ཅན་གྱི་གསལ་བསྒྲགས་རྫུན་མ་སྔ་ཕྱི་ཁ་ཤས་བྱས།

8. ཨ་རི་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་དོལ་འདྲེ་ཚོགས་པས་༸གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་བཟོ་འཆར་ཡོད་ཚུལ་བསྒྲགས་ཀྱང་། བློ་སེང་གིས་དེ་དག་སྣང་མེད་དུ་བཞག་ཅིང་གཞུང་གི་དྲ་རྒྱའི་ནང་ནས་དོལ་འདྲེ་ཚོགས་པའི་སྐོར་གྱི་གཞུང་འབྲེལ་ཡིག་ཆ་མེད་པར་བཟོས་པས། དོལ་མི་ཚོའི་ངོ་རྒོལ་སྔར་ལས་ཆེ་བར་གྱུར་པ་མ་ཟད། ༸གོང་ས་མཆོག་གི་ཉེ་སར་བཅར་ནས་ངོ་རྒོལ་བྱས་པའི་གནས་ཚུལ་རབ་དང་རིམ་པ་བྱུང་ཡོད།

9. ད་ལྟ་གཞུང་འབྲེལ་ཕྱོགས་བསྐྱོད་ཁག་མང་བོ་ཞིག་གི་སྐབས་སྒེར་དོན་དྲིལ་བསྒྲགས་བྱས་པ་སོགས་སྒྲིག་གཞི་དང་མི་མཐུན་པའང་འབྱུང་གི་ཡོད་ལ། དེ་བཞིན་དབུས་འོས་བསྡུ་ལྷན་ཁང་ནས་ཨ་རིའི་དོན་གཅོད་པར་ཉེན་བརྡ་ཡང་བཏང་ཡོད།

བསམ་ཚུལ།

Post navigation

Previous Post: མི་ལོ་ཉི་ཤུའི་གསེར་མདོག་གི་བཞུད་ལམ་རིང་མོ།
Next Post: ག་འདྲ་བྱས་ནས།

Comments (9) on “བློ་བཟང་སེང་གེ་ལ་བསྐྱར་དུ་རྒྱབ་སྐྱོར་བྱས་ན་འཐུས་ཤོར་ལས་མི་འདུག”

  1. སྲིད་པ་རྡོ་རྗེ་ says:
    2016-02-19 at 10:58 pm

    https://youtu.be/axbUqNMcWI4

  2. གསེར་རིན་ཆེན་ says:
    2016-02-19 at 10:59 pm

    https://youtu.be/axbUqNMcWI4

  3. ལུང་རྟོགས། says:
    2016-02-19 at 11:24 pm

    ད་ཁྱི་རྒན་ངུ་ཟུག་ཅི་ཙམ་བྱས་ཀྱང་གངས་སེང་སླར་ཡང་གངས་ལ་ཕེབས་རྒྱུ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 12:30 am

    འོད * སྐལ་བཟང་རྡོ་རྗེའི་ལན་དུ། ད་ལོའི་སྲིད་སྐཡོང་རྒྱབ་སྐྱོར་པ། རབ་འབྱམས་པ་ཀརྨ་རྡོ་རྗེས་སྤེལ་བ།

    1. མཁས་དབང་བློ་བཟང་སེང་གེའི་སྐབས་སུ་བོད་རྒྱ་ཞི་མོལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་གཞུང་གི་ལག་ཏུ་བཞག་ཡོད།

    2.ཁ་རང་རང་གསོའི་སྟེང་དུ། དཔལ་འབྱོར་གྱི་བསྡུ་རུབ་ས་ཡ་༣གསུམ་འོངས་སར། ས་ཡ་༦དྲུག་ཡོང་ཐུབ་པར་བྱས་འདུག

    3. སྲིད་སྐྱོང་གིས་གཏན་འཇགས་སློབ་གྲྭ་ཁག་ལ་གང་ཐུབ་ལྟ་སྐོར་དང་། དབྱིན་རྩིས་ཀྱི་དགེ་རྒན་ཙམ་མིན་པར། དགེ་སློབ་གང་མང་ཐད་ཀར་བསྐོང་ནས། མ་འོངས་བོད་ཀྱི་སོན་རྩ་བཟོ་སྟངས། སྔར་མེད་གསར་གཏོད་བྱས་སོང་།

    4. ཕྱི་དྲིལ་བཀའ་བློན་གྱི་ཁྱབ་ཁོངས་སུ་ཡང་། བློ་སེང་རང་གིས་ལས་བྱེད་མི་སྣ་བསྐོ་བཞག་བྱས་ཤིང་། ༸གོང་ས་མཆོག་སྐུ་པར་མར་བླངས་ནས་ཁོའི་པར་ཡར་ལ་བཞག་པ་སོགས་ཀྱི་སྐྱོན་འཛུགས་མང་དག་ཅིག ཁྲག་དོག་གི་མིག་ལ་ཚེར་མ་ཟུག་པ་ལྟར། གཞི་མེད་སྐྱོན་འཛུགས་ཡིན་པ་ངོས་ལེན་བྱེད་བཞིན་ཡོད་གདའ།

    5. གཞུང་དངུལ་ལྐོག་ཟ་བྱས་ནས་ཨ་རིའི་ཁང་རིན་ལ་སྤྲད་པར་བཤད་པ་ནི། མི་དཀར་པོར་ཞྭ་མོ་ནག་པོ་གཡོག་འདོད་བྱུང་ཡང་། གཡོག་མ་ཤེས་པ་ཡིན་པ། ཀུན་གྱི་ཡིད་ངོར་གསལ་གསལ་ཐིང་ཐིང་ཆགས་བཞིན་པ་རེད།

    6. བློ་སེང་གི་དྲང་པོ་དང་། ཧུར་བརྩོན་གྱསི་ཆོས་སྲིད་ཀྱི་བྱ་བ་སྒྲུབ་སྟངས་དེས། བོད་གཞུང་གི་ལས་བྱེད་ཁོག་རུལ། སྙིང་རུལ། དམར་འཐོམས་པ་མང་པོ་ཅིག་ལ། མིག་ལྟོས་བཟང་པོ་བསྐྲུན་ཡོད་པ་རེད།

    7. 2016 ལོའི་དུས་འཁོར་དབང་ཆེན་ཡང་།༸གོང་མཆོག་གི་མཛད་འཆར་མང་དྲགས་པ་དང་བསྟུན་ནས། ཡར་བླ་མར་དགོངས་སྐོར་ཞུས་པ་དང་། མར་༸གོང་ས་མཆོག་གི་ཐུགས་དམ་ཐེངས་བདུན་དང་མཐུན་པར། ཕྱི་འགྱངས་གནང་བར། ང་ཚོ་དད་ལྡན་ཡོངས་ནས། ཐུགས་རྗེ་ཆེ་ཞེས། གྲངས་མེད་ཞུ་བཞིན་ཡོད་དོ།།

    8. ཨ་རི་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་དོལ་འདྲེ་ཚོགས་པས་༸གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་བཟོ་འཆར་ཡོད་ཚུལ་བསྒྲགས་པ་ལྟར། ད་བར་ལོ་བཞི་དངཕྱེད་ཀའི་བར།༸གོང་ས་མཆོག་གི་ཉེ་སར་བཅར་ནས་ངོ་རྒོལ་བྱས་ཀྱང་། ཛམ་གླིང་མི་དམངས་འཁྲོད་དུ། དོལ་ཚོགས་པ་རང་ཉིད་རང་གནོངས་ངོ་ཚ་ཁ་སྐྱེང་བྱུང་བ་སོགས་ནི། བློ་སེངམཆོག་་གིདབང་དང་ནུས་པ་ལས། བྱུང་བར་འདོད་ལགས།

    9. ད་ལྟ་གཞུང་འབྲེལ་ཕྱོགས་བསྐྱོད་ཁག་མང་བོ་ཞིག་གི་སྐབས་སྒེར་དོན་དྲིལ་བསྒྲགས་མ་བྱས་པར། རང་གི་སྒེར་གྱི་གུང་སེང་ཞུས་པ་དང། སྒེར་གྱི་འགྲོ་འགྲོན་བཏང་ནས། གཞུང་དོན་ཞོར་དུའང་བསྒྲུབས་པ་འདི་བོད་རིགས་སྐྱེས་བུ་དམ་པའི་མཚན་རྟགས་སུ་གྲངས་མི་འོས་སམ། ལགས། འོད * སྐལ་བཟང་རྡོ་རྗེ་ལགས།

  5. གངས་ཕྲུག། says:
    2016-02-20 at 2:02 am

    བོད་ལ་ཕན་ཐོག་སྤུ་རྩེ་ཙམ་མེད་པའི་རྒྱ་བོད་གྲོས་མོལ་ལན་བརྒྱ་བྱས་ཀྱང་ངོ་སོ་ཆེ་རྒྱུ་མེད་པར་མ་ཟད། ལོ་ཟླ་ཞག་འགྱངས་ཀྱིས་བོད་མིར་མགོ་སྐོར་གྱི་ཇུས་ངན་ཞིག་ཡིན་པ་ཤེས་པ་གྱིས། འབྲས་བུ་མེད་པའི་རྒྱུ་ལ་རྩོལ་བ་བྱེད་་ནི་རང་སྡུག་རང་གིས་བཟོ་པ་དང་ཅིག་མཚུངས་རེད། མཁས་མཛངས་ལྡན་པའི་ཁྲིམ་ལུགས་ཀྱི་འབུམ་རམ་པ་སྲིད་སྐྱོང་སེང་གེ་ལགས་ཀྱིས་རྒྱ་བོད་གྲོས་མོལ་ཚོགས་ཆུང་སོགས་ཀྱི་ཕྱག་ལས་གནང་སྟངས་འདི་ཁྲིམ་ལུགས་མཁས་པའི་མཛད་རྗེས་རླབས་ཆེན་ཞིག་རེད། ཁ་དཔེར་དུ། བུ་ནམ་ཡོང་མི་ཤེས། མིང་ཟླ་བ་གྲགས་པ། ཟེར་སྲོལ་ལྟར་རེད། བདུན་བཅུ་ལོ་འཇུག་ནས་གོང་ས་མཆོག་གིས་རྒྱ་བོད་གྲོས་མོལ་གནང་སྡོད་པ་རེད། འོན་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་མེད་ཁར་གོང་ས་མཆོག་ལ་མཚན་སྨད་སོགས་ལོ་རེ་ནས་ལོ་རེ་བཞིན་སྡུག་ཏུ་ཕྱིན་པ་འདིས་ག་རེ་སྟོན་གྱི་ཡོད་མེད་ད་དུང་ཡང་ཤེས་ཀྱི་མེད་ན་རྒྱ་ནག་ཚང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཆ་རྒྱུས་ཡ་རྒྱུས་མེད་སོང་བ་རེད། དོན་དངོས་ནི་གོང་ས་མཆོག་འདས་དགུག་བྱེད་པ་ལས་རྒྱ་བོད་གྲོས་མོལ་མི་བྱེད་རྒྱུ་ནི་རྒྱ་དམར་ཚང་གིས་ཁ་ཕྱོགས་ཡིན་ཤེས་པ་དགྱིས།

  6. ཟླ་བ། says:
    2016-02-20 at 3:47 am

    ༄།།འོ་ཡ་ང་ཚོ་ཚང་མའི་ཆེད་ཡིན་པས་ཐུགས་བསམ་ཡག་པོ་གནང་ན་མ་གཏོགས་ད་དུང་འདི་ལྟར་ལོ་ལྔ་ཆས་ན་དཀོན་མཆོག་མཁྱེན།

  7. འོད། says:
    2016-02-20 at 7:08 am

    ལན།
    ཀརྡོ་གཉེར་ཕྱག་པ་སོགས་ལ།
    བོད་རྒྱའི་འབྲེལ་བ་སྔར་ལས་ཡག་པོ་ཡོད་ཅེས་རྫུན་གསུང་མཁན་སྐུ་ངོ་བློ་སེང་རེད། དེ་སྔོན་ལྷོ་ཕྱོགས་ནས་གསུངས་པ་རེད། ཁྱོད་ཀྱིས་རྒྱ་གཞུང་གི་ལག་ཏུ་བཞག་ཡོད་ཅེས་བཤད་འདུག་ན། དེ་སྔར་ལས་ཡག་པོ་མེད་པ་ཤེས་ཧ་ཅང་གསལ།

    ཁོས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཡི་ཡིན་ཞེས་རྫུན་ཁ་ནང་དུ་མི་ཤོང་བ་ཞིག་དེ་སྔོན་གསུངས་པ་རེད། ད་ལྟ་བོད་རྒྱ་འབྲེལ་ལམ་གང་ཡང་མེད་པས་ཇི་ལྟར་གདན་འདྲེན་ཞུ།

    སྤུན་སྲིང་གཞིས་ཆགས་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་རྫུན་འཆད་མཁན་ཡང་སྐུ་ངོ་བློ་སེང་རེད། ད་ལྟ་དེ་ཚོ་གཅིག་ཀྱང་འགྲུབ་མེད།

    དེ་སྔོན་གྲོས་ཚོགས་སྟེང་ལོ་གཉིས་ནང་སློབ་གྲྭ་རྩིས་བླངས་ནས་ཚར་ངེས་ཞེས་རྫུན་འཆད་མཁན་ཡང་ཁོ་རེད། ད་ལྟ་ལོ་བཞི་དང་ཕྱེད་ཀ་འགོར་ཡོད། ཧོང་སོར་སོགས་ན་དབྱིན་རྩིས་དགེན་མེད་པ་ནི་ཁ་སང་དེ་རིང་གི་གནས་ཚུལ་ངོ་མ་རེད།

    དོན་གཅོད་ཁང་གསར་བ་རེད། ༸གོང་ས་མཆོག་གི་སྐུ་པར་མ་རེག་པས་སྲིད་སྐྱོང་གི་པར་བཞག་པ་རེད་ཅེས་འཆད་མཁན་ཡང་ཁོ་རེད། རྒྱ་ནག་མ་གཏོགས་༸གོང་ས་མཆོག་གི་སྐུ་པར་མ་རེག་པ་ཞིག་མི་སྲིད། མདོར་ན་འདི་ཡང་རྫུན་བཤད་པ་རེད།

    ཨ་རིའི་ཁང་རིན་སྐོར་དེ་མོ་ར་མ་ནེ་ཧན་གྱིས་བསྐྱར་ལན་བཏབ་པས་དེང་སང་ཁ་གྲག་རྒྱུ་མེད་པ་བཟོས་འདུག གང་ལྟར་ཁྲིམས་ཐོག་ནས་གསལ་བོ་མ་བྱུང་བར་དུ་དཀར་འདོན་བྱེད་ས་མེད།

    དུས་དབང་ཞུ་སྐབས་སྐུ་ངལ་ཡོད་པ་མ་ཤེས་པར་ཟླ་བ་ཁ་ཤས་ཀྱི་རྗེས་ནས་ཤེས་པ་ཨེ་རེད། འདིའི་སྐོར་ད་སྐབས་གསལ་བོ་རེད། གསལ་བསྒྲགས་སོགས་ཚང་མ་རྫུན་རེད།

    ད་དུང་བོད་ལ་རྒྱལ་ཁབ་ཅིག་བྱུང་མྱོང་མེད་ཟེར་མཁན་ཡང་ཁོ་རེད། གྲོས་ཚོགས་ནང་འདིའི་སྐོར་ཡང་གླེང་སློང་དང་སེམས་ཁྲལ་བྱུང་ཡོད། སྲིད་སྐྱོང་གི་སྐད་ཆ་འདིས་ལོ་རྒྱུས་ནག་གསུབ་བཟོས་པ་རེད། སྐད་ཆ་འདི་རྒྱ་ནག་གིས་ཉར་ཏེ་ལོ་རྒྱུས་སུ་བཀོད་ནས་རྗེས་མ་ལུང་འདྲེན་བྱེད་ངེས།

  8. འོད་ says:
    2016-02-20 at 7:28 am

    ལན།
    ཀརྡོ་གཉེར་ཕྱག་པ་སོགས་ལ།
    བོད་རྒྱའི་འབྲེལ་བ་སྔར་ལས་ཡག་པོ་ཡོད་ཅེས་རྫུན་གསུང་མཁན་སྐུ་ངོ་བློ་སེང་རེད། དེ་སྔོན་ལྷོ་ཕྱོགས་ནས་གསུངས་པ་རེད། ཁྱོད་ཀྱིས་རྒྱ་གཞུང་གི་ལག་ཏུ་བཞག་ཡོད་ཅེས་བཤད་འདུག་ན། དེ་སྔར་ལས་ཡག་པོ་མེད་པ་ཤེས་ཧ་ཅང་གསལ།

    ཁོས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཡི་ཡིན་ཞེས་རྫུན་ཁ་ནང་དུ་མི་ཤོང་བ་ཞིག་དེ་སྔོན་གསུངས་པ་རེད། ད་ལྟ་བོད་རྒྱ་འབྲེལ་ལམ་གང་ཡང་མེད་པས་ཇི་ལྟར་གདན་འདྲེན་ཞུ།

    སྤུན་སྲིང་གཞིས་ཆགས་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་རྫུན་འཆད་མཁན་ཡང་སྐུ་ངོ་བློ་སེང་རེད། ད་ལྟ་དེ་ཚོ་གཅིག་ཀྱང་འགྲུབ་མེད།

    དེ་སྔོན་གྲོས་ཚོགས་སྟེང་ལོ་གཉིས་ནང་སློབ་གྲྭ་རྩིས་བླངས་ནས་ཚར་ངེས་ཞེས་རྫུན་འཆད་མཁན་ཡང་ཁོ་རེད། ད་ལྟ་ལོ་བཞི་དང་ཕྱེད་ཀ་འགོར་ཡོད། ཧོང་སོར་སོགས་ན་དབྱིན་རྩིས་དགེན་མེད་པ་ནི་ཁ་སང་དེ་རིང་གི་གནས་ཚུལ་ངོ་མ་རེད།

    དོན་གཅོད་ཁང་གསར་བ་རེད། ༸གོང་ས་མཆོག་གི་སྐུ་པར་མ་རེག་པས་སྲིད་སྐྱོང་གི་པར་བཞག་པ་རེད་ཅེས་འཆད་མཁན་ཡང་ཁོ་རེད། རྒྱ་ནག་མ་གཏོགས་༸གོང་ས་མཆོག་གི་སྐུ་པར་མ་རེག་པ་ཞིག་མི་སྲིད། མདོར་ན་འདི་ཡང་རྫུན་བཤད་པ་རེད།

    ཨ་རིའི་ཁང་རིན་སྐོར་དེ་མོ་ར་མ་ནེ་ཧན་གྱིས་བསྐྱར་ལན་བཏབ་པས་དེང་སང་ཁ་གྲག་རྒྱུ་མེད་པ་བཟོས་འདུག གང་ལྟར་ཁྲིམས་ཐོག་ནས་གསལ་བོ་མ་བྱུང་བར་དུ་དཀར་འདོན་བྱེད་ས་མེད།

    དུས་དབང་ཞུ་སྐབས་སྐུ་ངལ་ཡོད་པ་མ་ཤེས་པར་ཟླ་བ་ཁ་ཤས་ཀྱི་རྗེས་ནས་ཤེས་པ་ཨེ་རེད། འདིའི་སྐོར་ད་སྐབས་གསལ་བོ་རེད། གསལ་བསྒྲགས་སོགས་ཚང་མ་རྫུན་རེད།

    ད་དུང་བོད་ལ་རྒྱལ་ཁབ་ཅིག་བྱུང་མྱོང་མེད་ཟེར་མཁན་ཡང་ཁོ་རེད། གྲོས་ཚོགས་ནང་འདིའི་སྐོར་ཡང་གླེང་སློང་དང་སེམས་ཁྲལ་བྱུང་ཡོད། སྲིད་སྐྱོང་གི་སྐད་ཆ་འདིས་ལོ་རྒྱུས་ནག་གསུབ་བཟོས་པ་རེད། སྐད་ཆ་འདི་རྒྱ་ནག་གིས་ཉར་ཏེ་ལོ་རྒྱུས་སུ་བཀོད་ནས་རྗེས་མ་ལུང་འདྲེན་བྱེད་ངེས།

  9. གངས་ཕྲུག། says:
    2016-02-20 at 9:40 am

    འོད་མ་རེད། མེད་ཟེར་ན་རན་པ་འདུག། ལྐུག་པ་ཨུ་ཚུགས་རང་རེད་འདུག། དུས་དབང་སྐོར་ཅི་གང་ཤེས་མི་འདུག། ཀླད་པ་མེད་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme