Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲངས་ཉུང་མི་རིགས་ལ་ཕུལ་བའི་གཏམ།

Posted on 2016-02-072016-02-07 By ཁ་བརྡ No Comments on གྲངས་ཉུང་མི་རིགས་ལ་ཕུལ་བའི་གཏམ།

དུག་ཚེར་མ།

 
ཉིན་རེའི་འཚོ་བ་དང་འབྲལ་མི་ནུས་པའི་ཕ་མེས་ནས་བརྒྱུད་པའི་གོམས་གཤིས་དང། དེ་དག་གིས་དཀའ་སྤྱད་ལས་བྱུང་བའི་རིག་གནས་སོགས་གཞན་དང་མི་འདྲ་བ་དུ་མ་ཡོད་རེད། འོན་ཀྱང་ད་ལྟའི་དུས་སྐབས་ལ་ལད་ཟློས་དང་། ལྟོ་གོས་ཙམ་དོན་དུ་གཉེར་བཞིན་པ་ལས་མེས་པོའི་མཛད་རྗེས་ལ་དྲིན་གསབ་དང་། སོ་སོའི་ཁ་ཕྱོགས་ཡག་པོ་ཞིག་འཚོལ་ནས་མི་རིགས་འདི་ལ་འཕྲལ་ཕུགས་ཕན་པ་སྒྲུབ་མཁན་དཀོན་པོ་རེད་ལ། མང་ཆེ་བས་ལྟོ་གོས་ལ་ཁ་གཡར་ནས་ཕ་མེས་ཀྱི་རྔུལ་ཁྲག་ལས་བྱུང་བའི་ལོ་རྒྱུས་སོགས་འཁྱོག་བཤད་དང་། གཞན་མི་རིགས་ལ་བྲིད་ནས་ལྟོ་གོས་འཚོལ་བཞིན་པ་ནི་ད་ལྟའི་བར་མུ་འཐུད་ནས་འབྱུང་བཞིན་པ་རེད།དེས་ན་འགྱུར་ལྡོག་རེ་ལ་བསམ་ན་མི་རིགས་དེ་ལ་ཡ་ང་བའི་དོན་རྐྱེན་འབྱུང་ངེས་རེད་ལ། ཉིན་མོ་དེར་འགྱོད་དགོས་ཡོད་མེད་བསམ་བློ་བཏང་ན་ཕྱིས་དྲགས་པ་ཡིན་མིན་ཤེས་ངེས་ཡིན།

སྟོབས་ཤུགས་དང་། གཞན་དབང་དུ་གནས་པའི་ཉིན་མོ་ནས་སྔ་མོའི་ལོ་རྒྱུས་ཇི་བཞིན་གནས་ཐུབ་པ་ཁག་པོ་དང་། ད་དུང་འགྱུར་ལྡོག་རེ་རེ་ཡིས་དཀར་ནག་གོ་ལྡོག་ནས་མི་འདོད་པ་ཁོ་ན་བྱུང་ནས་ངལ་དུབ་དང་། མཐའ་མར་ལུས་སེམས་གཉིས་ཀ་བེད་མེད་དུ་གྱུར་ངེས་ཡིན་པ་ངེད་ཚོས་ཤེས་མི་ཐུབ་པ་ཆགས་ངེས་རེད། ཐ་ན་ཟ་མ་ཞིག་ཡན་ཆད་ནས་གཞན་ལ་བརྟེན་པ་ཙམ་ལས་ཐབས་ལམ་དང་། རིགས་ལམ་གྱི་ཐོག་ནས་ཁ་ཕྱོགས་ཞིག་འཚོལ་མི་ཐུབ་པ་དང་། འགོ་ཁྲིད་ཞིག་མེད་པ་ནི་མི་རིགས་དེ་རྨོངས་པ་ལས་སད་མེད་པ་རེད་ལ། ད་དུང་ཡང་འཇིག་ལ་ཉེ་བའི་ཉེན་བརྡ་ཞིག་མངོན་པ་རེད་སྙམ།
དུས་སྐབས་དེར་མི་ཚེའི་རིན་ཐང་མ་ཤེས་པར་དཔལ་འབྱོར་ལ་རྔམ་ནས་བྲན་གཡོག་དང་། མི་རིགས་གཉིས་པའི་གྲལ་དུ་འཛུལ་ཨེ་ཐུབ་བལྟས་ནས་སྙིང་པོ་མེད་པའི་བྱ་བ་ཁོ་ན་ལ་འབད་ཤིང། དེ་ལ་ཡིད་སྨོན་ཤོར་བ་མ་ཟད་གཞན་ལ་ཡང་ཤན་འགོ་རུ་བཅུག་གི་ཡོད།

དེ་ལྟར་ཡིན་པ་ཡང་སྔ་མོ་ནས་ཤ་ཁྲག་གཅིག་ལས་མཆེད་པའི་སྤུན་མཆེད་རྣམས་གཉའ་གནོན་འོག་ཏུ་གནས་ནས་མིག་ཆུས་གདོང་བརླན་པ་ལ་བསམ་ན། དེ་དག་གིས་རང་དབང་དང་། མི་རིགས་ཀྱི་ལ་རྒྱ། ཕ་མེས་ཀྱི་སྙིང་སྟོབས། གསུབ་པར་དཀའ་བའི་ལོ་རྒྱུས་ཀྱི་རྒྱབས་ལྗོངས་ལ་བསམ་ནས་མི་རིགས་གཞན་དང་དཔུང་པ་མཉམ་གཤིབས་བྱེད་ཐུབ་མེད་པར་ལོ་རྒྱུས་ཀྱི་ར་སྤྲོད་བྱེད་ཡོད། དེ་ཚོས་ལས་དོན་ཆེ་ཆུང་ག་འདྲ་ཞིག་འགོ་རྩོམ་ན་ཡང་གཞན་དང་མཐུན་ཐབས་བྱས་པ་ནི་ཁྱི་ཡིས་མི་ཡི་རྣམ་འགྱུར་བསྟན་པ་ལས་གང་ཡང་མེད་པ་རེད་ལ། དེ་ཚོས་དུས་ནམ་ཡང་རང་ཉིད་རང་གིས་མ་ཤེས་པ་མ་ཟད། ག་དུས་ཡིན་ན་ཡང་ལྟོ་གོས་ལ་ཞེན་ནས་མི་རིགས་གཉིས་པའི་གྲལ་དུ་གནས་ནས་སྐྱིད་ཉམས་ཀྱི་ཚོར་སྣང་ཙམ་ཡོད་པ་ཚོར་སྲིད་ཀྱང་ཕུགས་འདུན་མེད།
ལྡོག་ཕྱོགས་ནས་འཛམ་གླིང་འདིར་གྲངས་ཉུང་མི་རིགས་དགའ་ཤས་ཞིག་གདུག་རྩུབ་ཀྱི་སྲིད་བྱུས་ཀྱིགནོད་འཚེ་འོག་ཏུ་གནས་ཡོད་པ་ཤེས་མི་ཐུབ་པ་དང་། སྙིང་སྟོབས་ཅན་གྱི་མཁས་པ་དགའ་ཤས་ཀྱི་གཙོ་བོ་བྱས་ནས་མི་རིགས་དེ་ཕ་མེས་ཀྱིས་ངལ་དུབ་ཀྱི་ཁྲོད་ནས་བཞག་པའི་རིག་གཞུང་ལ་དགེ་མཚན་མཐོང་དུ་བཅུག་དགོས་པ་དང་། ཟླ་བ་དང་ལོ། མི་རབས་ནས་མི་རབས་གཞན་འོག་ཏུ་འཚོ་བའི་ཡ་ང་བའི་གནད་དོན་ལ་རྒྱུས་ལོན་བྱས་ནས་ལོ་རྒྱུས་གསར་པ་ཞིག་སྐྲུན་ཆེད་བློ་ཁ་ཕྱོགས་དགོས་པ་ཡང་རང་ཉིད་ནས་རྩོམ་དགོས་པ་ཤེས་མེད།

ད་དུང་སྔ་མོའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་མདུན་བསྐྱོད་མ་བྱས་པ་གཞན་འོག་གནས་ནས་མི་ཚེ་སྐྱེལ་ཨེ་ཐུབ་ལྟ་བ་ལས་གཞན་ལེགས་པའི་ཆ་གང་ཡང་མེད་ལ། དེ་ལྟར་མང་མོད་སྐབས་དོན་མཚན་གཞིར་བཟུང་ན་བལ་ཡུལ་གྲངས་ཉུང་མི་རིགས་ཀྱི་ཆ་ཤས་དེ་ཚོ་རེད་ལ། དེ་ཚོས་ལྟོ་གོས་ལ་ཤི་འཐམ་རོ་འཐམ་བྱས་ཅིང་། མི་རིགས་ནང་ཁུལ་ནང་དམེ་དང་གཉའ་གནོན་བྱས་པ་ཙམ་ལས་ཤེས་རིག་དང་། དཔལ་འབྱོར་གང་ཅི་ཐད་ནས་ཕན་ཐོགས་པའི་ལས་དོན་ཆེ་ཆུང་ཅུང་ཙམ་ཡང་བྱེད་ཐུབ་པའི་ནུས་པ་དབེན་ཞིང་། འགོ་འཁྲིད་ཚད་ལྡན་ཞིག་ད་ལྟའི་བར་བྱུང་མྱོང་མེད་པས་འཕོངས་པ་རེད་ལ། ད་དུང་ཡང་གཞོན་སྐྱེས་ཚོས་མི་རིགས་དེ་ཁ་ཕྱོགས་གསར་པར་ཡིད་སྨོན་ཤོར་ཡང་ཐབས་ཤེས་ཀྱི་འཕོངས་ཤིང་འབད་བརྩོན་གནང་བའི་དུས་ལ་སླེབས་པ་ཡང་མ་ཤེས་པ་མ་ཟད། གཞན་ཡུལ་ལ་འགྲོ་འདོད་ཀྱི་བསམ་བློ་ཇེ་ཆེར་འཁོར་ཞིང་། ད་ལྟའི་དུས་ལ་མི་རིགས་གཉིས་པའི་གྲལ་དུ་གནས་ནས་རྫིག་མདོག་བྱེད་པ་དང་། གཞན་གྱི་མིང་གཡར་ནས་ཤར་ནུབ་རྒྱལ་ཁབ་ཏུ་འཚོ་སྡོད་བྱས་པ་ཇེ་མང་འབྱུང་བཞིན་པ་ནི་ཡ་ང་བ་ཞིག་རེད།

དེ་ཚོས་རིག་གཞུང་ལ་བཅངས་པའི་བརྩེ་གདུང་ནི་རང་ཉིད་ཀྱི་ལྟོ་གོས་གཏམ་གྱི་ཆེད་ཁོ་ན་ཡིན། དེས་ན་དེ་ཚོས་ཕ་མེས་ཀྱི་རིག་གཞུང་གླེང་མདོག་གི་ཧབ་པ་བཤད་འདོད་ཡོད་པ་དང་བཤད་བཞིན་པ་རེད་ལ།ཆས་གོས་གྱོན་པ་ནི་ཐོ་ཡོར་ལ་རས་ཆ་བཏུམས་ནས་འཇིག་སྐྲག་སྐྱེས་བཅུག་པ་དང་ཐ་དད་ཡེ་ནས་མེད། དེ་ཚོས་ལུང་པ་གཞན་ལ་ཤན་འགོས་པའི་རིམ་ནད་ངན་པ་དང་། རང་མི་རིགས་མེད་པར་བཟོ་བྱེད་ཀྱི་ནང་གི་དགྲ་བོ་ཞིག་ལས་མ་འདས་པས་དེ་དག་དུག་རྩ་བཞིན་དུ་དོར་དགོས། དེ་ཚོས་ལས་འབྲས་ཞེས་པའི་ཚིག་འབྲུ་གཉིས་པོ་ནི་ནེ་ཙོ་ཡིས་མི་སྐད་ཤེས་པ་དང་གཅིག་པ་རེད་ལ། རང་དོན་བྱེད་དུས་དཀར་ནག་ངོ་མི་ཤེས་པའི་རྨོངས་པ་ངོ་མ་དང་། རང་གཞན་གཉི་གའི་རིག་གཞུང་དང་། ལྟ་བ་སོགས་ལ་གནོད་པའི་འགོ་ནད་ཡིན་པས་ངེས་པར་སྤོང་དགོས།
གཞི་ནས་སྙིང་སྟོབས་དང་། དྲང་བདེན་དང་ཡིད་ཆས་གསུམ་གྱི་ངང་ནས་མི་རིགས་དེ་མཉན་འཕྲང་ལས་སྐྱོབས་པའི་དུས་ཚོད་སླེབས་པ་ཤེས་ནས་ཤེས་རིག་སྦྱོང་དགོས་པ་དང་། ཆིག་བསྒྲིལ་ལ་ཡིད་སྨོན་དང་དེ་ཡི་མཐུན་རྐྱེན་འཚོལ་དགོས་པ་ཤེས་པ་དང་། མཐའ་མར་གཞན་ཡུལ་དུ་གནས་ནས་ཁ་མཁས་ཀྱི་གཏམ་དང་། དཔལ་འབྱོར་གྱིས་གནོན་ཤུགས་སྤྲོད་ཨེ་ཐུབ་བྱེད་པ་ནི་འཇིག་རུང་གི་དགྲ་བོ་མིན་ཡང་། འཛུམ་མུལ་ངང་ནས་བསླུ་བར་བྱེད་པའི་ཤིན་རྗེ་དང་མཚུངས་པ་ཤེས་ཐུབ་པ་ནི་བཤད་མི་དགོས་པ་དང་། མི་རིགས་འདི་སྲུང་སྐྱོབས་བྱེད་ཐུབ་པར་ངེས་སོ།

སྣ་ཚོགས།

Post navigation

Previous Post: ད་ཡིན་ན། ང་སྲིད་སྐྱོང་བློ་སེང་ལ་རེ་ཐག་ཡོངས་སུ་ཆད་སོང་།
Next Post: ལོ་སར་སྐབས་ཀྱི་དོགས་ཟོན་བརྒྱད་དང་བརྗེད་མི་རུང་བ་དགུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme