Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད།

Posted on 2016-02-182016-02-18 By ཁ་བརྡ 22 Comments on དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད།

ངག་དབང་།

 
སྲིད་སྐྱོང་འོས་བསྡུའི་ཆེད་རྩོམ་ཡིག་སྤེལ་བ། གཏམ་བཤད་གོ་སྒྲིག གླེང་མོལ། ཁྱབ་བསྒྲགས་སོགས་སྤེལ་བཞིན་པ་འདིས། དོ་སྣང་ཞིག་དང་གོ་རྟོགས་ཤིག་མཚོན་གྱི་ཡོད། འདི་ནི་དགོས་པ་དང་དགའ་བ་བྱེད་དགོས་པ་གཉིས་ཀ་རེད། གླེང་སློང་མང་ཙམ་བྱས་པ་ཡིན་ན། དེ་ཚོད་ཀྱིས་འདམས་ཀ་མ་ནོར་བ་བྱེད་པར་ཕན་པ་རེེད། སྲིད་སྐྱོང་འོས་མི་གཉིས་ཀ་ཨ་རིའི་ནིག་ཡོག་ལ་ཕེབས་ནས་གཏམ་བཤད་གནང་སོང་། གོ་སྒྲིག་བྱེད་མཁན་ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ་ཞུ་གི་ཡོད། གང་ལ་ཟེར་ན། མང་ཚོགས་ལ་ངོ་འཕྲོད་པའི་ཆེད་དུ་གོ་སྒྲིག་བྱས་པ་འདིས།  ཕན་ཐོགས་ཀྱང་ཆེན་པོ་ཡོང་ཡོད་པར་ངོས་འཛིན་ཞུ་གི་ཡོད།

 
ལྡི་ལི་དོལ་འདྲེ་ཚོགས་པའི་ཡི་གེངས་ཚོགས་གཙོ་སྤེན་པ་ཚེ་རིང་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀར་གུས་བརྩི་བྱེད་ཀྱིན་ཡོད། ཁོང་གཉིས་ནིག་ཡོག་ཏུ་ཕེབས་ནས་གཏམ་བཤད་བྱས་པ་ཉན་པ་ཡིན།ང་ལ་ཁོང་གཉིས་ཀས་བག་ཆགས་ཡག་པོ་བཞག་སོང་། ཡིན་ནའང་། སྲིད་སྐྱོང་བློ་བཟང་སེང་གེའི་གཏམ་བཤད་སྐབས་མང་ཚོགས་ཀྱི་བྱེད་སྟངས་རིགས་གཅིག་གིས་འཇིགས་དངངས་ཤིག་སྐྱེས་བཅུག་སོང་། དོལ་རྒྱལ་ཚོགས་པས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་བྱེད་སྟངས་ལ་ཧ་ལས་དགོས་པ་ཞིག་བྱུང་།

ང་རང་གིས་གཏམ་བཤད་ལ་ཉན་པའི་མཐོང་སྣང་ལ། སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ནང་ལ། སྲིད་སྐྱོང་ལ་དྲི་བ་གནད་འགག་ཅན་དྲིས་པ་ཡིན་ན། མ་དགའ་བའི་རྣམ་འགྱུར་བསྟན་ནས་འུར་རྒྱག་པ་སོགས་བྱས་ཏེ་འགོག་ཐབས་བྱེད་སྟངས་དེ་ནི་འཇིགས་སུ་རུང་བ་ཞིག་ཏུ་མཐོང་སོང་། ག་རེ་བྱས་ནས་དྲི་བ་འགོག་གི་ཡོད་པ་་རེད། དྲི་བ་འདྲི་བའི་གོ་སྐབས་ཕུལ་ཚར་ནས་དྲི་བ་འདྲི་མ་བཅུག་པར་ཁ་འགོག་ཐབས་དང་། དེ་ཡང་འུར་རྒྱག་པ་སོགས་བྱས་ནས་འཇིགས་སྐུལ་བྱེད་སྟངས་དེ་ཡག་པོར་མཐོང་མ་སོང་།
གཅིག་བྱས་ན། འུར་བརྒྱབ་པ་དེ་ཡག་པོ་ཞིག་དང་། རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཀྱང་ཡིན་སྲིད་པ་རེད། ཡིན་ནའང་། གཏམ་བཤད་རྗེས་མ་དག་གི་སྐབས་ལ་འུར་བརྒྱབ་ནས་དྲི་བ་འགོག་ཐབས་བྱེད་པ་འདི་རིགས་མ་གནང་ན་ཡག་པོ་འདུག་བསམ་སོང་།

ཞུ་རྒྱུ་གཞན་ཞིག་ནི། ཤུགས་ལྡན་ཚོགས་པས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱིན་པ་འདི་རེེད། ཁོང་ཚོས། སྲིད་སྐྱོང་བློ་བཟང་སེང་གེ་ཡིས་འགན་ཁུར་བ་ནས་བཟུང་། ཆོས་དང་སྲིད་གཉིས་ལོགས་ཀར་ཕྱེས་ནས་འཛིན་སྐྱོང་བྱས་པ་དེས། དོལ་རྒྱལ་ཚོགས་པ་དང་། དོལ་རྒྱལ་བསྟེན་མཁན་ཚོར་དབྱེ་འབྱེད་བྱེད་ཀྱི་མི་འདུག་ཟེར་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་གྱིན་ཡོད།
Screen Shot 2016-02-18 at 10.48.33 AMགཞན་རྡི་ལིར་ཡོད་པའི་དོལ་རྒྱལ་ཚོགས་པའི་ལས་ཁུངས་༼འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པ་༽ཟེར་བས་ལས་ཤོག་སྟེང་ལ། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་དང་ལམ་སྟོན་ཆེད་འགོད་ཀྱིས་བཀྲམས་ཡོད། བྱེད་སྟངས་ཡ་མཚན་འདི་ལ་སྤྱི་ཚོགས་ནང་གླེང་སློང་འགྲོ་བཞིན་པ་དང་། དེ་ནི་དེ་སྔར་གཞུང་གི་དྲ་ངོས་ན་གོང་ས་མཆོག་གིས་དོལ་རྒྱལ་སྐོར་ལ་སྩལ་བའི་བཀའ་སློབ་དང་། བརྙན་རིས་རྣམས་ཡོད་པ་བསུབ་པ་ལ་བཀའ་དྲིན་ཞུས་པ་ཞིག་རེད་ཟེར་བ་སོགས་སྤྱི་ཚོགས་ནང་ལ་གླེང་སློང་ཁྱད་མཚར་པོ་ཞིག་འགྲོ་བཞིན་ཡོད།

རྒྱལ་ལ་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་དོལ་རྒྱལ་ཚོགས་པ་དང་དོལ་རྒྱལ་རྗེས་འབྲངས་པ་ཚོ་ནི་སྐུ་ཕྱྭའི་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་དང་ཨ་རིའི་གཞུང་གི་གསང་བའི་ལས་ཁུངས་གཉིས་ཀས་གསལ་བསྒྲགས་བྱས་ཡོད། ད་ཆ་དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་བའི་རྣམ་པ་བསྟན་ནས་ཡོང་སྟངས་འདི་ལ་ང་ཚོས་དོགས་ཟོན་ཇི་ལྟར་བྱེད་དགོས་སམ། རྒྱལ་བ རིན་པོ་ཆེར་མཚད་སྨད་དང་ངོ་རྒོལ་བྱེད་མཁན། སྐུ་ཕྱྭ་ལ་ཉེན་ཁ་བཟོ་མཁན་ཚོས། སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་རྒྱུ་མཚན་དུ་བཀོད་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད་ཟེར་བ་འདི་རིགས་ལ། སྲིད་སྐྱོང་མཆོག་དང་བཀའ་ཤག་གི་ལྟ་སྟངས་ཅི་ཡིན་གསལ་བཤད་གསལ་པོ་ཞིག་དང་། མང་ཚོགས་ཀྱི་ངོས་ནས་དོལ་རྒྱལ་བ་ཚོའི་བྱེད་སྟངས་འདི་ལ་ངོས་འཛིན་གང་འདྲ་ཞིག་བྱེད་དགོས་མིན་གྱི་ལམ་སྟོན་རེ་ཡོད་ན་གནང་ན་ལེགས་པར་མཐོང་།

བསམ་ཚུལ།

Post navigation

Previous Post: དུར་ས།
Next Post: ལག་ལེན་ལ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཇི་ལྟར་བྱུང་ཡོད།

Comments (22) on “དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད།”

  1. གངས་ཕྲུག་ says:
    2016-02-18 at 1:58 am

    བློ་བཟང་སངས་རྒྱས་ལ་མི་གང་འདྲ་ཞིག་ཡིན་མིན་གཞི་ཧ་གོ་གིས་རེད་ད་ ལྟ་མོ་རྗེས་ལ་ཡོད་རེད་

  2. གངས་ཕྲུག་ says:
    2016-02-18 at 2:31 am

    བློ་བཟང་སངས་རྒྱས་ལ་དོགས་པ་བྱེད་དགོས་པ་ཁ་ཤས་ཡོད་ཀྱང། གཙོ་ཆེ་ཤོས་གཉིས་ཡོད་ དང་པོ་ཨ་རའི་ནང་ཁང་པ་ཉོས་པའི་ཁང་རིན་དེ་རྒྱ་མི་གྲོགས་པོ་ཞིག་གིས་སྤྲད་ཡོད་པ་དེ་དངུལ་འཛིན་ནང་ས་རྟགས་གསལ་པོ་ཡོད། རྒྱ་མི་དེ་ནི་ད་ལྟ་ཨ་རའི་གསང་བའི་ལས་ཁུང་གི་ཁོ་རྒྱ་མའི་གསང་མྱུལ་ཡིན་པ་ཤེས་ནས་འཛིན་བཟུང་བྱས་ཡོད། གཉིས། དོལ་རྒྱལ་ཚོགས་པས་སྲིད་སྐྱོང་ལ་རྒྱབ་སྐྱོར་རག་པའི་ཆེད་སྐུད་པ་ནག་འགྲིམ་གྱི་ལས་ཀ་ཞིག་བྱེད་ཆར་ཡོད་ཀྱང་ཁོ་ཚོའི་གསང་བ་ཕྱི་ལ་ཤོར་ཡོད། བོད་མི་དམངས་ཀྱི་དོལ་རྒྱལ་གྱི་ལོ་རྒྱུས་དངོས་ནས་གང་ཡིན་གཞན་གྱི་ཧ་གོ་བའི་ཆེད་དུ་ཡིག་ཆ་མང་པོ་ཞིག་བཀྲམ་གྱི་ཡོད། འོན་ཀྱང་སྲིད་སྐྱོང་གི་བོད་གཞུང་དྲ་རྒྱ་ནང་སྔར་ཡོད་པའི་དོལ་རྒྱལ་སྐོར་གྱི་གནས་ཚུལ་རྣམས་ནག་སུབ་གཏོང་གིས་ཡོད་པ་རེད། རྒྱུ་མཚན་དེས་ག་རེ་ཤེས་ཀྱི་འདུག་བསམ་ན་དེ་སྔོན་མི་ཚོས་སྲིད་སྐྱོང་དོལ་ཚོགས་དང་འབྲེལ་བ་ཡོད་རེད་ལབ་པ་དེ་ལ་བསམ་བློ་ཞིག་གཏང་དགོས་ཆགས་ཡོད། གོང་ས་མཆོག་གིས་དུས་དབང་ཕྱིར་འགྱངས་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་དགའ་ལྡན་ཕོ་བྲང་ནས་ཆུ་སྒང་ལ་བརྟན་ཞུགས་ཀྱི་གོ་སྐབས་སྤྲད་ཀྱང་བློ་བཟང་གི་གོ་སྐབས་དེ་ཆུ་སྒང་མ་སྤྲད་པའི་རྐྱེན་གྱིས་བྱུང་བ་རེད་ཡིན་ཡང་སྲིད་སྐྱོང་གི་དེ་རྩ་བ་ནས་མ་བཤད་པར་རྫུན་ཚིག་ཤ་ཏག་བཤད་ཀྱི་འདུག། ཤེས་ལྡན་ཚོས་དཔྱད་ཞིབ་ཡག་པོ་ཞིག་བྱས་མ་གཏོགས་བོད་གཞུང་དང་གོང་ས་མཆོག་གཞན་ལ་རྩིས་སྤྲོད་བྱས་ཡོང་སྙམས་པའི་དོགས་པ་ཞིག་རང་བཞིན་གྱིས་སྐྱེ་དགོས་ཆགས་སོ་ངོ།།

  3. ཁྱུང་སེ། says:
    2016-02-18 at 2:36 am

    བློ་བསང་སེང་གེ་དོལ་རྒྱལ་དང་འབྲེལ་བ་ཡོད་མེད་མི་ཤེས། ཟམ་གདོང་བླ་མ་དོལ་རྒྱལ་བ་དང་འབྲེལ་བ་ཡོད་པར་མ་ཟད་དོལ་རྒྱལ་གྱི་བླ་བརྒྱུད་ཀྱི་ནང་དུའང་བཞག་འདུག དེ་ལས་རྒྱལ་བའི་སྐུ་ཕྱ་ལ་ཉེན་ཚབ་ཆེ་བར་མ་ནཐོང།།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-18 at 3:27 am

    མཆན་གཉིས་པ་གངས་ཕྲུག་ལ་ཞུ་དོན།
    བློ་སེང་གིས་ཨ་རི་ནང་ཁང་པ་ཉོ་ཆེད་དངུལ་དེ་རྒྱ་མིའི་གྲོགས་པོ་དེས་སྤྲད་ཡོད་པར་ཁུངས་བསྐྱེལ་དཔང་རྟགས་ཡོད་ན་ཁྱོད་རང་གི་པར་དང་མཉམ་སྦྲགས་བྱས་རོགས་དང་ང་ལ་དགོས་གལ་ཆེ། ངས་གཞི་མེད་སྐྱོན་འཛུགས་ལ་ཆ་འཇོག་གི་ཡོད་ཀྱང་གཞི་ཡོད་པར་ཁུངས་གསལ་དཔང་བདེན་ཡོད་ན་རྡ་སར་དབུས་སྒྲིག་འཛུགས་ནང་གསལ་པོ་བཟོ་རྒྱུ་གོ་སྐབས་མང་པོ་ཡོད་རེད་གདའ། ཐུགས་རྗེ་ཆེ་་་་ངས་ལན་སྒུག་ཡོད་གདའ།

  5. སྲིན་པོ་རྫ་རྒན་ says:
    2016-02-18 at 4:02 am

    ༼དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ལབ་ན་ག་རེ་ཟེར་གྱི་ཡོད་པ་རེད། ༽དྲི་བ་གནད་འགག་ཅན་རེད།

  6. གངས་ཕྲུག། says:
    2016-02-18 at 4:27 am

    ཟུར་མཆན་དང་པོ་དང་གཉིས་པ་བ་གངས་ཕྲུག་མིང་ཅན་ལགས། ང་ཁ་བརྡ་དྲ་ཐོག་ཏུ་སླེབས་ནས་མི་ལོ་བཞི་ཡན་མན་ཞིག་ཕྱིན་ཡོད། ཉེ་སྔོན་གངས་ཕྲུག་མིང་ཅན་གཞན་ཞིག་དྲ་ཐོག་འདིར་ཐོན་སོང་། གོང་དུ་ཟུར་མཆན་དང་པོ་དང་གཉིས་པ་བྲིས་མཁན་དེ་རེད། གལ་སྲིད་ཁྱེད་རང་ལ་དགོས་དབང་ཞིག་ཡོད་ན་མ་གཏོགས་དྲ་མིང་གཞན་ཞིག་སྤྱོད་ན་ལེགས། ངེད་གཉིས་ཀྱི་བསམ་ཚུལ་མི་མཐུན་པ་རྣམས་ཀྱིས་དྲ་གྲོགས་གཞན་ལ་མགོ་བོ་འཐོམ་བའི་རྒྱུ་རྐྱེན་ལས་མ་འདས་པས་དེ་དོན་དགོངས་འཇོག་མཛད། སྤེན་ཚེ་དང་ཁོའི་རྒྱབ་སྐྱོར་བ་ཚོས་སྲིད་སྐྱོང་བློ་སེང་ལགས་སུ་ཚུལ་མིན་གྱིས་སྒྲོ་འདོགས་དང་སྐུར་འདེབས་ནི་ཚོད་ཅིག་མི་འདུག། འོན་ཀྱང་བློ་སེང་ལགས་སུ་ཚུལ་མིན་གྱི་སྒྲོ་སྐུར་དག་གིས་སྤེན་ཚེ་དང་ཁོའི་རྒྱབ་སྐྱོར་མི་སྣ་ཚོ་ནག་པོ་ནག་རྐྱང་འགྱུར་རྒྱུ་ལས་མི་འདུག་པས་སྲིད་སྐྱོང་ལགས་སུ་རྒྱབ་སྐྱོར་གནང་མཁན་ཚང་མ་དགའ་བ་མཛད།

  7. ལུང་རྟོགས། says:
    2016-02-18 at 5:23 am

    སྲིད་སྐྱོང་ནི་བོད་ཀྱི་སྲིད་དོན་གི་དབུ་ཁྲིད་མཐོ་ཤོས་དེ་ཡིན་པས་དེ་དོལ་རྒྱལ་བ་ཡིན་ན་དོལ་རྒྱལ་བ་མ་ཡིན་པ་སུ་འཇོག་དགོས་པ་རེད། སྐད་ཆ་འདི་ནི་བོད་མི་རིགས་ལ་མཐོང་ཆུང་ཁྱད་གསོད་ཀྱི་སྐད་ཆ་རེད། དཔེར་ན་ཨོ་བྷ་མ་འཇིགས་སྐུལ་དྲག་སྤྱོད་པ་རེད་ཟེར་ན་ཨ་རིའི་མི་མང་གིས་ག་རེ་བསམ་གྱི་རེད། བོད་མི་ཞིག་གིས་སོ་སོའི་དབུ་ཁྲིད་རྒྱ་ཁྱི་དོལ་རྒྱལ་བའི་ཕྱོགས་སུ་དེད་པ་ནི་མགོ་ནང་ལ་ཀླད་པ་མེད་པའི་བྱ་སྤྱོད་རེད། སྐད་ཆ་འདི་འདྲ་བཟོ་མཁན་དག་ནི་རྒྱ་མིའི་པད་ཤག་ཟ་མཁན་ཡིན་པའི་དོག་པ་ཡོད། ལར་ནས་སྲིད་སྐྱོང་དོལ་རྒྱལ་བ་དང་འབྲེལ་བ་ཡོད་པའི་དོག་པ་ཟ་མཁན་ནི་རྩ་མ་ཚང་བ་རེ་ཟུང་ཡོད་ན་མ་གཏོགས་བསམ་བློ་ཅན་སུ་ཡང་མེད། དོལ་རྒྱལ་ཚོགས་པས་སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་པ་བཤད་ཡོད་ན། དེ་ནི་ཁོ་ཚོ་དགའ་དྲག་པས་མ་ཡིན་པར་སྲིད་སྐྱོང་སླར་ཡང་མི་ཐོབ་པ་བཟོ་བའི་ངན་ཇུས་ཤིག་ཡིན་པ་གསལ་པོ་རེད། ད་དུང་འདིར་བཞག་ཡོད་པའི་དོལ་རྒྱལ་ཚོགས་པའི་ལས་ཤོག་དེ་ཡང་རྫུན་མ་རེད་འདུག ལས་ཤོག་སྟེང་གི་ཁ་པར་ཨང་གྲངས་དེ་རྒྱ་གར་བ་ཞིག་གི་ཡིན་པ་ལས་དོལ་རྒྱལ་ཚོགས་པའི་མ་ཡིན་པ་དེ་ལ་ཁ་པར་ཞིག་གཏོང་ན་ཤེས།

  8. པདྨ says:
    2016-02-18 at 5:25 am

    གཏམ་གཅིག་བཤད་ན་འདོད་ཐལ།
    བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད་ཞེས་པ་བཞིན་དོལ་ཚོགས་ཀྱིས་དངོས་སུ་དམངས་གཙོ་དང་ཤེས་ཡོན་ཅན་ལ་དགའ་བསུ་ཞུས་པ་འམ། བློ་སེང་ལྟ་བུ་ཤེས་ཡོན་ཅན་ལ་རྒྱལ་ཁ་ཐོབ་ན་དོལ་ཚོགས་ཕྱི་ཕྱོགས་ལ་གནོད་ཚབ་ཆེན་པོ་དང་ཤུགས་སྣོན་ཆེ་དྲག་ནས་ཡང་དཀྲུགས་ཐབས་ལམ་སྟོན་པ་རེད། ཚོགས་གཙོ་xxཚེ་རིང་ལྟ་བུ་ཚོ་ལ་ནུས་པ་གང་ཡང་མེད་པ་ཤེས་ནས་བོད་ནང་འཁོར་དུ་ཆིག་སྒྲིལ་མེད་པ་བཟོ་བ་རེད།

  9. ལུང་རྟོགས། says:
    2016-02-18 at 5:35 am

    གཞན་ཡད་གླེང་གཞི་འདི་བཟོ་མཁན་ཚོས་དོལ་རྒྱལ་བས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་ནི་སྲིད་སྐྱོང་གིས་ཆོས་སྲིད་གཉིས་ལོག་ཀར་ཕྱེ་ནས་དོལ་རྒྱལ་ཚོགས་པ་ལ་དབྱེ་འབྱེད་བྱེད་ཀྱི་མི་འདུག་ཟེར་བ་འདི་དང་། སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དོལ་རྒྱལ་སྐོར་གྱི་བཀའ་སློབ་སོགས་ཕྱིར་བཏོན་པ་འདི་གཉིས་རེད་ཟེར། དེ་ནི་རྒྱུ་མཚན་ཡང་དག་ཅིག་གཏན་ནས་མིན། དོལ་རྒྱལ་ཚོགས་པ་ལ་དབྱེ་འབྱེད་བྱེད་ཀྱི་མེད་ཟེར་བ་ནི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་སྐབས་ནས་མ་ཎི་བཞིན་བགྲང་སྡད་ཀྱི་ཡོད་པ་ཞིག་ལས་བློ་བཟང་སེང་གིའི་བཀའ་ཤག་སྐབས་སུ་གསར་དུ་བཟོས་བཞག་པ་ཞིག་མ་རེད། གཉིས་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དོལ་རྒྱལ་སྐོར་གྱི་གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་དང་། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་ལང་ཕྱོགས་སོགས། དོལ་རྒྱལ་གྱི་སྐོར་ཞེས་པ་ཞིག་དམིགས་གསལ་ཟུར་དུ་བཞག་ཡོད་པ། Tibet.net གི་བོད་ཡིག་སྡེ་ཚན་ལ་ལྟས་ན་ཤེས་ཡོང་།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 8:54 am

    ་་་་་་་ གཞན་རྡི་ལིར་ཡོད་པའི་དོལ་རྒྱལ་ཚོགས་པའི་ལས་ཁུངས་༼འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པ་༽ཟེར་བས་ལས་ཤོག་སྟེང་ལ། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་དང་ལམ་སྟོན་ཆེད་འགོད་ཀྱིས་བཀྲམས་ཡོད། ་་་་་་་་་་ ཟེར།

  11. བྱང་ཆུབ་ལོ་མ། says:
    2016-02-18 at 10:08 am

    ་་་་་ ་་་་་༼་དོལ་རྒྱལ་བ་ཚོས་སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་བའི་རྣམ་པ་བསྟན་ནས་ཡོང་སྟངས་འདི་ལ་ང་ཚོས་དོགས་ཟོན་ཇི་ལྟར་བྱེད་དགོས་སམ། རྒྱལ་བ རིན་པོ་ཆེར་མཚད་སྨད་དང་ངོ་རྒོལ་བྱེད་མཁན། སྐུ་ཕྱྭ་ལ་ཉེན་ཁ་བཟོ་མཁན་ཚོས། སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་རྒྱུ་མཚན་དུ་བཀོད་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད་ཟེར་བ་འདི་རིགས་ལ། སྲིད་སྐྱོང་མཆོག་དང་བཀའ་ཤག་གི་ལྟ་སྟངས་ཅི་ཡིན་གསལ་བཤད་གསལ་པོ་ཞིག་དང་། མང་ཚོགས་ཀྱི་ངོས་ནས་དོལ་རྒྱལ་བ་ཚོའི་བྱེད་སྟངས་འདི་ལ་ངོས་འཛིན་གང་འདྲ་ཞིག་བྱེད་དགོས་མིན་གྱི་ལམ་སྟོན་རེ་ཡོད་ན་གནང་ན་ལེགས་༽་་་ ་་་ འདི་གནད་འགག་རེད། སྲིད་སྐྱོང་དང་བཀའ་ཤག་གིས་དོལ་ཚོགས་ཀྱི་བྱེད་སྟངས་འདི་རྨག་མེད་དུ་འགྲོ་བའི་གསལ་བཤད་ཅིག་གནང་རན་འདུག

  12. གངས་ཕྲུག་ says:
    2016-02-18 at 11:27 am

    ཏྲེ་བྱམས་ལགས་ངོ་མ་ཤེས་འདོད་ན་ཨ་རའི་བུ་མོ་བློ་གསེང་སྐོར་ལ་རྩོམས་བྲི་མཁན་ལ་འབྲེལ་བ་བྱེད་དང་ལམ་སེང་རེད་ལོ།།

  13. གངས་ཕྲུག་ says:
    2016-02-18 at 11:32 am

    ཁྱུང་སེ་ བསམ་བློ་གཏང་ཡས་མང་དྲག་ན་ཏྲི་པའི་ན་གི་རེད་ད་ཧཧཧཧ གོང་ས་མཆོག་ཆོས་ཅན། དོལ་རྒྱལ་དང་འབྲེལ་བ་ཡོད་པར་ཐལ། དོལ་ཚོགས་ཚོས་བླ་བརྒྱུད་ནང་ཡོད་པའི་ཕྱིར་ཧཧཧཧཧཧ

  14. གངས་ཕྲུག་ says:
    2016-02-18 at 11:38 am

    བློ་བཟང་ལ་རྒྱབ་སྐྱོར་བྱེད་མཁན་ལ་རིགས་གཉིས་ཡོད། དང་པོ་ རང་སྐྱོན་ཡོན་གཏན་དུ་མཐོང་ཞིང་གཞན་གྱི་ཡོན་གཏན་སྐྱོན་དུ་མཐོང་མཁན་གྱི་རིགས་གཅིག་དང་གཉིས་རང་ངོས་ནས་རྟགས་དཔྱད་བྱེད་མི་ཤེས་མཁན་རྨོང་པའི་རིགས་གཅིག་བཅས་ཡོད། དེ་ཚོས་བོད་འདི་མེ་འོབ་གཡུག་པའ་ཉེན་ཁ་ཧ་ཅང་ཆེ།།ཧཧཧཧཧ

  15. གངས་ཕྲུག་ says:
    2016-02-18 at 11:49 am

    ཁྱུང་སེ་ལགས་ཉོན་ཤིག། རྒྱ་མིར་དབང་མ་གནང་བར་རྒྱ་བླ་ཡིན་པ་ཡོད་པར་ཐལ་འདོད་པའི་ཕྱིར་ཧཧཧཧཧ

  16. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-18 at 1:42 pm

    གངས་ཕྲུག་ལགས། ཨ་རི་བུ་མོ་དེས་བློ་སེང་གི་ཁང་རིན་རྒྱ་མིས་སྤྲད་ཡོད་པའི་ཁུངས་སྐྱེལ་གང་ན་བྲིས་འདུག་གམ། མོ་རང་གིས་བློ་སེང་ལ་སྐྱོན་འཛུགས་དེ་ཚོ་ཚོད་དཔག་མ་གཏོགས་མཐའ་ཅིག་ཏུ་བདེན་པ་མི་འདུག་གདའ། ཁྱོད་རང་ལ་ཡོད་ན་འགྲེམ་ཤོག་དང་ད་སྐབས་དགོས་མཁོ་ཆེ་བ་ཡོད། གཞན་ཁྱིའི་ཁ་ལ་ལྟོས་ནས་ཁྱི་ལྡོམ་ངུ་ཟུག་རྒྱག་མ་སྡོད་ན་ཡག་ཀི་རེད་དོ།

  17. གངས་ཕྲུག། says:
    2016-02-18 at 7:22 pm

    གངས་ཕྲུག་རྫུན་མ་ལགས། བློ་སེང་རྒྱབ་སྐྱོར་བྱེད་མཁན་ནི་དེང་རབས་ཀྱི་སློབ་གསོ་དང་ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་མི་སྒེར་གྱི་བསམ་འདུན་ལ་ཆེས་མཐང་འཇོག་མཁན། ཆོལ་ཁ་དང་ལུང་ཚན་སོགས་ཀྱི་རེག་དུག་ནད་ངན་གྱིས་མ་ཟིན་མཁན། ཁ་གདིང་མཚུངས་པའི་བྱ་སྤྱོད་ཡོད་མཁན། ནག་ཆང་དང་མི་བསོད་སོགས་ཀྱི་སྙོག་གླེང་མེད་མཁན། དངོས་དངུལ་དང་ས་ཁང་སོགས་བར་ཟོས་དང་སྤྱི་རྒྱུ་སྒེར་བདག་ཅན་མ་ཡིན་མཁན། རང་ཁ་རང་གིས་གསོ་ཐུབ་མཁན། གོང་ས་མཆོག་དང་བཙན་བྱོལ་བའི་མཛད་གཙོ་རྣམ་པའི་བཀའ་ལོག་སྒྲུབ་མཁན་མིན་པ་རྐྱང་རེད་འདུག།

  18. ཇུས་མེད་ཇུས་ཏོག་ says:
    2016-02-19 at 9:02 am

    ཧ་ཧ་ཧ་ཧ་ཧ་ད་ཡིན་ན་

  19. སྐལ་ཚེ། says:
    2016-02-19 at 1:37 pm

    དོལ་རྒྱལ་ཚོགས་པ་ནི་བོད་པའི་སྤྱི་ཚོགས་སུ་དགྲ་བོ་ཨང་དང་པོ་དེ་མིན་ན་ཡང་གཉིས་པར་གྲས་སུ་རྩི་ཆོག དོལ་རྒྱལ་ཚོགས་པས་མི་ཞིག་གདམས་གསེབ་བྱས་ན་བོད་པའི་སྤྱི་ཚོགས་སུ་མིག་ནང་དུ་ཚིར་མ་ལྟ་བུ་ཆགས་རྒྱུ་ཡིན་པ་ཤེས་བཞིན་པ་རེད། དོལ་རྒྱལ་ཚོགས་པས་ཁོ་རང་ཚོའི་དགྲ་བོ་ངོ་མ་བློ་སེང་ཡིན་པ་ཤེས་ཏེ། བློ་སེང་ཕམ་ཉེས་བཏང་བའི་ཆབ་སྲིད་ཡག་ཤོས་དེ་གསལ་བསྒྲགས་སྤེལ་བ་རེད།

  20. John says:
    2016-02-19 at 3:26 pm

    དོལ་རྒྱལ་གྱིས་ཕན་གྱིས་ཟེར་ནའི་ཡིད་ཆེད་མེད་ལ་ གནོད་གྱིས་ཟེར་ནའང་ཡིད་ཆེད་མེད་ དོལ་རྒྱལ་ཡོད་ལའང་ཡིད་ཆེད་མེད་་ དེ་ལས་ཀ་མེད་པའི་ལས་ཀ་རེད་

  21. གསེར་རིན་ཆེན་ says:
    2016-02-20 at 1:22 pm

    https://twitter.com/DorjeeGyalpo/status/701076947204382720

  22. པདྨ says:
    2016-02-20 at 2:13 pm

    དོལ་ཚོགས་སྤེན་ཚོགས་ལ་གོ་སྐབས་མེད་ཀྱང་དོག་ཚང་པ་རེད།
    འདི་དག་ཁྱི་ངན་རྒྱག་ན་བདག་པོ་འཇུ་ཟེར་བ་དེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme