Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོའི་ཆད་པ་ལྟག་ལོག་དགོས།

Posted on 2016-02-072016-02-07 By ཁ་བརྡ 16 Comments on ཚོགས་གཙོའི་ཆད་པ་ལྟག་ལོག་དགོས།

ཨེ་མ་ཧོ།

༡ སྦྱོར་བའི་བདེན་གཏམ།

དེང་དུས་འབྱུང་འགྱུར་གངས་ཅན་བོད་མིའི་བདེ་སྐྱིད་ལ་དམིགས་ནས་ཆོས་ཀྱི་རྩ་བ་སྲིད་ཞེས་པ་བཞིན་དུ་གངས་ཅན་བོད་མིའི་སྤྱི་མགྲིན་ཆོག་པའི་བདེན་པ་དྲང་པོ་སྤྱི་ཕན་ཁོ་ན་དོན་དུ་གཉེར་བ་ཞིག་ལ་སྲིད་སྐྱོང་གདམས་དགོས་པ་ང་ཚོས་ལས་འགན་རེད། མཁས་དབང་བློ་བཟང་སེངྒེ་དང་། ཨ་ཚོགས་ཀླུ་མཁར་བྱམས་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། ལུག་རྫི་སོགས་དམངས་གཙོ་ལོངས་སུ་སྤྱོད་ནས་ལོང་པ་རེད། སྔོན་འགྲོ་དང་དངོས་གཞི་མཇུག་འབྲས་གསུམ་ལས་དང་པོའི་སྐབས་སུ་བློ་སེང་དང་སྤེན་ཚེ་དང་ཀླུ་མཁར་བྱམས་ལ་ཐོབ་པ་རེད། ཡིན་ན་ཡང་རང་བཙན་བཀག་པ་རེད་ཅེས་གསར་བསྒྲགས་ལ་བལྟས་ན་གསལ་བོ་ཤེས། བདག་གིས་ཞུ་འདོད་པ་དེ་ཚོགས་གཙོ་མཆོག་གཞུང་གིས་དབང་ཤེད་ལ་བརྟེན་ནས་ཨ་རི་དང་ཡུ་རོབ་སོགས་སུ་ཚོགས་བཤད་གསལ་བསྒྲགས་རྒྱ་ཆེན་པོ་བྱས་ནས་བློ་སེང་ལ་དོག་པ་ཟ་དགོས་པ་བྱས་ཡོད། ཡིན་ན་ཡང་བདེན་ལུང་བ་གཉིས་དེ་ཕུ་ཐག་རིང་ཞེས་པ་བཞིན་དུ་གཞུང་འབྲེལ་གྱིས་བདེན་ཁ་རྣམ་དག་སྤྲད་པས་བློ་སེང་ལ་རྒྱལ་ཁ་ཐོབ་ཡོད། ཡིན་ན་ཡང་གསལ་བསྒྲགས་ཙམ་མིན་པར་ཐག་གཅོད་ནན་མོས་དགོས་པ་མ་གཏོགས་བདེན་པ་ལས་རྫུན་པ་རྒྱལ་བའི་གཡང་ཁ་ཆེན་པོ་བྱས་ཚར། ངོས་ནས་ཀླུ་བྱམས་ལ་རྒྱ་ཆ་བརྒྱ་དུང་ལེན་བྱས་པ་ཡིན། གཙོ་བོ་ལོ་རྒྱུས་དང་ཕུག་མདུན་རིངམོ་ལ་བསམ་ཞིབ་བྱས་པ་ལས་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་སྤུ་ཙམ་མེད་པར་སྲིད་སྐྱོང་ཀླུ་མཁར་ངོ་ཡང་མི་ཤེས་ཀྱང་ཁོའི་ལོ་རྒྱུས་ཚང་མ་བདེན་པའི་ལམ་ནས་གསལ་ཐག་ཆོད་པར་ཤེས་ནས་འོས་ཁོ་ལ་གདམས་པ་ཡིན། ད་ཡིན་ན་འོས་མི་གཉིས་ལས་མང་མི་ཉན་པར་ཡིན་ན་ཀླུ་མཁར་དང་བློ་སེང་གཉིས་འགྲན་རྩོད་དགོས་པར་གསལ་བོ་ཆགས་ཟིན་པས་དབུ་འཛིན་མགོ་གཙོ་དབང་ཆ་ལྡན་པ་ཚོགས་གཟུ་གནས་བློ་གྲོས་དང་བདེན་པའི་རྒྱ་མ་བགྲང་ཐག་མི་ནོར་བར་ཤིན་ཏུ་གཅེས་སོ།།

 

༢ དངོས་གཞི་འོས་འདེམས་འགྱུར་བ་གཏོང་དགོས།

བཀའ་ཤག་དང་དབུ་འཛིན་རྣམ་པས་བདེན་པ་དྲང་པོས་ལམ་ནས་མ་འོངས་བོད་ཀྱི་བདེན་མཐའ་ལས་སྒེར་སྤྱོད་ཧྲག་འཛིན་དུ་མི་འགྲོ་བར་གསལ་བསྒྲགས་ལག་ལེན་དུ་ངེས་པར་འབྱོང་དགོས་པ་རྩ་བའི་དམ་ཚིག་རེད། དེས་ན་དུས་དབང་དང་དོན་སྤྱོད་སྐོར་ལ་བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ཐེངས་དང་པོ།
ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན། བཀའ་ཤག་ནས་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་བྱས་པའི་ཚིག་དུམ་ཞིག་དྲངས་ན་འདི་རེད། “དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག ཚོགས་གཞོན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཆེད་ཕེབས་གནང་སྟེ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། དད་ལྡན་ཆོས་ཞུ་བ་ལྷན་རྒྱས་ལ། ཇི་ལྟར་དགོངས་མངའ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་གཅིག་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་གསལ་བསྒྲགས་སྔོན་སོང་ལྟར་ཡང་།
འདི་ལོ་སྔར་དང་མི་འདྲ་བར་༸སྐུའི་གྱ་སྟོན་གྱི་མཛད་འཆར་དང་བརྟན་བཞུགས་བཅས་ཤིན་ཏུ་མང་པོ་བྱུང་བ་དང་། རིང་མིན་ཕྱི་ཟླ་ ༩ པའི་ནང་ཨིན་ལེན་དུ་བདུན་ཕྲག་གཅིག་རིང་དང་། དེ་རྗེས་ཕྱི་ཟླ་བ་ ༡༠ པའི་ནང་ཨ་རི་ཁུལ་དུ་བདུན་ཕྲག་གསུམ། ཕྱི་ཟླ་ ༡༡ པའི་ནང་རྒྱ་གར་ནང་གསུང་ཆོས་དང་གཞན་ཆིབས་སྒྱུར་ཁག་གཅིག ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་བསྟུད་མར་བདུན་ཕྲག་གསུམ་རིང་མཛད་འཆར་ཤིན་ཏུ་དམ་པ། ལྷག་པར་ཕྱི་ལོ་ ༢༠༡༦ ཟླ་བ་དང་པོའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བཞེད་ནི་ཆོས་འབྲེལ་གཞན་དང་མི་འདྲ་བར་སྔོན་འགྲོའི་གསུང་ཆོས་སོགས་ཀྱིས་དུས་ཡུན་འགོར་གཞི་རིང་ལ། སྒྲུབ་ཞག་གནང་སྒོ་ཁག་ཕྱག་བཞེས་མང་སྟབས་ཧ་ཅང་གི་སྐུ་ཐང་མཉེས་པོ་ཡོང་རྒྱུ་ཡིན་ན། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་༸སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ་དང་།
དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་གཅིག་གིས་རྣམ་ཀུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོ་རྒྱུའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསལ་སྒྲོན་འབུལ་ཞུས་པ་བཞིན་བཀའ་བཞེས་ཐོབ་སྟབས། སང་ལོའི་དུས་འཁོར་དབང་ཆེན་དེ་ལོ་གཅིག་གི་རིང་ཕར་འགྱངས་གནང་གཏན་ཁེལ་བའི་གསལ་བསྒྲགས་ཞུ་རྒྱུ་དང་།
དེའི་རྐྱེན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དུས་དབང་སྦྱིན་བདག་ཁག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དེ་བཞིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་པོར་གང་ཅིའི་ཐུགས་སྟབས་མི་བདེ་བ་ཡོང་ངེས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོ་སྐབས་འདི་བརྒྱུད་བཟོད་གསོལ་ཞུ་རྒྱུ་དང་། དེ་དོན་འབྲེལ་ཡོད་ཀུན་གྱིས་དགོངས་ཡངས་དཀྱེལ་ཆེ་ཡོང་བ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ལ།”
ཞེས་དུས་དབང་ཕར་འགྱངས་དགོས་སྐོར་བཀའ་ཤག་གིས་ཡར་དགའ་ལྡན་ཕོ་བྲང་ལ་སྙན་གསན་ཞུས་པ་གསལ་བོར་བཀོད་ཡོད།

དེའི་འབྲེལ་ཐག་འདི་ན་ཡོད།

http://bod.asia/…/%E0%BD%91%E0%BD%94%E0%BD%A3%E0%BC%8B%E0%…/

 

བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ཐེངས་གཉིས་པ།

 
ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ཉིན། ཡང་བསྐྱར་བཀའ་ཤག་གིས་བསྐྱངས་པའི་གསར་འགོད་གསལ་བསྒྲགས། བཀའ་ཤག་གི་དངོས་དོན་གསལ་བཤད་དུ།
“གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག”
ཅེས་དགའ་ལྡན་ཕོ་བྲང་ནས་མར་བཀའ་ཤག་ལ་དུས་དབང་ཕྱིར་འཐེན་དགོས་ཞེས་བཀའ་ཕེབས་ཚུལ་བཤད་འདུག

འབྲེལ་ཐག་འདི་ན་ཡོད།
http://bod.asia/…/%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%…/

 
ཚོགས་གཙོའི་དྲིས་ལན་དང་པོ།

སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས། ཁོང་འོས་མིར་བཞེངས་དགོས་པའི་དམིགས་ཡུལ་སྐོར་གྱི་གཏམ་བཤད་ཨ་རིའི་མི་ནི་སོ་ཊར་གནང་སྐབས། ཁོང་གིས་དུས་དབང་ཕྱིར་འགྱངས་སྐོར་གྱི་དྲི་བ་ཞིག་གི་ལན་དུ་བཤད་དོན།
“༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དགོས་པའི་དབང་གིས་གསུངས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ངས་དེ་ལ་བརྩི་ཡི་ཡིན་ཞུས་ན། ད་དུང་དེའི་སྐོར་གསལ་པོ་བཟོ་དགོས་པ་ཞིག་གཟིགས་ཀྱི་ཡོད་ན། དུས་འཁོར་དབང་ཆེན་དེ་བཀའ་ཤག་གིས་ཡར་ཞུས་ནས་༧གོང་ས་སྐྱབས་མགོན་ཆེན་པོས་ཞལ་བཞེས་གནང་བ་རེད། ལས་རིམ་དེ་ཚོ་བང་བསྒྲིགས་ནས་ཕྱི་ཟླ་༨ བར་དུ་སོང་བ་དང་། དེའི་སྔོན་སྐུའི་གྱ་སྟོན་གྱི་མཛད་རིམ་ཡོད་པ། དེ་རྗེས་དབྱིན་ཡུལ་དང་། ཨ་རི་ལ་ཆིབས་བསྒྱུར། དྷ་ས་དང་། ལྷོ་ཕྱོགས་སོགས་ལ་གསུང་ཆོས་ཡོད་པ་འཛིན་སྐྱོང་གིས་སྔོན་ནས་མཁྱེན་གྱི་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་གིས་དུས་དབང་སྐབས་གཞུང་འབྲེལ་ལས་གཞུང་འབྲེལ་མ་ཡིན་པའི་ལས་རིམ་དེ་གྲ་སྒྲིག་བྱེད་རྒྱུ་མིན་པ་ངས་སྔོན་ནས་གོ་སོང་། དྷ་སའི་སྒྲིག་འཛུགས་ཤིག་གིས་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་༧གོང་ས་མཆོག་ལ་སྔོན་ནས་ཞུས་པ་དང་། ༧གོང་ས་མཆོག་གིས་ཞལ་བཞེས་གནང་ནས་བརྟན་བཞུགས་དེ་དུས་དབང་སྐབས་བང་བསྒྲིགས་ཤོག་གསུངས་པ་དེ་བཀའ་ཤག་གིས་དེ་མ་འགྲིག་པ་གཟིགས་ནས་ལས་རིམ་ནང་བཅུག་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་རེད། དེ་ནས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་བར་བཀའ་མོལ་བྱུང་འདུག ད་དུང་གནས་ཚུལ་གཞན་པ་ཁ་ཤས་ཡོད་རེད། དེ་ཚོ་འདིར་བཤད་ནས་ཆོ་ཞིག་ཡོད་མ་རེད། ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོག་ཞེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་། ཕྱི་ཉིན་ཁོང་གིས་ཁ་སང་ངས་དྲག་པོའི་ཐོག་ནས་བཤད་པ་རེད། དེ་རིང་ང་འཇམ་པོའི་ཐོག་ནས་ཡིན་ཞེས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་མར་བཀའ་ཤག་ལ་བཏང་རེད། བཀའ་ཤག་གིས་ཀྱང་དུས་དབང་ཕར་འགྱངས་བྱེད་རྒྱུ་ཐག་བཅད་ཚར་ཡིན་ཞེས་གསུངས་འདུག དེའི་སྐབས་ཕྱི་ཟླ་༨ ཚེས་༢༩ ལ་ང་ཀ་ལི་མན་ཊོན་ལ་ཡོད། སྐབས་དེར་སྲིད་སྐྱོང་གིས་ཞལ་པར་ཕེབས་སོང་། དུས་དབང་སྐོར་དེ་ཡར་དགའ་ལྡན་ཕོ་བྲང་ལ་ཞུས་ཡིན། ཕར་འགྱངས་བྱེད་རྒྱུའི་ཞལ་བཞེས་བྱུང་སོང་ཟེར། གནད་དོན་དེ་དང་འདི་ཡིན་གསུང་གི་འདུག དེའི་སྐབས་ཡར་ཞུ་ཡ་དེ་བཀའ་ཤག་རེད་ཨ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་ཞུས་ཡོད་པ་མ་རེད། མར་ཐོན་སྟངས་དེ་མཉམ་དུ་ཐོན་དགོས་པ་རྒྱུ་མཚན་འདྲ་མེད་འགྲོ་བསམ་སོང་། མར་ཐོན་སྟངས་ཀྱི་བརྒྱུད་རིམ་བཀའ་ཤག་གིས་གསུངས་པ་དེ་རེད། བྱུང་སྟངས་དེ་ངས་བཤད་བཞག་པ་དེ་རེད་”ཅེས་བཤད་ཡོད་པ་རེད།

 
ཚོགས་གཙོའི་དྲིས་ལན་གཉིས་པ།

ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ཉིན། ཡང་བསྐྱར་བཀའ་ཤག་གིས་བསྐྱངས་པའི་གསར་འགོད་གསལ་བསྒྲགས། བཀའ་ཤག་གི་དངོས་དོན་གསལ་བཤད་ཅེས་པ་བསྒྲགས་རྗེས། གསར་འགོད་པས་ཚོགས་གཙོར་བཅར་འདྲི་ཞུས་སྐབས།
“དེ་རིང་གསལ་བཤད་འདིའི་ནང་གསལ་བོ་ག་རེ་གསུངས་ཡོད་པ་རེད་ཟེར་ན། བཀའ་ཤག་གིས་ཡར་ཞུས་པ་མ་ཡིན་པ་དང་། ༧གོང་མཆོག་གི་དགོངས་པ་དེ་དྲུང་ཆེ་གཉིས་མར་བཏང་བའི་གནས་སྟངས་གསུངས་ཡོད་པ་རེད། གནས་ཚུལ་དེ་ཕྱི་ལོགས་ལ་ཐོན་སྟངས་དེ་ག་འདྲ་ཞིག་ཐོན་དགོས་ཀྱི་ཡོད་མེད་ཐོག་ལ་བཀའ་ཤག་ནས་གསོལ་འདེབས་ཞུས་བ་ཡིན་པ་དེ་གསལ་ཡོད་སྟབས། རང་བཞིན་གྱིས་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་བྱུང་བ་རེད། ཚོགས་གཙོས་དེའི་སྐོར་ལ་མང་ཚོགས་ལ་གང་ཡང་ཞུས་མེད། ཡིན་ནའང་ཕྱི་ཟླ་ ༨ ཚེས་ཉེར་བདུན་དང་ཉེར་བརྒྱད་ལ་ག་རེ་བྱུང་ཡོད་མེད་དང་། ཕྱི་ཚེས་ ༢༩ ཉིན་དྲུང་ཆེ་གཉིས་མར་ཕེབས་ཏེ་གསལ་བཤད་གནང་བ་དེ་དག་སྲིད་སྐྱོང་གིས་ང་ལ་གསལ་བོ་གསུང་ཡོད་ན། ངས་དེ་ལྟར་ཞུ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་མ་རེད། ངས་གསལ་བཤད་ཞུ་རྒྱུ་གཅིག་དེ་ཡིན། ཕྱི་ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་གིས་ང་ལ་ཞལ་པར་གནང་བའི་སྐབས་སུ། ཕོ་བྲང་གི་དྲུང་ཆེ་གཉིས་མར་ཕེབས་ཏེ་ང་ལ་འདི་ལྟར་གསུངས་སོང་ཞེས་ནང་དོན་གསུང་ཡོད་ན། ད་ལྟའི་གནས་སྟངས་འདི་ཆགས་ཀྱི་ཡོད་པ་མ་རེད། ནང་དོན་གསལ་བོ་གསུངས་མེད་པའི་ཐོག་ནས་བཀའ་ཤག་གིས་ཡར་གསོལ་འདེབས་ཞུས་པ་ཡིན་ཟེར་བ་དེ་ཏག་ཏག་བསྡད་མེད་སྟབས་མང་ཚོགས་ནང་བསམ་ཚུལ་བྱུང་བ་དང་། ངས་གནས་ཚུལ་གང་ཤེས་པ་དེ་ངས་གསལ་བཤད་ཞུས་པ་རེད་མ་གཏོགས་བཀའ་ཤག་མ་བརྩིས་པ་དང་། བོད་མིའི་སྒྲིག་འཛུགས་ལ་ང་སྒེར་གྱི་ཁེ་ཕན་ཆེད་དུ་དེ་འདྲ་བྱས་པ་རྩ་བ་ཉིད་ནས་མིན་ཞེས་གསལ་བཤད་ཞུ་བཞིན་ཡོད།” ཅེས་བཤད་འདུག

འབྲེལ་ཐག་འདི་ན་ཡོད།

http://tibettimes.net/%E0%BD%91%E0%BD%B4%E0%BD%A6%E0%BC%8B…/

 

༣ མཐར་དོན་ཚོགས་གཙོ་དངོས་འདེམས་ལས་ཕྱིར་ཕུད་དགོས།

འདིར་ངེས་པ་ཤེས་དགོས་པ་ཞིག་ལ་གསལ་བསྒྲགས་ཙམ་མིན་པར་ལག་ལེན་གནད་ལ་ཁེལ་བ་དགོས་པ་རེད་མ་གཏོགས། བཙན་བྱོལ་སྒྲིག་འཛུགས་ཀྱི་འབྱུང་འགྱུར་མདུན་ལམ་ལ་གནོད་ཚབ་ཆེ་བས་ཚོགས་གཙོའ་རྩ་དགོངས་ཞུ་བའམ་དངོས་གཞི་འོས་འདེམས་ལས་ཕྱིར་ཕུས་གཏོང་དགོས།
དེས་ན་དངོས་གཞི་འགྲན་རྩོད་པ་ཀླུ་བྱམས་དང་བློ་སེང་གཉིས་དགོས་པ་དུས་སུ་བབས་པ་ལས་སྲིད་སྐྱོང་འོས་འདེམས་དེ་རྩེད་ཆས་དང་བེད་སྤྱོད་ལོག་པར་མི་གཏོང་བར་མཁྱེན་ནོ།།
ཆོས་ལུགས་དང་ཆོལ་ཁའི་ཕྱོགས་གྱི་དྲི་མ་དབེན་པའི་བློ་གཟུ་བོར་གནས་པའི་ཐོག་ནས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཨེ་མ་ཧོས་ནང་ཇའི་སྐབས་སུ་གང་དྲན་དུ་བོད་བསྟན་སྲིད་ལ་ཕན་པའི་ཐབས་སུ་བགྱིས་པར་དགེའོ།། །།

བསམ་ཚུལ།

Post navigation

Previous Post: བོད་ཀྱི་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ།
Next Post: ཐའེ་ཝན་ས་ཡོམ་ཁྲོད་ཀྱི་བོད་བརྒྱུད་དགེ་འདུན་པ།

Comments (16) on “ཚོགས་གཙོའི་ཆད་པ་ལྟག་ལོག་དགོས།”

  1. པདྨ says:
    2016-02-07 at 9:07 am

    ཧ ཧ ཨེ་མ་ཧོ། ཉིན་མོའི་རྨི་ལམ་རེད་ཀོ།

  2. ཆུ་ཐིགས་སྔོན་མོ says:
    2016-02-07 at 2:09 pm

    ཨེ་མ་ཧོ་འདི་འདྲའི་ཕྱོགས་ལྷུང་ཅན་ཞིག་ཡིན་པ་དེ་རིང་མ་གཏོགས་ཤེས་མ་སོང་་་་ནམ་རྒྱུན་ཆོས་ཕྱོགས་ཀྱི་སྙན་རྩོམ་ཐར་ཐོར་རེ་བྲིས་ནས་འདུག་མཁན་ཞིག་ཡིན་་་འོན་ཀྱང་གནད་འགག་ལ་ཐུག་དུས་རང་མདོག་གསལ་བོ་བསྟན་ཡོང་གི་འདུག་་་་་དངོས་གནས་མི་ཟེར་བ་དེ་བཤད་མ་ཤེས་པ་ཞིག་རེད་་་

  3. པདྨ says:
    2016-02-07 at 3:03 pm

    ཚོགས་གཙོ་ལ་ད་ཐེངས་ཆོས་ཕྱོགས་ནས་གོང་ས་ཏྰ་ལའི་བླ་མ་མཆོག་གིས་ཨ་རི་ནས་མཇལ་ཁ་མ་གནང་བ་དང་། མཁན་ཆེན་བླ་མས་དཔྱད་གཏམ་ལ་བལྟས་ན་ཚོགས་གཙོས་རྫུན་བཤད་དྲག་པས་མིན་ནམ་སྙམ།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 4:45 pm

    ཨེ་མ་ཧོས།

    ་་་་་་་ ངོས་ནས་ཀླུ་བྱམས་ལ་རྒྱ་ཆ་བརྒྱ་དུང་ལེན་བྱས་པ་ཡིན། ་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 4:47 pm

    ་་་་་་་་་ དྷ་སའི་སྒྲིག་འཛུགས་ཤིག་གིས་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་༧གོང་ས་མཆོག་ལ་སྔོན་ནས་ཞུས་པ་དང་། ༧གོང་ས་མཆོག་གིས་ཞལ་བཞེས་གནང་ནས་བརྟན་བཞུགས་དེ་དུས་དབང་སྐབས་བང་བསྒྲིགས་ཤོག་གསུངས་པ་དེ་བཀའ་ཤག་གིས་དེ་མ་འགྲིག་པ་གཟིགས་ནས་ལས་རིམ་ནང་བཅུག་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་རེད། དེ་ནས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་བར་བཀའ་མོལ་བྱུང་འདུག ད་དུང་གནས་ཚུལ་གཞན་པ་ཁ་ཤས་ཡོད་རེད། དེ་ཚོ་འདིར་བཤད་ནས་ཆོ་ཞིག་ཡོད་མ་རེད། ་་་་་་་་ ཟེར།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 4:54 pm

    ཚོགས་གཙོ་སྤེན་ཚེ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ནང་གི་ནོར་བུ་རེད། བློ་སེང་ནི། ཕྱིའི་ལྕགས་རི་རེད། ཀླུ་མཁར་བྱམས་ནི། ༸གོང་ས་མཆོག་ལ། ཉེས་མེད་ཉེས་འཛུགས་ཟུར་ཟ་བྱས་པ་དང་། རང་བཙན་ཁ་ལ་འཁྱེར་ནས། བཙལ་བྱོལ་སྤྱི་་ཚོགས་དཀྲུགས་ཐུབ་ཙམ་བྱུང་བ་རེད། མི་ངན་ཀླུ་བྱམས་འདི་དང་གཅིག འཇམ་ནོར་དང་གཉིས། ལྷག་བསམ་དང་གསུམ་པོ་འདི་དག མ་འོངས་པར་སྲི་སྐྱོང་ཕར་ཞོགས། སྤྱི་འཐུས་ཙམ་ཡང་གོ་སྐབས་སྤྲོད་རྒྱུ་ཡོད་པ་མ་རེད་དོ། གཞིས་བྱེས་བོད་མི་མང་ཚོ། བདེན་པ་རྒྱལ་ལོ། བོད་རྒྱལ་ལོ།། །།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 4:55 pm

    རངབཙན་པའི་སྤྱི་འཐུས་ཅིག་སྲིད་ན། དེ་ནི་རྒྱལ་ཞེན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་གཅིག་པུ་ཁོ་ནའོ།། །།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-07 at 5:23 pm

    ཧཧཧཧཧཧ་་་་་ངོ་མ་བགད་མོལ་ཤོར་ཀི་ཡ་་་་་་སྤེན་ཚེ་བོད་མིའི་སྒྲིག་འཛུགས་ནང་གི་ནོར་བུ་རེད་ཨེ་་་་་་ནོར་བུ་རེད་འདུག་གམ་འབར་རྫས་རེད་འདུག་དཔྱད་ཞིབ་ཐོངས་ཨ། ཚོགས་གཙོའི་རྐུབ་ལྕག་ཐོག་འདུག་ནས་སྐད་ཅ་གང་བཤད་ཡིན་སྙམ་ནས་ད་ག་བར་སླེབས་འདུག་གམ། དུས་དབང་སྐོར་སོགས་ལ་གསལ་བཤད་མ་བྱས་ཀ་མེད་བྱས་སོང་ཨ། མཐོང་ཨེ་བྱུང་་་་་་་ཞྭ་ཀོག་རྣམས་པ་ལགས།

  9. གསང་བདག་སྐྱབས says:
    2016-02-07 at 11:32 pm

    ཨེ་མ་ཧོས་ཟེར་བ་བདེན། གང་ཡིན་ཟེར་ན། སྤེན་ཚེ་འོས་གཞི་ལས་ཕུད་པ་ཡིན་ན་བློ་སེང་ལ་འོས་འཐོབ་མིན་དངངས་སྐྲག་དགོས་པ་མ་རེད།

  10. གངས་རིའི་བུ། says:
    2016-02-08 at 4:08 am

    སྲིད་སྐྱོང་ཝ་མོའི་ཕྱོགས་གཏོགས་པ་ཚོས་སྔོན་ལ་བློ་སེང་གི་ཁང་རི་་འདི་གཙང་མ་བཟོ་ཐུབ་ན་འོས་ཤོག་སུ་ལ་བླུགས་དགོས་མི་་བསམ་བློ་གཏང་ཆོག http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/?from=singlemessage&isappinstalled=0

  11. བསྟན་འཛིན says:
    2016-02-08 at 6:50 am

    ཨེ་མ་ཧོ་རྫུན་བཤད་མཁན་སུ་རེད་འདུག
    ད་དུང་གསལ་བསྒྲགས་གཉིས་པ་རྫུན་མིན་བཟང་གི

  12. པདྨ says:
    2016-02-08 at 7:39 am

    བདག་གིས་དཔྱད་པ་གཞུང་ནས་གསལ་བསྒྲགས་དེ་བདེན་པ་དང་།ཏྰ་ལའི་བླ་མས་ཕྱག་མོ་བདུན་བཏབས་པ་རྫུན་ཕོད་མཁན་མེད་པ།།

  13. གངས་རིའི་བུ། says:
    2016-02-08 at 7:41 am

    སྲིད་སྐྱོང་བློ་སེང་གི་མཛད་པ་བཅུ།

    ༡༽ རྒྱ་བོད་སྲིད་བྱུས་གསུང་ལ་ལྗགས་རྩལ་མེད།།
    བོད་ཀྱི་རིག་པ་སྨྲ་བའི་བསོད་བདེ་མེད།། བོད་མིའི་སྒྲིག་འཛུགས་སྐྱོང་བའི་མཁས་ཚད་མེད།།
    མེད་པ་གསུམ་ཅན་འབུམ་རམས་བློ་སེང་རེད།།
    ༢༽ སྤེན་ཚེའི་གདོང་ལ་འབུད་པའི་བློ་ཁོག་མེད།།
    དོལ་འདྲེ་ཟིལ་གྱིས་གནོན་པའི་ལྷག་བསམ་མེད།།
    འབྲེལ་མོལ་བསྐྱར་མཐུད་གནང་བའི་ཕྱག་རོགས་མེད།།
    མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
    ༣༽ ཤེས་ཡོན་སྲིད་བྱུས་འཛིན་པའི་མ་རྩ་མེད།། གནས་སྤོ་ཚད་ལྡན་བྱེད་པའི་ལམ་སྲོལ་མེད།།
    བཅའ་སྒྲིག་ཐུགས་ལ་མངའ་བའི་མཁྱེན་ཡོན་མེད།།
    མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
    ༤༽ ཡར་ལ་སྐྱབས་མགོན་མཆོག་ལ་གུས་བཀུར་མེད།།
    མར་ལ་འབངས་མི་སྐྱོང་བའི་བྱམས་སེམས་མེད།།
    བར་ལ་ལས་རོགས་བསྡུས་པའི་ཐབས་ཤེས་མེད།།
    མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
    ༥༽ རང་ལུས་མེར་སྲེག་ཆེད་དུ་སྲིད་བྱུས་མེད།།
    གཞོན་ནུའི་ནང་འཁྲུག་བྱེད་དུས་བསྡུམ་སྒྲིག་མེད།།
    ཆོལ་གསུམ་ནང་དམེ་བརྒྱབ་དུས་ལམ་སྟོན་མེད།།
    ལོ་ལྔ་ལྷིང་འཇགས་བསྐྱལ་མཁན་བློ་སེང་རེད།
    ༦༽ ལོ་ངོ་དྲུག་ཅུའི་བརྩིགས་གདན་བརྟན་པོ་དེར།།
    རང་གིས་བརྩིགས་གདན་གཏིང་ཞེས་ཁ་གཏམ་བཤད།།
    རྒྱལ་བའི་དྲིན་ལས་ཕྱི་རྒྱལ་བསྐོར་བསྐྱོད་དེ།།
    རང་གིས་འབྱོན་རབས་བཏང་རབས་ཧམ་བཤད་བྱས།།
    ༧༽ ཟམ་གདོང་བླ་མའི་གསར་གཏོད་ལས་རིགས་དག།
    རང་གིས་གསར་གཏོད་བྱས་ཞེས་མཎི་གྲངས།།
    སྔ་སོང་སྔ་མོའི་ཨ་རིའི་རོགས་དངུལ་དེ།།
    རང་གིས་ཐབས་ཤེས་བཏང་ནས་བྱུང་ཚུལ་བཤད།།
    ༨༽ གཞུང་དོན་ཁ་ལ་འཁྱེར་ནས་སྒེར་དོན་བསྒྲུབས།།
    འོས་བསྡུའི་སྒྲིག་གཞི་འགལ་ཡང་ཇི་མི་སྙམ།།
    ངོ་ཚ་མེད་པའི་བཅོས་མའི་གཟེངས་རྟགས་རྣམས།།
    འཁྲམ་སྟོན་བྱེད་པའི་བསྟོད་གླུ་དག་དང་མཚུངས།།
    ༩༽ རྒྱལ་བའི་སྐུ་པར་ཕབ་པའི་ནོར་འཛོལ་གཅིག།
    རྒྱ་དངུལ་བེད་སྤྱོད་བྱས་པའི་ནག་ཉེས་གཉིས།
    བོད་རྒྱ་འབྲེམ་མོལ་བཅད་པའི་ནག་ཉེས་གསུམ། །
    རྩ་དོན་རང་བཞིན་ལོ་རྒྱུས་ནོར་འཁྲུལ་གསུམ། །
    ༡༠༽ ཁས་ལེན་གཉིས་དང་དམ་བཅའ་ཆེན་པོ་གསུམ། །
    རྒྱ་ལ་བརྡ་ལན་སྤྲད་རྒྱུའི་སྟོང་གཏམ་དག །
    དུང་དང་རྒྱ་གླིང་ཇི་བཞིན་སྙན་ན་ཡང་། །
    ང་ཚོའི་བོད་པའི་རྣ་བར་འགྲོ་ལེ་མིན། །

  14. གངས་རིའི་བུ། says:
    2016-02-08 at 7:53 am

    གསར་འགོད་པ་ཞིག་གིས་སྲིད་སྐྱོང་བློ་བཟང་སེངྒེ་ལ་དྲི་བ་དྲིས་ལེན་བྱེད་སྐབས། མཁས་དབང་སྲིད་སྐྱོང་ཆེན་མོ་གྲོད་ཁོག་བཤལ་འདུག

    གསར་འགོད་པའི་དྲི་བ། སྤྱིར་བོད་ཀྱི་རང་སྐྱོང་གི་ས་ཁུལ་ཁག་གི་ནང་ལ། དངོས་གནས་རང་དབང་ཡོད་པའི་ཆབ་སྲིད་ཀྱི་འོས་བསྡུ་དང་། དངོས་གནས་རང་ཅན་གྱི་དམངས་གཙོའི་གོ་རྟོགས་དེ། རྒྱ་ནག་མི་མང་དང་མཉམ་དུ་དཀའ་ལས་ཁག་པོ་མ་རེད་དམ།

    སྲིད་སྐྱོང་བློ་བཟང་སེངྒེའི་ལན། དམངས་གཙོ་དེ་ང་ཚོ་བཙན་བྱོལ་བ་ཚོས་ལོངས་སྤྱོད་ཀྱི་ཡོད་པ་རེད། ང་ཚོས་དམངས་གཙོ་དེ་བོད་ནང་ལ་ལག་བསྟར་བྱེད་དགོས་ཟེར་གྱི་མེད།

    གསར་འགོད་པའི་དྲི་བ། དེས་ན་ཁྱོད་ཀྱིས་དམངས་གཙོ་དེ་ཡང་བོད་ནང་གི་བོད་མི་ཚོའི་ཐོབ་ཐང་ཞིག་ཡིན་པ་ཇི་ལྟར་བཤད་དམ།

    སྲིད་སྐྱོང་བློ་བཟང་སེངྒེའི་ལན། དོན་གནས་དེ། བོད་ནང་གི་བོད་མི་ཚོར་དམངས་གཙོ་དགོས་ཀྱི་ཡོད་ཅེས་བཤད་ཀྱི་མེད།

  15. པདྨ says:
    2016-02-08 at 12:57 pm

    ངོ་མ་ཞུ་ན་ཨེ་མ་ཧོས་མིང་དངོས་ལོངས་སུ་སྤྱོད་ནས་དཔྱད་གཏམ་གནང་བར་ཉིད་ཀྱི་བདེན་པ་དང་སྤོབས་པ་རེད་དྲན།

  16. ངག་དབང says:
    2016-02-09 at 1:21 am

    ཆོས་གོག་ཞིག་གི་རང་མཚངས་ཕྱི་རུ་མངོན་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme