Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།

Posted on 2016-02-182016-02-18 By ཁ་བརྡ 31 Comments on སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།

—ཕུར་རྡོར་གྱིས།

 
མིག་སྔར་གྱི་སྲིད་སྐྱོང་འོས་མི་གཉིས་ལ་བལྟས་ཏེ་ཀུན་སྤྱོད་གཅིག་པུའི་ཐོག་ནས་གཤིབ་བསྡུར་ཞིག་བྱས་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ཡིས་མང་ཆེ་བ་འབྱུང་འགྱུར་གྱི་འཆར་གཞི་དང་། གཞན་གྱིས་སྐྱོན་བརྗོད་བྱས་པར་དཔང་རྟགས་ཀྱི་སྒོ་ནས་གསལ་བཤད་བྱ་རྒྱུ་ཤ་སྟག་ལས། གཞན་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་ཀྱི་མེད། ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གིས་ནི་དེ་ལས་ལྡོག་ནས་ཁ་གཏད་དེ་ལ་གཞི་མེད་སྐྱོན་བརྗོད་ཤ་སྟག་སྟེ། དཔེར་ན། དུས་དབང་གསལ་བསྒྲགས་བྱེད་སྟངས་ཀྱི་ཐད་ལ་གཞུང་གི་གསང་བ་ཕྱི་བསྒྲགས་བྱེད་མི་ཆོག་པ་དེ་ལག་ཆ་རུ་བྱས་ཤིང་གོ་སྐབས་སུ་བཟུང་ནས་ཉེ་སྔོན་ཨ་རིར་གཏམ་བཤད་ཅིག་གི་ནང་དུ། དུས་དབང་ཕྱི་འགྱངས་བྱས་པ་དེའི་རྒྱབ་ཏུ་གསང་བ་ཆེན་པོ་ཞིག་ཡོད་པ་ཤེས་ཀྱི་ཡོད་མདོག་མདོག་གིས་༸གོང་ས་མཆོག་གི་ཞལ་གསུང་དྲོན་མོ་ལོག་འགྲེལ་བྱས་ཏེ། ཧམ་པ་ཆེན་པོས་སྐྱག་རྫུན་རོ་འདྲ་ཞིག་གིས་མི་དམངས་མགོ་སྐོར་བཏང་བ་ཡིན། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་བཞེས་མཁན་གཙོ་བོ་རྣམ་པ་སྟེ། ལྷན་ཁང་ཁག་གི་བཀའ་བློན་ལྷན་རྒྱས་སེམས་ཀྱིས་མ་བཟོད་པར་༼བཀའ་ཤག་གི་གསལ་བཤད།༽ཅེས་པ་ཞིག་སྤེལ་ནས་ཚོགས་གཙོ་སྤེན་ཚེའི་གདོང་ལྤགས་མཐུག་པོ་དེ་བཤུ་དགོས་བྱུང་པ་ཡིན།

ཡིན་ནའང་སྐྱག་རྫུན་གཅིག་གིས་གོ་མ་ཆོད་པར་ཡང་བསྐྱར་སྐྱག་རྫུན་བཤད་ནས། “སྲིད་སྐྱོང་གིས་ང་ལ་དེ་སྔ་ནས་ལབས་པ་ཡིན་ན་སྐབས་དེར་ངས་དེ་ལྟར་བཤད་ཀྱི་མ་རེད།”ཟེར་ནས་རང་ཉིད་འགེབ་སྲུང་བྱེད་ཐབས་བྱས། སྲིད་སྐྱོང་གིས་སླར་ཡང་“ངས་བཀའ་བློན་རྣམ་པ་བཞི་དང་ཚོགས་གཞོན་ཆ་ཚང་ཡོད་སའི་མདུན་ནས་ཚོགས་གཙོ་ལ་ཞལ་པར་ཕུལ་ནས་ཆ་ཚང་བཤད་པ་ཡིན།”ཟེར་ནས་ཡང་བསྐྱར་དམར་རྗེན་དུ་བཏོན། ཡིན་ནའང་ཁྲེལ་མེད་ནི་ཁྲེལ་མེད་རང་སྟེ། ད་དུང་ས་གནས་ཁག་ཏུ་སྐོར་སྐྱོད་བྱེད་བཞིན་ད་ལྟའི་སྲིད་སྐྱོང་གིས་ཅི་ཅི་ཅིག་འཇོན་མ་སོང་ཉི་ཉི་ཉིས་ཐོན་མ་སོང་ཟེར་ནས་ཁྲམ་པ་དང་ཧམ་པ་ཁོ་ནས་མི་དམངས་མགོ་སྐོར་གཏོང་བཞིན་སྐོར་སྐྱོད་བྱེད་བཞིན་ཡོད།

སྲིད་སྐྱོང་འོས་མི་གཉིས་ཀྱི་གསུང་བཤད་ཀྱི་ནང་དོན་ལས། ཁོང་རྣམ་པ་གཉིས་ཀྱི་བསམ་བློའི་གནས་ཚད་དང་ཤེས་ཡོན་གྱི་རྒྱབ་ལྗོངས་སོགས་མང་པོ་ཞིག་ལ་ཚད་འཇལ་མི་དགོས་པར། ཞལ་རྫུན་བཤད་མིན་གྱི་གནད་དོན་ཁོ་ནའི་སྟེང་ནས་ཀྱང་ཁོང་རྣམ་གཉིས་ཀྱི་ཀུན་སྤྱོད་ལ་ཚད་འཇལ་བཏུབ་པའི་གནས་སྟངས་སུ་གྱུར་ཡོད། དེ་བས། ང་ཚོ་ལ་བོད་སྤྱི་པའི་རྩ་དོན་གྱི་སླད་དུ་མ་མཐའ་ཡང་ཞལ་རྫུན་མི་གསུང་མཁན་གྱི་སྲིད་སྐྱོང་ཞིག་དགོས་སམ། ཡང་ན་༸གོང་ས་མཆོག་གི་ཞལ་གསུང་དྲོན་མོ་ལ་མངོན་སུམ་གྱིས་བསྙོན་ཏེ་ཁྲམ་པ་དང་སྐྱག་རྫུན་ཤ་སྟག་གིས་མི་དམངས་མགོ་སྐོར་གཏོང་མཁན་གྱི་སྲིད་སྐྱོང་ཞིག་དགོས་མིན་དེ་ང་ཚོ་ཚང་མར་འདེམ་ཀ་བྱེད་རྒྱུའི་དབང་ཆ་ཡོད་པས། ཚང་མས་ཅིས་ཀྱང་ཐུགས་བསམ་ལེགས་པོ་བཞེས་ཏེ་སྲིད་སྐྱོང་མ་ནོར་བ་ཞིག་གདམ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་། །

2016/2/7ཉིན།

བསམ་ཚུལ།

Post navigation

Previous Post: ལག་ལེན་ལ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཇི་ལྟར་བྱུང་ཡོད།
Next Post: ང་ཚོ་གསར་འགོད་པ་ཡིན་པ་ལས་དྲུང་ཡིག་མིན།

Comments (31) on “སྲིད་སྐྱོང་འོས་མི་གཉིས་ལ་ཀུན་སྤྱོད་ཀྱི་ཆ་ནས་གཤིབ་བསྡུར་བྱས་པ།”

  1. སྲོང་བཙན། says:
    2016-02-18 at 7:16 am

    ཡག་པོ་བྲིས་འགི་ཡ། ཁོ་རེ།

  2. པདྨ says:
    2016-02-18 at 7:53 am

    བདེན་པ་རེད། བློ་བཟང་སེང་གེ་དངོས་ནས་བཟང་སྤྱོད་དང་རྣམ་དཔྱོད་དང་ལྡན་པའི་སྐད་ཆ་བཤད་སོང་།། ཚོགས་གཙོ་xxxགིས་སོ་སོས་རྐུབ་སྟེགས་ལས་གཞན་ལ་བསམ་བློ་མ་འཁོར་བ་སྲིད་སྐྱོང་ལ་གཞི་མེད་སྒྲོ་བཀུར་ག་རེ་བཤད་སོང་། ཧ་ལས་སོང་། སྤེན་ཚེ་ཟེར་བ་ཁོ་ཁྲེལ་མེད་དང་ད་སྔོན་མི་བསད་དང་རྐུན་རྫུན་ཡོད་པ་བདེན་པ་ཡིན་སྲིད་པར་འདུག་སྙམ་མོ།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-18 at 8:20 am

    བརྒྱ་ཆ་བརྒྱ་བདེན་པ་རེད་གདའ། དག་པ་ལོས་སྟེར།

  4. མྱི་ནག says:
    2016-02-18 at 8:29 am

    རྫུན་བཤད་མིན་གྱི་ཆ་ནས་བློ་སེང་དཀར་འདོན་བྱེད་པ་ནི་གད་མོ་ཤོར་བའི་རྒྱུ་ཉག་ཅིག་ཏུ་འདོད་སོང་། སྤྱིར་བཏང་གིས་སྲིད་སྐྱོང་འོས་མི་གཉིས་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་ཅི་རིགས་བྱེད་ཀྱིན་འདུག་ལ། ལྷག་པར་དུ་ཕྱོགས་ལྷུང་དང་གཡམ་རྒྱུག་གིས་རང་ཕྱོགས་སྦས་ཏེ་གཞན་ཕྱོགས་ལ་དམའ་འབེབས་བྱེད་རྐྱང་བྱེད་མཁན་དག་ངས་ནི་ཤེས་ཡོན་དང་བསམ་བློ་གཉིས་ཐད་ནས་ཅི་ཡང་མེད་མཁན་ཤ་སྟག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་མོད། ཡིན་ན་ཡང་དེང་སང་སྨྱུ་གུར་རྟེན་ནས་འཚོ་བཞིན་པ་དག་གི་ཁྲོད་ན་ཡང་གཡམ་རྒྱུག་པ་ཤིན་ཏུ་མང་ཚོད་འདུག་པས་ན། གནད་དོན་འདིར་མཚམས་ལན་རེར་ངེས་ངེས་དངངས་འདར་རེ་ཤོར་འགྲོ་གི་འདུག །

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 9:03 am

    ་་་་་་་་ དུས་དབང་ཕྱི་འགྱངས་བྱས་པ་དེའི་རྒྱབ་ཏུ་གསང་བ་ཆེན་པོ་ཞིག་ཡོད་པ་ཤེས་ཀྱི་ཡོད་མདོག་མདོག་གིས་༸གོང་ས་མཆོག་གི་ཞལ་གསུང་དྲོན་མོ་ལོག་འགྲེལ་བྱས་ཏེ། ཧམ་པ་ཆེན་པོས་སྐྱག་རྫུན་རོ་འདྲ་ཞིག་གིས་མི་དམངས་མགོ་སྐོར་བཏང་བ་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 9:06 am

    སྤེན་ཚེས་ཆང་འཐུང་ན་ཡང་། དྷ་སར་མི་ཡ་རབས་གྲལ་དུ། ཚུད་ཡོད་རེད། བློ་སེང་ཆང་། འཐུང་མི་དགོས་ཀྱང་། ཁང་པ་ཉོ་ཡའི་དངུལ་མེད་སྟངས་བཤད་ནས། མ་རབས་གྲལ་དུ་ཨུ་ཚུགས་ཀྱི་བཅུག་བཞིན་ཡོད་རེད་གདའ། ད་བསམ་བློ་ཐོངས། གཟབ་གཟབ་གྱིས།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 9:08 am

    ལས་བྱེད་རྙིང་པ། མང་ཆེ་བ་རུལ་པ་ཆགས་ཚར་བ་རེད། བློ་སེང་རུལ་པ་ཆགས་ཡ་ཡི། ད་ལྟ་དུས་ཚོད་རག་ཡོད་མ་རེད་དོ།།

  8. ལུང་རྟོགས། says:
    2016-02-18 at 10:02 am

    ཀརྡོ་ཟེར་བ་འདི་མི་ཤོག་བུ་རླུང་ཁྱེར་ཞིག་རེད་འདུག སྔོན་མ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་མདོག་བཤད་ཀྱི་ཡོད་ཀྱང་། དེང་སང་ཆོལ་ཞེན་གྱི་དབང་དུ་ཤོར་ཚར་འདུག མི་འདི་འདྲ་ལ་མིའི་རིན་ཐང་མེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 10:30 am

    ང་བློ་སེང་ལགས་དུས་ད་དུང་ཡང་། རྒྱབ་སྐྱོར་བྱེད་བཞིན་ཡདོ་། འོནད་ཀྱང་སྲིད་སྐྱོང་ལན་གཉིསག་ཚར་བའི་རྗེས་ལ་བློ་སེང་ལགས་ཡང་། རེ་བ་མེད། ཁམས་རིགས་ཀྱིས་བོད་ཁུངས་ཁྱོལ་བ་སྒྲུབ་མི་སྲིད་པ་རེད། དེ་བཞིན་ཨ་མདོ་ཡང་གཅིག་མཚུངས་ལྟ་བུ་མཐོང་བཞིན་ཡོད།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 10:33 am

    ལུང་རྟགས་ལགས་སུ།
    #47 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    February 18th, 2016 at 12:39 am
    སྤེན་ཚེས་སྲོག་གཅོད་མ་བྱས་རུང་། །
    སྤེན་ཚེས་གཞན་དངུལ་མ་བཟས་རུང་། །
    སྤེན་ཚེས་ཆང་རག་བཅད་ཀྱང་རུང་། །
    སྤེན་ཚེས་ལས་ས་བཀའ་བློན་ཙམ། །

    #48 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    February 18th, 2016 at 12:40 am
    བློ་སེང་གཞན་དངུལ་བཟས་ནའང་ཟོས། །
    བློ་སེང་ཁམས་སྔེ་འཀྲུགས་ནའང་དཀྲུགས། །
    བློ་སེང་དུས་དབང་འགྱངས་ནའང་འགྱངས། །
    བློ་སེང་ལས་ལྷག་སྲིད་སྐྱོང་མེད། །

  11. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 10:39 am

    ངས། ༸གོང་ས་མཆོག་དང་གཅིག བོད་མིའི་སྒྲིག་འཛུགས་དང་གཉིས། ཟབ་གདོང་བླ་མ་དང་གསུམ་ལ་སྐྱོན་འཛུགས་དམའ་འབེབས་བྱས་ན། དགའ་བསུ་མེད་ལ། ད་དུང་ངོ་རྒོལ་ཡང་ཡོད།
    དེ་མིན་བློ་སེང་དང་། སྤེན་སོགས་བླ་སྤྲུལ་དགེ་བཙུན་སུ་ཡང་། སྐྱོན་བརྗོད་ཚད་ལྡན་བྱས་ན་དགའ་བསུ་དང་། རྒྱབ་སྐྱོར་བྱེད་མཁན་ཅིག་ཀྱང་ཡིན་ནོ།། །།

  12. ཕུར་རྡོར། says:
    2016-02-18 at 11:36 am

    ཆོལ་ཁ་དང་ཆོས་བརྒྱུད་ཀྱི་མཁྲིས་ནད་ཅན་རྣམས་དང་ཐུན་མོང་གི་སྐད་ཆ་མེད། ཁྱེད་ཅག་ལ་ཞེ་གཏིང་ནས་སུན།

  13. གངས་ཕྲུག་ says:
    2016-02-18 at 11:59 am

    དེ་སྔོན་ང་འདྲ་བོ་ཡིན་ན་བློ་བཟང་ལ་ཡིད་ཆེས་དང་རང་ཉིད་ཀྱི་དགྲ་བོས་བཀས་འགོད་རྒྱུན་འཛིན་ཟེར་བའི་ཚིག་བེད་མེད་འགྲོ་བའི་ཆེད་དུ་བློ་སེང་ལ་འོས་ཞིག་བླུགས་པ་ཡིན། ཡིན་ཡང་ད་ལེན་ང་རང་ཙམ་མ་ཡིན་པར་ནང་མི་ཚང་མས་ཁྱོད་ལ་དགོངས་དག་ཞུ་དགོས་ཆགས་སོང་ དེ་ཡང་བློ་བཟང་ངམ་འུར་ལྡ་ལྦང་ཁོ་རང་གི་བྱས་སོ།།

  14. དགེ་འདུན་རྒྱ་མཚོ། says:
    2016-02-18 at 1:03 pm

    གོང་གི་རྩོམ་འབྲི་མཁན་དང་མཆན་འདོགས་མཁན་ཚོར་ཁག་མི་འདུག་སྙམ།
    གང་ཡིན་ཟེར་ན་ཁོ་ཚོ་ཚང་མར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཤེས་ཡོན་ཅི་ཡང་མེད་པ་དག་རེད།
    ནམ་རྒྱུན་ཕྱོགས་ཞེན་དང་དགོས་མེད་ཀྱི་འཆལ་གཏམ་ཁོ་ན་སྨྲར་བ་ལས་དོན་སྙིང་ཡོད་པའི་སྐད་ཆ་
    ་ཚིག་གཅིག་ཀྱང་ད་སྔ་བཤད་མ་མྱོང་པ་ཤ་སྟག་རེད། 
    ངས་ནི་ཁོ་ཚོ་ལ་བཟོད་པ་སྒོམ་བཞིན་ཡོད།་་ཧཧཧཧ

  15. རྒྱ་ཞིང་མྱི་དཀར། says:
    2016-02-18 at 1:07 pm

    དཀྲོགས་གཏམ་འདི་འདྲ་ཞིག་དྲ་ཐོག་ལ་སྤེལ་ན་དོན་སྙིང་ཅི་ཡོད་གཞི་མེད་པའི་གཏམ་རྙོག་ལ་ནམ་ཡང་ཡིད་མི་ཆེས་རྣམ་པ་གཉིས་ལ་གུས་བརྩི་ཡོད།

  16. གངས་ཕྲུག། says:
    2016-02-18 at 1:29 pm

    རྩོམ་ཡིག་ཐུང་ངུའི་བརྗོད་དོན་ལེགས་པ་ཞིག་བྲིས་འདུག། ཤེས་སྤྱོད་གཉིས་ལྡན་གྱི་སྲིད་སྐྱོང་སེང་གེ་ལགས། སྐབས་གཉིས་པའི་སྲིད་སྐྱོང་ཁྱེད་ཕེབས་རྒྱུ་ཡིན་པར་བརྒྱ་ཆ་བརྒྱ་ཐམས་པ་རེད། ཕྱོགས་འགལ་ཚོས་སྒྲོ་སྐུར་ཇི་ཙམ་བྱེད་པ་དེ་ཙམ་གྱིས་སེང་གེའི་གཡུ་རེས་ཇེ་རྒྱས་རེད།

  17. ལུང་ཤོར། says:
    2016-02-18 at 3:50 pm

    རྩོམ་རིགས་སྤེལ་སྟངས་ལ་བལྟས་ན་གལ་ཏེ་བློ་སེང་སྲིད་སྐྱོང་དུ་སླེབས་ན་ཁམས་རིགས་ཚོར་ཁེ་ཕན་ཆེན་པོ་ཡོད་ས་རེད།

  18. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-18 at 4:52 pm

    ལུང་ཤོར་ལགས།
    བློ་སེང་སྲིད་སྐྱོང་ལ་སླེབས་ན་ས་ཡ་དྲུག་ལ་ཁེ་ཕན་ཡོད་ཙང་ཁམས་རིགས་ལ་ཁེ་ཕན་ཡོད་དགོས་ཀྱང་། དེ་ཡང་མ་ཤེས་མཁན་ཨ།

  19. ལིང་ནག says:
    2016-02-18 at 4:58 pm

    འོ་ཡ་ད་ཡིན་ན་་་ཡོངས་སུ་ལྡོག་ཕྱོགས་ནས་བྲིས་འདུག་འགུ་ལེ་་་ཞེན་ངན་གླིང་ན་མེད་ལེ་ཞིག་རེད་འགུ་འོ

  20. ལྡོང་ངག་དབང་ཕུན་ཚོགས། says:
    2016-02-18 at 10:05 pm

    ད་ལོའི་སྲིད་སྐྱོང་འོས་བསྡུ་དེ་སྔ་དང་མ་འདྲ་བར་དངོས་སུམ་འཛེམ་མེད་ཀྱིས་ཆོལ་ཁའི་འོས་མི་ཟེར་བ་ཞིག་བཏོན་སོང་། དེ་འདོན་མཁན་གཙོ་བོ་སུ་ཡིན་ནི་ཚང་མས་མཁྱེན་གསལ་ཡིན་པས་འདིར་བྲི་བར་མི་བྱའོ། ངས་བལྟས་ན་འོས་མིར་བཞེངས་མཁན་བཀུར་འོས་ཚོགས་གཙོ་མཆོག་དང་མང་པོ་མང་པོ་ཞིག་མགོ་སྐོར་ཐེབས་ཀྱི་འདུག་དྲན་བཞིན་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འདེམས་དེ་ནི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་དཔལ་ལྡན་བཀུར་འོས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་པ་གཉིས་ཀྱིས་ལོ་ལྔའི་དུས་ཡུན་གྱི་སྲིད་སྟེགས་འཐབ་རྩོད་ཙམ་ཞིག་མིན་པར་ཇི་སྲིད་བཙན་བྱོལ་སྒྲིག་འཛུགས་འདི་མེད་པར་མ་གྱུར་བར་དུ་དེ་སྲིད་ལོ་ལྔ་རེའི་མཚམས་སུ་སྲིད་སྐྱོང་འོས་མི་རེ་བཞེངས་དགོས་པའི་ཁྲིམས་དོན་གཏན་འབེབས་ཀྱི་བྱེད་སྒོ་ཞིག་ཏུ་ངེས་ཡོད་པས་རེད། བྱས་ཙང་ངས་འདིར་བརྗོད་དོན་གཙོ་བོ་དེ་ད་རིང་ཁ་རྩང་མིག་སྔར་མཐོང་བཞིན་པའི་སྲིད་སྐྱོང་འོས་བསྡུ་དེ་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་སུ་ལ་འཐོབ་མིན་གྱི་གནད་དོན་ལས་རྒྱང་རིང་དུ་བསྐྱེད་དེ་མ་འོངས་པར་འོས་བསྡུའི་རྒྱུན་རིམ་ལ་འགལ་རྐྱེན་དང་དཀའ་ངལ་གང་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་དེར་དམིགས་པ་ཞིག་ཡིན་ནོ།།

  21. འཇིགས་མེད་ says:
    2016-02-18 at 10:12 pm

    ཕུ་རྡོར་གྱི་ཡིག་ཚོགས་འདི་བློ་ཟུར་བོར་གནས་པའི་གཏམ་རེད་མིན་འདུག་ ཕྱོགས་ལྷུང་ཅན་གྱི་སྨྱོ་གཏམ་ཁོ་ན་རེད་

  22. བདེན་པའི་ཕོ་ཉ་ says:
    2016-02-18 at 11:08 pm

    ཕུར་རྡོར་ཟེར་བའི་མི་འདི་ཕྱོགས་ལྷུང་གི་ར་གཟི་བའི་མི་ངན་སྤྱི་ཚོགས་དཀྲུག་མཁན་ཞིིག་རེད་འདུག་ ཁོ་པའི་རྩོམ་རྙོག་དེ་ཀློག་རིན་གང་ཡང་མི་འདུག །

  23. དགྲ་འདུལ་གཉེན་སྐྱོང་། says:
    2016-02-19 at 3:08 am

    བློ་སེང་གཞན་ལ་རྐྱོན་མེད་ན་རྐྱོན་ག་ལ་བརྗོད་། དོད་རྒྱལ་ཚོགས་པ་ཚོའི་རྐྱོན་རི་ལྟར་ཡོད་ཀྱང་་ཁོང་ཚོར་འགྲིགས་ཡོད་དོགས་དོགས་འཛུམ་ཤིག་ཤིག་ངང་སྡོད་ཀྱི་མིན་འདུག་གམ། ད་ལོ་དོད་ཚོགས་ཚོས་་བློ་སེང་ལ་འོས་ཤོག་སྤྲོད་རྒྱུའི་འཆར་གཞི་འདུག་གོ།།

  24. བླ་མ། says:
    2016-02-19 at 6:29 am

    ༸གོང་ས་མཆོག་ལ་བརྩི་མཐོང་དང་བོད་མིའི་མངོན་འདོད་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་ན། བརྩོམས་དེ་འདྲ་རྒྱབ་ས་མ་རེད། བློ་སེང་དང་སྤེན་ཚེ་གཉིས་ཀ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཚར་ལོངས་བྱུང་བའི་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་བོད་མི་སྟོང་ཕྲག་མང་པོའི་ནང་གི་མིག་དཔེ་འོས་པའི་འགོ་འཁྲིད་ཀྱི་ནུས་པ་ལྡན་པ་གཉིས་རེད། འོན་ཀྱང་ཀླད་སྙིང་གི་ཞེན་ཁོག་གིས་ཁོང་གཉིས་ལ་དམའ་འབེབས་བྱས་པ་ཡིན་ན།། བོད་མིའི་གཅིག་འགྲིལ་གྱིས་ནུས་གཏོར་ཤིག་གཏོང་མཁན་ཡིན་པ་རེད། མང་གཙོའི་ཐོབ་ཐང་གི་འོས་རེ་ཡོད་པ་དེ་གང་ཟག་སོ་སོས་བསམ་བློ་ཡག་པོ་གཏང་ནས་ནུས་པ་ལྡན་པ་དང་། ༸གོང་ས་མཆོག་གི་དགོངས་པ་མ་དཀྲུགས་མཁན་ཞིག་ལ་ངེས་པར་སླུག་དགོས།། ངོས་ཀྱི་བསམ་པར་༸གོང་ས་མཆོག་སྐུ་འཚོ་ཞུགས་དུས་འགོ་འཁྲིད་གང་མང་མཐོན་ན་ཁྱེ་ཕན་ཆེ་བ་མཐོང་གི་འདུག། ངོས་ཀྱི་འོས་ཤོག་སྤེན་པ་ཚེ་རིང་ལ་བསླུག་གི་ཡིན།།

  25. ལུང་རྟོགས། says:
    2016-02-19 at 12:14 pm

    ཕུར་རྡོར་ལགས་ཀྱི་སྐད་ཆ་ལ་གནས་ལུགས་འདུག འུར་ག་ཚོད་རྒྱབ་ཀྱང་༢༠༡༦ གི་སྲིད་སྐྱོ་བློ་བཟང་སེང་གེ་རེད།

  26. ལུང་རྟོགས། says:
    2016-02-19 at 12:14 pm

    ཕུར་རྡོར་ལགས་ཀྱི་སྐད་ཆ་ལ་གནས་ལུགས་འདུག འུར་ག་ཚོད་རྒྱབ་ཀྱང་༢༠༡༦ གི་སྲིད་སྐྱོང་བློ་བཟང་སེང་གེ་རེད།

  27. རྣམ་རྒྱལ། says:
    2016-02-19 at 12:42 pm

    སྲིད་སྐྱོང་ནི་ཤེས་འཇོན་གཉིས་ལྡན་ལ་དྲང་བདེན་སྐྱོང་མཁན་ཞིག་དགོས། དེས་ན་ད་ལྟའི་སྲིད་སྐྱོང་བློ་སེང་ནི། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ལ་བྱང་ཆུང་པ་ཞིག་མིན་ཡང་སྤྱིའི་ཆ་ནས་ཁོང་ནི་ཤེས་འཇོན་གཉིས་ལྡན་དང་དྲང་བདེན་སྐྱོང་མཁན་ཞིག་ཡིན་པ་མ་ཚད། ད་དུང་བཙན་བྱོན་ནང་གི་རྩོད་རྙོག་རྙིང་པ་ཚོའི་དྲི་མས་མ་གོས་པ་ཞིག་ཀྱང་རེད། སྲིད་སྐྱོང་ལགས། ཁྱེད་ཀྱིས་ལོ་བཞི་ལྷག་གི་རིང་ཕྱག་ལས་ཧ་ཅང་ཡག་པོ་གནང་སོང་། ད་དུང་ལོ་ལྔ་ཕལ་ཆེར་ཁྱོད་སྲིད་སྐྱོང་ལ་འདུག་དགོས་ཀྱི་རེད། དེའི་རིང་ཁྱེད་ལ་སྐྱོན་འཛུགས་བྱེད་མཁན་མང་པོ་ཡོང་ངེས་རེད། དེའི་སྐབས་ཁྱེད་ཀྱིས། རང་ལ་ནོར་བ་ཡོད་ན་ངོས་ལེན་བྱེད་ཐུབ་པ་དགོས་དེ་ཡང་མི་མང་གི་མདུག་དུ་བྱེད་ཐུབ་པ་དགོས། ཕྲག་ཏོག་གིས་མྱོས་པའ་སྐྱོན་འཛུགས་ཡིན་ན། ཁྱེད་ཀྱིས་ཞི་དུད་བག་ཕེབས་ངང་ནས་མི་མང་ལ་གསལ་བཤད་གནང་དེ་དོན་དངོས་གང་ཡིན་པ་དེ་ཤེས་སུ་འཇུག་དགོས། ཁྱེད་སྣང་བར་མི་འགྲོ་མཁན་ཚོར། ཁྱེད་ཀྱིས་འཛམ་གླིང་གི་གནད་ཡོད་མི་སྣ་འཇལ་འཕྲད་དང་སློབ་ཆེན་སོགས་སུ་གསུང་བཤད། ད་དུང་མི་མང་གིས་ཁྱེད་ཉིད་སྐུ་དབང་ཆ་ཚང་ཡོད་པའི་བཙན་བྱོལ་ནང་གི་སྲིད་སྐྱོང་ཐོག་མ་རེད་ཅེས་གུས་བཀུར་བྱེད་པ་སོགས་ཁྱེད་ལ་དགའ་ཞིང་བཀུར་བའི་རྣམ་འགྱུར་རེ་རེས་མི་བཟོད་པའི་སྡུག་བསྔལ་རེ་རེ་སྟེར་བཞིན་ཡོད། དེ་དག་ནི་ཁྱི་སྨྱོན་བཞིན་དུ་རང་ཉིད་འཁྲུལ་ཚར་དུས་གཞན་ལ་སོ་བཏབ་རྐྱང་བྱེད་མཁན་དག་ཡིན་པས། དེ་དག་ལ་རང་ཚུགས་མ་ཤོར་པའི་སྒོ་ནས་བཟོད་སྒོམ་ཆེན་པོས་བྱམས་བརྩེ་ཁོ་ནས་ཡ་བྱེད་དགོས། དེ་ནི་ཁྱོད་ཀྱི་རྒྱལ་ཁ་ཡིན། སྤྱི་ཁྱོད་ཀྱིས་ཤེས་ཡོན་གྱི་ཐད་དགེ་རྒན་གྱི་སློབ་གསོ་དང་ཕ་མའི་སློབ་གསོ། ད་དུང་སློབ་ཡོན་དང་སློབ་ཁང་དང་ཟ་མ་སོགས་གང་ཅིའི་ཐད་ཡར་རྒྱས་བཏང་དང་གཏོང་བཞིན་འདུག ད་དུང་ལོ་ལྔའི་རིང་ལ་ཤེས་ཡོན་སྤྱི་དང་ཁྱད་པར་བོད་ཡིག་ཐད་འབད་བརྩོན་སྔར་ལྷག་གནང་རོགས་མཁྱེན།

  28. ཀརྡོ་གཉེར་ཕྱག་པ་ says:
    2016-02-19 at 4:42 pm

    ་་་་་་་་་་ སྲིད་སྐྱོང་ལགས། ཁྱེད་ཀྱིས་ལོ་བཞི་ལྷག་གི་རིང་ཕྱག་ལས་ཧ་ཅང་ཡག་པོ་གནང་སོང་། ད་དུང་ལོ་ལྔ་ཕལ་ཆེར་ཁྱོད་སྲིད་སྐྱོང་ལ་འདུག་དགོས་ཀྱི་རེད། ་་་་་་་་་་་

  29. ལུང་ཤོར། says:
    2016-02-19 at 8:35 pm

    རང་གིས་རང་བསྟོད་དང་ཕོ་རོག་བསྟོད་རང་རེད།

  30. མགར་ཐོག་མཁྱེན་རབ་འོད་གསལ says:
    2016-02-19 at 9:49 pm

    མ་འོངས་བོད་ཀྱི་སྲིད་སྐྱོང་།

    མགར་ཐོག་མཁྱེན་རབ་འོད་གསལ་གྱིས།

    ཉེ་ཆར་དྲྭ་ལམ་ཁག་མང་པོ་ཞིག་ཏུ་སྲིད་སྐྱོང་སུ་འོས་ཀྱི་རྩོད་གླེང་དང་གཏམ་བཤད་མང་དག་ཅིག་སྤེལ་འདུག་པ་ཡོད་ཚད་ཕྱི་རོལ་ཡུལ་གྱི་མི་བུ་དེའི་ཀུན་སྤྱོད་དང་འབྲེལ་འདུག་པ་ཤ་སྟག་རེད། ཁག་ཅིག་གིས་མི་བུ་གང་དེའི་འཇོན་ཐང་གལ་ཆེ་ཚུལ་དང་། ཡང་ཁག་ཅིག་གིས་མི་བུ་གང་དེའི་འདས་སོང་གི་བྱ་བཞག་དང་མ་འོངས་པའི་འཆར་གཞི། སློབ་སྦྱོང་གི་ཆུ་ཚད་ཅི་ཡོད་དེ་གལ་ཆེ་ལུགས་མང་པོ་མང་པོ་ཞིག་བཤད་འདུག་པ་དེ་བཟང་བའི་ཆ་ཞིག་རེད་མོད། འབྱུང་འགྱུར་བོད་མི་རིགས་ཀྱི་སྲིད་སྐྱོང་གང་དེས་བོད་མི་རིགས་རང་ཉིད་ལ་ཕན་ཅི་འདོགས་ཐུབ་མིན་གྱི་གལ་གནད་དེར་བསམ་གཞིགས་མ་བྱས་པར་ཕྱིའི་ཀུན་སྤྱོད་གཅིག་པོའི་བཟང་ངན་གྱི་ཐད་ལ་དུས་ཚོད་ཆུ་བཟོས་སུ་བཏང་བ་ནི་དངོས་ནས་ཡ་ང་བའི་གནས་ཤིག་ཡིན་པར་སྙམ། གང་ལགས་ཞེ་ན། མ་འོངས་བོད་ཀྱི་སྲིད་སྐྱོང་ནི་མི་རིགས་ཤིག་གི་སྲིད་སྐྱོང་མ་ཡིན་པར་རྒྱལ་ཁབ་ཅིག་གི་སྲིད་སྐྱོང་ཡིན་པས་སོ། དེའི་ཕྱིར་བོད་ཀྱི་སྲིད་སྐྱོང་ནི་ཕྱི་ནང་གི་ཀུན་སྤྱོད་གཉིས་ཀྱི་ཆ་ནས་བལྟས་ཏེ་འདེམས་སྐོ་བྱེད་དགོས་པ་ལས་ཕྱིའི་ཀུན་སྤྱོད་བཟང་བ་ཙམ་གྱིས་འདེམས་ཆོག་ཆོག་ཅིག་ག་ལ་ཡིན།

    –རྒྱལ་ཞེན་པའི་ཁ་ཏ་ཞིག་གི་ཚུལ་དུ་ལས་གཞན་མིན།

  31. ལྷ་སྒང་ཆོས་གྲགས། says:
    2016-02-20 at 6:28 am

    རྩོམ་ཡིག་འདིའི་ཞེ་དང་ཕུག ཟ་དང་ཟུར། མདུན་དང་རྒྱབ་ཡོད་ཚད་གཏམ་འཆལ་ལ་གཏམ་འཆལ་གྱིས་ལྷན་པ་བརྒྱབས་ཤིང་། ཕྱོགས་ཞེན་ལ་ཕྱོགས་ཞེན་གྱིས་འཚེམ་པོ་བརྒྱབས་ནས་དོན་དངོས་ཀྱི་གནས་ལུགས་ཤིག་ལྐོག་ཏུ་སྦས་འདུག དེ་ཡང་། སྤེན་ཚེའི་འོས་བསྡུའི་དྲི་བསྒྲགས་ཀྱི་གཏམ་བཤད་ཁག་ནང་དུ། བློ་སེང་གི་མི་གཤིས་ལ་སྙོན་མི་འདེངས་པར། དོན་དངོས་བློ་སེང་གི་ལོ་བཞི་དང་ལྔའི་ནང་ཅི་ཞིག་བྱས་པ་དང་གང་ཞིག་མ་བྱས་པའི་ལས་དོན་དངོས་ཀྱི་སྟེང་ནས། སྐྱོན་འཚང་སྐྱོན་ཐོག་ཏུ་རྗེན་པར་བཏོན་སོང་། དེ་ནི་ལས་དོན་དངོས་སྟེང་ནས་རྒྱུས་མངའ་ཡོད་པའི་མི་དག་གིས་བྱ་དགོས་པའི་འགན་འཁྲི་ཞིག་ཏུ་མཐོང་གི་འདུག དེ་མིན་རི་བོང་རྡོ་རྫུས་དང་། ཀླད་རུལ་རྣ་བས་མི་ཚོར་བར་བསྡད་ན། རྒྱ་ནག་གི་གསར་གྱུར་བཞིན་བཀྲ་ཤིས་པ་དང་ལོ་ལེགས་པ་རྐྱང་རྐྱང་བཤད་མཁན་གྱི་བློ་སེང་ལ་སྤམ་སྤམ་འདྲ་ཞིག་ཡོད་རུང་། འཕྲལ་དང་ཕུག་ནས་འུ་ཚང་ལ་གནོད་ཀྱིན་འདུག དེ་བཞིན་དུས་དབང་གི་སྟེང་ནས་བཤད་ནའང་། དོན་དམ་པར་རྫུན་བཤད་མཁན་དང་པོ་སྤེན་ཚེ་མིན་པར། བློ་སེང་གིས་འགོ་འཁྲིད་པའི་བཀའ་ཤག་རེད། མདོར་ན་བློ་སེང་གི་ཇི་མི་སྙམ་པར་༸རྒྱལ་བ་རིན་པོ་ཆེ་རྫུན་གསུང་དུ་བཅུག་སོང་། བརྗོད་བྱ་བརྗོད་བྱེད་སྔ་ཕྱི་མི་མཚུངས་པའི་གསལ་བསྒྲགས་མ་ནིང་ལྟ་བུ་ཞིག་བཏང་ནས། རང་གི་ལས་རོགས་ཡོད་ཚད་རྫུན་སྨྲ་རུ་བཅུག་སོང་། རྫུན་གཏམ་གྱི་གཏམས་པའི་རང་གི་མཆུ་རྩོག་པ་དེ་གཞན་གྱི་སྟེང་དུ་འབད་པས་ཕྱིས་ཐབས་བྱས་སོང་། ད་དུང་། དེའི་ཐད་ནས་དྲི་བ་རེ་བསྐུལ་ན་ཞལ་རས་དམར་སེང་ངེར་དྲི་བ་བསྐུལ་མཁན་གྱི་མི་གཤིས་ལ་རྒོལ་བཞིན་ཚོགས་གཏམ་ཡིན་རློམས་ཀྱིས། འུར་སྐད་འདོན་བཞིན་འདུག མདོར་ན་བློ་སེང་གི་གཏམ་བཤད་འགོ་ནས་མཇུག་བར་དཔྱད་བཟོད་པ་དང་ཉན་རུང་བ་སྣ་གཅིག་མི་འདུག སྤེན་ཚེའི་གཏམ་བཤད་དང་བློ་སེང་གི་སྐད་ཆ་གཉིས་གསེར་དང་རག་ལྟ་བུའི་བར་ཁྱད་འདུག ལྷག་པར་མི་གཤིས་སྟེང་ནས་བཤད་ན་བློ་སེང་གིས་རྒད་མོ་འཆི་ཁར་མ་ཎི་འདོན་པ་ལྟར། ནམ་རྒྱུན་སྡིག་ལས་ཅི་ཞིག་བྱས་མིན་ལ་མ་ལྟོས་པར། ཁ་གདང་ཚད་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེའི་ལྷན་དུ་གཅིག་གཅིག་དང་ཉོག་ཉོག་བྱས་ལྟ་བུའི་ལྷ་སྒྲུང་རྐྱང་རྐྱང་རེད། ངོ་ཚ་རྒྱུ་ཟེར་ན་བློ་སེང་ལ་མི་འདུག ཀུན་སྤྱོད་ཅེས་པའི་ཚིག་འདི་བློ་སེང་གི་སྟེང་དུ་གཞི་མ་གྲུབ་པའི་ཐ་སྙད་ཅིག་རེད། ད་ན་ད་ལེན་གྱི་འོས་བསྡུར་ངའི་འོས་ཤོག་སྤེན་ཚེ་ལ་ཡིན། དེ་ནི་སྤེན་ཚེ་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་ཞིག་ཡིན་པའི་སྟབས་ཀྱི་མིན་པར། བློ་སེང་གི་བྱ་ལུགས་བྱེད་སྟངས་ཐ་ཆད་དྲགས་པས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme